{"id": "IBA-LWS-08-001", "input": "དང་པོ་(མཚན་གྱི་དོན་)ལ་གསུམ། མཚན་བསྒྱུར་བ་དང༌། མཚན་བཤད་པ་དང༌། མཚན་གྱི་དགོས་པའོ། །དང་པོ་ནི། རྒྱ༷་གར༷་ན་སྐད་རིགས་ཆེན་པོ་བཞི་ཡོད་པ་ལས། ལེགས་སྦྱར་ལྷའི་སྐད༷་དུ༵་བསྟན་བཅོས་འདིའི་མཚན་ལ། ཨ༷་བྷི༷་དྷ༷རྨ༷་ཀོ༷་ཥཱ༷་ཀཱ༷་རི༷་ཀཱ༷་ཞེས་དང༌། དེ་བོ༷ད་སྐད༷་དུ༵་བསྒྱུར་ན། ཆོ༷ས་མངོ༷ན་པའི༷་མཛོ༷ད་ཀྱི༷་ཚི༷ག་ལེ༷འུར༷་བྱས༷་པ༷་ཞེས་སོ། །དེའང་ཨ་བྷི་ནི་མངོན་པ། དྷརྨ་ནི་ཆོས། ཀོ་ཥཱ་ནི་མཛོད། ཀཱ་རི་ཀཱ་ནི་ཚིག་ལེའུར་བྱས་པའོ། ། གཉིས་པ་(མཚན་བཤད་པ་)ནི་འོག་ཏུ་འཆད། གསུམ་པ་(མཚན་གྱི་དགོས་པ་)ནི། ཐོག་མར་མཚན་རྒྱ་སྐད་དུ་སྨོས་པའི་དགོས་པ་ཆོས་ཁུངས་བཙུན་པར་བསྟན་པ་སོགས་དང༌། བོད་སྐད་དུ་སྨོས་པ་ལོ་པཎ་རྣམས་ལ་བྱས་ཤེས་དྲིན་གཟོའི་ཆེད་དང༌། གཉིས་ཀར་སྨོས་པ་སྐད་གཉིས་ཤན་སྦྱར་གྱི་རྣམ་དབྱེ་རྟོགས་པའི་ཆེད་དོ། ། གཉིས་པ་འགྱུར་གྱི་ཕྱག་ནི། སྐུ་གསུང་ཐུགས་ལ་ཉེས་རྩུབ་ཀྱི་དྲི་མ་ཟད་པས་ན་འཇ༷མ། སྐྱེ་འཕགས་ཐམས་ཅད་ཀྱི་བསྟེན་བྱ་མཆོག་ཡིན་པས་ན་དཔ༷ལ། སངས་རྒྱས་ཟིན་ནའང་ས་བརྒྱད་པ་གཞོན་ནུའི་སར་བཞུགས་པས་ན་གཞོ༷ན་ནུར༷་གྱུར༷་པ༷་དེ་ལ༷་ལོ་ཙཱ་བས་བསྟན་བཅོས་མ་བསྒྱུར་བའི་ཐོག་མར་སྒོ་གསུམ་གུས་པས་འདུད་པ་སྔོན་དུ་བཏང་བ་ཡིན་པས་ན་ཕྱག༷་འཚ༷ལ་ལོ༷་ཞེས་སྨོས་སོ། ། འགྱུར་ཕྱག་གི་དགོས་པ་ནི། སྤྱིར་འགྱུར་མཐར་ཕྱིན་པ་སོགས་གནས་སྐབས་དང་མཐར་ཐུག་གི་འདོད་དོན་དུ་མ་འགྲུབ་པ་དང༌། ཁྱད་པར་འཇམ་དབྱངས་ལ་ཕྱག་མཛད་པས་ནི་གཞུང་འདི་མངོན་པའི་སྡེ་སྣོད་ཀྱི་དགོངས་འགྲེལ་དུ་ཤེས་པར་བྱེད་ལ། དེས་ན་འདི་སྡེ་སྣོད་ངོས་འཛིན་གྱི་ཕྱག་གམ། ཆོས་རྒྱལ་བཀས་བཅད་ཀྱི་ཕྱག་ཀྱང་ཡིན་ནོ། ། གསུམ་པ་གཞུང་གི་དོན་ལ་གཉིས། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག །བརྩམ་པའི་བསྟན་བཅོས་ཀྱི་ལུས་དངོས་སོ། །དང་པོ་(བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་)ལ་གསུམ། མཆོད་བརྗོད་སྔོན་དུ་འགྲོ་བས་རྩོམ་པར་དམ་བཅའ་བ་དང༌། སྤྲོ་བ་སྔོན་དུ་འགྲོ་བས་མཚན་གྱི་དོན་བཤད་པ་དང༌། དགོས་པ་སྔོན་དུ་འགྲོ་བས་སྟོན་པས་གསུངས་པར་བསྒྲུབ་པའོ། །དང་པོ་(མཆོད་བརྗོད་སྔོན་དུ་འགྲོ་བས་རྩོམ་པར་དམ་བཅའ་བ་)ལ་གཉིས། མཆོད་བརྗོད་དང༌། རྩོམ་པར་དམ་བཅའ་བའོ། །དང་པོ་(མཆོད་བརྗོད་)ལ། རང་དོན་སྤངས་རྟོགས་ཕུན་ཚོགས་དང༌། གཞན་དོན་ཕྲིན་ལས་ཕུན་ཚོགས་དང༌། དེ་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པའི་སྒོ་ནས་བསྟོད་པ་གསུམ་ལས། སྤངས་རྟོགས་ཕུན་ཚོགས་ནི། གང༷་ཞིག༷་ཅེས་སོགས་ཏེ་ཚིག་རྐང་གཅིག་གིས་བསྟན། དེའང་གང་ཞིག་ཅེས་པ་སྤྱི་སྒྲ་ཡིན་ཡང༌། སྤྱི་སྒྲ་ཁྱད་པར་ལ་འཇུག་པ་ལ། སྐབས་ཐོབ་ཀྱིས་འཇུག་པ་དང༌། ཁྱད་པར་གྱི་ཚིག་དང་འབྲེལ་བས་འཇུག་པ་སོགས་དུ་མ་ཡོད་པས། འདིར་ཀུན་ལ་མུན་པ་གཏན་བཅོམ་ཞེས་པའི་ཁྱད་པར་གྱི་ཚིག་དང་འབྲེལ་བའི་དབང་གིས་སངས་རྒྱས་ཁོ་ན་ལ་གོ་བར་འགྱུར་ཏེ། ཀུན་ལ་མུན་པ་གཏན་བཅོམ་པ་དེ་སངས་རྒྱས་མ་གཏོགས་པ་གཞན་ལ་མེད་པའི་ཕྱིར། དཔེར་ན། བྲམ་ཟེ་དཀར་ཤམ་གོས་དཀར་པོ་གྱོན་པ་ལ་བྱིན་ཅིག་ཅེས་བརྗོད་པ་ལས་བྲམ་ཟེ་ལྷ་སྐྱིད་ཁོ་ན་ལ་གོ་བ་བཞིན་ནོ། །ཀུན༷་ལ༷་ཞེས་པས་ནི་སྐྱེ་མཆེད་བཅུ་གཉིས་ཀྱི་ཆོས་རྣམས་གཟུང་བ་ཡིན་ཏེ། མདོ་ལས། བྲམ་ཟེ་ཐམས་ཅད་ཅེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་ཇི་སྙེད་པ་དེ་སྙེད་དོ། །ཞེས་སོ། །མུན༷་པ༷་ནི་བདག་ཏུ་འཛིན་པའི་རྩ་བ་ཅན་གྱི་ཕྲ་རྒྱས་བརྒྱད་ཅུ་འཁོར་དང་བཅས་པ་ཉོན་མོངས་པ་ཅན་གྱི་མི་ཤེས་པའི་མུན་པ་དང༌། མི་ཤེས་པའི་རྒྱུ་བཞི་ལ་སོགས་པ་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པའི་མུན་པ་ལ་བརྗོད་པ་ཡིན་ཏེ། འཇིག་རྟེན་ན་གྲགས་པའི་མུན་པས་གཟུགས་མཐོང་བ་ལ་སྒྲིབ་པ་བཞིན་དུ། མི་ཤེས་པ་གཉིས་པོ་དེས་ཀྱང་གནས་ལུགས་མཐོང་བ་ལ་བསྒྲིབ་པའི་ཕྱིར། འོ་ན། མི་ཤེས་པའི་རྒྱུ་བཞི་གང་ཞེ་ན། སངས་རྒྱས་ཀྱི་ཆོས་ཟབ་ཅིང་ཕྲ་བས་མི་ཤེས་པ་ཤཱ་རིའི་བུས་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་མི་ཤེས་པ་ལྟ་བུ་དང༌། ཡུལ་ཤིན་ཏུ་བསྐལ་པས་མི་ཤེས་པ་མཽ་གལ་གྱི་བུས་རང་གི་མ་བྱང་ཕྱོགས་འོད་ཟེར་ཅན་གྱི་འཇིག་རྟེན་དུ་སྐྱེས་པ་མ་ཤེས་པ་ལྟ་བུ་དང༌། དུས་ཤིན་ཏུ་བསྐལ་བས་མི་ཤེས་པ་ཤཱ་རིའི་བུས་ཁྱིམ་བདག་དཔལ་སྐྱེས་ལ་ཐར་པ་ཆ་མཐུན་གྱི་དགེ་རྩ་ཡོད་པ་མ་ཤེས་པ་ལྟ་བུ་དང༌། རྣམ་པའི་དབྱེ་བ་མཐའ་ཡས་པས་མི་ཤེས་པ་ནི། གནས་བརྟན་སྒྲ་གཅན་ཟིན་གྱིས། རྨ་བྱའི་མདོངས་ནི་གཅིག་པུ་ཡི། ། རྒྱུ་ཡི་དབྱེ་བ་སྣ་ཚོགས་པ། ། ཀུན་མཁྱེན་མིན་པས་ཤེས་བྱ་མིན། ། དེ་མཁྱེན་པས་ན་ཀུན་མཁྱེན་སྟོབས། ། ཞེས་གསུངས་པ་ལྟ་བུའོ། །སངས་རྒྱས་ཀྱིས་ནི་དེ་དག་མ་འདྲེས་པར་སོ་སོར་མཁྱེན་ནོ། །གཏན༷་བཅོ༷མ་པ་ནི་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའོ། །དེས་ན་གཞུང་འདིས་སྤངས་པ་ཕུན་ཚོགས་དངོས་སུ་བསྟན་ནས། རྟོགས་པ་ཕུན་ཚོགས་ཤུགས་ལ་བསྟན་ཏེ། སྤངས་པ་ནི་ཡེ་ཤེས་ལ་མི་འཁྲུལ་བའི་ཕྱིར། བཅོམ་ལྡན་འདས་ནི་གཞན་དོན་ཕུན་ཚོགས་ཀྱི་བདག་ཉིད་ཡིན་ཏེ། ཉེར་ལེན་གྱི་ཕུང་པོ་ལྔ་པོ་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁོར་བས་ན་འཁོ༷ར་བ༷འི་འད༷མ་ལས༷་འགྲོ༷་བ༷་རྣམས་སྐལ་པ་ཇི་ལྟ་བ་བཞིན་དུ་དྲང༷ས་པར་མཛད༷་པ༷འི་ཕྱིར། འཁོར་བ་ལ་འདམ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འདམ་དེ་སྦར་སྦུར་ཀུན་འཆགས་པའི་གནས་ཡིན་པ་དང༌། བརྒལ་བར་དཀའ་བ་དང༌། གཞན་ལ་བརྟེན་ནས་བརྒལ་དགོས་པ་བཞིན་དུ། འཁོར་བ་འདིའང་ཀུན་འཆགས་པའི་གནས་ཡིན་པ་དང༌། སྲེད་པའི་རླན་དང་བཅས་པས་བརྒལ་བར་དཀའ་བ་དང༌། སངས་རྒྱས་ལ་བརྟེན་ནས་བརྒལ་དགོས་པའི་ཕྱིར། ཡང་བཅོམ་ལྡན་འདས་ལ་གཞན་དོན་སྒྲུབ་པའི་ཐབས་ཕུན་ཚོགས་མངའ་སྟེ། ཉིད་ཀྱིས་གཟིགས་པའི་ལམ་གདུལ་བྱ་ལ་དོན༷་ཇི་ལྟ་བ་བཞི༷ན་དུ་སྟོན༷་པ༷ར་མཛད་པའི་ཕྱིར། དེ་ལྟར་ཕུན་སུམ་ཚོགས་པ་གསུམ་མངའ་བའི་སྟོན་པ་དེ༷་ལ༷་ཕྱག༷་འཚ༷ལ་ཞེས་བྱ། གང་གིས་ན། དབྱིག་གཉེན་གྱིས་སོ། །དུས་ནམ་གྱི་ཚེ་ན། བསྟན་བཅོས་རྩོམ་པའི་ཐོག་མར་རོ། །ཚུལ་ཇི་ལྟར་ན། སྒོ་གསུམ་གུས་པའི་སྒོ་ནས༷་སོ། །དགོས་པ་ནི། རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པ་དང༌། འཕྲལ་ཡུན་གྱི་དོན་དུ་མ་འགྲུབ་པའི་ཆེད་དུའོ། །ནས་ཞེས་པ་ནི་འོག་མ་འདྲེན་པའི་ཚིག་གོ ། གཉིས་པ་རྩོམ་པར་དམ་བཅའ་བ་ནི། ཕྱག་འཚལ་ནས་ལས་སུ་ཅི་བྱེད་ན། ཆོ༷ས་མངོ༷ན་པའི་མཛོ༷ད་ཀྱི༷་བསྟན༷་བཅོ༷ས་ར༷བ་ཏུ་བཤད༷་པར་བྱ༷འོ། །དེའང་ཆོས་མངོན་པར་དང་མཛོད་ཀྱི་དོན་ནི་དེ་མ་ཐག་སྟོན་པར་འགྱུར་ཞིང༌། བསྟན་བཅོས་ནི་ཤསྟྲཱ་ཞེས་པ། ཤ་ས་ན་འཆོས་པ་དང༌། ཏྲཱ་ཡ་སྐྱོབ་པ་སྟེ། ཉོན་མོངས་དང་རྣམ་རྟོག་འཆོས་ཤིང༌། ངན་འགྲོ་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པས་ནའོ། །དེ་ལྟ་བུ་དེ་རབ་ཏུ་སྟེ་རྣམ་པར་ཕྱེ་ནས་བཤད་པར་བྱའོ། །དགོས་པ་ནི་གནས་སྐབས་རྩོམ་པ་མཐར་ཕྱིན་པ་དང༌། མཐར་ཐུག་མྱང་འདས་ཐོབ་པའི་ཆེད་དོ། །", "target": {"entries": [{"title": "མཚན་གྱི་དོན", "level": 1, "start": 0, "anchor": "དང་པོ་(མཚན་གྱི་དོན་)ལ་གསུམ། མཚན་བསྒྱུར་བ"}, {"title": "མཚན་བསྒྱུར་བ", "level": 2, "start": 80, "anchor": "དང་པོ་ནི། རྒྱ༷་གར༷་ན་སྐད་རིགས་ཆེན་པོ་བཞི"}, {"title": "མཚན་བཤད་པ", "level": 2, "start": 389, "anchor": "གཉིས་པ་(མཚན་བཤད་པ་)ནི་འོག་ཏུ་འཆད། གསུམ་པ"}, {"title": "མཚན་གྱི་དགོས་པ", "level": 2, "start": 423, "anchor": "གསུམ་པ་(མཚན་གྱི་དགོས་པ་)ནི། ཐོག་མར་མཚན་ར"}, {"title": "འགྱུར་གྱི་ཕྱག", "level": 1, "start": 647, "anchor": "གཉིས་པ་འགྱུར་གྱི་ཕྱག་ནི། སྐུ་གསུང་ཐུགས་ལ"}, {"title": "གཞུང་གི་དོན", "level": 1, "start": 1237, "anchor": "གསུམ་པ་གཞུང་གི་དོན་ལ་གཉིས། བསྟན་བཅོས་རྩོ"}, {"title": "བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག", "level": 2, "start": 1336, "anchor": "དང་པོ་(བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག"}, {"title": "མཆོད་བརྗོད་སྔོན་དུ་འགྲོ་བས་རྩོམ་པར་དམ་བཅའ་བ", "level": 3, "start": 1534, "anchor": "དང་པོ་(མཆོད་བརྗོད་སྔོན་དུ་འགྲོ་བས་རྩོམ་པ"}, {"title": "མཆོད་བརྗོད", "level": 4, "start": 1631, "anchor": "དང་པོ་(མཆོད་བརྗོད་)ལ། རང་དོན་སྤངས་རྟོགས་"}, {"title": "རྩོམ་པར་དམ་བཅའ་བ", "level": 4, "start": 4456, "anchor": "གཉིས་པ་རྩོམ་པར་དམ་བཅའ་བ་ནི། ཕྱག་འཚལ་ནས་ལ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4902, "headings": 10}} {"id": "IBA-LWS-08-002", "input": "གཉིས་པ་སྤྲོ་བ་སྔོན་དུ་བཏང་ནས་མཚན་གྱི་དོན་བཤད་པ་ལ་གཉིས། ཆོས་མངོན་པ་བཤད་པ་དང༌། མཛོད་བཤད་པའོ། །དང་པོ་(ཆོས་མངོན་པ་བཤད་པ་)ནི། ཅིའི་ཕྱིར་བསྟན་བཅོས་འདིར་ཆོས་མངོན་པ་དང༌། དེའི་མཛོད་ཅེས་བྱ་ཞེ་ན། སྤྱིར་ཆོ༷ས་མངོ༷ན་པ་དེ་ལ་དབྱེ་ན་དོན་དམ་དང༌། བརྡར་བཏགས་པ་གཉིས། དང་པོ་ནི། མཐོང་སྒོམ་མི་སློབ་ལམ་གསུམ་གྱི་ཤེས༷་རབ༷་དྲི༷་མ་མེད༷་པ་རྗེས༷་སུ་འབྲང༷་བའམ། འཁོར་དང་བཅས༷་ན་ཕུང་པོ་ལྔའམ་བཞི་པའོ། །འཁོར་དང་བཅས་ཚུལ་ནི་ཟག་མེད་སྡོམ་པ་རྣམ་རིག་མིན་གཟུགས་དང༌། བསམ་གཏན་ས་དྲུག་གི་ཚོར་འདུ། རྣམ་ཤེས། འདུ་བྱེད་སོགས་ཀྱང་གྲུབ་བདེ་གཅིག་པས་ན་འཁོར་ཕུང་པོ་ལྔའོ། །ཐེག་ཆེན་པ་རྣམ་རིག་མིན་གཟུགས་མི་འདོད་པས་ཕུང་པོ་བཞི་པའོ། །བརྟེན་པའི་དོན་ཡང་ལམ་དེས་དེའི་ངོ་བོར་སྐྱེས་པ་ལ་བྱེད་ཀྱི། འཁར་གཞོང་ལ་རྒྱ་ཤུག་བརྟེན་པ་ལྟ་བུའི་རྟེན་བརྟེན་པ་དོན་གཞན་ནི་མ་ཡིན་ནོ། ། གཉིས་པ་བརྡར་བཏགས་པའི་ཆོས་མངོན་པ་ནི། དོན་དམ་པའི་ཆོས་མངོན་པ་དེ༷་ཐོབ༷་པར་བྱ༷་བའི་ཕྱིར༷་ཞུགས་པའི་རྒྱུ་སྐྱེས་ཐོབ་སེམས་ཐམས་ཅད་ཀྱི་འཁོར་ན་ཡོད་པའི་ཤེས་རབ་དང༌། སྦྱོར་བྱུང་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཟག་བཅས་གང༷་དང༷༌། དོན་དམ་བརྡར་བཏགས་དེ་དག་རྗོད་བྱེད་ཀྱི་བསྟན༷་བཅོ༷ས་སྡེ་བདུན་བཤད་མཛོད་སོགས་གང༷་ཡིན་པའོ། །རྒྱུར་འགྱུར་ཚུལ་ནི་སྐྱེས་ཐོབ་ཀྱི་ཤེས་རབ་ལ་བརྟེན་ནས་ཐོས་བྱུང༌། དེ་ལས་བསམ་བྱུང༌། དེ་ལས་སྒོམ་བྱུང༌། དེ་ལས་ཟག་མེད་ཀྱི་ཤེས་རབ་སྐྱེ་བའི་ཕྱིར་རོ། །ཅིའི་ཕྱིར་ཆོས་མངོན་པ་ཞེས་བྱ་ཞེ་ན། རང་གི་མཚན་ཉིད་འཛིན་པས་ན་ཆོས་དང༌། དོན་དམ་པའི་ཆོས་མྱ་ངན་ལས་འདས་པ་མངོན་དུ་བྱེད་པའམ། མངོན་དུ་ཕྱོགས་པས་ན་མངོན་པ་ཞེས་བྱའོ། ། གཉིས་པ་མཛོད་བཤད་པ་ནི། ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ། །ཞེས་བཤད་ན། ཆོས་མངོན་པའི་མཛོད་དེ་གང་ཞེ་ན། བསྟན་བཅོས་འདི་ལ་ཆོས་མངོན་པའི་མཛོད་ཅེས་བྱ་སྟེ། མངོན་པ་སྡེ་བདུན་པོ་དེའི་དོན་གཅེས་གཅེས་རྣམས་བསྟན་བཅོས་འདིར༷་ནི་དེ༷་བརྗོད་བྱའི་དོན༷་དུ༷་ཡང༷་དག༷་པར་ཆུད༷་པའི་ཕྱིར༷། དཔེར་ན། རལ་གྲི་གང་དུ་འཛུད་པའི་ཤུབས་དེ་ལ་རལ་གྲིའི་ཤུབས་ཞེས་བརྗོད་པ་དང༌། ནོར་གང་དུ་འཛུད་པའི་གནས་དེ་ལ་ནོར་གྱི་མཛོད་ཅེས་བརྗོད་པ་བཞིན་ནོ། །ར༷མ་སྟེ་ཡང་ན་ནི་མངོན་པ་སྡེ་བདུན་པོ་དེ༷་ལ་ཆོ༷ས་མངོ༷ན་པའི་མཛོ༷ད་ཅེས་བྱ་སྟེ། དེ་བསྟན་བཅོས་འདི༷འི༷་འབྱུང་ཁུངས་སམ་གནས༷་ཡི༷ན་པའི༷་ཕྱིར། དཔེར་ན། རལ་གྲི་གང་ནས་ཕྱུང་བ་དེ་ལ་རལ་གྲིའི་ཤུབས་ཞེས་བརྗོད་པ་བཞིན་ནོ། ། གསུམ་པ་དགོས་པ་སྔོན་དུ་འགྲོ་བས་སྟོན་པས་གསུངས་པར་བསྒྲུབ་པ་ནི། ཅིའི་ཕྱིར་མངོན་པ་བསྟན་ཞེ་ན། ག༷ང་གི་ཕྱིར༷་ཟག་བཅས་ཟག་མེད་ཀྱི་ཆོས༷་རྣམ༷ས་ར༷བ་ཏུ༷་རྣམ༷་པར་འབྱེད༷་པའི་ཤེས་རབ་མེད༷་པར༷་རྩ་བ་དང་ཉེ་བའི་ཉོན༷་མོང༷ས་རྣམ༷ས་ཉེ༷་བར༷་ཞི༷་བར༷་བྱ༷་བའི༷་ཐབ༷ས་གཞན་མེད༷་ལ༷། དེ་མ་ཞི་བས་ཅི་འགྱུར་ཞེ་ན། ཉོན༷་མོང༷ས་སྲིད་རྩ་ཡིན་པས༷་དེ་རྣམས་ཀྱིས་ཀྱང༷་ལས་བསགས་པར་བརྟེན་འཇི༷ག་རྟེན༷་པ་རྣམས་སྲིད་པའི་རྒྱ་མཚོ༷་ཆེན་པོ་འདི༷ར་གཏན་འཁྱམ༷ས་སུ་འགྱུར་ཏེ༷། དེ༷་བས༷་ན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ༷་སྐྱེས་པའི་ཕྱིར༷་ཆོས་མངོན་པ་སྡེ་བདུན་པོ་འདི༷་ནི༷་དང་པོར་སྟོན༷་པས༷་གསུང༷ས་སོ༷། །ཕྱིས་དགྲ་བཅོམ་པ་བདུན་གྱིས་བསྡུས་པ་ཡིན་ཏེ། ཆོས་སྐྱོབ་ཀྱིས་ཆེད་དུ་བརྗོད་པའི་སྡེ་བསྡུས་པ་བཞིན་ནོ། །ལོ༷་སྒྲས་གཞན་འདོད་སྟོན་པ་སྟེ། མདོ་སྡེ་པས་འདུས་མ་བྱས་རྫས་གྲུབ་ཏུ་སྨྲ་བ་སོགས་རིགས་པ་དང་འགལ་བ་དུ་མ་སྣང་བས། འདི་དག་ནི་ཀཏྱའི་བུ་སོགས་ཀྱིས་བྱས་པ་ཡིན་ནོ། །ཞེས་ཟེར། བྱེ་སྨྲས། འོ་ན། སྡེ་སྣོད་གསུམ་མ་ཚང་བར་འགྱུར་རོ་ཞེས་པ་ལ། མངོན་པའི་སྡེ་སྣོད་མདོའི་ནང་དོན་དམ་གཏན་ལ་འབེབས་ཤིང་ཆོས་ཀྱི་མཚན་ཉིད་བརྗོད་པ་དེ་ཡིན་ནོ། །ཞེས་ལན་འདེབས། དེའང་ཆོས་རྣམས་རབ་ཏུ་རྣམ་འབྱེད་ཅེས་སོགས་འདི་རྣམས་ཀྱིས་མངོན་པའི་བསྟན་བཅོས་ཀྱི་དགོས་སོགས་ཆོས་བཞི་བསྟན་པས། བསྟན་བཅོས་ཀྱི་སྔོན་དུ་དེ་དགོས་འབྲེལ་གྱི་ངག་བཀོད་པ་ལ་དགོས་པ་ཡོད་དེ། ཁྱོད་ལ་བརྟེན་ནས་བསྟན་བཅོས་ལ་དགོས་སོགས་ཆོས་བཞི་ཡོད་པར་རྟོགས་ནས་གདུལ་བྱ་བསྟན་བཅོས་ལ་འཇུག་པའི་ཆེད་ཡིན་པའི་ཕྱིར། ཟག་བཅས་ཟག་མེད་ཀྱི་ཆོས་རྣམས་བསྟན་བཅོས་ཀྱི་བརྗོད་བྱ་ཡིན་ཞིང༌། དེ་ནི་ཆོས་རྣམས་ཞེས་པས་བསྟན། དེ་ལ་བརྟེན་ནས་སློབ་མའི་རྒྱུད་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པ་ནི་དགོས་པ་ཡིན་ཞིང༌། དེ་ནི་རབ་ཏུ་རྣམ་འབྱེད་ཅེས་པས་བསྟན། དེ་ལ་བརྟེན་ནས་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཐོབ་ཉིང་དགོས་ཡིན་ཞིང༌། དེ་ནི་མེད་པར་ཉོན་མོངས་རྣམས་ཞེས་པ་ནས། དེ་བས་ཞེས་པའི་བར་གྱིས་ཤུགས་ལ་བསྟན། ཉིང་དགོས་དགོས་པ། དགོས་པ་བསྟན་བཅོས་ཀྱི་བརྗོད་བྱ་ལ་རག་ལས་པ་ནི་འབྲེལ་པའོ། །ཡང་ན་ཆོས་རྣམས་བརྗོད་བྱ་དང༌། བསྟན་བཅོས་འདི་རྗོད་བྱེད་དུ་འབྲེལ་བ་ནི་འབྲེལ་བའོ། །", "target": {"entries": [{"title": "སྤྲོ་བ་སྔོན་དུ་བཏང་ནས་མཚན་གྱི་དོན་བཤད་པ", "level": 1, "start": 0, "anchor": "གཉིས་པ་སྤྲོ་བ་སྔོན་དུ་བཏང་ནས་མཚན་གྱི་དོན"}, {"title": "ཆོས་མངོན་པ་བཤད་པ", "level": 2, "start": 92, "anchor": "དང་པོ་(ཆོས་མངོན་པ་བཤད་པ་)ནི། ཅིའི་ཕྱིར་བ"}, {"title": "བརྡར་བཏགས་པ", "level": 3, "start": 246, "anchor": "དང་པོ་ནི། མཐོང་སྒོམ་མི་སློབ་ལམ་གསུམ་གྱི་"}, {"title": "བརྡར་བཏགས་པའི་ཆོས་མངོན་པ", "level": 3, "start": 697, "anchor": "གཉིས་པ་བརྡར་བཏགས་པའི་ཆོས་མངོན་པ་ནི། དོན་"}, {"title": "མཛོད་བཤད་པ", "level": 2, "start": 1284, "anchor": "གཉིས་པ་མཛོད་བཤད་པ་ནི། ཆོས་མངོན་མཛོད་ཀྱི་"}, {"title": "དགོས་པ་སྔོན་དུ་འགྲོ་བས་སྟོན་པས་གསུངས་པར་བསྒྲུབ་པ", "level": 1, "start": 1880, "anchor": "གསུམ་པ་དགོས་པ་སྔོན་དུ་འགྲོ་བས་སྟོན་པས་གས"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 3603, "headings": 6}} {"id": "IBA-LWS-08-005", "input": "དང་པོ་(གཟུགས་ཕུང་གི་རྣམ་གཞག་)ལ་གཉིས། དངོས་དང༌། དེ་དག་ཁམས་དང་སྐྱེ་མཆེད་དུ་བྱ་བའོ། །དང་པོ་(དངོས་)ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་(མདོར་བསྟན་པ་)ནི། གཟུགས་ལ་སོགས་པའི་ཕུང་པོ་ལྔ། །ཞེས་བཤད་ན། གཟུགས་ཀྱི་ཕུང་པོ་དེ་གང་ཞེ་ན། གཟུ༷གས་ཕུང་གི་མཚན་གཞི་ནི༷་མིག་རྣ་སོགས་དབ༷ང་པོ༷་ལྔ༷་དང༷༌། གཟུགས་སྒྲ་སོགས་ཡུལ་དོན༷་ལྔ༷་དང༷༌། རྣམ༷་པར་རིག༷་བྱེད༷་མིན༷་པའི་གཟུགས་ཏེ་བཅུ་གཅིག་གོ །མཚན་ཉིད༷་ནི་གཟུགས་ཅན་ནང་ཕྲད་པས་སྔ་ཕྱི་མི་འདྲ་བ་རྣམ་པར་འགྱུར་བར་སྐྱེད་ཅིང་གཟུགས་སུ་རུང་བའོ། ། གཉིས་པ་རྒྱས་བཤད་ལ་གསུམ། དབང་པོ་ལྔ་མཚན་ཉིད་ཀྱི་སྒོ་ནས་བསྟན་པ། དོན་ལྔ་མཚན་གཞིའི་སྒོ་ནས་བསྟན་པ། རིག་བྱེད་མ་ཡིན་པའི་གཟུགས་བཤད་པའོ། །དང་པོ་(དབང་པོ་ལྔ་མཚན་ཉིད་ཀྱི་སྒོ་ནས་བསྟན་པ་)ནི། དབང་པོ་ལྔ་དང༌། ཞེས་བཤད་ན། དབང་པོ་ལྔ་པོ་དེ་གང་ཞེ་ན། གཟུགས་སོགས་ཡུལ་དེ༷་དག༷་རྣམ༷ས་ཀྱི༷་རྣམ༷་པ་མ་འདྲེས་པར་ཤེས༷་པར་བྱེད་པའི་ཤེས་པ་རྣམས་ཀྱི་རྟེན༷་ནམ་གནས་ཀྱི་གཟུག༷ས་ཅན་དང༷་བ༷་རྣམ༷ས་ནི་མིག༷་ལ༷་སོག༷ས་པའི་དབང་པོ་ལྔ་ཡིན་ནོ། །མིག་དབང་གི་མཚན་ཉིད་ནི་རང་ཡུལ་གཟུགས་ཀྱི་སྐྱེ་མཆེད་འཛིན་པའི་རྣམ་ཤེས་ཀྱི་བདག་རྐྱེན་དུ་རུང་བ་གང་ཞིག་གཟུགས་དང་བའོ། །དེ་བཞིན་དུ་རྣ་དབང་ནི་རང་ཡུལ་སྒྲའི་སོགས་དབང་པོ་ལྔ་ཀ་ལ་རིགས་འགྲེའོ། ། གཉིས་པ་དོན་ལྔ་མཚན་གཞིའི་སྒོ་ནས་བསྟན་པ་ནི། དོན་ལྔ། ཞེས་བཤད་ན། དེ་དག་གང་ཡིན་ཞེ་ན། མིག་གི་ཡུལ་དུ་གྱུར་པའི་གཟུག༷ས་ནི་བསྡུ་ན་རྣམ༷་པ་གཉིས༷་སུ་འདུ་སྟེ། ཁ་དོག་གི་གཟུགས་དང༷༌། དབྱིབས་ཀྱི་གཟུགས་གཉིས་སུ་འདུ་བའི་ཕྱིར། རྒྱས་པར་ཕྱེ་ན་རྣམ༷་པ་ཉི༷་ཤུར༷་ཡོད་དེ། ཁ་དོག་གི་གཟུགས་བཅུ་གཉིས། དབྱིབས་ཀྱི་གཟུགས་བརྒྱད་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བའི་ཁ་དོག་སྔོ་སེར་དཀར་དམར་བཞི་དང༌། ཡན་ལག་གི་ཁ་དོག་གྲིབ་མ་དང་ཉི་མ། སྣང་བ་དང་མུན་པ། སྤྲིན་དང་དུ་བ། རྡུལ་དང་ཁུག་སྣ་རྣམས་སུ་ཡོད་པའི་ཕྱིར། ལྗང་གུ་དང༌། ནག་པོ་དང༌། དུད་ཀ་དང༌། སྐྱེར་ཁ་དང༌། སྔོ་སྐྱ་རྣམས་ནི་དེ་དག་ཏུ་འདུས་སོ། །དབྱིབས་ཀྱི་གཟུགས་ནི་བརྒྱད་ཡོད་དེ། རིང་བ་དང་ཐུང་བ། མཐོ་བ་དང་དམའ་བ། ལྷམ་པ་དང་ཟླུམ་པ། ཕྱ་ལེ་བ་དང་ཕྱ་ལེ་བ་མ་ཡིན་པ་རྣམས་སུ་ཡོད་པའི་ཕྱིར། དེ་དག་ལས་རྡུལ་ནི་རླུང་འཚུབ་བོ། །ཁུག་སྣ་ནི་ལྷོ་བུར་མའོ། །གྲིབ་མ་ནི་གཟུགས་རྣམས་སྣང་བའོ། །སྣང་མུན་ནི་འགལ་ཟླའོ། །གསལ་བ་ནི་ཐམས་ཅད་དོ། །ལྷམ་པ་ནི་གྲུ་བཞིའོ། །ཟླུམ་པོ་ནི་རིལ་རིལ་པོའོ། །དབྱིབས་མཉམ་པའམ་ངོས་ཡངས་པ་ནི་ཕྱ་ལེ་བ་དང༌། དེ་ལས་བཟློག་པ་ཕྱ་ལེ་བ་མ་ཡིན་པའོ། །གཞན་རྣམས་ཤེས་སླའོ། །སྒྲ༷་ནི༷་རྣམ༷་པ༷་བརྒྱད༷་ཡོད༷་དེ༷། །ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་དང༌། མ་ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་གཉིས་ལས། དང་པོ་ལ་སེམས་ཅན་དུ་སྟོན་པ་དང་མི་སྟོན་པ་གཉིས། སེམས་ཅན་དུ་སྟོན་པ་ལ་སྙན་པ་ཆོས་སྟོན་པའི་སྒྲ་དང་མི་སྙན་པ་ཚིག་རྩུབ་སྨྲ་བའི་སྒྲ་ལྟ་བུ་གཉིས། སེམས་ཅན་དུ་མི་སྟོན་པ་ལ་སྙན་པ་ཕོག་རྡོག་པའི་སྒྲ་ལྟ་བུ་དང་མི་སྙན་པ་ཁུ་ཚུར་རྡེག་པའི་སྒྲ་ལྟ་བུ་གཉིས། མ་ཟིན་པའི་འབྱུང་བ་ལས་གྱུར་པའི་སྒྲ་ལ་སེམས་ཅན་དུ་སྟོན་མི་སྟོན་གཉིས་ལས། སེམས་ཅན་དུ་སྟོན་པ་ལ་སྙན་པ་སྤྲུལ་པའི་གང་ཟག་གིས་ཆོས་སྟོན་པའི་སྒྲ་ལྟ་བུ་དང་མི་སྙན་པ་སྤྲུལ་པའི་གང་ཟག་གིས་ཚིག་རྩུབ་སྨྲ་བའི་སྒྲ་ལྟ་བུ་གཉིས། དེ་འདྲའི་སེམས་ཅན་དུ་མི་སྟོན་པའི་སྒྲ་ལ་སྙན་པ་འཁར་རྔའི་སྒྲ་ལྟ་བུ་དང་མི་སྙན་པ་བྲག་རལ་བའི་སྒྲ་ལྟ་བུ་གཉིས་ཡོད་པའི་ཕྱིར། རོ༷་ནི༷་རྣམ༷་པ་དྲུག༷་ཡོད་དེ། མངར་བ་དང་སྐྱུར་བ་གཉིས། ཚ་བ་དང་ལན་ཚ་བ་གཉིས། སྐ་བ་དང་ཁ་བ་གཉིས་རྣམས་སུ་ཡོད་པའི་ཕྱིར། དྲི༷་ལ་རྣམ༷་པ་བཞི༷་ཡོད་དེ། དྲི་ཞིམ་པ་དང་མི་ཞིམ་པ། མཉམ་པ་དང་མི་མཉམ་པ་རྣམས་སུ་ཡོད་པའི་ཕྱིར། རེག༷་བྱ༷་བཅུ༷་གཅི༷ག་ཡོད་དེ། རྒྱུའི་རེག་བྱ་འབྱུང་བ་བཞི། འབྲས་བུའི་རེག་བྱ་འཇམ་རྩུབ་གཉིས། ལྕི་ཡང་གཉིས། གྲང་བ་དང་བཀྲེས་སྐོམ་གཉིས་ཀྱི་བད༷ག་ཉིད་རྣམས་སུ་ཡོད་པའི་ཕྱིར། དེ་ལ་གྲང་བ་ནི་ཆུ་དང་རླུང་ཤས་ཆེ་བ་ལས་གྱུར་པའི་རེག་བྱ་དྲོ་བ་འདོད་པ་དང། བཀྲེས་པ་ནི་ཕོ་བའི་ནང་དུ་རླུང་ཤས་ཆེ་བ་ལས་གྱུར་པའི་རེག་བྱ་ཟས་འདོད་པ་དང༌། སྐོམ་པ་ནི་མེ་ཤས་ཆེ་བ་ལས་གྱུར་པའི་རེག་བྱ་སྐོམ་འདོད་པའོ། ། གསུམ་པ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བཤད་པ་ནི། རྣམ་རིག་བྱེད་མིན། ཞེས་བཤད་ན། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དེ་གང་ཞེ་ན། དེ་ནི་ཁྱད་པར་ལྔ་དང་ལྡན་པ་ཡིན་ཏེ། གནས་སྐབས་ཀྱི་ཁྱད་པར་རང་ཀུན་སློང་གི་སེམས་ལས་གཞན་གཡེ༷ངས་བའི་སྐབས་སུའང་རིག་མིན་ཡོད་པས་དེས་རིག་བྱེད་ལས་ཁྱད་པར་དུ་བྱེད་པ་དང༌། སེམས་མེད་པ་ཡི་ཡང་སྟེ་འདུ་ཤེས་མེད་པ་དང་འགོག་པའི་སྙོམས་འཇུག་གི་སྐབས་སུའང་རིག་མིན་ཡོད་པས། དེས་སེམས་སེམས་བྱུང་ལས་ཁྱད་པར་དུ་བྱེད་དོ། །ངོ་བོའི་ཁྱད་པར་དགེ༷་བ་དང༷་མི༷་དགེ༷་བ་གང་རུང་ལས་ལུང་མ་བསྟན་མེད་དོ། །དུས་ཀྱི་ཁྱད་པར་རྗེ༷ས་འབྲེ༷ལ་ག༷ང་སྟེ་རྒྱུན་འབྲེལ་བས་གཏོང་རྒྱུ་མ་བྱུང་གི་བར་དུ་འབྱུང་བའོ། །རྒྱུའི་ཁྱད་པར་འབྱུང༷་བ༷་ཆེ༷ན་པོ་རྣམ༷ས་ཀྱིས་བསྐྱེད་པ་དང༌། བརྟེན་པ་དང༌། གནས་པ་དང༌། འཕེལ་བའི་རྒྱུར༷་བྱས༷་པ༷འོ། །དེ་ལྟར་ཁྱད་པར་བཞི་ལྡན་དེ༷་ནི༷་རྣམ་པའམ་རང་གི་ཀུན་སློང་གཞན་ལ་རི༷ག་པར་བྱེད༷་པ་མིན༷་པའི་གཟུགས་སུ་བྱེ་སྨྲ་ལྟར་སློབ་དཔོན་བརྗོ༷ད་དོ། །འབྱུང་བ་དེ་གང་ཡིན་ཞེ་ན། འབྲས་གཟུགས་སྣ་ཚོགས་འབྱུང་བས་ན་འབྱུང༷་བ༷་དག༷་ནི༷་རང་རང་གི་མཚན་ཉིད་དང་རྒྱུར་བྱས་པའི་གཟུགས་འཛིན་པས་ན་ས༷འི་ཁམ༷ས་དང༷༌། ཆུའི༷་ཁམས་དང༷༌། མེ༷འི་ཁམས་དང༷༌། རླུང༷་གི་ཁམ༵ས་རྣམ༵ས་སོ། །དེ་དག་གི་ལས་གང་ཞེ་ན། སའི་ཁམས་ཀྱིས་འབྲས་གཟུགས་རྣམས་མི་ལྷུང་བར་འཛི༵ན་པ༵་དང༌། ལ༵་སོ༵གས་པ་ཆུས་མི་འགྱེས་པར་སྡུད་པ་དང༌། མེས་སྨིན་པར་བྱེད་པ་དང༌། རླུང་གིས་འཕེལ་བར་བྱེད་པ་ནི་བྱེད་ལ༵ས་སུ༵་གྲུབ༵་པ་ཡིན་ནོ། ། དེ་དག་གི་མཚན་ཉིད་གང་ཞེ་ན། སྲ༵་ཞིང་འཐས་པ་སའི་མཚན་ཉིད། རླན་ཞིང་གཤེ༵ར་བ་ཆུའི་མཚན་ཉིད། དྲོ༵་བ་ཉིད༷་མེའི་མཚན་ཉིད། ཡང་ཞིང་གཡོ༷་བ༷་རླུང་གི་མཚན་ཉིད་རྣམ༷ས་སོ། །འོ་ན། འཇི༷ག་རྟེན༷་པ་རྣམས་ཀྱིས་ས་དང་མེ་མཐོང་ངོ་ཞེས་པ་དང་འདིར་སྲ་གཤེར་སོགས་རེག་བྱར་བཤད་པ་འགལ་ལོ་ཞེ་ན། གསུང་རབ་ལས་རེག་བྱར་བཤད་པ་ཡིན་ཡང༌། འཇི༷ག་རྟེན༷་པ་རྣམས་ཀྱིས༷་ནི༷་འདོད་རྒྱལ་གྱི་ཐ༷་སྙད༷་དུ༷་ཁ༷་དོག༷་དང་དབྱིབ༷ས་ལ༷་ས༷་ཞེས༷་བྱ་བའི་སྒྲ་བརྗོད༷་དེ། ས་དཀར་པོ་དང་གྲུ་བཞི་ལ་སོགས་པར་གྲགས་པའི་ཕྱིར། དེར་མ་ཟད། ཆུ༷་སྔོན་པོ་རིང་དུ་འབབས་པ་དང༌། མེ༷་དམར་པོ་གྱེན་དུ་འབར་བ་ལ་སོགས་པ་ཡ༷ང་འཇིག་རྟེན་ལ་གྲགས་པ་ཡིན་ནོ། །རླུ༷ང་གི་ཚོག༷ས་ཀྱི་ཁ༷མས་ནི་འཇིག་རྟེན་པ་རེག་བྱ་ཉིད༷་ལ་རླུང་ཡིན་པར་བརྗོད་པའང་ཡོད་དེ། རླུང་ལུས་ལ་རེག་གོ་ཞེས་གྲགས་པའི་ཕྱིར། འཇིག་རྟེན་པ་ཁ་ཅིག་ནི་ཁ་དོག་དང་དབྱིབས་ལ་ས་ཞེས་བརྗོད་པ་དེ༷་ད༷ང་འདྲ༷་བ༷འང༷་ཡི༷ན་ཏེ། རླུང་སྔོན་པོ་དང་རླུང་པོ་ལངས་ཞེས་འཇིག་རྟེན་ལ་གྲགས་པའི་ཕྱིར། གཉིས་པ་དབ༷ང་དོ༷ན་དེ༷་དག་སྐྱེ་མཆེད་དང་ཁམས་སུ་བྱ་བ་ནི། སྔར་བསྟན་པའི་མིག་སོགས་དབང་པོ་ལྔ་དང་གཟུགས་སོགས་དོན་ལྔ་པོ་དེ་དག་ཁོ༷་ན༷་ལ༷་སྐྱེ༷་མཆེ༷ད་བཤད་པའི་སྐབས་སུ་མིག་གི་སྐྱེ་མཆེད་སོགས་གཟུགས་ཅན་གྱི་སྐྱེ་མཆེད་བཅུར་གསུངས་ཏེ། ཉེར་སྤྱོད་སྐྱེ་བའི་སྒོ་འབྱེད་པའི་ཕྱིར་དང༌། ཁམས་བཤད་པའི་སྐབས་སུ༷་ནི་གཟུགས་ཅན་གྱི་ཁམ༷ས་བཅུ༷ར་འདོ༷ད་དེ༷། ཉེར་སྤྱོད་འཛིན་པའམ་རིགས་ཀྱི་ཆ་ནས་འཇོག་པའི་ཕྱིར།", "target": {"entries": [{"title": "གཟུགས་ཕུང་གི་རྣམ་གཞག", "level": 1, "start": 0, "anchor": "དང་པོ་(གཟུགས་ཕུང་གི་རྣམ་གཞག་)ལ་གཉིས། དངོ"}, {"title": "དངོས", "level": 2, "start": 82, "anchor": "དང་པོ་(དངོས་)ལ་གཉིས། མདོར་བསྟན་པ་དང༌། རྒ"}, {"title": "མདོར་བསྟན་པ", "level": 3, "start": 138, "anchor": "དང་པོ་(མདོར་བསྟན་པ་)ནི། གཟུགས་ལ་སོགས་པའི"}, {"title": "རྒྱས་བཤད", "level": 3, "start": 465, "anchor": "གཉིས་པ་རྒྱས་བཤད་ལ་གསུམ། དབང་པོ་ལྔ་མཚན་ཉི"}, {"title": "དབང་པོ་ལྔ་མཚན་ཉིད་ཀྱི་སྒོ་ནས་བསྟན་པ", "level": 4, "start": 593, "anchor": "དང་པོ་(དབང་པོ་ལྔ་མཚན་ཉིད་ཀྱི་སྒོ་ནས་བསྟན"}, {"title": "དོན་ལྔ་མཚན་གཞིའི་སྒོ་ནས་བསྟན་པ", "level": 4, "start": 1035, "anchor": "གཉིས་པ་དོན་ལྔ་མཚན་གཞིའི་སྒོ་ནས་བསྟན་པ་ནི"}, {"title": "རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བཤད་པ", "level": 4, "start": 3199, "anchor": "གསུམ་པ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བ"}, {"title": "དབང་དོན་དེ་དག་སྐྱེ་མཆེད་དང་ཁམས་སུ་བྱ་བ", "level": 2, "start": 5191, "anchor": "གཉིས་པ་དབ༷ང་དོ༷ན་དེ༷་དག་སྐྱེ་མཆེད་དང་ཁམས"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5553, "headings": 8}} {"id": "IBA-LWS-08-009", "input": "གཉིས་པ་ཆོས་གཞན་བསྡུ་བའི་ཚུལ་ལ་གཉིས། ཆོས་ཀྱི་ཕུང་པོ་བསྡུ་བའི་ཚུལ་དང༌། དེ་གཞན་ལའང་སྦྱར་བའོ། །དང་པོ་(ཆོས་ཀྱི་ཕུང་པོ་བསྡུ་བའི་ཚུལ་)ནི། འོ་ན། མདོ་གཞན་དག་ལས་ཕུང་པོ་ལ་སོགས་པའི་མིང་ཅན་གཞན་དག་ཀྱང་འབྱུང་ན། དེ་དག་འདིར་སྨོས་པ་རྣམས་ཀྱིས་མ་བསྡུས་ན། དེ་དག་ལས་གཞན་པའི་ཆོས་ཡོད་པས། དེ་དག་ཏུ་གྲངས་མ་ངེས་པར་འགྱུར་ལ། བསྡུས་ན་ཇི་ལྟར་བསྡུ་ཞེ་ན། མདོ་ལས། ཆོས༷་ཀྱི༷་ཕུང་པོ༷་བརྒྱ༷ད་ཁྲི༷་ཞེས་གང༷་དག༷་ཡོད་པ་རྣམ༷ས་སྐུ་གསུང་ཐུགས་ཉེས་སྤྱོད་ལས་ཐུབ༷་པ༷་སངས་རྒྱས་ཀྱིས་གསུངས་པ་ཡིན་པས། དེ༷་དག༷་མདོ་སྡེ་པ་ལྟར་ན་རྣ་བའི་ཡུལ་དུ་གྱུར་པའི་ཚིག༷་གམ༷། བྱེ་སྨྲ་ལྟར་ན་ཡིད་ཀྱི་ཡུལ་དུ་གྱུར་པའི་མིང༷་ཡི༷ན་པས་དེ༷་དག༷་ནི༷་རིམ་པ་ལྟར་གཟུ༷གས་ཀྱི་ཕུང་པོ་དང༷་འདུ༷་བྱེད༷་ཀྱི་ཕུང་པོ་དག༷་ཏུ༷་འདུས༷་པ་ཡིན་ནོ། །འོ་ན། ཆོས་ཀྱི་ཕུང་པོ་རེ་རེའི་ཚད་ཅི་ཙམ་ཞེ་ན། ཁ༷་ཅིག༷་ན་རེ། མངོན་པའི་བསྟན༷་བཅོ༷ས་ཀྱི་ཕུང་པོའི་ཚ༷ད་དང་མཉམ་པ་རེ་ལ་བྱེད་ཅེ༷ས་ཟེ༷ར་ཏེ། ཤཱ་ལོ་ཀ་དྲུག་སྟོང་ཡོད། དེ་ལྟར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལ་ཚིགས་བཅད་དུང་ཕྱུར་ཕྲག་བཞི་དང་བྱེ་བ་བརྒྱད་དུ་འགྱུར་རོ། །ཡང་ན་འཕགས་པ་ཤཱ་རིའི་བུས་བསྟན་བཅོས་ཆོས་ཀྱི་ཕུང་པོའི་ཚད་དང་མཉམ་མོ་ཞེས་ཟེར་ཏེ་ཚད་འདྲའོ། །གཞན་དག་ན་རེ། ཕུང༷་པོ༷་དང༌། ལ༷་སོག༷ས་པས་བསྡུས་པ་སྐྱེ་མཆེད། ཁམས། རྟེན་འབྲེལ་སོགས་ཀྱི་སྡེ་ཚན་རེ་རེ་རྫོགས་པར་སྟོན་པའི་གཏ༷མ་གྱི་བརྒྱུད་རེ༷་རེ་ཆོས་ཀྱི་ཕུང་པོ་རེ་རེའི་ཚད་ཡི༷ན་གྱི། ཚིགས་བཅད་ཀྱི་གྲངས་ངེས་ནི་མེད་ཟེར་རོ། །འོ་ན། ཆོས་ཕུང་དེ་དག་ཅིའི་ཕྱིར་བསྟན་ཅེ་ན། གདུལ་བྱ་འདོད་ཆགས་ཞེ་སྡང་གཏི་མུག་ཆ་མཉམ་སྟེ་བརྒྱད་ཁྲིར་སྤྱོད༷་པ་རྣམ༷ས་ཀྱི༷་གཉེ༷ན་པོར༷་ནི༷་ཆོས༷་ཀྱི༷་ཕུང༷་པོ༷འང་དེའི་གྲངས་དང་མཐུན༷་པ༷་བརྒྱད་ཁྲིར་གསུ༷ངས་སོ། ། གཉིས་པ་དེ་གཞན་ལའང་སྦྱར་བ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ཕུང་པོ་ལྔར་བསྡུས་པ་དེ༷་བཞི༷ན་དུ་གཞ༷ན་ཡ༷ང་ཅི༷་རིག༷ས་པར༷་མདོ་ལས་བྱུང་བའི་ཕུ༷ང་པོ༷་དང༌། སྐྱེ༷་མཆེ༷ད་དང༌། ཁམ༷ས་ཀྱི་མིང་ཅན་རྣམ༷ས་ནི༷་རང་རང༷་གི༷་མཚ༷ན་ཉི༷ད་རྣམས་ལེག༷ས་པར་ཞིབ་མཐར་དཔྱ༷ད་དེ༷། བསྟན་བཅོས་འདི་ལས་སྔར་ཕུང་པོ། སྐྱེ་མཆེད། ཁམས་རྣམས་སུ་ཇི༷་སྐད༷་བཤ༷ད་པར༷་བ༷སྡུ་བར༷་བྱའོ༷། །བསྡུ་ཚུལ་ནི་ཕུང་པོའི་མིང་ཅན་ཚུལ་ཁྲིམས་དང༌། ཏིང་འཛིན། ཤེས་རབ། རྣམ་པར་གྲོལ་བ། རྣམ་པར་གྲོལ་བ་ཡེ་ཤེས་གཟིགས་པའི་ཕུང་པོ་རྣམས་ནི་གཟུགས་དང་འདུ་བྱེད་ཀྱི་ཕུང་པོ་དག་ཏུ་བསྡུས་ཏེ། ཚུལ་ཁྲིམས་ནི་ལུས་ངག་གི་སྤོང་བདུན་གཟུགས་སུ་འདོད་ཅིང༌། རྣམ་གྲོལ་མོས་པ་ཡིན་པས་བཞི་པོ་ནི་སེམས་བྱུང་ཡིན་ན་འདུ་བྱེད་ཀྱི་ཕུང་པོར་བསྡུས་སོ། ། སྐྱེ་མཆེད་ཀྱི་མིང་ཅན་སྐྱེ་མཆེད་དུ་བསྡུ་བ་ནི་ཟད་པར་བཅུ་ལས། དང་པོ་བརྒྱད་མ་ཆགས་པའི་རང་བཞིན་ཡིན་པས་ཆོས་ཀྱི་མཆེད་ཀྱིས་བསྡུས་སོ། །འཁོར་དང་བཅས་ན་ཕུང་པོ་ལྔའི་རང་བཞིན་ཡིན་པས་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །ཐ་མ་གཉིས་གཟུགས་མེད་དང་པོ་གཉིས་མིང་གཞིའི་རང་བཞིན་ཡིན་པས་ཆོས་དང་ཡིད་ཀྱི་སྐྱེ་མཆེད་དུ་བསྡུས་སོ། །ཟིལ་གནོན་གྱི་སྐྱེ་མཆེད་བརྒྱད་ཀྱང་མ་ཆགས་པ་ཡིན་པས་གོང་དང་འདྲའོ། །ཁམས་ཀྱི་མིང་ཅན་ཁམས་སུ་བསྡུ་བ་ནི་སྡུད་བྱེད་ཁམས་བཅོ་བརྒྱད་དང་བསྡུ་བྱ་དྲུག་ཚན་དྲུག་རྣམས་རིམ་པ་བཞིན་དུ་སྦྱར་ཏེ། དེ་ལ་འབྱུང་བཞི་ནི་རེག་བྱའི་ཁམས་ཀྱིས་བསྡུས་སོ། །ནམ་མཁའ་ནི་འདུས་མ་བྱས་ནམ་མཁའ་དང་རྒྱན་ནམ་མཁའ་མིན་གྱི། འདིར་བསྟན་པ་སྒོ་དང་སྐར་ཁུང་ལ་སོགས་པ་བུ༷་ག༷་ནམ༷་མཁ༷འི་ཁམས་དག་ཡིན་ནོ་ཞེས༷་བྱའོ༷། །དེའང་ཉིན་མོ་སྣང༷་བ་དང༷་མཚན་མོ་མུན༷་པ༷་དག༷་ཡི༷ན་པའི་ཕྱིར་གཟུགས་ཀྱི་ཁམས་ཀྱིས་བསྡུས་པས་རང་གི་ངོ་བོར་གནོད་པ་བྱར་རུང་བས་ཐོགས་བཅས་ཡིན་ལ༷། ཐོགས་བཅས་གཞན་གྱི་ཉེ་འཁོར་ན་ཡོད་པས་ཐོགས་བཅས་ཉེ་འཁོར་བའང་ཡིན་ནོ། །ལོ་ཞེས་པས་ནི་མདོ་སྡེ་བའི་འདོད་པ་སྟོན་ཏེ། འདི་ལྟར་ནམ་མཁའ་ནི་ཐོགས་རེག་དང་བྲལ་ཞིང༌། དེ་གཞན་གྱི་ཉེ་འཁོར་ན་ཡོད་པས་ཐོགས་མེད་ཉེ་འཁོར་བ་ཡིན་ནོ་གསུངས་སོ། །རྣམ་ཤེས་ཐམས་ཅད་ཀྱང་དྲུག་ཚན་དྲུག་གི་རྣམ་ཤེས་ཀྱི་ཁམས་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཟག༷་པ་ད༷ང་བཅ༷ས་པའི༷་རྣམ༷་པར་ཤེས༷་པའི་ཁམས་ནི༷་དྲུག་ཚན་དྲུག་གི་ནང་གི་རྣམ༷་པར་ཤེས༷་པའི་ཁམ༷ས་ཡི༷ན་ནོ། །དེས་ན་ཟག་མེད་མ་ཡིན་ནོ། །ཅིའི་ཕྱིར་ཟག་མེད་མ་ཡིན་ཞེ་ན། ཉིང་མཚམས་སྦྱོར་སེམས་ནས་འཆི་སེམས་ཀྱི་བར་དུ་སྲིད་པ་སྐྱེ༷་བའི༷་རྟེན༷་དུ་གསུངས་པའི་ཕྱིར་རོ། ། དེའི་རྗེས་ལ་འདོད་པ་དང༌། གནོད་སེམས་དང༌། རྣམ་པར་འཚེ་བ་དང༌། ངེས་པར་འབྱུང་བ་དང༌། གནོད་སེམས་མེད་པ་དང༌། རྣམ་པར་མི་འཚེ་བའི་ཁམས་ཞེས་བྱ་བ་དྲུག་བཤད་པ་ནི་ཆོས་ཀྱི་ཁམས་ཀྱིས་བསྡུས་ཏེ། དང་པོ་གསུམ་ནི་འདོད་པའི་འདོད་ཆགས་དང༌། ཞེ་སྡང་དང༌། སེམས་ཅན་ལ་མཐོ་འཚམ་པའི་རང་བཞིན་སྤང་བར་བྱ་བའི་སེམས་བྱུང་དང༌། ཕྱི་མ་གསུམ་ནི་མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། སྙིང་བརྩེ་བའི་རང་བཞིན་གཉེན་པོའི་སེམས་བྱུང་ཡིན་པའི་ཕྱིར། དེའི་རྗེས་ལ་བདེ་བ་དང༌། སྡུག་བསྔལ་དང༌། ཡིད་བདེ་བ་དང༌། ཡིད་མི་བདེ་བ་དང༌། བཏང་སྙོམས་དང༌། མ་རིག་པའི་ཁམས་ཞེས་བྱ་བ་དྲུག་གསུངས་པའང་དང་པོ་ལྔ་ཚོར་བ་དང༌། དྲུག་པ་འདུ་ཤེས་ཡིན་པས་ཆོས་ཀྱི་ཁམས་ཀྱིས་བསྡུས་སོ། ། དེའི་རྗེས་ལ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཁམས་བཞི་གསུངས་པ་ནི་དང་པོ་གསུམ་ཆོས་ཀྱི་ཁམས་དང་བཞི་པ་སེམས་ཀྱི་ཁམས་བདུན་གྱིས་བསྡུས་སོ། །དེའི་རྗེས་ལ་འདོད་པ་དང༌། གཟུགས་དང༌། གཟུགས་མེད་ཀྱི་ཁམས་གསུམ་གསུངས་པ་ནི་རིམ་པ་བཞིན་ཁམས་བཅོ་བརྒྱད་དང༌། དྲི་རོ་དང་སྣ་ལྕེའི་རྣམ་ཤེས་མ་གཏོགས་པ་བཅུ་བཞི་དང༌། ཁམས་ཐ་མ་གསུམ་གྱིས་བསྡུས་སོ། །དེའི་རྗེས་ལ་གཟུགས་དང༌། གཟུགས་མེད་པ་དང༌། འགོག་པའི་ཁམས་གསུམ་གསུངས་པ་ནི་ཁམས་བཅུ་བཞི་དང༌། ཐ་མ་གསུམ་དང༌། ཆོས་ཀྱི་ཁམས་ཀྱིས་བསྡུས་ཏེ། འདིར་འགོག་པའི་ཁམས་ནི་སོ་སོར་བརྟགས་འགོག་དང་བརྟགས་མིན་གྱིས་འགོག་པའོ། །དེ་ནས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་ཁམས་གསུམ་གསུངས་པ་ནི་ཁམས་བཅོ་བརྒྱད་པོ་ཐམས་ཅད་ཀྱིས་བསྡུས་སོ། ། དེའི་རྗེས་ལ་ངན་པ་དང༌། བར་མ་དང༌། གྱ་ནོམ་པའི་ཁམས་གསུམ་གསུངས་པ་ནི་འདོད་པའི་ཁམས་ལ་སོགས་པ་གསུམ་པོ་ཉིད་དོ། །དེའི་རྗེས་ལ་དགེ། མི་དགེ། ལུང་མ་བསྟན་གྱི་ཁམས་གསུམ་གསུངས་པའི་དང་པོ་གཉིས་ནི་གཟུགས་དང༌། སྒྲ་དང༌། ཆོས་དང༌། སེམས་ཀྱི་ཁམས་བདུན་གྱིས་བསྡུས། ཐ་མ་ནི་ཁམས་བཅོ་བརྒྱད་ཀྱིས་བསྡུས་སོ། །དེའི་རྗེས་ལ་སློབ་པ་དང༌། མི་སློབ་པ་དང༌། གཉིས་ཀ་མིན་པའི་ཁམས་གསུམ་གསུངས་པའི་དང་པོ་གཉིས་ཁམས་ཐ་མ་གསུམ་དང༌། གསུམ་པ་ནི་ཁམས་བཅོ་བརྒྱད་ཀྱིས་བསྡུས་སོ། །དེའི་རྗེས་ལ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཁམས་གཉིས་གསུངས་པའི་དང་པོ་ཁམས་བཅོ་བརྒྱད་དང༌། ཕྱི་མ་ཐ་མ་གསུམ་གྱིས་བསྡུས་སོ། །དེའི་རྗེས་ལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་གཉིས་གསུངས་པའི་དང་པོ་ཁམས་བཅོ་བརྒྱད་དང༌། ཕྱི་མ་ནི་ཆོས་ཀྱི་ཁམས་ཀྱིས་བསྡུས་ཏེ། དེ་དག་ལ་མཁས་ན་མཁས་པ་ཁམས་ལ་མཁས་པ་ཞེས་བྱའོ། །", "target": {"entries": [{"title": "ཆོས་གཞན་བསྡུ་བའི་ཚུལ", "level": 1, "start": 0, "anchor": "གཉིས་པ་ཆོས་གཞན་བསྡུ་བའི་ཚུལ་ལ་གཉིས། ཆོས་"}, {"title": "ཆོས་ཀྱི་ཕུང་པོ་བསྡུ་བའི་ཚུལ", "level": 2, "start": 91, "anchor": "དང་པོ་(ཆོས་ཀྱི་ཕུང་པོ་བསྡུ་བའི་ཚུལ་)ནི། "}, {"title": "དེ་གཞན་ལའང་སྦྱར་བ", "level": 2, "start": 1384, "anchor": "གཉིས་པ་དེ་གཞན་ལའང་སྦྱར་བ་ནི། ཆོས་ཀྱི་ཕུང"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5213, "headings": 3}} {"id": "IBA-LWS-08-011", "input": "གཉིས་པ་རྟོག་བཅས་དཔྱོད་བཅས་ལ་སོགས་པའི་རབ་དབྱེ་ནི། ཁམས་བཅོ་བརྒྱད་ལས་གཅིག་ཏུ་གྲོགས་རྟོག༷་པ་དང༷་བཅས་ཤིང་དཔྱོད༷་པ་དང༷་བཅས༷་པ༷་ནི༷་མིག་ལ་སོགས་པའི་རྣ༷མ་པར༷་ཤེས༷་པའི༷་ཁམ༷ས་ལྔ༷་པོ་ཡིན༷་ཏེ། ཁ་ཕྱིར་བལྟས་ཤིང་རྩིང་ཞིབ་དང་མཚུངས་པར་ལྡན་པའི་ཕྱིར། ཐ༷་མ༷་ཡིད་དང༌། ཆོས་དང༌། ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་གསུམ༷་ནི༷་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དང༌། རྟོག་པ་མེད་ལ་དཔྱོད་པ་ཙམ་དང༌། རྟོག་པའང་མེད། དཔྱོད་པའང་མེད་པ་རྣམ༷་པ་གསུ༷མ་ཡོད་པ་ཡི༷ན་ཏེ། འདོད་པ་དང་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བའི་ཡིད་དང༌། ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་དང༌། རྟོག་དཔྱོད་ལས་གཞན་པའི་ཆོས་ཀྱི་ཁམས་མཚུངས་ལྡན་རྣམས་ནི་གྲོགས་སུ་རྟོག་དཔྱོད་ངེས་པར་ཡོད་པས་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དང༌། འདོད་པ་དང་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བའི་རྟོག་པ་དང༌། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་གྱི་དཔྱོད་པ་ལས་གཞན་མཚུངས་ལྡན་རྣམས་ལ་གྲོགས་སུ་རྟོག་པ་མེད་ལ་དཔྱོད་ལྡན་དང༌། བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བའི་རྟོག་པ་གཉིས་པ་མེད་ཅིང་གྲོགས་སུ་དཔྱོད་པ་ངེས་པར་ལྡན་ལ། ཁྱད་པར་ཅན་རྟོག་པ་སྤངས་ཤིང་དཔྱོད་པ་ངེས་པར་ཡོད་པས་རྟོག་མེད་དཔྱོད་ཙམ་དང༌། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་གྱི་དཔྱོད་པ་དང༌། བསམ་གཏན་གཉིས་པ་ཡན་ཆད་ཀྱི་ཡིད་ལ་སོགས་པ་དང་ཆོས་ཀྱི་ཁམས་མཚུངས་ལྡན་མིན་པ་ཐམས་ཅད་ནི་རིམ་པ་ལྟར། །དཔྱོད་པ་ལ་དཔྱོད་པ་གཉིས་པ་མེད་ཅིང༌། བསམ་གཏན་གཉིས་པ་ཡན་ཆད་རྟོག་དཔྱོད་སྤངས་པའི་ས་པ་ཡིན་ལ། མཚུངས་ལྡན་མིན་པ་དག་རྟོག་དཔྱོད་གཉིས་ཀ་དང་མི་ལྡན་པས་རྟོག་དཔྱོད་གཉིས་ཀ་མེད་དོ། །ལྷ༷ག་མ༷་མིག་ལ་སོགས་པའི་གཟུགས་ཅན་བཅུ་པོ་རྣམ༷ས་ནི༷་མཚུངས་ལྡན་མིན་པས་གཅིག་ཏུ་རྟོག་དཔྱོད་གཉི༷ས་ཀ༷་སྤང༷ས་བའོ། །ཁོ་ན་རེ། རྣམ་པར་ཤེས་པའི་ཁམས་ལྔ་པོ་རྟོག་བཅས་ཡིན་ན། མདོ་ལས། དགེ་སློང་དག་མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི། སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ། །ཞེས་རྟོག་བྲལ་དུ་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། སྤྱིར་རྟོག་པ་ལ་ངོ་བོ་ཉིད་དང༌། ངེས་པར་རྟོག་པ་དང༌། རྗེས་སུ་དྲན་པའི་རྟོག་པ་དང་གསུམ་ཡོད་པ་ལས། སྒོ་ལྔའི་རྣམ་ཤེས་ནི་ངེ༷ས་པ༷ར་རྟོག༷་པ་དང༷་རྗེས༷་སུ་དྲན༷་པའི༷་རྣམ༷་པར༷་རྟོག༷་པས༷་རྣམ༷་པར་མི༷་རྟོག༷་པར་བཤད་པ་ཡིན་གྱི། ངོ་བོ་ཉིད་ཀྱི་རྟོག་པ་དང་བྲལ་བར་བཤད་པ་མིན་ནོ། །འོ་ན། རྟོག་པ་དེ༷་དག༷་གང་ཞེ་ན། དང་པོ་ནི་སེམས་བྱུང་གི་ནང་དུ་འཆད་པར་འགྱུར་ལ། ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྟོག་པ་དེ་དག་ནི་རིམ་པ་བཞིན་དུ་ཡིད༷་ཀྱི༷་རྣམ་ཤེས་དང་མཚུངས་ལྡན་གྱི་ཤེས༷་རབ༷་ཡུལ་ལ་རྣམ་པར་གཡེ༷ང་བ་དང༌། ཡི༷ད་ཀྱི༷་རྣམ་ཤེས་དང་མཚུངས་པར་ལྡན་པའི་དྲན༷་པ༷་མིང་ལ་མ་ལྟོས་པར་དོན་དྲན་པ་མཉམ་པར་བཞག་མ་བཞག་ཐམ༷ས་ཅ༷ད་ཉིད༷་ཡིན་པར་ཤེས་པར་བྱའོ། ། གསུམ་པ་དམིགས་བཅས་ལ་སོགས་པ་ལྔ་ནི། ཁམས་བཅོ་བརྒྱད་ལས་གཅིག་ཏུ་དམིགས་པ་དང་བཅས་པ་ནི་གང༌། དེ་ལས་གཞན་པ་ནི་གང་ཞེ་ན། དམི༷གས་པ་དང་བཅ༷ས་པ་ནི་སེམ༷ས་ཀྱི་ཁམ༷ས་བདུ༷ན་ཡིན་ཏེ། ཡུལ་ལ་དམིགས་ནས་འཛིན་པར་བྱེད་པའི་ཕྱིར། ཆོས༷་ཁམས་ཀྱི༷་ཕྱེད༷་སེམས་ལས་བྱུང་བ་རྣམས་ཀྱང༷་དམིགས་པ་དང་བཅས་པ་ཡིན་ནོ༷། །ཁམས་ལྷག་མ་ཕྱེད་དང་བཅུ་གཅིག་ནི་མཚུངས་ལྡན་མིན་པས་དམིགས་པ་མེད་པར་གྲུབ་བོ། །དེ་དག་ལས་ཟིན་པ་ནི་དུ། མ༷་ཟིན༷་པ་ནི་དུ། གཉིས་ཀ་ཡིན་པ་ནི་དུ་ཞེ་ན། གཅིག་ཏུ་སེམས་ཀྱིས་མ་ཟིན་པ་ནི་དགུ་ཡིན་ནོ། །དགུ༷་པོ་གང་ཞེ་ན། དམིགས་བཅས་སུ་བཤད་པའི་སེམས་ཁམས་བདུན། ཆོས་ཁམས་ཀྱི་ཕྱེད་དང་བཅས་པ་ཐོགས་མེད་ཀྱི་ཁམས་བརྒྱ༷ད་པོ༷་དེ༷་དག༷་རྣམ༷ས་དང༷་སྒྲ༷འོ། །ཁམས་གཞན་མིག་སོགས་ལྔ་དང༌། གཟུགས་དྲི་རོ་རེག་བཞི་སྟེ་དགུ༷་པོ༷་རྣམ༷ས་ལ༷་ནི༷་ཟིན་མ་ཟིན་རྣམ༷་པ༷་གཉི༷ས་ཀ་ཡོད་པ་ཡིན་ཏེ། དེ་ལ་དབང་པོ་ལྔ་ད་ལྟར་བྱུང་བ་དང༌། གཟུགས་ལ་སོགས་པ་བཞི་ནི་ད་ལྟར་བྱུང་བ་དབང་པོའི་ཚོགས་པ་ན་ཡོད་པ་ནི་ཟིན་པ་ཡིན་ལ། མིག་སོགས་འདས་མ་འོངས་ན་ཡོད་པ་དང༌། གཟུགས་སོགས་བཞི་རྒྱུད་ཀྱིས་བསྡུས་ཤིང་ད་ལྟར་བ་ཡིན་ཡང༌། རྩ་བ་མ་གཏོགས་པའི་སྐྲ་དང༌། ཁ་སྤུ་དང༌། སེན་མོ་དང༌། ཁྲག་ལ་སོགས་པ་དང༌། རྒྱུད་ཀྱིས་མ་བསྡུས་པ་རྣམས་ནི་མ་ཟིན་པའོ། །འདིར་ཟིན་པའི་དོན་ནི་དབང་པོ་གཟུགས་ཅན་ལ་ཕན་གནོད་བྱས་པས་ཚོར་བ་བདེ་སྡུག་སྐྱེད་པ་ལ་བྱེད་པའི་ཕྱིར། སེམས་དང་སེམས་བྱུང་རྣམས་ཀྱི་རྟེན་གྱི་དངོས་པོར་བཟུང་བ་སྟེ། འཇིག་རྟེན་ན་སེམས་དང་བཅས་པ་ཞེས་གང་བརྗོད་པའོ། །དེའི་ཕྱིར་མིག་སོགས་དབང་པོ་དག་ནི་གཅིག་ཏུ་ཟིན་པ་ཡིན་པས་ན་མ་ཟིན་པ་དགུ་དང༌། ཟིན་པ་ལྔ་དང༌། གཉིས་ཀ་ཡོད་པ་ནི་བཞི་ཡིན་ནོ། ། ཡང་ཁམས་བཅོ་བརྒྱད་ལས་འབྱུང་བ་དང་འབྱུང་གྱུར་ནི་དུ། དེ་གཉིས་ཀ་ཡིན་མིན་དུ་ཞེ་ན། དེ་དག་ལས་རེ༷ག་བྱ༷་ལ་ནི་འབྱུང་བ་དང་འབྱུང་གྱུར་རྣམ༷་པ༷་གཉི༷ས་ཀ་ཡོད་པ་ཡི༷ན་ཏེ༷། ས་ལ་སོགས་པ་བཞི་འབྱུང་བ་དང༌། འཇམ་པ་ལ་སོགས་པ་བདུན་འབྱུང་བ་བཞིས་རྒྱུར་བྱས་པ་ལས་གྱུར་པ་ཡིན་པའི་ཕྱིར། ལྷག༷་མ༷་མིག་ལ་སོགས་པ་གཟུག༷ས་ཅ༷ན་དགུ༷་པོ༷་ནི༷་འབྱུང༷་བ་བཞིས་རྒྱུར༷་བྱས་པ་ལས་བྱུང་བའམ་གྱུར་པ་ཁོ་ན་ཡིན་ནོ། །ཆོ༷ས་ཁམ༷ས་ཀྱི༷་ཕྱོག༷ས་གཅིག༷་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱང༷་འབྱུང་བ་ལས་གྱུར་པ་ཡིན་ཏེ། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །ཅེས་འབྲས་བུའི་གཟུགས་སུ་བཤད་པའི་ཕྱིར། ལྷག་མ་སེམས་ཀྱི་ཁམས་བདུན་དང༌། རིག་བྱེད་མིན་པ་མ་གཏོགས་པའི་ཆོས་ཀྱི་ཁམས་ནི་འབྱུང་བ་དང་འབྱུང་གྱུར་གཉིས་ཀ་མིན་ནོ་ཞེས་བྱ་བར་གྲུབ་བོ། །ཡང་ཁམས་བཅོ་བརྒྱད་ལས་མིག་ལ་སོགས་པའི་ཁམས་གཟུག༷ས་ཅན༷་བཅུ༷་ནི༷་གཅིག་ཏུ་རྡུལ་ཕྲ་རབ་བསག༷ས་པ༷འོ༷། །ལྷག་མ་བརྒྱད་ནི་བསགས་པ་མིན་ནོ། །ཡང་དེ་དག་ལས་གཅོད་བྱེད་སྟྭ་རེ་ལྟ་བུ་ནི་གང༌། གཅད་བྱ་ཤིང་ལྟ་བུ་ནི་གང་ཞེ་ན། གཅོ༷ད་བྱེ༷ད་སྟྭ་རེ་ལྟ་བུ་དང་གཅ༷ད་པར༷་བྱ༷་བ༷་ཤིང་ལ་སོགས་པ་དེ་དག་ཉིད༷་ནི་ཕྱི༷་རོལ༷་གྱི༷་ཁམས་གཟུགས་དྲི་རོ་རེག་བཞི་པོ་དེ་དག་ཉིད་ཡིན་གྱི། དབང་པོ་རྣམས་ནི༷་འོད་ལྟར་དྭངས་བས་གཅོད་བྱེད་མིན་ལ། གཅད་བྱའང་མིན་ཏེ། དེ་ནི་འདུས་པའི་རྒྱུན་འབྲེལ་བར་འབྱུང་བ་དུམ་བུར་བྱ་བ་ལ་བརྗོད་ན། དབང་པོ་རྣམས་ནི་འབྲེལ་བའི་རྒྱུན་གཉིས་སུ་བྱར་མེད་པའི་ཕྱིར། སྒྲ་ལ་ནི་རྒྱུན་མེད་པའི་ཕྱིར་དང༌། ཁམ༷ས་ཐོགས་མེད་བརྒྱད་ནི་ལུས་མེད་པས་འདུས་པར་མི་གནས་པས་གཅོད་བྱེད་དང་གཅད་བྱ་གཉིས་ཀ་མིན་ནོ། །ཇི་ལྟར་ཕྱི་རོལ་གྱི་ཁམས་བཞི་པོ་དག་གཅོད་བྱེད་དང་གཅད་བྱ་གཉིས་ཀ་ཡིན་པ་དེ༷་བཞི༷ན་དུ་མེས་བསྲེ༷ག་པར་བྱ༷་བ་དང་སྲང་གིས་འཇ༷ལ་བར་བྱེད༷་པ༷འང་བཞི༷་པོ་དེ་དག་ཉིད་དོ། །སྲེག་པར་བྱེད་པ་དང་གཞལ་བར་བྱ་བ་ལ་ནི་ཁ་ཅིག་ན་རེ། སྲེ༷ག་པར་བྱེད་པ་ནི་མེ་ཁོ་ན་དང༷༌། གཞ༷ལ་བར་བྱ་བ་ནི་ལྕིད་ཁོ་ན་ཡི༷ན་པས། གཉིས་ཀའང་རེག་བྱ་ཁོ་ན་ཡིན་ནོ་ཞེས་ཟེར། ཁ་ཅིག་ན་རེ། རེག་བྱ་ཁོ་ན་མིན་ལ༷། འོན་ཀྱང་ཕྱི་རོལ་གྱི་ཁམས་བཞི་པོ་དེ་དག་ཉིད་ཡིན་ནོ་ཞེས་མི༷་མཐུན༷་པར་སྨྲ༷འོ། །", "target": {"entries": [{"title": "རྟོག་བཅས་དཔྱོད་བཅས", "level": 1, "start": 0, "anchor": "གཉིས་པ་རྟོག་བཅས་དཔྱོད་བཅས་ལ་སོགས་པའི་རབ་"}, {"title": "དམིགས་བཅས", "level": 1, "start": 2133, "anchor": "གསུམ་པ་དམིགས་བཅས་ལ་སོགས་པ་ལྔ་ནི། ཁམས་བཅོ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5153, "headings": 2}} {"id": "IBA-LWS-08-012", "input": "བཞི་པ་བྱུང་བ་གསུམ་གྱི་རབ་དབྱེ་ནི། ཡང་ཁམས་བཅོ་བརྒྱད་ལས་རྣམ་སྨིན་ལས་བྱུང་བ་ནི་དུ། མ་བྱུང་བ་ནི་དུ་ཞེ་ན། རྣམ༷་པར༷་སྨིན༷་པ་ལས༷་བྱུང༷་བ༷་དང༷་རྒྱས༷་པ་ལས༷་བྱུང༷་བ༷་ནི་མིག་ལ་སོགས་པའི་ནང༷་གི༷་ཁམས་ལྔ༷་ཡིན་ཏེ། མི་དགེ་བ་དང་དགེ་བ་ཟག་བཅས་ཀྱིས་ངན་སོང་དང་མཐོ་རིས་ཀྱི་དབང་པོར་སྐྱེད་པའི་ཕྱིར་དང༌། རྒྱས་པའི་རྒྱུ་ཟས། བསྐུ་མ་ཉེ། གཉིད། ཏིང་འཛིན་དག་གིས་རྒྱས་པར་བྱས་པའི་ཕྱིར་རོ། །སྒྲ༷འི་ཁམས་ནི༷་རྣམ༷་སྨིན༷་ལས༷་སྐྱེས༷་པ་མིན༷་ཏེ། རྣམ་སྨིན་མཚུངས་ལྡན་མིན་པ་ནི་ཆད་ནས་མཚམས་མི་སྦྱོར་ཞིང༌། འདོད་པ་ཙམ་གྱིས་མི་འབྱུང་བའི་ཕྱིར་དང༌། སྒྲ་ནི་དེ་ལས་བཟློག་པའི་ཕྱིར། དེའི་ཕྱིར་སྒྲ་ལ་རྒྱས་བྱུང་དང་རྒྱུ་མཐུན་ལས་བྱུང་བ་ནི་ཡོད་དུ་རུང་སྟེ། ལུས་སྟོབས་རྒྱས་པས་སྒྲ་གསང་མཐོ་བ་དང༌། ངག་གི་རིག་བྱེད་ཉོན་མོངས་ཅན་ཀུན་འགྲོའི་རྒྱུས་སྐྱེས་པ་དང༌། སེམས་ཅན་གྱི་སྒྲ་ཐམས་ཅད་སྐལ་བ་མཉམ་པ་དང༌། རིགས་འདྲ་སྔ་མ་ལས་ཕྱི་མ་འབྱུང་བའི་ཕྱིར། རྒྱུ༷་མཐུན༷་ལ༷ས་བྱུང༷་བ་དང་རྣམ༷་སྨིན་ལས་སྐྱེས༷་པ་ནི་ཐོག༷ས་པ༷་མེད༷་པའི་སེམས་ཁམས་བདུན་དང་ཆོས་ཁམས་ཏེ་བརྒྱད༷་པོ་དེ་དག་ཡིན་ཏེ། སྐལ་མཉམ་དང་ཀུན་འགྲོའི་རྒྱུས་བསྐྱེད་པ་དང༌། རྣམ་སྨིན་གྱི་རྒྱུས་བསྐྱེད་པ་དག་ཡོད་པའི་ཕྱིར། རྒྱས་བྱུང་ནི་མེད་དེ། བརྒྱད་པོ་དེ་དག་བསགས་པར་མི་གནས་པས་གཟུགས་ཅན་རྒྱས་པ་མེད་པའི་ཕྱིར། ཁམས་ལྷག་མ་གཞན༷་གཟུགས་དྲི་རོ་རེག་བཞི་ནི་རྣམ་སྨིན་ལས་བྱུང་བ་ལ་སོགས་པ་རྣམ༷་པ་གསུམ༷་ག་ཡོད་དེ། རྒྱས་བྱུང་གི་ཚོགས་པ་ན་ཡོད་པ་རྣམས་རྒྱས་བྱུང་དང༌། རྣམ་སྨིན་སྐྱེས་ཀྱི་ཚོགས་པ་ན་ཡོད་པ་རྣམ་སྨིན་སྐྱེས་དང༌། རྒྱུད་ཀྱིས་མ་བསྡུས་པ་རྣམས་རྒྱུ་མཐུན་ལས་བྱུང་བའི་ཕྱིར། ལྔ་པ་རྫས་ཡོད་ལ་སོགས་པ་ལྔ་བཤད་པ་ནི། ཡང་ཁམས་བཅོ་བརྒྱད་ལས་གཅིག་ཏུ་རྟག་ཅིང་བརྟན་པའི་རྫས༷་ཀྱི་ངོ་བོར་ཡོད་པ་དང༷་ལྡན༷་པ་ནི་ཆོས་ཀྱི་ཁམས་གཅིག༷་པོའི་ཕྱོགས་འདུས་མ་བྱས་སོ། །དེ་ལ་རྫས་སུ་ཡོད་པ་ནི་རྟག་ཅིང་བརྟན་པར་གནས་པ་དང༌། དོན་བྱེད་ནུས་པ་དང༌། རང་རྒྱུད་དུ་གྲུབ་པ་དང༌། དེ་ལས་གཞན་པ་བཞི་ལས། འདིར་དང་པོའི་དབང་དུ་བྱས་སོ། །དེ་ལས་གཞན་པའི་ཁམས་ལྷག་མ་རྣམས་ནི་འདུས་བྱས་ཡིན་པས་རྟག་ཅིང་བརྟན་པའི་རྫས་སུ་མེད་པར་གྲུབ་བོ། ཡང་ཁམས་དེ་དག་ལས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐད་ཅིག་མ་དང་པོའི་ཚོགས་པ་ན་ཡོད་པའི་ཐ༷་མ༷་ཡིད་དང༌། ཆོས་དང༌། ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་ཟག་མེད་གསུམ༷་ནི་འཇིག་རྟེན་པའི་ཆོས་མཆོག་མན་ཆད་ཟག་བཅས་ཡིན་པས། ཟག་མེད་སྔོན་དུ་མ་སོང་བས་སྐལ་མཉམ་ལས་མ་བྱུང་བའི་ཕྱིར་རྒྱུ་མཐུན་ལས་མ་བྱུང་བའི་སྐ༷ད་ཅིག༷་མ༷་སྟེ༷། དེའང་འདི་དུས་མཐའི་སྐད་ཅིག་མ་ཡིན་ལ། སྡུག་བསྔལ་ཆོས་བཟོད་བྱ་རྫོགས་ཀྱི་སྐད་ཅིག་མ་ཡིན་པས། དེའི་སྐད་ཅིག་གཉིས་པ་ཕན་ཆད་རྒྱུ་མཐུན་ལས་བྱུང་བ་ཡིན་ནོ། །འདི་དག་ནི། རྒྱུ་མཐུན་ལས་བྱུང་རྣམ་སྨིན་སྐྱེས། །ཐོགས་པ་མེད་བརྒྱད། ཅེས་བྱ་བའི་སྤྱིར་བཏང་བ་ལ་དམིགས་བསལ་བསྣན་པ་ཡིན་ཏེ། ཟག་མེད་སྐད་ཅིག་དང་པོའི་ཡིད་ལ་སོགས་པ་གསུམ་དང་ཆོས་ཁམས་ཀྱི་འདུས་མ་བྱས་ནི་བྱུང་བ་གསུམ་ག་མིན་པའི་ཕྱིར། །གང་མིག༷་གི་ཁམས་དང༷་མི་ལྡན་པ་ལས་གསར་དུ་ཐོབ་པ་དེ་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱང་གསར་དུ་ཐོབ་བམ་ཞེ་ན། འདི་ལ་མུ་བཞི་ཡོད་དེ། འདི་ལྟར། མིག་དང་ནི༷་མིག་གི་རྣམ༷་ཤེས༷་ཀྱི་ཁམ༷ས་དག༷་སོ༷་སོ༷་དང༷་ཞེས་པས་མུ་དང་པོ་གཉིས་བསྟན་ཏེ། དེ་ལས་མུ་དང་པོ་ནི་འདོད་པར་སྐྱེས་པ་རིམ་གྱིས་མིག་གི་དབང་པོ་ཐོབ་པ་སྟེ། མིག་ཤེས་དགེ་བ་དང་ཉོན་མོངས་ཅན་སྔར་ཐོབ་ཟིན་པའི་ཕྱིར། མུ་གཉིས་པ་ནི་བསམ་གཏན་གཉིས་པ་ཡན་ཆད་པ་དག་བསམ་གཏན་དང་པོའི་མིག་ཤེས་མངོན་དུ་བྱས་ནས་གཟུགས་ལ་བལྟ་བ་ན་གཟུགས་ཁམས་པ་དག་དབང་པོ་ཚང་བ་ཅན་ཡིན་པས་མིག་སྔར་ཐོབ་པ་ཡོད་པའི་ཕྱིར། མུ་གསུམ་པ་ནི་མིག་དང་མིག་གི་རྣམ་ཤེས་ཀྱི་ཁམས་དག་ལྷན༷་ཅིག༷་ཏུ༷་ཡང༷་འཐོབ༷་པ༷་ཡོད༷་དེ། གཟུགས་མེད་ནས་ཤི་འཕོས་ནས་འདོད་པ་དང་བསམ་གཏན་དང་པོར་སྐྱེས་པ་ལྟ་བུ་སྟེ། དེ་ནི་སྔར་དེ་གཉིས་དང་མི་ལྡན་པ་ལས་བར་སྲིད་དུ་ཉིང་མཚམས་སྦྱར་བ་ན་བར་སྲིད་པ་ནི་དབང་པོ་ཚང་བ་ཅན་ཡིན་པའི་ཕྱིར་དང༌། མིག་ཤེས་དགེ་བ་དང་ཉོན་མོངས་ཅན་འདས་མ་འོངས་ཀྱི་ཐོབ་པའང་གནས་སྐབས་དེར་བྱུང་བའི་ཕྱིར་རོ། །མུ་བཞི་པ་ནི་ཡང་ཞེས་པས་བསྟན་ཏེ། རྣམ་པ་དེ་དག་མ་གཏོགས་པའོ། །ཡང་དེ་དག་ལས་ནང༷་གི༷་ཡིན་པ་ནི་མིག་ལ་སོགས་པ་བ༷ཅུ་གཉི༷ས་སོ། །དེ་གང་ཞེ་ན། གཟུག༷ས་ལ༷་སོག༷ས་པ་ཡུལ་གྱི་ཁམས་དྲུག་མ༷་གཏོག༷ས་པའོ། །དེས་ན་གཟུགས་ལ་སོགས་པ་དྲུག་ནི་ཕྱིའི་ཡིན་པར་གྲུབ་བོ། །འདིར་ཕྱི་ནང་གི་དོན་ནི་སེམས་ཅན་གྱི་རྒྱུད་ཀྱིས་མ་བསྡུས་པ་དང་བསྡུས་པ་ལ་བརྗོད་ཀྱི། བདག་ཡོད་མེད་ལ་ནང་དང་ཕྱི་ཡིན་ནོ་ཞེས་ཕྱི་རོལ་པས་ཀུན་ནས་བརྟགས་པ་ལྟར་མིན་ནོ། ། ཡང་ཁམས་བཅོ་བརྒྱད་པོ་དེ་དག་ལས་ཆོས༷་ཁམས་ཞེས༷་བྱ༷་བ༷་ནི༷་གཅིག་ཏུ་རྟེན༷་པ༷་དང༷་བཅས༷་པ་ཡིན་ཏེ། ཁམས་གང་ཞིག །རང་གི་ལས་བྱེད་པའི་ཕྱིར་ཏེ། འཕགས་པའམ་སོ་སོ་སྐྱེ་བོའང་རུང་སྟེ་དེ་དག་གི་ཡིད་ཀྱི་རྣམ་ཤེས་སྐྱེ་བའི་བྱ་བ་བྱེད་པའི་ཕྱིར། འདིའི་ལུགས་ཀྱིས་རང་རིག་མི་འདོད་པས། ཆོས་ཐམས་ཅད་བདག་མེད་དོ་སྙམ་པའི་ཡིད་ཀྱི་ཡུལ་དུ་སྐད་ཅིག་མ་གཅིག་ལ་རང་གིས་ཤེས་པ་དང༌། དེ་དང་ལྷན་ཅིག་ཏུ་འབྱུང་བའི་ཚོགས་པ་མ་གཏོགས་པ་ཐམས་ཅད་འགྱུར་ཞིང༌། སྐད་ཅིག་གཉིས་པ་ལ་དེའང་འགྱུར་བའི་ཕྱིར། རང་རིག་འདོད་ན་སྐད་ཅིག་མ་གཅིག་ལ་ཆོས་ཐམས་ཅད་འགྱུར་བས། ཆོས་ཀྱི་ཁམས་ནི་རྟག་ཏུ་རྟེན་བཅས་ཡིན་ནོ། །ལྷག༷་མ༷་བཅུ་བདུན་པོ་ནི༷་དེ༷་དང༷་མཚུང༷ས་པ༷་དག༷་ཀྱང༷་ཡིན༷་ཏེ། ཁམས་གང༷་ཞིག༷ རང༷་གི༷་ལས༷་མི༷་བྱེད༷་པའི་ཕྱིར། ཀྱང་ཞེས་པས་རྟེན་བཅས་ཀྱང་ཡོད་པར་བསྟན་ཏོ། །རྟེན་བཅས་དེ་མཚུངས་ཀྱི་དོན་ནི། ཁམས་གང་ཞིག །རང་གི་ལས་མི་བྱེད་པ་དེ་མཚུངས་དང༌། བྱེད་པ་དེ་ནི་རྟེན་བཅས་ཡིན་ཏེ། མིག་གང་གིས་གཟུགས་ལ་བལྟས་པ་དང༌། ལྟ་བ་དང༌། བལྟ་བར་འགྱུར་བ་ནི་རྟེན་བཅས་ཡིན་པས་ན་ལུས་ཀྱི་བར་དུའང་དེ་བཞིན་ཤེས་པར་བྱའོ། །དེ་དང་མཚུངས་པ་ནི་མིག་གང་གིས་གཟུགས་མ་མཐོང་བར་འགགས་པ་དང༌། འགག་པ་དང༌། འགག་པར་འགྱུར་བ་དང༌། མི་སྐྱེ་བའི་ཆོས་ཅན་དང་ནི་བཞི་ཡིན་ནོ། །ཞེས་ཁ་ཆེ་བ་དག་ཟེར་ལ། ནུབ་ཕྱོགས་པ་ནི། མི་སྐྱེ་བའི་ཆོས་ཅན་ལ་རྣམ་ཤེས་དང་ལྡན་པ་དང་མི་ལྡན་པ་གཉིས་ཡོད་པས་ལྔར་འགྱུར་རོ་ཞེས་ཟེར། དེ་བཞིན་དུ་གཟུགས་ལ་སོགས་པའི་ཁམས་ལྔ་ལའང་སྦྱར་བར་བྱའོ། །སེམས་ཀྱི་ཁམས་བདུན་ནི་སྐྱེ་བ་ཐམས་ཅད་རྟེན་བཅས་དང༌། མི་སྐྱེ་བ་ནི་དེ་མཚུངས་ཡིན་ཏེ། རྣམ་ཤེས་སྐྱེ་བ་དག་རང་གི་ཡུལ་ལ་བྱ་བ་བྱེད་པར་ངེས་པའི་ཕྱིར།", "target": {"entries": [{"title": "བྱུང་བ་གསུམ་གྱི་རབ་དབྱེ", "level": 1, "start": 0, "anchor": "བཞི་པ་བྱུང་བ་གསུམ་གྱི་རབ་དབྱེ་ནི། ཡང་ཁམས"}, {"title": "རྫས་ཡོད", "level": 1, "start": 1304, "anchor": "ལྔ་པ་རྫས་ཡོད་ལ་སོགས་པ་ལྔ་བཤད་པ་ནི། ཡང་ཁམ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4870, "headings": 2}} {"id": "IBA-LWS-08-013", "input": "དྲུག་པ་མཐོང་སྤང་ལ་སོགས་པའི་རབ་དབྱེ་ནི། ཡང་ཁམས་བཅོ་བརྒྱད་ལ་བསྒོམ་སྤང་ཡིན་པ་དུ། མཐོང་སྤང་ཡིན་པ་དུ། སྤང་བྱ་མིན་པ་དུ་ཞེ་ན། མིག་གི་ཁམས་ལ་སོགས་པ་གཟུགས་ཅན་བཅུ༷་ནི༷་བསྒོམ༷་པས༷་སྤང༷་བར་བྱ༷་བ་ཁོ་ན་ཡིན༷་ཏེ། ཟག་བཅས་ཡིན་པས་སྤང་བྱ་ཡིན་ལ། བདེན་པ་ལ་ལོག་པར་མི་རྟོག་ཅིང༌། དེ་དང་འབྲེལ་བའང་མིན་པས་མཐོང་སྤང་མིན་པའི་ཕྱིར། རྒྱུ་མཚན་དེས་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ༷་ཡང༷་བསྒོམ་སྤང་ཡིན་ནོ། །ཐ༷་མ༷་ཡིད་དང༌། ཆོས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གསུམ༷་ལ་ནི་མཐོང་སྤང་དང༌། བསྒོམ་སྤང་དང༌། སྤང་བྱ་མིན་པ་རྣམ༷་པ་གསུམ༷་ཡོད་དེ། ལྟ་བ་དང་ཐེ་ཚོམ་ལ་སོགས་པ་འོག་ནས་འཆད་པའི་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་དང༌། དེ་དག་དང་མཚུངས་པར་ལྡན་པ་དང༌། དེ་དག་གི་མཚན་ཉིད་དང༌། རྗེས་སུ་མཐུན་པའི་མཚན་ཉིད་དང༌། ཐོབ་པ་དང་བཅས་པ་ནི་མཐོང་སྤང་དང༌། ཟག་བཅས་ལྷག་མ་རྣམས་ནི་བསྒོམ་སྤང་ཡིན་ལ། ཟག་མེད་རྣམས་ནི་སྤང་བྱ་མ་ཡིན་པའི་ཕྱིར། འདིར་གནས་མ་བུ་བའི་སྡེ་བ་དག །སོ་སོ་སྐྱེ་བོ་དང་ངན་སོང་གི་ལུས་ངག་གི་ལས་དག་ནི་ཆོས་ཅན། མཐོང་སྤང་ཡིན་ཏེ། མཐོང་ལམ་སྐྱེས་པ་ན་འགགས་པའི་ཕྱིར་དང༌། མདོ་ལས། རྒྱུན་དུ་ཞུགས་པའི་ངན་སོང་གི་འགྲོ་བ་འགགས་སོ། །ཞེས་གསུངས་པའི་ཕྱིར་ཞེས་འདོད་དོ། །དེ་འགོག་པ་ནི། སོ་སོ་སྐྱེ་བོ་ཉིད་ནི་མཐོང་བས་སྤང་བར་བྱ་བ་མིན་ཏེ། ཉོན་མོངས་ཅན་མིན་པའི་ཕྱིར། གལ་ཏེ་སོ་སོ་སྐྱེ་བོ་ཉོན་མོངས་ཅན་ཡིན་ན། འདོད་པའི་སོ་སོ་སྐྱེ་བོ་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་དག་སོ་སོ་སྐྱེ་བོ་མ་ཡིན་པར་ཐལ་བ་ལས། སོ་སོ་ཡི། །སྐྱེ་བོར་འདོད་དོ་དེ་ཐོབ་དང༌། །ས་འཕོས་ནས་ནི་རྣམ་ཉམས་འགྱུར། །ཞེས་ས་འཕོས་བས་གཏོང་གི །འདོད་ཆགས་དང་བྲལ་བ་ཙམ་གྱིས་མི་གཏོང་བའི་ཕྱིར་ན་ཉོན༷་མོང༷ས་ཅན༷་མིན༷་ལ། དགེ་རྩ་ཆད་པ་དག་སོ་སོ་སྐྱེ་བོ་མ་ཡིན་པར་འགྱུར་བས་དགེ་བའང་མིན་ནོ། །དེས་ན་སོ་སོ་སྐྱེ་བོ་ནི་མ་བསྒྲིབས་ལུང་མ་བསྟན་ཡིན་ནོ། །དེ་བཞིན་དུ་ངན་སོང་དུ་སྐྱེ་འགྱུར་གྱི་ལུས་ངག་གི་ལས་ཀྱང་མཐོང༷་སྤང༷་མིན༷་ཏེ། གཟུག༷ས་ཅན་ཡིན་པའི་ཕྱིར་དང༌། དེ་ནི་བདེན་པ་ལ་ལོག་པར་མི་རྟོག་ཅིང༌། དེའི་རྗེས་འབྲང་དང་ཐོབ་པའང་མི༷ན་པའི་ཕྱིར་ན་དེར་སྐྱེ་བའི་རྒྱུ་ལས་མི་དགེ་བའོ། །དྲུག༷་པ༷་ཡིད་ཤེས་མིན༷་པ་རྟེན་དབང་པོ་ལྔ་ལས་སྐྱེ༷ས་པའི་རྣམ་པར་ཤེས་པ་ཉོན་མོངས་ཅན་ཡང་མཐོང་སྤང་མིན༷་ཏེ། བདེན་པ་ལ་ལོག་ཞུགས་དང༌། དེའི་འཁོར་གང་ཡང་མ་ཡིན་པའི་ཕྱིར།", "target": {"entries": [{"title": "མཐོང་སྤང", "level": 1, "start": 0, "anchor": "དྲུག་པ་མཐོང་སྤང་ལ་སོགས་པའི་རབ་དབྱེ་ནི། ཡ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 1846, "headings": 1}} {"id": "IBA-LWS-08-016", "input": "དང་པོ་(དབང་པོའི་རང་བཞིན་)ལ་གཉིས། དབང་པོའི་བྱེད་ལས་དང༌། གྲངས་ངེས་སོ། །དང་པོ་(དབང་པོའི་བྱེད་ལས་)ནི། བཅུ་གཉིས་ནང་གིར་བཤད་དབང་པོ། །ཞེས་བཤད་ན། དབང་པོ་གང་ཞེ་ན། ཐམས་ཅད་ཀྱི་མཐར་དྲུག་སྒྲ་དང་དབང་པོ་ཞེས་སྦྱར་ཏེ། མིག །རྣ་བ། སྣ། ལྕེ། ལུས། ཡིད་དང༌། མོ་དང༌། ཕོ་དང༌། སྲོག་དང༌། བདེ་བ་དང༌། སྡུག་བསྔལ་དང༌། ཡིད་བདེ་བ་དང༌། མི་བདེ་བ་དང༌། བཏང་སྙོམས་དང༌། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། མི་ཤེས་པ་ཀུན་ཤེས་པར་བྱེད་པ་དང༌། ཀུན་ཤེས་པ་དང༌། ཀུན་ཤེས་ལྡན་པའི་དབང་པོ་སྟེ་ཉི་ཤུ་རྩ་གཉིས་སོ། །མཚན་ཉིད་ནི་དོན་གང་ཞིག་གང་ལ་ཐུན་མོང་མ་ཡིན་པར་དབང་བྱེད་པས་ན་དབང་པོའོ། །འོ་ན། གང་ཞིག་གང་ལ་དབང་བྱེད་ཅེ་ན། མིག་སོགས་དབང་པོ་ལྔ༷་པོ༷་རྣམ༷ས་ནི༷་དོན༷་བཞི༷་ལ༷་དབ༷ང་བྱེད༷་དེ། ལུས་མཛེས་པ་དང༌། ལུས་བསྲུང་བ་དང༌། རང་རང་གི་རྣམ་ཤེས་མཚུངས་ལྡན་དང་བཅས་པ་སྐྱེད་པ་དང༌། ཐུན་མོང་མིན་པའི་རྒྱུ་ལ་དབང་བྱེད་པའི་ཕྱིར། ཕོ་མོའི་དབང་པོ་སྲོག་ཡིད་བཞི༷་པོ་རྣམ༷ས་ཀྱིས་དོན་གཉི༷ས་གཉིས་ལ༷་དབང་བྱེད་དོ། །ཕོ་མོའི་དབང་པོ་གཉིས་ཀྱིས་དོན་གཉིས་གཉིས་ལ་དབང་བྱེད་དེ། སེམས་ཅན་གྱི་བྱེ་བྲག་དང་ཁྱད་པར་ལ་དབང་བྱེད་པའི་ཕྱིར་ཏེ། ཕོ་མོའི་དབང་པོ་དང་ལྡན་པའི་སྒོ་ནས་སེམས་ཅན་གྱི་བྱེ་བྲག་འབྱེད་པའི་ཕྱིར་དང། ནུ་མ་ཆེ་ཆུང༌། སྐད་གསང་མཐོ་དམན་ལ་སོགས་པས་སེམས་ཅན་གྱི་ཁྱད་པར་འབྱེད་པའི་ཕྱིར། སྲོག་གི་དབང་པོས་དོན་གཉིས་ལ་དབང་བྱེད་དེ། རིས་མཐུན་གནས་པ་དང༌། རིས་མཐུན་མཚམས་སྦྱོར་བ་ལ་དབང་བྱེད་པའི་ཕྱིར། ཡིད་དབང་གིས་ཀྱང་དོན་གཉིས་ལ་དབང་བྱེད་དེ། རིས་མཐུན་མཚམས་སྦྱོར་བ་དང༌། དབང་པོའི་ངོ་བོ་དང་མཐུན་པར་དབང་བྱེད་པའི་ཕྱིར་ཏེ། དབང་བྱེད་མཁན་ཀུན་སློང་གི་ཡིད་དགེ་མི་དགེ་ལས་དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་དགེ་མི་དགེར་འགྱུར་བའི་ཕྱིར། ལོ༷་ནི་མ་རངས་པའི་ཚིག་སྟེ་མི་འཐད་ཚུལ་དེ་མ་ཐག་སྟོན་ཏོ། །ཚོར་བའི་དབང་པོ་ལྔ༷་ནི་ཀུན་ནས་ཉོན་མོངས་ལ་དབང་བྱེད་དེ། ཚོར་བ་བདེ་བ་དང༷་ཡིད་བདེ་ལས་འདོད་ཆགས་དང༌། སྡུག་བསྔལ་དང་ཡིད་མི་བདེ་ལས་ཞེ་སྡང་དང༌། བཏང་སྙོམས་ལས་གཏི་མུག་རྒྱས་པར་འགྱུར་ཞིང༌། དེ་དག་ལས་ཀུན༷་ནས༷་ཉོན༷་མོང༷ས་རྒྱས་པར་འགྱུར་བའི་ཕྱིར། དབང་པོ་ཐ་མ་བ༷རྒྱད་པོ༷་དེ༷་རྣམ༷ས་ནི༷་རྣམ༷་པར་བྱང༷་བ་ལ༷་དབང་བྱེད་དེ། ཟག་བཅས་རྣམས་ཀྱིས་ཉོན་མོངས་མངོན་གྱུར་མགོ་གནོན། ཟག་མེད་རྣམས་ཀྱིས་ཉོན་མོངས་པའི་ས་བོན་གཅོད་པའི་ཕྱིར། མདོ་སྡེ་པ་ན་རེ། མིག་སོགས་དབང་པོ་ལྔས་ལུས་མཛེས་པ་དང༌། ལུས་བསྲུང་བ་དང༌། ཐུན་མོངས་མ་ཡིན་པའི་རྒྱུ་ལ་དབང་བྱེད་པ་མ་ཡིན་གྱི། ར༷ང་རང་གི༷་དོན༷་ལ་དམིགས་པའི་རྣམ་ཤེས་མཚུངས་ལྡན་དང་བཅས་པ་དང༷༌། ཡིད་དབང་གིས་ཤེས་བྱ་ཐམ༷ས་ཅད༷་ལ༷་དམི༷གས་པར༷་བྱེད་པའི་ཡིད་ཀྱི་རྣམ་ཤེས་མཚུངས་ལྡན་དང་བཅས་པ་སྐྱེད་པ་ལ་དབ༷ང་བྱེད༷་པའི་ཕྱིར༷་ན་དབ༷ང་པོ་དྲུག༷་པོ་དེར་བཞག་གོ། །ཕོ་མོའི་དབང་པོས་ཀྱང་སེམས་ཅན་གྱི་བྱེ་བྲག་དང་ཁྱད་པར་ལ་དབང་མི་བྱེད་དེ། གཟུགས་ཁམས་པའི་གང་ཟག་བཞིན་ནོ། །ཕོ༷་ཉིད༷་མོ༷་ཉིད༷་ཀྱི་ངོ་བོ་ལ༷་དབ༷ང་བྱེད་པའི་ཕྱིར༷་ན་དེ་གཉིས་དབང་པོར་བཞག་གོ། །དེ་གཉིས་ཀྱི་ངོ་བོ་གང་ཞེ་ན། ལུས༷་དབང་གི་ཕྱོགས་གཅིག་ལ༷ས་མོ༷་དང༷་ཕོ༷་དབ༷ང་དག༷་བཞག་པ་ཡིན་གྱི། རྫས་གཞན་ནི་མེད་དེ། རང་ཡུལ་གྱི་རེག་བྱ་འཛིན་པའི་དབང་པོ་གཟུགས་ཅན་ཡིན་པའི་ཕྱིར། མདོ་སྡེ་པའི་རང་ལུགས་ནི། རེག་བྱ་འཛིན་པའི་ལུས་ཀྱི་རྣམ་ཤེས་ཀྱི་རྟེན་བྱེད་པའི་ཕྱིར་ནའོ། །སྲོག་དབང་གིས་རིས་མཐུན་མཚམས་སྦྱོར་བ་ལ་དབང་བྱེད་པ་མ་ཡིན་ཏེ། ཡིད་དབང་ཉིད་ཀྱིས་རིས་འདྲ་ཕྱི་མ་མཚམས་སྦྱོར་བ་ལ་དབང་བྱེད་པའི་ཕྱིར། དེས་ན་རིས༷་མཐུན་གན༷ས་པ་དང༌། ཀུན༷་ནས༷་ཉོན༷་མོང༷ས་པ་དང༷༌། རྣམ༷་པར༷་བྱང༷་བ་ལ༷་དབ༷ང་བྱེད་པའི་ཕྱིར༷་ན་རིམ་པ་བཞིན་སྲོག༷་དང༷༌། ཚོ༷ར་བ༷་ལྔ་པོ་རྣམ༷ས་དང༷༌། དད༷་སོག༷ས་དབ༷ང་པོ༷་ལྔ༷་ནི་དབང་པོར་འདོ༷ད་དོ༷། །མྱ༷་ངན༷་འད༷ས་སོ༷གས་གོ༷ང་ནས༷་གོང༷༌། །ཞེས་པའི་ཚིག་གཉིས་པོ་འདི་བསྒྱུར་བཅོས་ནས་འདི་ལྟར། གོང་ན་གོང་མ་མྱ་ངན་འདས། །འཐོ༷བ་པ༷་སོགས་ལ༷་དབ༷ང་བྱེད༷་ཕྱིར༷། །ཞེས་འཆད་དགོས་པ་ལ། ཀུན༷་ཤེས༷་པར་བྱེད༷་པ་རང་གི་གོང་ན་ཡོད་པ་ཀུན་ཤེས་པའི་དབང་པོ་འཐོབ་པ་ལ་དབང་བར་བྱེད་པས་ན་ཀུན་ཤེས་བྱེད་པའི་དབང་པོ་དང༷༌། ཀུན༷་ཤེས༷་པ་རང་གི་གོང་མ་ཀུན་ཤེས་ལྡན་པའི་དབང་པོ་འཐོབ་པ་ལ་དབང་བྱེད་པའི་ཕྱིར་ཀུན་ཤེས་པའི་དབང་པོ་དང༷༌། ལྷག་མེད་ཀྱི་མྱ་ངན་ལས་འདས་པ་འཐོབ་པ་ལ་དབང་བྱེད་པའི་ཕྱིར་ཀུན་ཤེས་ལྡན་པའི་དབང་པོར་བཞག་གོ། །སོགས་པས་བསྡུས་པ་མཐོང་སྤང་སྤོང་བ་དང༌། བསྒོམ་སྤང་སྤོང་བ་དང༌། ཉོན་མོངས་ལས་རྣམ་པར་གྲོལ་བ་ལ་དབང་བྱེད་པའི་ཕྱིར་ནའང་ཀུན་ཤེས་བྱེད་པའི་དབང་པོ་དང༌། ཀུན་ཤེས་པའི་དབང་པོ་དང༌། དེ༷་བཞི༷ན་དུ་ཀུན༷་ཤེས༷་ལྡན༷་པའི་དབ༷ང་པོ༷ར་བཞག་གོ། ། གཉིས་པ་གྲངས་ངེས་ནི། འོ་ན། མ་རིག་པ་དང༌། ངག་དང༌། ལག་པ་དང༌། རྐང་པ་དང༌། འདོམས་རྣམས་ཀྱང་དབང་པོར་འགྱུར་ཏེ། འདུ་བྱེད་དང༌། སྨྲ་བ་དང༌། ལེན་པ་དང༌། འགྲོ་བ་དང༌། ཟག་པ་འདོར་བ་སོགས་ལ་དབང་བྱེད་པའི་ཕྱིར་རོ་ཞེ་ན། རྒྱུ་བྱེད་པ་ཙམ་གྱིས་དབང་པོར་མི་འཇོག་གི། དགོས་པ་ཁྱད་པར་ཅན་ཀུན་ནས་ཉོན་མོངས་པ་དང༌། རྣམ་བྱང་གི་གཞི་དང༌། ངོ་བོ་དང༌། འབྲས་བུའི་དབང་དུ་བྱས་ནས་ཉི་ཤུ་རྩ་གཉིས་སུ་ངེས་ཏེ། སེམས་ཅན་གྱི་རྫས་ཀྱི་གཞིའི་དབང་དུ་བྱས་ནས་སེམ༷ས་རྣམ་ཤེས་ཀྱི་རྟེན༷་དུ་གྱུར་པ་མིག་སོགས་དབང་པོ་དྲུག་དང༷༌། སེམས་ཅན་དེ༷འི༷་བྱེ༷་བྲག༷་འབྱེད་པའི་དབང་དུ་བྱས་ནས་ཕོ་མོའི་དབང་པོ་དང༌། སེམས་ཅན་དེ་དག་གན༷ས་པའི་དབང་དུ་བྱས་ནས་སྲོག་གི་དབང་པོ་སྟེ། དེ་ལྟར་ན་དབང་པོ་དགུ་པོ་དེ་དག་ནི་ཀུན་ནས་ཉོན་མོངས་པ་ཉིད་ཀྱི་གཞི་དང༷༌། ཚོར་བ་ལྔ་ནི་ཀུན༷་ནས༷་ཉོན༷་མོང༷ས་ཀྱི་ངོ་བོ་ཡིན་པའི་ཕྱིར་དང༌། དད་སོགས་ལྔས་ཚོག༷ས་གསོག་པར་བྱེད་པས་རྣམ་བྱང་གི་གཞི་དང༷༌། ཀུན་ཤེས་བྱེད་སོགས་གསུམ་ནི་རྣམ༷་བྱང༷་གི་ངོ་བོ་ཡིན་པའི་ཕྱིར། དེ་ལྟར་ན་ཀུན་ནས་ཉོན་མོངས་པ་དང༌། རྣམ་བྱང་གི་གཞི་དང༌། རང་གི་ངོ་བོའི་གྲངས་ཇི༷་སྙེད༷་པ༷་དང་རྗེས་སུ་མཐུན་པར་དབ༷ང་པོ༷་དག༷་ཀྱང༷་གྲངས་དེ་སྙེད༷་དུ༷་བསྟན་པ་ཡིན་ནོ། ། ཡ༷ང་མདོ་སྡེ་པ་ལྟར་ན། འཁོར་བར་འཇུ༷ག་ལྡོག་གི་དབང་དུ་བྱས་ནས་གསུངས་པར་འདོད་དེ། དེ་ལ་འཁོར་བར་འཇུག་པའི༷་རྟེན༷་ནི་དབང་པོ་དྲུག་ཡིན་ཏེ། སེམས་ཅན་གྱི་རྫས་ཀྱི་གཞི་ཡིན་པའི་ཕྱིར་དང༷༌། བར་དོའི་སྐྱེ་མཆེད་དྲུག་ལ་བརྟེན་ནས་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བའི་ཕྱིར་རོ། །འཁོར་བར་སྐྱེ་བའི་དབང་དུ་བྱས་ནས་ཕོ་མོའི་དབང་པོ་གསུངས་ཏེ། ཕོ་མོའི་འདུ་འཕྲོད་ལས་ཡིད་ལུས་དངོས་སུ་སྐྱེ་ཞིང༌། མིག་སོགས་རིམ་གྱིས་སྐྱེ༷་བའི་ཕྱིར། སེམས་ཅན་དེ་དག་འཁོར་བར་གན༷ས་པར་བྱེད་པ་ནི་སྲོག་གི་དབང་པོ་དང༷༌། སེམས་ཅན་རྣམས་ཀྱིས་ཕན་གནོད་ལ་སོ་སོར་ཉེ༷་བར་ལོངས་སྤྱོད༷་པ་ལ༷ས་ཚོར་བ་ལྔར་བཞག་སྟེ། དེ་ལྟར་ན་འཁོར་བར་འཇུག་པའི་དབང་དུ་མཛད་ནས་བཅུ༷་བཞི༷་བསྟན་པའི་ཕྱིར། ཇི་ལྟར་འཇུག་པ་ལ། རྟེན། སྐྱེ། གནས། ལོངས་སྤྱོད་བཞི་ཡོད་པ་དེ༷་བཞི༷ན་དུ་འཁོར་བ་ལས་ལྡོག༷་པ༷་ལ༷འང་རྟེན་དང༌། སྐྱེ་བ་དང༌། གནས་པ་དང༌། ཉེར་སྤྱོད་བཞི་ཡོད་དེ། དབ༷ང་པོ༷་རྣམ༷ས་ནི༷་བཅུ་བཞི་ལས་གཞ༷ན་པའི་དད་སོགས་བརྒྱད་པོ་རྣམས་ཡི༷ན་པའི་ཕྱིར། དེ་ལ་ལྡོག་པའི་རྟེན་ནི་དད་སོགས་ལྔ་ཡིན་ཏེ། དེ་དག་ལ་བརྟེན་ནས་འཕགས་ལམ་མངོན་དུ་བྱེད་པའི་ཕྱིར། རྣམ་བྱང་དུ་སྐྱེ་བ་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཡིན་ཏེ། དེ་ནི་ཟག་མེད་དང་པོར་སྐྱེ་བའི་ཕྱིར། རྣམ་བྱང་ལ་གནས་པ་ནི་ཀུན་ཤེས་པའི་དབང་པོ་ཡིན་ཏེ། བསྒོམ་ལམ་རྒྱུན་ཆགས་སུ་གནས་པའི་ཕྱིར། རྣམ་བྱང་ལ་ལོངས་སྤྱོད་པ་ནི་ཀུན་ཤེས་ལྡན་པའི་དབང་པོ་ཡིན་ཏེ། རྣམ་པར་གྲོལ་བས་དགའ་བདེ་སོ་སོར་མྱོང་བའི་ཕྱིར་རོ། །", "target": {"entries": [{"title": "དབང་པོའི་རང་བཞིན", "level": 1, "start": 0, "anchor": "དང་པོ་(དབང་པོའི་རང་བཞིན་)ལ་གཉིས། དབང་པོའ"}, {"title": "དབང་པོའི་བྱེད་ལས", "level": 2, "start": 69, "anchor": "དང་པོ་(དབང་པོའི་བྱེད་ལས་)ནི། བཅུ་གཉིས་ནང"}, {"title": "གྲངས་ངེས", "level": 2, "start": 3622, "anchor": "གཉིས་པ་གྲངས་ངེས་ནི། འོ་ན། མ་རིག་པ་དང༌། ང"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5791, "headings": 3}} {"id": "IBA-LWS-08-018", "input": "གསུམ་པ་རྣམ་པའི་རབ་དབྱེ་ལ་བཞི། གྲོགས་ལ། རྒྱུ་འབྲས་ལ། ངོ་བོ་ལ། སྤང་བྱ་ལ་ལྟོས་པའི་རབ་དབྱེའོ། །དང་པོ་(གྲོགས་ལ་ལྟོས་པའི་རབ་དབྱེ་བ་)ནི། དབང་པོ་ཉེར་གཉིས་པོ་འདི་དག་ལས་ཟག་བཅས་ནི་དུ། ཟག་མེད་ནི་དུ་ཞེ་ན། ཀུན་ཤེས་སོགས་དབང་པོ་ཐ་མ་གསུ༷མ་ནི༷་དྲི༷་མ༷་མེད༷་པ་ཡིན་ཏེ། ལམ་བདེན་ཡིན་པའི་ཕྱིར། མིག་སོགས་དང་ཕོ་མོ་སྟེ་གཟུག༷ས་ཅ༷ན་གྱི་དབང་པོ་བདུན་དང༌། སྲོག༷་དང༷༌། སྡུག༷་བསྔལ༷་དང༷༌། ཡིད་མི་བདེ་བའི་དབང་པོ་དག་ནི་ཟག༷་པ་ད༷ང་བཅ༷ས་པ༷་ཡིན་ཏེ། ལམ་བདེན་མིན་པའི་འདུས་བྱས་ཡིན་པའི་ཕྱིར། ལྷག་མ་ཡིད་དང༌། ཡིད་བདེ་དང༌། བདེ་བ་དང༌། བཏང་སྙོམས་དང༌། དད་སོགས་ལྔ་སྟེ་དགུ༷་ལ་ཟག་བཅས་ཟག་མེད་རྣམ༷་པ་གཉི༷ས་ཡོད་པ་ཡིན་ཏེ། ལམ་བདེན་གྱི་ཚོགས་པ་ན་ཡོད་པ་ཟག་མེད་དང༌། འདུས་བྱས་གཞན་རྣམས་ཟག་བཅས་ཡིན་པའི་ཕྱིར། གཉིས་པ་རྒྱུ་འབྲས་ལ་ལྟོས་པའི་རབ་དབྱེ་ནི། སྲོག༷་གི་དབང་པོ་ནི༷་རྣམ༷་སྨིན༷་ཡིན་ཏེ། ངན་འགྲོ་ན་ཡོད་པ་མི་དགེ་བའི་ལས་ཀྱི་རྣམ་སྨིན། བདེ་འགྲོ་ན་ཡོད་པ་དགེ་བའི་ལས་ཀྱི་རྣམ་སྨིན་ཡིན་པའི་ཕྱིར། འོ་ན། གཞན་རྣམས་རྣམ་སྨིན་ཡིན་ནམ་མིན་ཞེ་ན། དབང་པོ་བ༷ཅུ་གཉི༷ས་ལ་ནི་རྣམ་སྨིན་ཡིན་མིན་གཉི༷ས་ཀ་ཡོད་པ་ཡིན་ནོ། །བཅུ་གཉིས་པོ་གང་ཞེ་ན། དད་སོགས་དགེ་བའི་དབང་པོ་ཐ༷་མ༷་བརྒྱ༷ད་དང༷་ཡི༷ད་མི༷་བདེ༷་མ་གཏོགས་པ་རྣམས་སོ། །གཟུགས་ཅན་གྱི་དབང་པོ་བདུན་ལ་དེ་གཉིས་ཀ་ཡོད་དེ། རྣམ་སྨིན་སྐྱེས་དང་རྒྱས་བྱུང་གཉིས་ཀ་ཡོད་པའི་ཕྱིར། ཚོར་བ་བཞི་དང་ཡིད་ཀྱི་དབང་པོ་ལ་དེ་གཉིས་ཀ་ཡོད་དེ། དགེ་མི་དགེ་ནི་རྣམ་སྨིན་མ་ཡིན་ལ། གཞན་སྤྱོད་ལམ་པ་དང་བཟོའི་གནས་པ་ལྟ་བུ་ནི་རྣམ་སྨིན་ཡིན་པའི་ཕྱིར། དབང་པོ་ཐ་མ་བརྒྱད་མ༷་གཏོག༷ས་ཏེ༷། དགེ་བར་ངེས་པའི་ཕྱིར། ཡིད་མི་བདེ་མ་གཏོགས་ཏེ། དགེ་མི་དགེ་གང་རུང་དུ་ངེས་པའི་ཕྱིར། ཡིད་མི་བདེ་དེ༷་གཅི༷ག་པུ་ནི༷་རྣམ་སྨིན་གྱི་རྒྱུར་རུང་བས་རྣམ༷་པར་སྨིན༷་པ་དང་བཅ༷ས་པ་ཡིན་ཏེ། དགེ་བ་ཟག་བཅས་དང་མི་དགེ་བ་གང་རུང་དུ་ངེས་པའི་ཕྱིར། ཡིད་དང༌། ཚོར་བ་གཞན་བཞི་དང༌། དད་པ་ལ་སོགས་པའི་དབང་པོ་བཅུ༷་ལ་ནི་རྣམ༷་པ་གཉིས༷་ཀ་ཡོད་དེ། ཡི༷ད་དང༷་ཚོར༷་བ་གཞ༷ན་བཞི་དགེ་བ་ཟག་བཅས་དང༌། མི་དགེ་བ་རྣམས་ནི་རྣམ་པར་སྨིན་བཅས་དང༌། དེ་ལས་གཞན་ཐོག་མེད་དང༌། ལུང་མ་བསྟན་རྣམ་སྨིན་དང་བཅས་པ་མིན་པའི་ཕྱིར་རོ། །དད༷་པ་ལ༷་སོག༷ས་པའི་དབང་པོ་དགེ་བ་ཟག་བཅས་ནི་རྣམ་སྨིན་དང་བཅས་པ་དང༌། ཟག་མེད་རྣམས་ནི་རྣམ་སྨིན་དང་བཅས་པ་མ་ཡིན་པའི་ཕྱིར། གཟུགས་ཅན་གྱི་དབང་པོ་བདུན་དང་སྲོག་གི་དབང་པོ་ནི་རྣམ་སྨིན་དང་བཅས་པ་མ་ཡིན་ཏེ། ལུང་མ་བསྟན་ཡིན་པའི་ཕྱིར། གསུམ་པ་ངོ་བོ་ལ་ལྟོས་པའི་རབ་དབྱེ་ནི། ཡང་དབང་པོ་དེ་དག་ལས་གཅིག་ཏུ་དགེ༷་བ༷་ནི་དད་སོགས་ལྔ་དང་ཟག་མེད་གསུམ་སྟེ་བརྒྱད༷་ཡིན་ཏེ། ལུང་དུ་བསྟན་པ་གང་ཞིག །འབྲས་བུ་ཡིད་དུ་འོང་བ་འབྱིན་བྱེད་ཡིན་པའི་ཕྱིར། ཡིད་མི་བདེ་བ་ལ་དགེ་མི་དགེ་རྣམ༷་པ་གཉི༷ས་ཀ་ཡོད་དེ། དགེ་བ་བྱས་པ་ལ་ཡི༷ད་མི༷་བདེ༷་བ༷་མི་དགེ་བ་དང༷༌། མི་དགེ་བ་བྱས་པ་ལ་ཡིད་མི་བདེ་བ་དགེ་བ་ཡིན་པའི་ཕྱིར། ཉི་འོག་པ་དང་མདོ་སྡེ་པ་ལྟར་ན། ལུང་མ་བསྟན་བྱས་པ་ལ་ཡིད་མི་བདེ་བ་ལུང་མ་བསྟན་དུ་འགྱུར་བས་ལུང་མ་བསྟན་ཡང་ཡོད་པ་ཡིན་ཞེས་ཟེར། ཡིད་ཀྱི་དབང་པོ་དང་ཡིད་མི་བདེ་བ་མ་གཏོགས་པའི་ཚོར༷་བ་གཞ༷ན་བཞི་ལ་ནི༷་དགེ་མི་དགེ་ལུང་མ་བསྟན་རྣམ༷་པ་གསུམ༷་ག་ཡོད་དེ། གསུམ་ག་དང་མཚུངས་པར་ལྡན་པའི་ཕྱིར། གཞ༷ན་གཟུགས་ཅན་བདུན་དང་སྲོག་སྟེ་བརྒྱད་ནི༷་ལུང་མ་བསྟན་གྱི་རྣམ༷་པ༷་གཅི༷ག་པུ་ཡིན་ཏེ། དགེ་མི་དགེ་གང་ཡང་མ་ཡིན་པའི་ཆོས་ཡིན་པའི་ཕྱིར། དབང་པོ་ཉེར་གཉིས་པོ་འདི་དག་ལས་འདོད་པར་གཏོགས་པ་ནི་དུ། གཟུགས་སུ་གཏོགས་པ་ནི་དུ། གཟུགས་མེད་དུ་གཏོགས་པ་ནི་དུ། ཁམས་སུ་མ་གཏོགས་པ་ནི་དུ་ཞེ་ན། དྲི༷་མ་མེད༷་པ་གསུམ་དང་དེའི་ཚོགས་པ་ན་ཡོད་པ་རྣམས་ནི་ཁམས་སུ་མ༷་གཏོག༷ས་ཏེ། ཟག་མེད་ཡིན་པའི་ཕྱིར། དབང་པོ་གཞན་རྣམས་འདོ༷ད་པར༷་གཏོག༷ས་ཏེ། འདོད་པའི་ཉོན་མོངས་རྒྱས་སུ་རུང་བའི་ཕྱིར། དྲི་མེད་གསུམ་དང༌། ཕོ་མོའི་དབང་པོ་དང༌། སྡུག་བསྔལ་དང༌། ཡིད་མི་བདེ་བ་དག་མ༷་གཏོག༷ས་པ་རྣམས་གཟུག༷ས་སུ་གཏོག༷ས་ཏེ། གཟུགས་ཀྱི་ཉོན་མོངས་རྒྱས་སུ་རུང་བའི་ཕྱིར། གཟུགས་ཁམས་ན་ཕོ༷་མོའི༷་དབ༷ང་པོ་མ་གཏོགས་ཏེ། དེ་ན་འཁྲིག་པ་ལ་འདོད་ཆགས་དང༷་བྲལ་ཞིང༌། དེ་དག༷་རྟེན་མི་མཛེས་པ་ཡིན་པའི་ཕྱིར། གཟུགས་ན་སྡུག༷་བསྔལ༷་མེད་དེ། རྒྱུས་བྱས་པ་དང་རྐྱེན་གྱིས་བྱས་པའི་སྡུག་བསྔལ་ཡང་མེད་པའི་ཕྱིར། དང་པོ་གྲུབ་སྟེ། མི་དགེ་བ་མེད་པའི་ཕྱིར། གཉིས་པ་གྲུབ་སྟེ། ལུས་འོད་ལྟར་དྭངས་པའི་ཕྱིར། དེ་ན་ཡིད་མི་བདེ་མེད་དེ། རྒྱུས་བྱས་པ་དང་རྐྱེན་གྱིས་བྱས་པའི་ཡིད་མི་བདེའང་མེད་པའི་ཕྱིར་ཏེ། རིམ་བཞིན་ཁོང་ཁྲོ་སྤངས་པའི་ཕྱིར་དང༌། བདག་ལ་གནོད་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ། །བདག་གི་གཉེན་ལ་གནོད་པ་སོགས་གསུམ་དང༌། བདག་གི་དགྲ་བོ་ལ་ཕན་པ་སོགས་གསུམ་སྟེ་ཀུན་ནས་མནར་སེམས་པའི་དངོས་པོ་དགུ་དང་བྲལ་བའི་ཕྱིར། དབང་པོ་དེ་དག་ཐམས་ཅད་བསམ་གཏན་དང་པོ་ན་ཡོད་ལ། བསམ་གཏན་གཉིས་པ་ན་བདེ་བའི་དབང་པོ་མེད། བསམ་གཏན་བཞི་པ་དང་དངོས་གཞི་ཁྱད་པར་ཅན་ན་བདེ་བ་དང་ཡིད་བདེ་བ་གཉིས་ཀ་མེད་དོ། །དེ་དག་གི་སྟེང་དུ་གཟུག༷ས་ཅ༷ན་བདུན་དང༷༌། བདེ༷་བ༷་དང༌། འང༷་གི་སྒྲས་ཡིད་བདེ་བའི་དབང་པོ་མ༷་གཏོག༷ས་པ་གཞན་བརྒྱད་ནི་གཟུག༷ས་མེད༷་དུ་གཏོག༷ས་ཏེ། གཟུགས་མེད་ཀྱི་ཉོན་མོངས་རྒྱས་སུ་རུང་བའི་ཕྱིར། བཞི་པ་སྤང་བྱ་ལ་ལྟོས་པའི་རབ་དབྱེ་ནི། ཡིད༷་དང༷་ཚོར༷་བ༷་བདེ་བ། ཡིད་བདེ། བཏང་སྙོམས་ཀྱི་དབང་པོ་གསུམ༷་ལ་མཐོང་སྤང་དང༌། སྒོམ་སྤང་དང༌། སྤང་བྱ་མ་ཡིན་པ་རྣམ༷་པ་གསུམ༷་ག་ཡོད་དེ། མཐོང་སྤང་དང་མཚུངས་ལྡན་མཐོང་སྤང་དང༌། དེ་ལས་གཞན་པའི་ཟག་བཅས་སྒོམ་སྤང་དང༌། ཟག་མེད་སྤང་བྱ་མ་ཡིན་པའི་ཕྱིར། མཐོང་ལམ་དང་སྒོམ་ལམ་གཉིས༷་ཀྱིས༷་སྤང་བྱ་ཡིད༷་མི༷་བདེ༷་བ་ཡིན་ཏེ། མཐོང་སྤང་དང་མཚུངས་ལྡན་མཐོང་སྤང་དང༌། སྒོམ་སྤང་དང་མཚུངས་ལྡན་སྒོམ་སྤང་ཡིན་པའི་ཕྱིར། གཟུགས་ཅན་བདུན་དང༌། སྲོག་དང༌། སྡུག་བསྔལ་གྱི་དབང་པོ་སྟེ་དགུ༷་ནི༷་བསྒོ༷མ་པས་སྤང་བྱ་ཡིན་ཏེ། སྤང་བྱ་གང་ཞིག །མཐོང་སྤང་མ་ཡིན་པའི་ཕྱིར། དད་སོགས་དབང་པོ་ལྔ༷་པོ༷་ཟག་མེད་ནི༷་སྤང༷་བྱར༷་བྱ༷་བ༷་མིན་ཏེ། ཟག་མེད་ཡིན་པའི་ཕྱིར། ཡང༷་ཞེས་པས་ཟག་བཅས་སྒོམ་སྤང་ཡིན་པར་བསྟན་ཏོ། །དབང་པོ་ཐ་མ་གསུམ་སྤང་བྱ་མི༷ན་ཏེ། ཟག་མེད་ཡིན་པའི་ཕྱིར།", "target": {"entries": [{"title": "རྣམ་པའི་རབ་དབྱེ", "level": 1, "start": 0, "anchor": "གསུམ་པ་རྣམ་པའི་རབ་དབྱེ་ལ་བཞི། གྲོགས་ལ། ར"}, {"title": "གྲོགས་ལ་ལྟོས་པའི་རབ་དབྱེ་བ", "level": 2, "start": 91, "anchor": "དང་པོ་(གྲོགས་ལ་ལྟོས་པའི་རབ་དབྱེ་བ་)ནི། ད"}, {"title": "རྒྱུ་འབྲས", "level": 2, "start": 643, "anchor": "གཉིས་པ་རྒྱུ་འབྲས་ལ་ལྟོས་པའི་རབ་དབྱེ་ནི། "}, {"title": "ངོ་བོ", "level": 2, "start": 1952, "anchor": "གསུམ་པ་ངོ་བོ་ལ་ལྟོས་པའི་རབ་དབྱེ་ནི། ཡང་ད"}, {"title": "སྤང་བྱ", "level": 2, "start": 4035, "anchor": "བཞི་པ་སྤང་བྱ་ལ་ལྟོས་པའི་རབ་དབྱེ་ནི། ཡིད༷"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4747, "headings": 5}} {"id": "IBA-LWS-08-020", "input": "ལྔ་པ་དགེ་སྦྱོང་ཚུལ་གྱི་འབྲས་བུ་དབང་པོ་དུས་འཐོབ་པ་ནི། དབང་པོའི་སྐབས་སུ་དབང་པོའི་ཁྱད་པར་གྱི་ཆོས་རྣམས་འཆད་པ་སྐབས་སུ་བབ་ལ། དགེ་སྦྱོང་ཚུལ་གྱི་འབྲས་བུའང་དབང་པོས་འཐོབ་པར་བཤད་པས་དེ་དབང་པོ་དུས་འཐོབ་ཅེ་ན། འབྲས༷་བུ༷་ཐ༷་མ༷་གཉི༷ས་ནི་རྒྱུན་ཞུགས་དང་དགྲ་བཅོམ་པའི་འབྲས་བུ་ཡིན་ཏེ། འབྲས་བུའི་ཐོག་མཐའ་ཡིན་པའི་ཕྱིར། དེ་གཉིས་ནི་དབང་པོ་དགུས༷་འཐོ༷བ་བོ། །ཇི་ལྟར་འཐོབ་ཅེ་ན། རྒྱུན་ཞུགས་ཀྱི་འབྲས་བུ་དབང་པོ་དགུས་འཐོབ་སྟེ། སེམས་ཀྱི་སྐད་ཅིག་བཅོ་ལྔ་པ་མི་ཤེས་པ་ཀུན་ཤེས་བྱེད་པའི་དབང་པོ་དང༌། སྐད་ཅིག་བཅུ་དྲུག་པ་ཀུན་ཤེས་པའི་དབང་པོ་དང༌། དེ་གཉིས་ཀྱི་ཚོགས་པ་ན་ཡོད་པའི་ཡིད་དང༌། དད་སོགས་དབང་པོ་ལྔ་དང༌། འདི་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་ཡིན་པས་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་བསྡུས་པའི་བཏང་སྙོམས་ཀྱི་དབང་པོས་འཐོབ་པའི་ཕྱིར། རྟགས་གྲུབ་སྟེ། ཀུན་ཤེས་དང་པོས་མཐོང་སྤང་སྤངས་པའི་བྲལ་ཐོབ་འདྲེན་པའི་ཕྱིར་དང༌། གཉིས་པ་དེས་མཐོང་སྤང་སྤངས་པའི་བྲལ་ཐོབ་ཀྱི་རྟེན་བྱེད་པའི་ཕྱིར། དཔེ་རིམ་བཞིན་རྐུན་པོ་ཕྱིར་ཕྱུང་བ་དང༌། སྒོ་འཕར་བཅད་པ་བཞིན་ནོ། །དགྲ་བཅོམ་གྱི་འབྲས་བུའང་དབང་པོ་དགུས་འཐོབ་སྟེ། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་བསྡུས་པའི་སྒོམ་ལམ་ཀུན་ཤེས་པའི་དབང་པོ་དང༌། མི་སློབ་ལམ་ཟད་པ་ཤེས་པས་བསྡུས་པའི་ཀུན་ཤེས་ལྡན་པའི་དབང་པོ་དང༌། དེ་གཉིས་ཀྱི་ཚོགས་པ་ན་ཡོད་པའི་ཡིད་དང༌། དད་སོགས་ལྔ་དང༌། ཚོར་བ་བདེ་བ་དང༌། ཡིད་བདེ་དང༌། བཏང་སྙོམས་གང་རུང་གིས་འཐོབ་པའི་ཕྱིར། དེའང་བསམ་གཏན་དང་པོ་གཉིས་ཀྱི་དངོས་གཞི་ལ་བརྟེན་ན་ཡིད་བདེ་དང༌། གསུམ་པོའི་དངོས་གཞི་ལ་བརྟེན་ན་བདེ་བ་དང༌། ཟག་མེད་ཀྱིས་གཞན་ལ་བརྟེན་ན་བཏང་སྙོམས་ཀྱི་དབང་པོས་འཐོབ་བོ། །རྟགས་གྲུབ་སྟེ། དང་པོ་དེས་སྒོམ་སྤང་མ་ལུས་པ་སྤངས་པའི་བྲལ་ཐོབ་འདྲེན་པའི་ཕྱིར་དང༌། གཉིས་པ་དེས་སྒོམ་སྤང་མ་ལུས་པར་སྤངས་པའི་བྲལ་ཐོབ་འཛིན་པའི་ཕྱིར། དཔེ་སྔར་ལྟར་རོ། །འབྲས་བུ་བར་པ་གཉི༷ས་ནི༷་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་ཡིན་ལ། དེ་གཉིས་ནི་དབང་པོ་བདུ༷ན་དང༷༌། བརྒྱད༷་དང༷༌། དགུས༷་འཐོབ་པ་ཡོད་དོ། །དང་པོ་དེ་དབང་པོ་བདུན་གྱིས་འཐོབ་པ་ཡོད་དེ། མཐར་གྱིས་པའི་ཕྱིར་འོང་དབང་པོ་རྣོ་རྟུལ་གང་ཡིན་ཡང་རུང༌། སྔོན་ཞི་གནས་ཤས་ཆེར་སྤྱད་པ་ཡིན་ན་འཇིག་རྟེན་པའི་ལམ་ཞི་རགས་ཀྱི་རྣམ་པ་ཅན་གྱིས་འཐོབ་པ་ཡིན་པས། དད་སོགས་ལྔ། ཡིད། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་བསྡུས་པའི་བཏང་སྙོམས་ཀྱི་དབང་པོས་འཐོབ་པའི་ཕྱིར། དེ་དབང་པོ་བརྒྱད་ཀྱིས་འཐོབ་པ་ཡོད་དེ། མཐར་གྱིས་པའི་ཕྱིར་འོང་དབང་པོ་རྣོ་རྟུལ་གང་ཡིན་ཡང་སྔོན་ལྷག་མཐོང་ཤས་ཆེར་སྤྱད་པ་ཡིན་ན་འཇིག་རྟེན་ལས་འདས་པའི་ལམ་བདེན་པའི་རྣམ་པ་ཅན་ལ་དགའ་བས་ཀུན་ཤེས་པའི་དབང་པོ་དང་སྔར་གྱི་དབང་པོ་བདུན་གྱིས་འཐོབ་པའི་ཕྱིར། དེ་དབང་པོ་དགུས་འཐོབ་པ་ཡོད་དེ། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་གི་འབྲས་བུ་དེ་དབང་པོ་དགུས་འཐོབ་པའི་ཕྱིར། དབང་པོ་དགུ་ནི་རྒྱུན་ཞུགས་ཀྱི་འབྲས་བུ་འཐོབ་བྱེད་ཀྱི་དབང་པོ་དགུ་པོ་དེ་ཉིད་ཡིན་ནོ། །ཁྱད་པར་ནི་མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་སྤངས་མ་སྤངས་སོ། ། ཕྱིར་མི་འོང་གི་འབྲས་བུ་དབང་པོ་བདུན་གྱིས་འཐོབ་པ་ཡོད་དེ། མཐར་གྱིས་པའི་ཕྱིར་མི་འོང་དབང་རྟུལ་འཇིག་རྟེན་པའི་ལམ་གྱིས་ཕྱིར་མི་འོང་གི་འབྲས་བུ་འཐོབ་པར་བྱེད་པའི་ཚེ་དད་སོགས་ལྔ། ཡིད། བཏང་སྙོམས་ཀྱི་དབང་པོས་འཐོབ་པའི་ཕྱིར། དེ་དབང་པོ་བརྒྱད་ཀྱིས་འཐོབ་པ་ཡོད་དེ། མཐར་གྱིས་པའི་ཕྱིར་མི་འོང་དབང་རྟུལ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཕྱིར་མི་འོང་གི་འབྲས་བུ་འཐོབ་པར་བྱེད་པའི་ཚེ་སྔར་གྱི་བདུན་དང་ཀུན་ཤེས་པའི་དབང་པོས་འཐོབ་པའི་ཕྱིར། དེ་དབང་པོ་དགུས་འཐོབ་པ་ཡོད་དེ། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུ་རྒྱུན་ཞུགས་ཀྱི་འབྲས་བུ་འཐོབ་བྱེད་ཀྱི་དབང་པོ་དགུ་པོ་དེས་འཐོབ་པའི་ཕྱིར། འོན་ཀྱང་ཁྱད་པར་ནི་བསམ་གཏན་དང་པོ་གཉིས་ཀྱི་དངོས་གཞི་ལ་བརྟེན་ན་ཡིད་བདེ་དང༌། གསུམ་པའི་དངོས་གཞི་ལ་བརྟེན་ན་བདེ་བ་དང༌། བཞི་པའི་དངོས་གཞི་ལ་བརྟེན་ན་བཏང་སྙོམས་ཀྱི་དབང་པོས་འཐོབ་པའི་ཕྱིར་རོ། །ཡང་ན་མཐར་གྱིས་པའི་ཕྱིར་མི་འོང་དབང་པོ་རྣོན་པོ་སྔོན་ཞི་གནས་ཤས་ཆེར་སྤྱད་པ་ཡིན་ན་འཇིག་རྟེན་པའི་ལམ་ཞི་རགས་ཀྱི་རྣམ་པ་ཅན་ལ་དགའ་བས་ཡིད། དད་སོགས་ལྔ། བཏང་སྙོམས། ཡིད་བདེ་དང་བརྒྱད་ཀྱིས་འཐོབ་བོ། །དེ་དབང་པོ་རྣོན་པོ་སྔོན་ལྷག་མཐོང་ཤས་ཆེར་སྤྱད་པ་ཡིན་ན་འཇིག་རྟེན་ལས་འདས་པའི་ལམ་བདེན་པའི་རྣམ་པ་ཅན་ལ་དགའ་བས་སྔར་གྱི་དབང་པོ་བརྒྱད་པོ་དེའི་སྟེང་དུ་ཀུན་ཤེས་པའི་དབང་པོ་བསྣན་པས་དགུས་འཐོབ་བོ། །དགྲ་བཅོམ་པ་དབང་པོ་དགུས་འཐོབ་ན། བསྟན་བཅོས་ཡེ་ཤེས་ལ་འཇུག་པ་ལས། དབང་པོ་བཅུ་གཅིག་གིས་འཐོབ་པར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དགུས་འཐོབ་པར་བཤད་པ་འཐོབ་ཐེངས་གཅིག་གི་དབང་དུ་བྱས་ཀྱི། དབང་པོ་བཅུ༷་གཅིག༷་དག༷་གིས༷་དགྲ༷་བཅོ༷མ་པའི་འབྲས་བུ་ཉིད༷་འཐོབ་པར་བཤད་པ་ནི་དགྲ་བཅོམ་པ་དབང་རྟུལ་འག༷འ་ཞིག༷་ཡང་དང་ཡང་དུ་ཉམས་ནས་སོར་ཆུད་པའི་ཚེ་དབང་པོ་བཅུ་གཅིག་གིས་འཐོབ་སྲིད༷་པའི་ཕྱིར༷་ན་བཤ༷ད་པ༷་ཡི༷ན་ནོ། །དེའི་ཚེ་ན་དབང་པོ་བཅུ་གཅིག་གིས་འཐོབ་པ་སྲིད་དེ། དང་པོར་བསམ་གཏན་བཞི་པའི་ཚོར་བ་བཏང་སྙོམས་དང་བཅས་པའི་དབང་པོ་དགུས་འཐོབ་ལ། བསམ་གཏན་བཞི་པ་ཡན་ཆད་ལས་ཉམས་ནས་བསམ་གཏན་གསུམ་པའི་དངོས་གཞི་ལ་བརྟེན་ན་བདེ་བ་དང༌། བསམ་གཏན་གསུམ་པ་ཡན་ཆད་ལས་ཉམས་ནས་བསམ་གཏན་གཉིས་པའི་དངོས་གཞི་ལ་བརྟེན་ན་ཡིད་བདེས་འཐོབ་པའི་ཕྱིར། དགྲ་བཅོམ་པ་ལན་དུ་མར་ཉམས་ཀྱང་དེ་ལས་དབང་པོ་མང་བས་མི་འཐོབ་སྟེ། བཅུ་གཅིག་པོ་དེ་ལས་གཞན་པའི་དགྲ་བཅོམ་པ་འཐོབ་བྱེད་ཀྱི་དབང་པོ་མེད་པའི་ཕྱིར།", "target": {"entries": [{"title": "དགེ་སྦྱོང་ཚུལ་གྱི་འབྲས་བུ་དབང་པོ་དུས་འཐོབ་པ", "level": 1, "start": 0, "anchor": "ལྔ་པ་དགེ་སྦྱོང་ཚུལ་གྱི་འབྲས་བུ་དབང་པོ་དུ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4256, "headings": 1}} {"id": "IBA-LWS-08-021", "input": "དྲུག་པ་དབང་པོའི་ལྡན་ཚུལ་ལ་གཉིས། ངེས་ལྡན་དང༌། སྲིད་ལྡན་ནོ། །དང་པོ་(ངེས་ལྡན་)ནི། དབང་པོ་གང་དང་ལྡན་པ་ལ་དུ་དང་ངེས་པར་ལྡན་ཞེ་ན། བཏང༷་སྙོམ༷ས་དང༷་ནི༷། སྲོག༷་དང༷་ནི༷། ཡི༷ད་གསུམ་གང་རུང་དང༷་ལྡན༷་པ༷་ལ་ངེ༷ས་པར་གསུ༷མ་དང་ལྡན༷་ཏེ། གསུམ་པོ་དེ་འབྲལ་མི་ཤེས་པའི་ཕྱིར། བདེ༷་བ་དང་ལྡན་ན་བཞི་དང་ངེས་པར་ལྡན་ཏེ། ཀུན་འགྲོ་སྲོག །ཡིད༌། བཏང་སྙོམས་གསུམ་པོ་དེའི་སྟེང་དུ་རང་ཉིད་བསྣན་པས་སོ། །ལུས༷་ལྡན༷་ལ༷་བཞི༷་དག༷་དང༷་ངེས་པར་ལྡན་ཏེ། སྲོག་སོགས་གསུམ་པོ་དེ་དང་རང་ཉིད་བསྣན་པས་སོ། །མིག༷་དང༌། སོག༷ས་པས་བསྡུས་པ་རྣ་བ། སྣ། ལྕེའི་དབང་པོ་གང་རུང་དང་ལྡན༷་པ་ལ༷་ལྔ༷་ལྔ་དང༷་ངེས་པར་ལྡན༷་ཏེ། ལུས་དང་སྲོག་སོགས་གསུམ་སྟེ་བཞིའི་སྟེང་དུ་རང་ཉིད་བསྣན་པས་སོ། །ཡི༷ད་བདེ༷་ལྡན༷་ཡང༷་ལྔ་དང་ངེས་པར་ལྡན་ཏེ། བདེ་ལྡན་བཞིའི་སྟེང་དུ་རང་ཉིད་བསྣན་པས་སོ། །སྡུག༷་བསྔ༷ལ་ལྡན༷་ལ་བདུ༷ན་དང༷་ངེས་པར་ལྡན་ཏེ། ཡིད་མི་བདེ་མ་གཏོགས་པའི་ཚོར་བ་བཞི། ལུས། སྲོག །ཡིད་དང་ལྡན་པས་སོ། །ཕོ་མོ༷འི༷་དབ༷ང་པོ་དང་ལྡན་པ་ལ་བརྒྱད་དང་ལྡན་ཏེ། སྡུག་བསྔལ་ལྡན་བདུན་པོའི་སྟེང་དུ་རང་རང་བསྣན་པས་སོ། །སོག༷ས་པ་དད་སོགས་ལྔ་དང་ལྡན༷་པ་ལའང་བརྒྱད་དང་ལྡན་པར་ངེས་ཏེ། ཀུན་འགྲོ་གསུམ་གྱི་སྟེང་དུ་རང་ཉིད་བསྣན་པས་སོ། །ཀུན་ཤེས་པའི་དབ༷ང་པོ༷་དང་ལྡན༷་པའི་སྒོམ་ལ༷མ་པ་ཡིན་ན་བཅུ༷་གཅི༷ག་དང་ལྡན༷་ཏེ། རང་ཉིད་དང༌། བདེ་བ། ཡིད་བདེ། བཏང་སྙོམས། སྲོག །ཡིད། དད་སོགས་ལྔ་དང་ལྡན་པའི་ཕྱིར། དེ་བཞིན་དུ་ཀུན་ཤེས་ལྡན་པ་ཡི་དབང་པོ་དང་ལྡན་པ་ལའང་བཅུ་གཅིག་དང་ལྡན་ཏེ། བཤད་མ་ཐག་པའི་ཀུན་ཤེས་པ་མ་གཏོགས་པའི་བཅུ་པོ་དང༌། ཀུན་ཤེས་ལྡན་པ་རང་ཉིད་བསྣན་པས་སོ། །མི་ཤེས་པ་ཀུན༷་ཤེས༷་པར་བྱེད༷་པའི༷་དབ༷ང་པོ་དང་ལྡན༷་པ་ལ༷་དབང་པོ་བ༷ཅུ་གསུ༷མ་དག༷་དང༷་ངེས་པར་ལྡན༷་པ༷་ཡིན༷་ཏེ། ཡིད། དད་སོགས་ལྔ། ཡིད་བདེ། སེམས་བདེ། བཏང་སྙོམས་ཏེ་གདགས་གཞི་དགུའི་སྟེང་དུ་སྲོག་དང༌། ལུས་དང༌། སྡུག་བསྔལ་དང༌། རང་བསྣན་པས་སོ། ། གཉིས་པ་སྲིད་ལྡན་ནི། དབང་པོ་ཉུང་བ་དང་ལྡན་པ་ལ་དུ་དང་ལྡན་པ་སྲིད་ཅེ་ན། དགེ༷་རྩ་ཆད་ནས་མེད༷་པ་ནི་འདོད་པའི་རྟེན་ཁོ་ན་ཡིན། དེ་དག་གི་ནང༷་ན༷་འཆི་ཀ་ལྟ་བུ་དབང་པོ་ཉུང༷་བ་དང་ལྡན༷་པ༷་ལ་དབང་པོ་བརྒྱད་དང་ལྡན་པ་སྲིད་དེ། ལུས༷་དང༌། ཚོར༷་བ་ལྔ། སྲོག༷ །ཡིད༷་ཀྱི་དབང་པོ་དང་ལྡན་པ་སྲིད་པའི་ཕྱིར། གཟུག༷ས་མེ༷ད་དུ་སྐྱེས་པའི་བྱིས༷་པ༷འང༷་དེ༷་བཞི༷ན་དུ་བརྒྱ༷ད་དང༷་ལྡན༷་པ་སྲིད་དེ༷། བཏང༷་སྙོམ༷ས། སྲོག༷ །ཡིད༷། དགེ༷་བ། དད་སོགས་ལྔ་པོ་རྣམ༷ས་དང༷་ལྡན་པ་སྲིད་པའི་ཕྱིར། དབང་པོ་མང་བ་དང་ལྡན་པ་ལ་དུ་དང་ལྡན་པ་སྲིད་ཅེ་ན། དབང་པོ་མང༷་པོ༷ར་ལྡན༷་པ་ལ༷་དབང་པོ་བཅུ༷་དགུ༷་དང་ལྡན་པ་ཡོད་དེ༷། གང་མ་གཏོགས་ན་དྲི༷་མ༷་མེ༷ད་པ་གསུམ་པོ་རྣམ༷ས་མ༷་གཏོག༷ས་སོ༷། །གང་ཟག་གང་ལ་ལྡན་ཞེ་ན། འདོད་པ་བ་མཚ༷ན་གཉི༷ས་པ་དགེ་རྩ་མ་ཆད་པ་དང་པོ་ཀུན་ཚང་བ་ཞིག་ལའོ། །དེར་མ་ཟད་འཕ༷གས་པ༷་ཆག༷ས་བཅ༷ས་ལའང་ལྡན་ནོ། །གང་མ་གཏོགས་ན་ཕོ་མོའི་མཚ༷ན་གང་རུང་གཅི༷ག་དང་དྲི༷་མ་མེ༷ད་པ་གཉི༷ས་མ༷་གཏོག༷ས་སོ། །དེའང་མཐོང་ལམ་པ་ཡིན་ན་དྲི་མེད་ཕྱི་མ་གཉིས་མ་གཏོགས། སྒོམ་ལམ་པ་ཆགས་བཅས་ཡིན་ན་དྲི་མེད་ཐོག་མཐའ་གཉིས་མ་གཏོགས་སོ། །", "target": {"entries": [{"title": "དབང་པོའི་ལྡན་ཚུལ", "level": 1, "start": 0, "anchor": "དྲུག་པ་དབང་པོའི་ལྡན་ཚུལ་ལ་གཉིས། ངེས་ལྡན་"}, {"title": "ངེས་ལྡན", "level": 2, "start": 59, "anchor": "དང་པོ་(ངེས་ལྡན་)ནི། དབང་པོ་གང་དང་ལྡན་པ་ལ"}, {"title": "སྲིད་ལྡན", "level": 2, "start": 1518, "anchor": "གཉིས་པ་སྲིད་ལྡན་ནི། དབང་པོ་ཉུང་བ་དང་ལྡན་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 2416, "headings": 3}} {"id": "IBA-LWS-08-022", "input": "གཉིས་པ་འདུས་བྱས་ཀྱི་ཆོས་ཀྱི་སྐྱེ་ཚུལ་ལ་གཉིས། དངོས་དང༌། ཞར་ལ་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་བཤད་པའོ། །དང་པོ་(དངོས་)ལ་གཉིས། གཟུགས་ཅན་གྱི་ཆོས་ཀྱི་སྐྱེ་ཚུལ་དང༌། གཟུགས་ཅན་མ་ཡིན་པའི་ཆོས་ཀྱི་སྐྱེ་ཚུལ་ལོ། །དང་པོ་(གཟུགས་ཅན་གྱི་ཆོས་ཀྱི་སྐྱེ་ཚུལ་)ནི། འདུས་བྱས་རྣམས་མཚན་ཉིད་ཐ་དད་པ་བཞིན་དུ་ཐ་དད་པ་ཁོ་ནར་སྐྱེའམ། ངེས་པར་ལྷན་ཅིག་ཏུ་སྐྱེ་བ་ཡོད་ཅེ་ན། ལྷན་ཅིག་ཏུ་སྐྱེ་བ་ཡོད་དེ། སྤྱིར་ཆོས་རྣམས་གཞི་ལྔས་བསྡུས་ཏེ། གཟུགས་དང༌། སེམས་དང༌། སེམས་བྱུང་དང༌། ལྡན་མིན་འདུ་བྱེད་དང༌། འདུས་མ་བྱས་ཀྱི་གཞིས་བསྡུས་པའི་ཕྱིར། འདུས་མ་བྱས་ལ་སྐྱེ་བ་མེད་པས་ཆོས་གང་དང་ཡང་ལྷན་ཅིག་ཏུ་སྐྱེ་བ་མེད་ལ། གཞན་རྣམས་ཀྱི་སྐྱེ་ཚུལ་ལ། གཟུགས་ཅན་གྱི་སྐྱེ་ཚུལ་དང༌། གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ་གཉིས་སུ་ངེས་པས། དང་པོ་ལ། འདོ༷ད་ཁམས་ན༷་དབ༷ང་པོ༷འི་རྡུལ་མེད༷་པ༷་དང༷་སྒྲའི༷་རྡུལ་མེད༷་པའི་རྡུལ་ཕྲ༷་རབ༷་བསགས་པའི་གོང་བུ་ཆུང་ཤོས་ཉི་ཟེར་གྱི་རྡུལ་ལྟ་བུ་གཅིག་ཀྱང་རྡུལ༷་རྫས༷་བརྒྱད༷་དང་ལྷན་ཅིག་སྐྱེ་སྟེ། འབྱུང་བ་བཞི་དང་གཟུགས་དྲི་རོ་རེག་རྣམས་དང་ལྷན་ཅིག་སྐྱེ་བའི་ཕྱིར། ལུས༷་དབ༷ང་དང་ལྡན༷་པ་ལ༷་དེ་དང་རྫས༷་དགུ༷་ལྷན་ཅིག་སྐྱེ། མིག་སོགས་དབང་པོ་གཞན་གང་རུང་གཅིག་དང་ལྡན་པ་ལ་དགུ་པོ་དེ་དང་རྫས་བཅུ་ལྷན་ཅིག་སྐྱེ། སྒྲ་དང་ལྡན་ན་དེ་དང་རྫས་བཅུ་གཅིག་ལྷན་ཅིག་སྐྱེ། གཟུགས་ཁམས་ན་དྲི་རོ་གཉིས་མེད་པས། གཟུགས་ན་དབང་པོ་མེད་པ་དང༌། །སྒྲ་མེད་ཕྲ་རབ་རྡུལ་རྫས་དྲུག །ལུས་དབང་ལྡན་ལ་རྫས་བདུན་ནོ། །དབང་པོ་གཞན་ལྡན་རྫས་བརྒྱད་དོ། །ཞེས་བཤད་པར་བྱའོ། ། གཉིས་པ་གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ་ལ་གཉིས། བསྟན། བཤད་དོ། །དང་པོ་(མདོར་བསྟན་པ་)ནི། གཟུགས་ཅན་གྱི་སྐྱེ་ཚུལ་དེ་ལྟར་ཡིན་ན། གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ་ཇི་ལྟར་ཡིན་ཞེ་ན། སེམ༷ས་དང༷་སེམ༷ས་བྱུང༷་ངེ༷ས་པར་ལྷན༷་ཅིག༷་སྐྱེ་སྟེ། དེ་གཉིས་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། དེ་བཞིན་དུ་ཆོས་གང་སྐྱེ་བ་ཐམ༷ས་ཅད༷་ཀྱང་རང་འདུ༷ས་བྱས༷་སུ་མཚོན་པའི་མཚ༷ན་ཉིད༷་སྐྱེ་གནས་རྒ་འཇིག་བཞི་དང༷་ལྷན་ཅིག་འབྱུང་བ་དང༌། ཐོབ་བྱའི་ཆོས་རྒྱུད་དུ་གཏོགས་པ་དག་ནི་རང་དང་དུས་མཉམ་པའི་ཐོབ༷་པ༷་དག་དང་ལྷན་ཅིག་ཏུ་སྐྱེའོ། །འམ༷་ཞེས་པས་ཐོབ་བྱའི་ཆོས་རྒྱུད་དུ་མ་གཏོགས་པ་རྣམས་ནི་ཐོབ་པ་དང་ལྷན་ཅིག་སྐྱེ་བ་མ་ཡིན་པར་བསྟན་ཏེ། ཐོབ་བྱའི་ཆོས་རྒྱུད་དུ་མ་གཏོགས་པ་ཕལ་ཆེ་བ་ལ་ཐོབ་པ་མེད་པས་སོ། །འགོག་པ་གཉིས་ལ་ནི་ཐོབ་པ་ཡོད་ཀྱང་དེ་གཉིས་ལ་སྐྱེ་བ་མེད་པས་མ་སྨོས་སོ། ། གཉིས་པ་རྒྱས་བཤད་ལ་གཉིས། མཚུངས་ལྡན་གྱི་སྐྱེ་ཚུལ། མཚུངས་ལྡན་མ་ཡིན་པའི་སྐྱེ་ཚུལ་ལོ། །དང་པོ་(མཚུངས་ལྡན་གྱི་སྐྱེ་ཚུལ་)ལ་བཞི། སྡེ་ཚན་དུ་ངེས་པའི་རབ་དབྱེ། མ་ངེས་པ་དང་བཅས་པའི་མཚུངས་ལྡན། འདྲ་བ་ལྟ་བུའི་ཁྱད་པར། ཐ་དད་ལྟ་བུའི་གཅིག་པའོ། །དང་པོ་(སྡེ་ཚན་དུ་ངེས་པའི་རབ་དབྱེ་)ལ་གཉིས། བསྟན། བཤད་དོ། །དང་པོ་(མདོར་བསྟན་པ་)ནི། སེམས་དང་སེམས་བྱུང་ངེས་ལྷན་ཅིག །ཅེས་བཤད་ན། སེམས་བྱུང་དེ་ལ་དུ་ཡོད་ཅེ་ན། སྡེ་ཚན་དུ་ངེས་པའི་སེམ༷ས་བྱུང༷་རྣམ༷་པ་ལྔ༷་ཡོད་དེ༷། སེམས་ཀྱི་ས༷་མང༷་པོ་བ་དང༌། ལ༷་སོག༷ས་པ་དགེ་བའི་ས་མང་དང༌། ཉོན་མོངས་ཆེན་པོའི་ས་མང་དང༌། མི་དགེ་བའི་ས་མང་དང༌། ཉོན་མོངས་ཆུང་ངུའི་ས་མང་ལ་སོགས་པ་ཐ༷་དད༷་པ་རྣམས་སུ་ཡོད་པའི་ཕྱིར༷། ། གཉིས་པ་རྒྱས་བཤད་ལ་ལྔ་ལས། དང་པོ་ནི། སེམས་བྱུང་རྣམ་ལྔ་སྟེ། ས་མང་ལ་སོགས་ཐ་དད་ཕྱིར། །ཞེས་བཤད་ན། སེམས་ཀྱི་ས་མང་པོ་བ་དེ་ལ་དུ་ཡོད་ཅེ་ན། ཚོར༷་བ་དང༷༌། ཡུལ་ལ་གཡོ་བར་བྱེད་པའི་སེམ༷ས་པ༷་དང༌། འདུ༷་ཤེས༷་དང༷༌། ཡུལ་དོན་གཉེར་གྱི་འདུན༷་པ་དང༷༌། ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་ལ་ལོངས་སྤྱོད་པའི་རེག༷་པ་བྱ་བ་དང༌། ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ༷་གྲོས༷་དང༌། དམིགས་པ་མ་བརྗེད་པའི་དྲ༷ན་པ་དང༌། དམིགས་པ་བྱེ་བྲག་པ་ལ་སེམས་གཏོད་པའི་ཡིད༷་ལ༷་བྱེད༷་པ་དང༷༌། དམིགས་པ་ལ་ཡོན་ཏན་དུ་འཛིན་པའི་མོས༷་པ༷་དང༷༌། སེམས་རྩེ་གཅིག་པའི་ཏིང༷་ངེ༷་འཛི༷ན་རྣམས་ནི་སེམ༷ས་ཀྱི་ས་མང་པོ་བ་ཡིན་ཏེ། སེམས་ཐམ༷ས་ཅ༷ད་ལ༷་འཁོར་དུ་འབྱུང་བའི་སེམས་བྱུང་ཡིན་པའི་ཕྱིར། གཉིས་པ་དགེ་བའི་ས་མང་པོ་བ་ནི། སེམས་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ལས་དང་བར་བྱེད་པའི་དད༷་པ་དང༷༌། ཡོན་ཏན་ཅན་ལ་གཅེས་སྤྲས་སུ་བྱེད་པའི་བག༷་ཡོད༷་དང༌། སེམས་ལས་སུ་རུང་བའི་ཤིན༷་ཏུ༷་སྦྱང༷ས་པ་དང༌། སེམས་བྱིང་རྒོད་ཀྱི་དབང་དུ་མི་འགྲོ་བར་ལྷུན་གྲུབ་ཏུ་འབྱུང་བའི་བཏང༷་སྙོམ༷ས་དང༌། ཡོན་ཏན་དང་ཡོན་ཏན་ཅན་ལ་གུས་པའི་ངོ༷་ཚ༷་ཤེས༷་པ་དང༌། ཁ་ན་མ་ཐོ་བར་འཇིག་པར་ལྟ་བའི་ཁྲེལ༷་ཡོད༷་པ་དང༌། རྩ༷་བ༷་གཉིས༷་ནི་འདོད་ཆགས་མེད་པ་དང་ཞེ་སྡང་མེད་པ་ཡིན་ལ། དེ་གཉིས་ནི་རང་ཡུལ་ལ་རང་སྟོབས་ཀྱིས་ཆགས་པ་མེད་པ་དང༌། སྡང་བ་མེད་པའི་རྣམ༷་པར་ཞུགས་པའི་བློའོ། །གཞན་ལ་མཐོ་འཚམས་པའི་རྣམ་པར་མ་ཞུགས་པའི་རྣམ་པར་མི༷་འཚེ༷་བ་དང༷༌། དགེ་བ་ལ་སེམས་སྤྲོ་བའི་བརྩོ༷ན་འགྲུ༷ས་རྣམས་ནི་དགེ་བའི་ས་མང་པོ་བ་ཡིན་ཏེ། རྟག༷་ཏུ༷་དགེ༷་བའི༷་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང༷་བའི་ཕྱིར། གསུམ་པ་ཉོན་མོངས་ཆེན་པོའི་ས་པ་ནི། ལས་འབྲས་སོགས་མི་ཤེས་པའི་རྨོང༷ས་པ་མ་རིག་པ་དང༷༌། བག་ཡོད་ཀྱི་མི་མཐུན་ཕྱོགས་བག༷་མེད༷་དང༌། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལེ༷་ལོ༷་དང༷༌། དད་པའི་མི་མཐུན་ཕྱོགས་མ༷་དད༷་པ༷་དང༷༌། སེམས་བློང་བློང་པོར་བྱེད་པའི་རྨུག༷ས་པ་དང༷༌། ཕྱིར་འཕྲོ་བའི་རྒོད༷་པ་རྣམས་ནི་ཉོན་མོངས་ཆེན་པོའི་ས་པ་ཡིན་ཏེ། རྟག་ཏུ་ཉོན༷་མོང༷ས་ཅན༷་གྱི་སེམས་ཐམས་ཅད་ལ༷་འཁོར་དུ་འགྱུར་བའི་ཕྱིར། བཞི་པ་མི༷་དགེ༷་བའི་ས་མང་པོ་བ་ནི༷། ཁྲེལ༷་མེད༷་པ་དང༷་ངོ༷་ཚ༷་མེད༷་པ༷་གཉིས་ནི་མི་དགེ་བའི་ས་མང་པོ་བ་ཡིན་ཏེ། མི་དགེ་བའི་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་གི །གཞན་གྱི་འཁོར་དུ་མི་འབྱུང་བའི་ཕྱིར། ལྔ་པ་ཉོན་མོངས་ཆུང་ངུའི་ས་པ་ནི། གནོད་བྱེད་མཐོང་བས་སེམས་ཁོང་ནས་འཁྲུག་པའམ་མནར་སེམས་པའི་ཁྲོ༷་བ༷་དང༷༌། ཁྲོས་པའི་རྗེས་སུ་ཀུན་ནས་མནར་སེམས་མང་དུ་བྱེད་པའི་ཁོན༷་དུ༷་འཛི༷ན་པ་དང༷༌། སེམས་དྲང་པོ་མིན་པའི་གྱ་གྱུར་བྱེད་པའི་གཡོ༷་དང༷་ནི༷། གཞན་གྱི་ཕུན་ཚོགས་ལ་མི་བཟོད་པའི་ཕྲག༷་དོག༷་དང༌། སྡིག་པ་ལ་དམ་དུ་འཛིན་པའི་འཚི༷ག་པ་དང༌། ཉེས་པ་སྦེད་པར་བྱེད་པའི་འཆ༷བ་པ་དང༌། ཆོས་དང་ཟང་ཟིང་སོགས་གཞན་ལ་མི་གཏོང་ཞིང་གཏོང་བ་དང་འགལ་བའི་རྣམ་པར་ཞུགས་པའི་སེ༷ར་སྣ༷་དང༷༌། ཡོན་ཏན་མེད་བཞིན་དུ་ཡོན་ཏན་དང་ལྡན་པར་བཅོས་ནས་གཞན་འབྲིད་པར་བྱེད་པའི་སྒྱུ༷་དང༷༌། རྒྱག༷ས་པ་དང༷༌། གཞན་ལ་མཐོ་འཚམས་པའི་རྣམ༷་འཚེ༷་རྣམས་ནི༷་ཉོན༷་མོང༷ས་ཆུང༷་ངུ༷འི་ས༷་པ༷་རྣམ༷ས་ཡིན་ཏེ། སྤང་བྱ་རིས་ཀྱིས་ཆུང༌། མཚུངས་ལྡན་གྲོགས་ཀྱིས་ཆུང། འབྱུང་ས་རྟེན་གྱིས་ཆུང་བའི་སེམས་བྱུང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སྒོམ་སྤང་ཙམ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཡིད་ཀྱི་རྣམ་ཤེས་ཙམ་དང་མཚུངས་ལྡན་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། ཡིད་ཙམ་ལ་བརྟེན་པ་ཡིན་པའི་ཕྱིར།", "target": {"entries": [{"title": "འདུས་བྱས་ཀྱི་ཆོས་ཀྱི་སྐྱེ་ཚུལ", "level": 1, "start": 0, "anchor": "གཉིས་པ་འདུས་བྱས་ཀྱི་ཆོས་ཀྱི་སྐྱེ་ཚུལ་ལ་ག"}, {"title": "དངོས", "level": 2, "start": 98, "anchor": "དང་པོ་(དངོས་)ལ་གཉིས། གཟུགས་ཅན་གྱི་ཆོས་ཀྱ"}, {"title": "གཟུགས་ཅན་གྱི་ཆོས་ཀྱི་སྐྱེ་ཚུལ", "level": 3, "start": 195, "anchor": "དང་པོ་(གཟུགས་ཅན་གྱི་ཆོས་ཀྱི་སྐྱེ་ཚུལ་)ནི"}, {"title": "གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ", "level": 3, "start": 1227, "anchor": "གཉིས་པ་གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ་ལ་གཉི"}, {"title": "མདོར་བསྟན་པ", "level": 4, "start": 1285, "anchor": "དང་པོ་(མདོར་བསྟན་པ་)ནི། གཟུགས་ཅན་གྱི་སྐྱ"}, {"title": "རྒྱས་བཤད", "level": 4, "start": 1921, "anchor": "གཉིས་པ་རྒྱས་བཤད་ལ་གཉིས། མཚུངས་ལྡན་གྱི་སྐ"}, {"title": "མཚུངས་ལྡན་གྱི་སྐྱེ་ཚུལ", "level": 5, "start": 2003, "anchor": "དང་པོ་(མཚུངས་ལྡན་གྱི་སྐྱེ་ཚུལ་)ལ་བཞི། སྡ"}, {"title": "སྡེ་ཚན་དུ་ངེས་པའི་རབ་དབྱེ", "level": 6, "start": 2144, "anchor": "དང་པོ་(སྡེ་ཚན་དུ་ངེས་པའི་རབ་དབྱེ་)ལ་གཉིས"}, {"title": "མདོར་བསྟན་པ", "level": 7, "start": 2201, "anchor": "དང་པོ་(མདོར་བསྟན་པ་)ནི། སེམས་དང་སེམས་བྱུ"}, {"title": "རྒྱས་བཤད", "level": 7, "start": 2515, "anchor": "གཉིས་པ་རྒྱས་བཤད་ལ་ལྔ་ལས། དང་པོ་ནི། སེམས་"}, {"title": "", "level": 8, "start": 2540, "anchor": "དང་པོ་ནི། སེམས་བྱུང་རྣམ་ལྔ་སྟེ། ས་མང་ལ་ས"}, {"title": "དགེ་བའི་ས་མང་པོ་བ", "level": 8, "start": 3106, "anchor": "གཉིས་པ་དགེ་བའི་ས་མང་པོ་བ་ནི། སེམས་ཉོན་མོ"}, {"title": "ཉོན་མོངས་ཆེན་པོའི་ས་པ", "level": 8, "start": 3800, "anchor": "གསུམ་པ་ཉོན་མོངས་ཆེན་པོའི་ས་པ་ནི། ལས་འབྲས"}, {"title": "མི་དགེ་བའི་ས་མང་པོ་བ", "level": 8, "start": 4168, "anchor": "བཞི་པ་མི༷་དགེ༷་བའི་ས་མང་པོ་བ་ནི༷། ཁྲེལ༷་"}, {"title": "ཉོན་མོངས་ཆུང་ངུའི་ས་པ", "level": 8, "start": 4351, "anchor": "ལྔ་པ་ཉོན་མོངས་ཆུང་ངུའི་ས་པ་ནི། གནོད་བྱེད"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5198, "headings": 15}} {"id": "IBA-LWS-08-023", "input": "གཉིས་པ་མ་ངེས་པ་དང་བཅས་པའི་མཚུངས་ལྡན་ནི། སྡེ་ཚན་དུ་ངེས་པ་ལྔ་ཡོད་ན། སྡེ་ཚན་དུ་མ་ངེས་པའི་སེམས་བྱུང་དུ་ཞེ་ན། སྡེ་ཚན་དུ་མ་ངེས་པའི་སེམས་བྱུང་བརྒྱད་ཡོད་དེ། སློབ་དཔོན་དབྱིག་བཤེས་ཀྱིས། རྟོག་དང་དཔྱོད་དང་འགྱོད་པ་དང༌། ། གཉིད་དང་ཁོང་ཁྲོ་ཆགས་རྣམས་དང༌། ། ང་རྒྱལ་ཐེ་ཚོམ་ཞེས་བྱ་བ། ། བརྒྱད་ནི་ངེས་པ་མིན་པར་བཤད། ། ཅེས་གསུངས་པའི་ཕྱིར། འོ་ན། སེམས་གང་གི་འཁོར་དུ་མ་ངེས་པ་དང་བཅས་པའི་སེམས་བྱུང་དུ་འབྱུང་ཞེ་ན། འདོ༷ད་པའི༷་དགེ༷་བའི༷་སེམ༷ས་ལ༷་ནི་སེམས་ལས་བྱུང༷་བ༷་ཉི༷་ཤུ་རྩ་གཉི༷ས་འབྱུང་སྟེ། སེམས་ཡིན་པས་སེམས་ཀྱི་ས་མང་བཅུ། དགེ་བའི་ས་ཡིན་པས་དགེ་བའི་ས་མང་བཅུ། འདོད་སེམས་ཡིན་པས་རྟོག་དཔྱོད་དང་བཅས་པ་འབྱུང་བའི་ཕྱིར། འདོད་པའི་སེམས་ལ༷་ལ༷་དག༷་ཏུ༷་འགྱོ༷ད་པ༷་བསྣ༷ན་པས་སེམས་བྱུང་ཉེར་གསུམ་འབྱུང་ངོ༌། །མི་དགེ་བའི་སེམས་ནི་རྩ་ཉོན་གཞན་དང་མ་འདྲེས་པ་མ་རིག་པ་ཙམ་དང་མཚུངས་ལྡན་དང༌། འཇིག་མཐར་མ་གཏོགས་པའི་ལྟ་བ་ཐ་མ་གསུམ་དང༷་མཚུངས་ལྡན༷་ལ༷འང་ཉི༷་ཤུ༷་འབྱུང་སྟེ། སེམས་ཀྱི་ས་མང་བཅུ། ཉོན་མོངས་ཆེན་པོའི་ས་པ་དྲུག །མི་དགེ་བའི་ས་པ་གཉིས། རྟོག་དཔྱོད་གཉིས་འབྱུང་བའི་ཕྱིར། ལྟ་བ་བསྣན་པས་ཉེར་གཅིག་མི་འབྱུང་ངམ་ཞེ་ན། མི་འབྱུང་སྟེ། ལྟ་བ་ནི་ཤེས་རབ་ཉོན་མོངས་ཅན་ཡིན་ལ། དེ་འདིར་སེམས་ཀྱི་ས་མང་དུ་བགྲངས་ཚར་བའི་ཕྱིར། འདོད་ཆགས། ཁོང་ཁྲོ། ང་རྒྱལ། ཐེ་ཚོམ་སྟེ་ཉོན༷་མོང༷ས་ལྷག་མ་བཞི༷་དང༷༌། ཁྲོ༷་སོག༷ས་བཅུ་དང༷༌། འགྱོ༷ད་པ༷་མི་དགེ་བ་བཅས་གང་རུང་དང༷་ལྡན་པ་ལ་ནི༷་ཉི༷་ཤུ༷་རྩ་གཅི༷ག་འབྱུང་སྟེ། སྔར་གྱི་ཉི་ཤུའི་སྟེང་དུ་རང་རང་བསྣན་པས་སོ། །ལྟ་བ་དང་པོ་གཉིས་དང་མཚུངས་ལྡན་གྱི་བསྒྲིབ༷ས་ལ༷་ལུ༷ང་དུ་མ་བསྟན་པའི་སེམས་ལ་བཅོ༷་བརྒྱ༷ད་འབྱུང་སྟེ། སེམས་ཀྱི་ས་མང་བཅུ། ཉོན་མོངས་ཆེན་པོའི་ས་པ་དྲུག །རྟོག་དཔྱོད་གཉིས་འབྱུང་བའི་ཕྱིར། བསྒྲིབས་ལས་གཞ༷ན་མ་བསྒྲིབས་ལུང༷་མ༷་བསྟན༷་གྱི་སྤྲུལ་སེམས་སོགས་བཞི་ལ༷་བཅུ༷་གཉི༷ས་དག༷་ཏུ༷་འདོ༷ད་དེ། སེམས་ཀྱི་ས་མང་བཅུ། རྟོག་དཔྱོད་གཉིས་འབྱུང་བའི་ཕྱིར། གཉིད༷་ནི༷་ལུས་ངལ་བ་དང༌། ཁ་ཟས་བཅུད་ཅན་ལས་སེམས་དབང་མེད་ནང་དུ་སྡུད་པ་སྟེ། དགེ་མི་དགེ་ལུང་མ་བསྟན་ཀུན༷་ལ༷་འཁོར་དུ་ཡོད་པ་མི༷་འག༷ལ་བའི་ཕྱིར༷་གང༷་ལ༷་འཁོར་དུ་གཉིད་ཡོད༷་པ༷་ལ་དེ༷་བསྣན༷་ནོ༷། ། ཇི་ལྟར་ན། གཉིད་བཅས་དགེ་བའི་སེམས་ལ་ནི། །རྟོག་དང་དཔྱོད་དང་བཅས་པའི་ཕྱིར། །སེམས་ལས་བྱུང་བ་ཉི་ཤུ་གསུམ། །ལ་ལ་དག་ཏུ་འགྱོད་པ་བསྣན། །ལྟ་དང་ལྡན་ལ་ཉི་ཤུ་གཅིག །ཉོན་མོངས་བཞི་དང་ཁྲོ་སོགས་དང༌། །འགྱོད་པ་དང་ནི་ཉི་ཤུ་གཉིས། །བསྒྲིབས་ལ་བཅུ་དགུ་ལུང་མ་བསྟན། །གཞན་ལ་བཅུ་གསུམ་དག་ཏུ་འདོད། །ཅེས་སྦྱར་རོ། །འདོད་པ་ན་ཡོད་པ་དེ༷་དག་ལས༷་འགྱོ༷ད་གཉིད༷་མི༷་དགེ༷་བ་རྣམ༷ས་བས༷མ་གཏ༷ན་དང༷་པོ༷་དག༷་ན༷་མེད༷་དོ། །དེ་ན་འགྱོད་པ་མེད་དེ། འགྱོད་པ་ཡིད་མི་བདེ་དང་མཚུངས་ལྡན་ཡིན། དེ་ན་ཡིད་མི་བདེ་མེད་པའི་ཕྱིར། དེ་ན་གཉིད་མེད་དེ། གཉིད་ནི་སེམས་ནང་དུ་སྡུད་པ་ཡིན་ལ། བསམ་གཏན་དང་པོར་སེམས་ནང་དུ་སྡུད་པའི་ཚེ་ཏིང་ངེ་འཛིན་དུ་འགྱུར་བའི་ཕྱིར། དེ་ན་མི་དགེ་བ་མེད་དེ། དེ་མ་སྤངས་པར་བསམ་གཏན་དང་པོར་མི་སྐྱེ་བའི་ཕྱིར། རྟོག༷་པ༷འང༷་བས༷མ་གཏ༷ན་ཁྱད༷་པར༷་ཅན༷་ན་མེད་དེ། རྟོག་པ་ལ་འདོད་ཆགས་དང་བྲལ་བའི་ཕྱིར། དེ༷་ཡི༷་གོང༷་མ་བསམ་གཏན་གཉིས་པ་ཡན་ཆད་ན༷་དཔྱོད༷་པ༷འང༷་མེད༷་དེ། དཔྱོད་པ་ལ་འདོད་ཆགས་དང་བྲལ་ནས་སྤངས་པའི་ཕྱིར། ཡང་ཞེས་པས་དེ་ན་གཡོ་སྒྱུའང་མེད་པར་བསྟན་ཏེ། གང་ལ་གཙོ་འཁོར་ཡོད་པ་དེ་ན་གཙོ་བོས་འཁོར་བསྡུ་བའི་ཕྱིར་གཡོ་སྒྱུ་ཡོད་ལ། བསམ་གཏན་གཉིས་པ་ཡན་ཆད་ན་གཙོ་འཁོར་མེད་པའི་ཕྱིར། བསམ་གཏན་དང་པོ་མན་ཆད་ན་གཙོ་འཁོར་ཡོད་དེ། རྒྱལ་རིགས་ཀྱི་འཁོར། བྲམ་ཟེའི་འཁོར། ཁྱིམ་བདག་གི་འཁོར། དགེ་སྦྱོང་གི་འཁོར། རྒྱལ་ཆེན་རིས་བཞི་བའི་འཁོར། སུམ་ཅུ་རྩ་གསུམ་པའི་འཁོར། བདུད་ཀྱི་འཁོར། ཚངས་པའི་འཁོར་ཞེས་སོགས་བཤད་པའི་ཕྱིར། གསུམ་པ་འདྲ་བ་ལྟ་བུའི་ཁྱད་པར་ནི། འཇིག་རྟེན་ན་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ཞེས་གཅིག་པ་ལྟ་བུར་གླེང་ན། དེ་གཉིས་དོན་གཅིག་གམ་ཐ་དད་ཅེ་ན། དོན་ཐ་དད་དེ། ཡོན་ཏན་དང་ཡོན་ཏན་ཅན་ལ་མ༷་གུས༷་པ་ནི་ངོ༷་ཚ༷་མེད༷་པ་དང༌། ཁྲེལ༷་མེ༷ད་པ་ནི་ཁ༷་ན༷་མ༷་ཐོ༷་བ་ལ་འཇི༷གས་པར་མི༷་ལྟ༷་བ་ཡིན་པའི་ཕྱིར། དག༷འ་བ་དང༷་གུས༷་པ་གཉིས་དོན་གཅིག་གམ་ཐ་དད་ཅེ་ན། དོན་ཐ་དད་དེ། དགའ་བ་ནི་དད་པ་དང༌། གུས་པ་ཉིད༷་ངོ༷་ཚ༷་ཤེས༷་པ་ཡིན་པའི་ཕྱིར། སྤྱིར་དགའ་བ་ལ་ཉོན་མོངས་ཅན་དང༌། དེ༷་མ་ཡིན་པ་གཉིས༷་ཡོད་དེ། དང་པོ་ནི་རང་གི་བུ་དང་ཆུང་མ་ལ་དགའ་བ་ལྟ་བུའོ། །གཉིས་པ་ནི་སྟོན་པ་དང༌། བླ་མ་དང༌། ཡོན་ཏན་ཅན་ལ་དགའ་བ་ལྟ་བུའོ། །གང་ཟག་ལ་དམིགས་པའི་དགའ་བ་དང་གུས་པ་དེ་གང་ན་ཡོད་ཅེ་ན། འདོ༷ད་པ་དང༷་གཟུག༷ས་ཀྱི་ཁམས་དག༷་ན༷་ཡོད། གཟུགས་མེད་ན་མེད་དེ། གཟུགས་མེད་ཀྱི་གང་ཟག་རྣམས་ཕན་ཚུན་ཡུལ་མ་ཡིན་པའི་ཕྱིར། རྟོག་དཔྱོད་ཀྱི་ཁྱད་པ་ཇི་ལྟར་ཞེ་ན། རྟོག༷་པ་དང༷་དཔྱོད༷་པ༷་ནི་རིམ་པ་བཞིན་དུ་སེམས་དོན་གྱི་ངོ་བོའི་རྣམ་པ་ཅན་གྱི་རྩིང༷་བ་དང༌། སེམས་ཁྱད་པར་གྱི་རྣམ་པ་ཅན་གྱི་ཞིབ༷་པ་ལ་འཇུག་པ་ཉིད༷་དོ། །ང༷་རྒྱལ༷་ནི་ཕ་རོལ་པོ་ལས་རིགས་དང་ཡོན་ཏན་སོགས་པ་མཐོ་སྙམ་དུ་ཁེང༷ས་པའི༷་རྣམ་པ་ཅན་དང༌། རྒྱག༷ས་པ༷་ནི༷་རང༷་གི༷་གཟུགས་དང་དཔའ་བ་ལ་སོགས་པའི་ཆོས༷་ལ༷་ཆག༷ས་པ་ཡིས༷་སེམ༷ས་ནི༷་ཡོང༷ས་སུ་གཏུག༷ས་ཤིང་ཟད་པའམ། འགག་པར་བྱེད་པ༷འོ༷། ། བཞི་པ་ཐ་དད་ལྟ་བུའི་གཅིག་པ་ནི། སེམ༷ས་དང༷༌། ཡིད༷་དང༷༌། རྣམ༷་ཤེས༷་གསུམ་ཐ་དད་ལྟ་བུར་གླེང་ན༷། དོན་གཅིག་གམ་ཐ་དད་ཅེ་ན། སེམས་དང༌། ཡིད་དང༌། རྣམ་ཤེས་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཏེ། དགེ་མི་དགེ་ལ་སོགས་པ་འབྱེད་པས་ན་སེམས་དང༌། གཟུགས་ལ་སོགས་པ་ཤེས་པས་ན་ཡིད་དང༌། དམིགས་པ་རྣམ་པར་ཤེས་པས་ན་རྣམ་ཤེས་སོ། །སེམས་ལ་སོགས་པ་གསུམ་པོ་དོ༷ན་གཅི༷ག་པ་དེ་བཞིན་དུ་སེམ༷ས་དང༷་སེམ༷ས་ལས་བྱུང༷་བ་དང༷༌། རྟེན༷་དང༷་བཅས་པ་ཞེས་པ་དང༌། དམིག༷ས་པ་དང༷་བཅ༷ས་པ་དང༌། རྣམ༷་པ་དང༷་བཅས་པ་དང༌། མཚུང༷ས་པ༷ར་ལྡན༷་པ༷་ཞེས་པའང༷་དོན་གཅིག་སྟེ། སེམས་དང་སེམས་ལས་བྱུང་བ་དེ་ཉིད་དབང་པོ་དྲུག་ལ་བརྟེན་པའི་ཕྱིར་དང༌། ཡུལ་ལ་དམིགས་པའི་ཕྱིར་དང༌། སྔོན་པོ་ལ་སོགས་པའི་རྣམ་པ་དང་བཅས་པའི་ཕྱིར་དང༌། མཚུངས་པ་ལྔས་མཚུངས་པར་གནས་པའི་ཕྱིར། འོ་ན། མཚུངས་པ་རྣམ༷་པ༷་ལྔ༷་གང་ཞེ་ན། རྟེན་དབང་པོ་མཚུངས་པ་དང༌། དམིགས་པ་ཡུལ་དང༌། རྣམ་པ་སྔོ་སོགས་དང༌། དུས་སྐད་ཅིག་མར་དང༌། རྫས་རེ་རེ་བར་མཚུངས་པའོ། །", "target": {"entries": [{"title": "མ་ངེས་པ་དང་བཅས་པའི་མཚུངས་ལྡན", "level": 1, "start": 0, "anchor": "གཉིས་པ་མ་ངེས་པ་དང་བཅས་པའི་མཚུངས་ལྡན་ནི། "}, {"title": "འདྲ་བ་ལྟ་བུའི་ཁྱད་པར", "level": 1, "start": 2942, "anchor": "གསུམ་པ་འདྲ་བ་ལྟ་བུའི་ཁྱད་པར་ནི། འཇིག་རྟེ"}, {"title": "ཐ་དད་ལྟ་བུའི་གཅིག་པ", "level": 1, "start": 4027, "anchor": "བཞི་པ་ཐ་དད་ལྟ་བུའི་གཅིག་པ་ནི། སེམ༷ས་དང༷༌"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4821, "headings": 3}} {"id": "IBA-LWS-08-026", "input": "གཉིས་པ་མ་ཐོབ་པའི་ཁྱད་ཆོས་ནི། དགེ་ལ་སོགས་ཀྱི་དགེ་ལ་སོགས། །ཞེས་བཤད་པ་མ་ཐོབ་པ་ལའང་ངེས་སམ་ཞེ་ན། མ༷་ཐོབ༷་པ་ནི་མ༷་བསྒྲིབ༷ས་ལུང༷་མ༷་བསྟན༷་ཡིན་གྱི། དགེ་བ་མ་ཡིན་ཏེ། དགེ་རྩ་ཆད་པའི་རྒྱུད་ལའང་ཡོད་པའི་ཕྱིར། ཉོན་མོངས་ཅན་མིན་ཏེ། འདོད་ཆགས་དང་བྲལ་བའི་རྒྱུད་ལའང་ཡོད་པའི་ཕྱིར། དུས་གསུམ་པ་ཡི་རྣམ་པ་གསུམ། །ཞེས་པ་མ་ཐོབ་པ་ལའང་ངེས་སམ་ཞེ་ན། ཐོབ་བྱའི་ཆོས་འད༷ས་པ་དང་མ༷་སྐྱེས༷་པའི་མ་ཐོབ་པ་དེ༷་ནི་དུས་རྣམ༷་པ་གསུ༷མ་ག་ཡོད་ཀྱི། ཐོབ་བྱའི་ཆོས་ད་ལྟ་བའི་མ་ཐོབ་པ་ད་ལྟ་བ་མེད་དེ། ཐོབ་བྱའི་ཆོས་ཇི་ལྟར་སྟོབས་ཆུང་ཡང་དེའི་ཐོབ་པ་དང་ལྷན་ཅིག་སྐྱེ་བའི་ཕྱིར། དེའང་དཔེར་མཚོན་ན། སོར་སྡོམ་འདས་པའི་མ་ཐོབ་པ་འདས་པ་ནི་རང་སྐྱེས་པའི་གང་ཟག་དེའི་རྒྱུད་ལ་སོར་སྡོམ་མ་སྐྱེའི་གོང་དུ་སོར་སྡོམ་གྱི་མ་ཐོབ་པ་སྐྱེས་པ་ལྟ་བུའོ། །དེ་ལྟ་བུ་ནི་སྔ་མའི་སྐད་ཅིག་གཉིས་པའོ། །མ་འོངས་པ་ནི་སྐད་ཅིག་གཉིས་པ་ཕན་ཆད་དོ། །སོར་སྡོམ་ད་ལྟ་བའི་མ་ཐོབ་པ་ད་ལྟ་བ་ནི་མེད་དེ། ད་ལྟ་བར་མ་ཐོབ་པ་འགལ་བས་སོ། །ད་ལྟ་བའི་མ་ཐོབ་པ་འདས་པ་ནི་སོར་སྡོམ་ཐོབ་རྒྱུའི་གང་ཟག་དེའི་རྒྱུད་ལ་དེ་མ་ཐོབ་གོང་དུ་དེའི་མ་ཐོབ་པ་སྐྱེས་པ་ལྟ་བུའོ། །དེའི་སྐད་ཅིག་གཉིས་པ་ཕན་ཆད་མ་འོངས་པའོ། །མ་ཐོབ་པ་མ་འོངས་པའི་འདས་པའི་མ་ཐོབ་པ་ནི་རང་དང་དུས་མཉམ་པ་དང༌། ད་ལྟར་ནི་ད་ལྟའི་གོ་སར་འཕོས་པ། མ་འོངས་པ་ནི་དེའི་སྐད་ཅིག་གཉིས་པ་ཕན་ཆད་དོ། །འདི་དག་ཀྱང་དཔེར་ན། འོད་སྲུང་གི་དུས་ན་ཡོད་པའི་ཆོས་འཁོར་བ་འཇིག་གི་དུས་སུ་མ་ཐོབ་པ་ཡོད་པ་དང༌། བྱམས་པའི་དུས་ན་ཡོད་པའི་ཆོས་སེང་གེ་དང་རབ་གསལ་གྱི་དུས་ན་མ་ཐོབ་པ་ཡོད་པ་ལྟ་བུའོ། །འོ་ན། མ་ཐོབ་པ་ཁམས་གང་དུ་གཏོགས་ཤེ་ན། ཆོས་འདོ༷ད་པ་ལ་སོག༷ས་པ་ཁམས་གསུམ་དུ་གཏོག༷ས་པའི་མ་ཐོབ་པ་དང༷་དྲི༷་མེད༷་འགོག་ལམ་གཉིས་ཀྱི༷་མ་ཐོབ་པའང༷་ཁམས་གསུམ་པོ་དེར་གཏོགས་ཏེ། འདི་ལྟར་འདོད་པའི་རྟེན་ཅན་གྱིས་ཁམས་གསུམ་གྱི་ཆོས་དང་ཟག་མེད་ཀྱི་ཆོས་གང་མ་ཐོབ་ཀྱང་མ་ཐོབ་པ་ནི་འདོད་པར་གཏོགས་ཤིང༌། གོང་མ་གཉིས་ལའང་འོག་སའི་ཆོས་ས་འཕོས་པས་བཏང་བ་དང༌། གོང་ས་དང༌། རང་གི་ཡོན་ཏན་དང༌། ཟག་མེད་ཀྱི་མ་ཐོབ་པ་གང་ཡོད་ཀྱང་ཁམས་དེར་གཏོགས་པའི་ཕྱིར་ཏེ། རྟེན་དབང་བཙན་པའི་ཕྱིར། ཅིའི་ཕྱིར་ཟག་མེད་ཀྱི་མ་ཐོབ་པ་ཁམས་སུ་གཏོགས་ཤེ་ན། ཟག་མེད་ལམ༷་གྱི་མ༷་ཐོབ༷་པས༷་ནི་སོ༷་སོ༷འི་སྐྱེ༷་བོར༷་འདོད༷་པས་ཟག་བཅས་ཁོ་ནར་ངེས་པའི་ཕྱིར་རང་རང་མ་ཐོབ་པའི་རྟེན༷་གྱི་ཁམས་དེར་གཏོགས་པ་ཡིན་ནོ། །འོ་ན། སོ་སོའི་སྐྱེ་བོ་དེ་དག་གང་གིས་གཏང་བར་འགྱུར་ཞེ་ན། ཁམས་གསུམ་གྱི་སོ་སོའི་སྐྱེ་བོ་ནི་འཕགས་ལམ་དེ༷་ཐོབ༷་པས་གཏང་བར་འགྱུར་བ་དང༷༌། འདོད་པ་ནས་བསམ་གཏན་དང་པོར་ས༷་འཕོས༷་པས་འདོད་པའི་སོ་སྐྱེ་གཏང་བ་དང༌། དེ་བཞིན་དུ་སྲིད་རྩེའི་བར་སྦྱར་རོ། །སྲིད་རྩེ་ནས༷་ནི༷་ཅི་ཡང་མེད་པར་སྐྱེ་བས་སྲིད་རྩེའི་སོ་སྐྱེ་རྣམ༷་པར་ཉམ༷ས་པ་སྟེ་གཏང་བར་འགྱུར༷་བ་ལྟ་བུའོ། །དེས་འདོད་པའི་བར་རིགས་འགྲེ། གཉིས་པ་སྐལ་མཉམ་ནི། སྐལ་མཉམ། ཞེས་བཤད་ན། དེ་གང་ཞེ་ན། སྐལ༷་མཉ༷མ་ཞེས་བྱ་བ་ནི་སེམ༷ས་ཅན༷་རྣམས་སྤྱོད་པ་དང༌། བསམ་པ་དང༌། རང་བཞིན་འདྲ༷་བར༷་བྱེད་པའི་རྫས་སོ། །དབྱེ་ན་ཐ་དད་དང༌། ཐ་དད་མིན་པ་གཉིས། ཕྱི་མ་ནི་སེམས་ཅན་ཙམ་དུ་འདྲ་བར་བྱེད་པའི་རྫས་ཤིག་སྟེ། སེམས་ཅན་ཞེས་པའི་སྤྱི་དེས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འདྲ་བར་གོ་བ་ལྟ་བུའོ༷། །སེམས་ཅན་ཐམས་ཅད་ལ་སྐལ་མཉམ་གྱི་རྫས་རེ་རེ་ཡོད་པས་རྫས་ཐ་དད་ཀྱང་རིགས་གཅིག་པས་ཐ་དད་མ་ཡིན་པ་ཞེས་བརྗོད་དོ། །དང་པོ་ནི་ལྷ་དང༌། མི་དང༌། དགེ་ཚུལ་སོགས་ནང་ཕན་ཚུན་འདྲ་བར་བྱེད་པའི་རྫས་ཤིག་སྟེ། མི་སྐལ་མཉམ་མི་ཞེས་པའི་སྤྱི་ལྟ་བུའོ། །སྐལ་མཉམ་རྫས་སུ་ཡོད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། དེ་དག་ལ་སྒྲ་བློ་མཐུན་པར་འཇུག་པའི་ཕྱིར། འདིའང་བྱེ་སྨྲའི་རྟོག་བཏགས་ཏེ་སློབ་དཔོན་མི་བཞེད་དོ། །", "target": {"entries": [{"title": "མ་ཐོབ་པའི་ཁྱད་ཆོས", "level": 1, "start": 0, "anchor": "གཉིས་པ་མ་ཐོབ་པའི་ཁྱད་ཆོས་ནི། དགེ་ལ་སོགས་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 2904, "headings": 1}} {"id": "IBA-LWS-08-028", "input": "ལྔ་པ་སྲོག་ནི། སྲོག་དང༌། ཞེས་བཤད་ན། སྲོག་དེ་གང་ཞེ་ན། སྲོག༷་ནི༷་ཚེ༷་ཡི༷ན་ཏེ། གདགས་པའི་བསྟན་བཅོས་ལས། སྲོག་གང་ཞེ་ན། ཁམས་གསུམ་པའི་ཚེའོ། །ཞེས་གསུངས་པའི་ཕྱིར། ཚེ་གང་ཞེ་ན། ཚེ་ནི་ལུས་ཀྱི་དྲོད༷་དང༷་རྣམ༷་པར་ཤེས༷་པ་གནས་པའི་རྟེན༷་བྱེད་པའི་མི་ལྡན་པའི་འདུ་བྱེད་རྫས་གྲུབ་གང༷་ཡི༷ན་པ༷འོ༷། །དེའང་འདོད་པ་དང་གཟུགས་སུ་དྲོད་དང་རྣམ་ཤེས་གཉིས་ཀའི་རྟེན་ཡིན་ལ། གཟུགས་མེད་ཁམས་སུ་ནི་རྣམ་ཤེས་ཁོ་ནའི་རྟེན་ཡིན་ནོ། འོ་ན། ཚེ་ཟད་པ་ཁོ་ནས་འཆིའམ་ཞེ་ན། འདི་ལ་མུ་བཞི་ཡོད་དེ། ཚེ་ཟད་ལ་བསོད་ནམས་མ་ཟད་པར་འཆི་བ་ནི་ཚེ་རྣམ་པར་སྨིན་པའི་ལས་ཟད། ལོངས་སྤྱོད་རྣམ་པར་སྨིན་པར་འགྱུར་བའི་ལས་མ་ཟད་པ་ལྟ་བུའོ། །ཚེ་མ་ཟད་ལ་བསོད་ནམས་ཟད་ནས་འཆི་བ་ནི་ཚེ་རྣམ་སྨིན་གྱི་ལས་མ་ཟད་པར། ལོངས་སྤྱོད་རྣམ་སྨིན་གྱི་ལས་ཟད་ནས་འཆི་བ་ལྟ་བུའོ། །གཉིས་ཀ་ཡིན་པ་ནི་ཚེ་དང་བསོད་ནམས་རྣམ་སྨིན་གྱི་ལས་གཉིས་ཀ་ཟད་ནས་འཆི་བ་ལྟ་བུའོ། །གཉིས་ཀ་མ་ཡིན་པ་ནི་ཚེ་རྣམ་པར་སྨིན་པར་འགྱུར་བའི་ལས་དང༌། ལོངས་སྤྱོད་རྣམ་པར་སྨིན་པར་འགྱུར་བའི་ལས་གཉིས་ཀ་མ་ཟད་པར་དུས་མ་ཡིན་པར་འཆི་བ་ལྟ་བུའོ། ། དྲུག་པ་མཚན་ཉིད་ནི། མཚ༷ན་ཉིད༷་དག༷་ནི༷་སྐྱེ༷་བ༷་དང༷༌། རྒ༷་བ་དང༷༌། གན༷ས་པ་དང༷༌། མི༷་རྟག༷་པ་ཉིད༷་དོ། །དེའང་ཆོས་དེ་འདུས་བྱས་སུ་མཚོན་པས་ན་མཚན་ཉིད། སྐྱེ་བ་ནི་སྐྱེ་བར་བྱེད་པ་དང༌། རྒ་བ་ནི་རྒས་པར་བྱེད་པ་དང༌། གནས་པ་ནི་གནས་པར་བྱེད་པ་དང༌། མི་རྟག་པ་ནི་འཇིག་པར་བྱེད་པའོ། །དེ་ལ་སྐྱེ་བ་ལ་སོགས་པའང་འདུས་བྱས་ཡིན་པས་སྐྱེ་བ་སོགས་གཞན་ཡོད་དམ་ཞེ་ན། ཡོད་དེ། སྐྱེ༷་བ་སོགས་དེ༷་དག༷་ལའང་སྐྱེ༷་བའི༷་སྐྱེ༷་བ་ལ༷་སོག༷ས་པ་ཡོད་པའི་ཕྱིར། སྐྱེ་བའི་སྐྱེ་བ་སོགས་ཀྱང་འདུས་བྱས་ཡིན་པས་སྐྱེ་བ་སོགས་ཡོད་དགོས་ལ། དེ་ལྟ་ན་ཐུག་མེད་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། བུམ་པ་ལྟ་བུ་ཞིག་སྐྱེ་བའི་ཚེ་ན། རང་དང་རྩ་བའི་མཚན་ཉིད་སྐྱེ་སོགས་བཞི་དང༌། རྗེས་མཐུན་གྱི་མཚན་ཉིད་རྩ་བའི་སྐྱེ་བ་སྐྱེད་པར་བྱེད་པའི་སྐྱེ་བའི་སྐྱེ་བ་སོགས་བཞི་སྟེ་དགུ་མ་འོངས་པ་ནས་ད་ལྟར་དུ་ལྷན་ཅིག་སྐྱེ་ལ། དེ༷འི་ཚེ་སྐྱེ་བ་དེས་རང་མ་གཏོགས་པའི་ཆོས༷་བརྒྱད༷་སྐྱེད་ལ། སྐྱེ་བའི་སྐྱེ་བ་དེས་སྐྱེ་བ་གཅི༷ག་པུ་ལ༷་འཇུག༷་ཅིང་སྐྱེད་པའི་ཕྱིར། འོ་ན། འདུ་བྱེད་ཀྱི་རྒྱུན་ལ་སྐྱེ་བ་སོགས་ཇི་ལྟར་ཡོད་ཅེ་ན། ཡོད་དེ། རྒྱུན་གྱི་དང་པོ་སྐྱེ་བ་དང༌། རྒྱུན་གྱི་རྗེས་སུ་མཐུན་པར་འཇུག་པ་གནས་པ་དང༌། རྒྱུན་སྔ་ཕྱིའི་བྱེ་བྲག་རྒ་བ་དང༌། རྒྱུན་ལྡོག་པ་འཇིག་པ་ཡིན་པའི་ཕྱིར། ཞེས་ཟེར་རོ། །འདིའང་བྱེ་སྨྲའི་རྟོག་བཏགས་སོ། །སྐྱེ་བ་མ་འོངས་པས་ཆོས་དེ་སྐྱེད་ན། ཆོས་ཐམས་ཅད་ཅིག་ཆར་སྐྱེ་བར་འགྱུར་རོ་ཞེ་ན། རང་རང་གི་རྒྱུ༷་དང༷་རྐྱེན༷་དག༷་ཚོགས་པ་མེད༷་པར༷་ནི༷་སྐྱེ༷་བ༷་འབའ་ཞིག་གིས་བསྐྱེད༷་པར་བྱ༷་བ་མ་འོངས་པ་རྣམས་ད་ལྟར་དུ་སྐྱེད༷་པར་བྱེད༷་པ་མིན༷་ཏེ། རྒྱུ་རྐྱེན་ཚོགས་པ་ཚང་བས་ད་ལྟར་དུ་བསྐྱེད་པའི་ཕྱིར། འོ་ན། སྐྱེ་བ་དོན་མེད་པར་འགྱུར་རོ་ཞེ་ན། མིན་ཏེ། དབང་སོགས་བཞིན་ནོ། ། བདུན་པ་བརྗོད་བྱེད་ནི། སྔར་མདོར་བསྟན་པའི་མིང༷་གི༷་ཚོག༷ས་དང༌། ལ༷་སོག༷ས་པ༷་ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་ནི༷་གང་ཡིན་ཞེ་ན། མིང༷་ནི་དོན་གྱི་ངོ་བོ་ཙམ་བརྗོད་པ་གཟུགས་ཞེས་པའམ་བུམ་པ་ཞེས་པ་ལྟ་བུ་སྟེ། ཡི་གེ་ག་དང༌། ཟ་དང༌། ཞབས་ཀྱུ་དང༌། ག་དང༌། ས་རྣམས་འདུས་པ་ན་མིག་གི་སྐྱེ་མཆེད་ཀྱི་ཡུལ་གོ་བར་བྱེད་པའི་མི་ལྡན་པའི་འདུ་བྱེད་རྫས་གྲུབ་ཅིག་ཡོད་དོ་ཞེས་དང༌། ངག༷་གམ་ཚིག་ནི་ཀྱེ་མ་འདུས་བྱས་རྣམས་མི་རྟག་ཅེས་པ་ལྟ་བུ་རྗོད་བྱེད་གང་གིས་སྐབས་ཀྱི་བརྗོད་བྱའི་དོན་རྫོགས་པར་སྟོན་པ་སྟེ། མིང་དུ་མ་འདུས་པ་ལ་བརྗོད་བྱའི་དོན་ཞིག་སྟོན་པའི་མི་ལྡན་པའི་རྫས་ཤིག་ལ་འདོད། ཡི༷་གེ༷་ནི་མིང་ཚིག་གི་གཞིར་གྱུར་པའམ་ཆ་ཤས་ཏེ། ཀ་ལ་སོགས་པའོ། །ངེས་ཚིག་ནི་ཨཀྵར་མི་འགྱུར་བ་སྟེ། ཡུལ་དུས་ཀྱི་བརྡའི་དབང་གིས་རང་གི་ངོ་བོ་གཞན་དུ་མི་འགྱུར་བའོ། །མཚན་གཞི་ནི་བློ་ངོའི་ཀ་ལ་སོགས་པའོ། །དེ་ནི་མིང་ཚིག་གི་གཞིར་གྱུར་པའི་མི་ལྡན་པའི་འདུ་བྱེད་ཀྱི་རྫས་ཤིག་ཡིན་ནོ། །ཚོག༷ས་ནི་ཕྲེང་བ་ལ་སོགས་པ་བཞིན་དུ་མང་པོ་འདུས་པའི་དོན་ཏོ། །དེ་གསུམ་ཁམས་གང་དུ་གཏོགས་ཤེ་ན། འདོ༷ད་ཁམས་དང༷་གཟུག༷ས་སུ་གཏོག༷ས་པ་ཡིན་གྱི། གཟུགས་མེད་དུ་མ་ཡིན་ཏེ། གཟུགས་མེད་ན་ངག་སོགས་མེད་པའི་ཕྱིར། སེམ༷ས་ཅན༷་དུ་སྟོན༷་པའང་ཡིན་ཏེ། རྩོལ་བ་ལས་བྱུང་བའི་ཕྱིར་དང༌། རྒྱུད་ཀྱིས་བསྡུས་པའི་ཕྱིར། དེ་དག་སྐལ་མཉམ་གྱི་རྒྱུས་བསྐྱེད་པས་བྱུང་བ་གསུམ་ལས། རྒྱུ༷་མཐུ༷ན་ལས་བྱུང་བ་ཡིན་གྱི། རྒྱས་བྱུང་དང་རྣམ་སྨིན་ལས་བྱུང་བ་ནི་མིན་ཏེ། རྡུལ་ཕྲན་བསགས་པ་མ་ཡིན་པས་རྒྱས་མི་ནུས་པ་དང༌། འདོད་རྒུར་འབྱུང་བའི་ཕྱིར། དེ་དག་དགེ་མི་དགེར་ལུང༷་བསྟན༷་པ་མིན༷་ཏེ། དགེ་རྩ་ཆད་པ་དང༌། ཉོན་མོངས་པ་སྤངས་པ་ལའང་ཡོད་པའི་ཕྱིར། དེས་ན་མ་བསྒྲིབས་ལུང་མ་བསྟན་ཡིན་ནོ། །ཇི་ལྟར་དེ་དག་སེམས་ཅན་དུ་སྟོན་པ་དང༌། རྒྱུ་མཐུན་ལས་བྱུང་བ་དང༌། མ་བསྒྲིབས་ལུང་མ་བསྟན་ཡིན་པ་དེ༷་བཞི༷ན་དུ་གོང་དུ་བཤད་པའི་སྐལ༷་མཉ༷མ་ཡང་ཡིན་ནོ། །དེར་མ་ཟད་སྐལ་མཉམ་འདི་ནི་རྣམ༷་པར༷་སྨིན༷་པ༷འང༷་ཡི༷ན་ཏེ། རྣམ་སྨིན་སྐྱེས་ཀྱི་མིག་སོགས་འདྲ་བར་བྱེད་པའི་རྫས་དེ་རྣམ་སྨིན་ཡིན་པའི་ཕྱིར། འདི་ཁམས༷་གསུ༷མ་དུ་གཏོགས་པ༷་ཡིན་ཏེ༷། སེམས་ཅན་ཐམས་ཅད་ལ་སེམས་ཅན་དུ་འདྲ་བར་བྱེད་པའི་རྫས་སམ་སྐལ་མཉམ་གྱི་རྫས་རེ་རེ་ཡོད་པའི་ཕྱིར། ཐོབ་པའང་རྒྱུ་མཐུན་ལས་བྱུང་བ་དང་རྣམ་སྨིན་ལས་བྱུང་བ་རྣམ༷་པ་གཉི༷ས་ཀ་ཡོད་པ་ཡིན་ནོ། །ཕྱི་མ་དེ་ཡིན་ཏེ། རྣམ་སྨིན་སྐྱེས་ཀྱི་མིག་སོགས་ཀྱི་ཐོབ་པ་དེ་རྣམ་སྨིན་ཡིན་པའི་ཕྱིར། མཚན༷་ཉིད༷་རྣམ༷ས་ཀྱང༷་རྒྱུ་མཐུན་ལས་བྱུང་བ་དང་རྣམ་སྨིན་ལས་བྱུང་བ་ཡིན་ནོ། །སྙོམ༷ས་འཇུ༷ག་གཉིས་དང༷་མི༷་ལྡན༷་པ༷་མ་ཐོབ་པ་དག༷་རྒྱུ༷་མཐུན༷་པ༷་ལས་བྱུང་བ་ཡིན་གྱི། རྣམ་སྨིན་ལས་བྱུང་བ་མ་ཡིན་ཏེ། སྙོམས་འཇུག་གཉིས་དགེ་བར་ངེས་ཤིང༌། མི་ལྡན་པ་དེ་ཞར་བྱུང་ཡིན་གྱི། བློ་སྔོན་དུ་བཏང་བའི་ལས་ཀྱིས་མ་བྱས་པའི་ཕྱིར། །", "target": {"entries": [{"title": "སྲོག", "level": 1, "start": 0, "anchor": "ལྔ་པ་སྲོག་ནི། སྲོག་དང༌། ཞེས་བཤད་ན། སྲོག་"}, {"title": "མཚན་ཉིད", "level": 1, "start": 875, "anchor": "དྲུག་པ་མཚན་ཉིད་ནི། མཚ༷ན་ཉིད༷་དག༷་ནི༷་སྐྱ"}, {"title": "བརྗོད་བྱེད", "level": 1, "start": 2281, "anchor": "བདུན་པ་བརྗོད་བྱེད་ནི། སྔར་མདོར་བསྟན་པའི་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4496, "headings": 3}} {"id": "IBA-LWS-08-029", "input": "གཉིས་པ་ཞར་ལ་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་བཤད་པ་ལ་གཉིས་ལས། རྒྱུ་འབྲས་བུ་དང་བཅས་པ་བཤད་པ་དང༌། རྐྱེན་བཤད་པའོ། །དང་པོ་(རྒྱུ་འབྲས་བུ་དང་བཅས་པ་བཤད་པ་)ལ་གསུམ། རྒྱུ་བཤད་པ། འབྲས་བུ་བཤད་པ། དེ་གཉིས་ཀྱི་ཐུན་མོང་གི་ཆོས་བཤད་པའོ། །དང་པོ་(རྒྱུ་བཤད་པ་)ལ་གསུམ། བསྟན། བཤད། དོན་བསྡུ་བའོ། །དང་པོ་(མདོར་བསྟན་པ་)ནི། རྒྱུ་དང་རྐྱེན་དག་མེད་པར་ནི། །ཞེས་བཤད་ན། རྒྱུ་དེ་ལ་དུ་ཡོད་ཅེ་ན། དྲུག་ཡོད་དེ། བྱེད༷་རྒྱུ༷་དང༌། ལྷ༷ན་ཅིག༷་འབྱུ༷ང་བའི༷་རྒྱུ་དང༷༌། སྐལ༷་མཉ༷མ་གྱི་རྒྱུ་དང༌། མཚུང༷ས་པར༷་ལྡན༷་པའི༷་རྒྱུ་དང༷༌། ཀུན༷་ཏུ་འགྲོ༷་བའི་རྒྱུ་དང༷༌། རྣམ༷་སྨིན༷་གྱི་རྒྱུ་སྟེ། རྒྱུ༷་ནི༷་རྣམ༷་པ༷་དྲུག༷་ཏུ༷་འདོ༷ད་པའི་ཕྱིར། ། གཉིས་པ་རྒྱས་བཤད་ལ་དྲུག་ལས། དང་པོ་ནི། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང༌། །ཞེས་བཤད་ན། བྱེད་རྒྱུ་དེ་གང་ཞེ་ན། ཆོས་གཅིག་སྐྱེ་བའི་ཚེ་རང༷་ཉིད་ལས༷་གཞ༷ན་པའི༷་འདུས་བྱས་མ་བྱས་ཀྱི་ཆོས་རང་སྐྱེ་བ་ལ་གེགས་མི་བྱེད༷་པ་ཐམས་ཅད་ནི་བྱེད་པའི་རྒྱུ༷འི༷་རྒྱུ༷་ཡིན་ཏེ། རྒྱལ་པོས་གནོད་པ་མ་བྱས་པ་ཙམ་ལ་བདག་ཅག་བདེ་བར་བྱས་སོ་ཞེས་པ་ལྟ་བུའོ། །འོ་ན། སྣང་མུན་ཚ་གྲང་བྱེད་རྒྱུར་ཇི་ལྟར་འགྱུར་ཞེ་ན། སྣང་སོགས་མུན་སོགས་མི་སྐྱེ་བའི་ཆོས་ཅན་ལ་གེགས་བྱེད་ཅིང༌། སྐྱེ་བའི་ཆོས་ཅན་ལ་གེགས་མི་བྱེད་པས་བྱེད་རྒྱུར་འཇོག་གོ། །། གཉིས་པ་ལྷན་ཅིག་འབྱུང་བའི་རྒྱུ་ལ་གཉིས། མཚན་ཉིད་དང༌། མཚན་གཞིའོ། །དང་པོ་(མཚན་ཉིད་)ནི། ལྷན༷་ཅིག༷་འབྱུ༷ང་བའི་རྒྱུའི་མཚན་ཉིད་ནི་དུས་མཉམ་དུ་བྱུང་བའི་ཆོས་གང༷་ཞིག་རང་གི་འབྲས་བུ་དང་ཕན༷་ཚུན༷་རྒྱུ་འབྲས༷་སུ་གྱུར་པས་ཕན་འདོགས་པའི་ཆ་ནས་བཞག་པའོ། ། གཉིས་པ་མཚན་གཞི་ལ་གཉིས། སྤྱིར་བསྟན་པ་དང༌། སེམས་ཀྱི་རྗེས་འཇུག་བྱེ་བྲག་ཏུ་བཤད་པའོ། །དང་པོ་(སྤྱིར་བསྟན་པ་)ནི། དུས་མཉམ་པར་རྒྱུ་འབྲས་ཇི་ལྟར་འཐད་ཅེ་ན། ཚོགས་པ་གཅིག་པའི་ས་ལ་སོགས་པའི་འབྱུང༷་བ་ཆེན་པོ་བཞི༷་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་བཞིན་དང༌། སེམ༷ས་ཀྱི༷་རྗེས༷་སུ་འཇུག༷་པ་དང༷༌། སེམ༷ས་ཀྱང་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་བཞིན་དང༷༌། འདུས་བྱས་ཀྱི་མཚ༷ན་ཉི༷ད་སྐྱེ་སོགས་ཀྱང་མཚ༷ན་གཞི༷་བུམ་སོགས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་བཞི༷ན་དང༌། མཚན་གཞིའང་མཚན་ཉིད་ཀྱི་རྒྱུ་ཡིན་པ་བཞིན་ཏེ། འདུས་བྱས་གཅིག་སྐྱེ་བ་ན་རྩ་བའི་མཚན་ཉིད་བཞི་མཐུན་པའི་མཚན་ཉིད་བཞི་མཚན་གཞི་རང་དང་དུས་གཅིག་ཏུ་སྐྱེ་བར་འདོད་པའི་ཕྱིར། གཉིས་པ་(སེམས་ཀྱི་རྗེས་འཇུག་བྱེ་བྲག་ཏུ་བཤད་པ་)ནི། འོ་ན། སེམས་ཀྱི་རྗེས་སུ་འཇུག་པའི་ཆོས་དེ་དག་གང་ཞེ་ན། སེམ༷ས་ལས༷་བྱུང༷་བ་རྣམས་དང༷༌། བསམ་གཏན་དང་ཟག་མེད་ཀྱི་སྡོམ༷་པ་གཉི༷ས་དང༷༌། སེམ༷ས་སེམས་བྱུང་གཉིས་དང༷༌། སྡོམ་པ་དེ༷་དག༷་གི༷་སྐྱེ་སོགས་མཚ༷ན་ཉིད༷་རྣམས་ནི་སེམ༷ས་ཀྱི༷་རྗེས༷་འཇུག༷་ཡིན་ཏེ། སེམས་སེམས་བྱུང་སྡོམ་པ་གཉིས་ཀྱི་མཚན་ཉིད་རྣམས་སྐྱེ་གནས་འགག་པ་དུས༷་གཅིག་པ་དང༷༌། འབྲ༷ས་བུའང་བདག་འབྲས་དང༌། སྐྱེས་བུའི་བྱེད་འབྲས་དང༌། བྲལ་འབྲས་གཅིག་པ་དང༌། སོ༷གས་པས་རྣམ་སྨིན་གྱི་འབྲས་བུ་དང༌། རྒྱུ་མཐུན་ཀྱང་གཅིག་པ་དང༌། སེམས་དགེ༷་བ་ཡིན་ན་སེམས་བྱུང་རྣམས་ཀྱང་དེར་གཅིག་པ་དང༌། ལ༷་སཽ༷གས་པས༷་མི་དགེ་བ་དང་ལུང་མ་བསྟན་ཀྱང་དེ་དང་དེར་གཅིག་པའི་ཕྱིར་རོ། །སེམས་གང་གིས་ཆོས་དུའི་ལྷན་ཅིག་བྱེད་རྐྱེན་བྱེད་པ་ཡིན་ཞེ་ན། སེམས་ཀྱི་ནང་ནས་འཁོར་ཉུང་བ་མ་བསྒྲིབས་ལུང་མ་བསྟན་གྱིས་ཆོས་ལྔ་བཅུ་རྩ་བརྒྱད་ཀྱི་ལྷན་ཅིག་བྱེད་རྐྱེན་བྱེད་དེ། སེམས་ཀྱི་ས་མང་བཅུ། དེ་དག་གི་མཚན་ཉིད་སྐྱེ་སོགས་བཞི་བཅུ། རང་གི་རྩ་བའི་མཚན་ཉིད་བཞི། རྗེས་མཐུན་གྱི་མཚན་ཉིད་བཞིའི་ལྷན་ཅིག་བྱེད་རྐྱེན་བྱེད་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེ་ལ་ཉེ་བ་དང༌། སེམས་ཉིད་སྟོབས་དང་ལྡན་པའི་ཕྱིར། ཚུར་རྗེས་མཐུན་བཞི་མ་གཏོགས་པ་ལྔ་བཅུ་རྩ་བཞིས་ལྷན་ཅིག་བྱེད་རྐྱེན་བྱེད་ལ། བཞི་པོ་དེ་མ་གཏོགས་ཏེ། སེམས་ལས་སྟོབས་ཆུང་བའི་ཕྱིར། གསུམ་པ་སྐལ༷་མཉ༷མ་གྱི་རྒྱུ༷་ནི༷། ཆོས་འདྲ་བ་སྔ་མས་འབྲས་བུ་རིས་འདྲ༷་ཕྱི་མ་སྐྱེད་པ༷འོ༷། །དེའང་དགེ་བ་ཟག་བཅས་དང༌། ཟག་མེད་འདུས་བྱས་རྣམས་དང༌། ཉོན་མོངས་ཅན་རྣམས་དང༌། མ་བསྒྲིབས་ལུང་མ་བསྟན་རྣམས་སྔ་ཕྱིར་འདྲ་བའི་དོན་ཏོ། །དེས་ན་ཕུང་པོ་ལྔ་པོ་དེ་སྐལ་མཉམ་གྱི་རྒྱུའོ། །རིས་འདྲ་བ་ཐམས་ཅད་སྐལ་མཉམ་གྱི་རྒྱུ་ཡིན་ནམ་ཞེ་ན། སྤང་བྱ་རིས་ལྔའི་ནང་ནས་རང༷་དང་རི༷ས་གཅིག་པ་རྣམས་ཡིན་གྱི། རིས་མི་གཅིག་པ་མ་ཡིན་ཏེ། དཔེར་ན། སྡུག་བསྔལ་མཐོང་སྤང་སྡུག་བསྔལ་མཐོང་སྤང་གི་སྐལ་མཉམ་གྱི་རྒྱུ་ཡིན་ཡང་ཀུན་འབྱུང་མཐོང་སྤང་གི་སྐལ་མཉམ་གྱི་རྒྱུ་མ་ཡིན་ནོ། །དེའང་རང་དང་ས༷་གཅིག་པ༷་ཐམས་ཅད་སྐལ་མཉམ་གྱི་རྒྱུ་ཡིན་གྱི། ས་མི་གཅིག་པའི་མ་ཡིན་ཏེ། འདོད་པའི་སྡུག་བསྔལ་མཐོང་སྤང་དེ་འདོད་པའི་སྡུག་བསྔལ་མཐོང་སྤང་གི་སྐལ་མཉམ་གྱི་རྒྱུ་ཡིན་ཡང་གཟུགས་ཀྱི་སྡུག་བསྔལ་མཐོང་སྤང་གི་དེ་མ་ཡིན་པ་བཞིན་ནོ། །ས་གཅིག་པ་ཐམས་ཅད་ཡིན་ནམ་ཞེ་ན། སྔར་སྐྱེས་པ་འདས་པ་དང་ད་ལྟར་སྐལ་མཉམ་གྱི་རྒྱུ་ཡིན་གྱི། མ་འོངས་པ་སྐལ་མཉམ་གྱི་རྒྱུ་མ་ཡིན་ཏེ། མ་འོངས་པ་ལ་གོ་རིམ་མེད་པའི་ཕྱིར། དེའང་འདས་པ་དེ་ད་ལྟར་བ་དང་མ་འོངས་པའི་དེ་ཡིན། ད་ལྟར་བ་དེ་མ་འོངས་པའི་སྐལ་མཉམ་གྱི་རྒྱུ་ཡིན་ནོ། །ས་གཅིག་པ་དེ་སྐལ་མཉམ་ཐམས་ཅད་ལ་ངེས་སམ་ཞེ་ན། ཟག་བཅས་ལ་ངེས་ཀྱི། ཟག་མེད་ལ་མ་ངེས་ཏེ། བསམ་གཏན་དང་པོའི་ཉེར་བསྡོགས། ཁྱད་པར་ཅན། དངོས་གཞི་བཞི། གཟུགས་མེད་དང་པོ་གསུམ་སྟེ་ས༷་དགུ༷་ལ་བརྟེན་པའི་ཟག་མེད་ཀྱི་ལམ༷་རྣམས་ནི༷་རིས་དང་ས་མི་མཚུངས་ཀྱང་རང་དང་ཕན༷་ཚུན༷་དུ༷་མཉ༷མ་པ་དང༷༌། རང་ལས་ཁྱད༷་པར༷་ཅན༷་གྱི༷་སྐལ་མཉམ་གྱི་རྒྱུ་ཡི༷ན་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་མཉམ་པ་རང་གི་རིས་འདྲ་ཕྱི་མའི་དང༌། ཁྱད་པར་ཅན་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་དང༌། སྒོམ་ལམ་དང་མི་སློབ་པའི་ལམ་བདེན་གྱི་སྐལ་མཉམ་གྱི་རྒྱུ་ཡིན་པ་དང༌། དེ་བཞིན་དུ་དབང་རྟུལ་རང་གི་རིས་འདྲ་ཕྱི་མ་བསྐྱེད་པ་མཉམ་པ་དག་སྦྱངས་ཏེ་རྣོན་པོར་འཕོས་ན་ཁྱད་པར་ཅན་གྱི་རྒྱུ་ཡིན་པའི་ཕྱིར། ས་དེ་དག་རང་ལས་དམན་པའི་སྐལ་མཉམ་གྱི་རྒྱུ་བྱེད་པ་མ་ཡིན་ནོ། །ཟག་མེད་ཁོ་ནར་མ་ཟད་སྦྱོར༷་བྱུང༷་གི་དགེ་བ་ཟག་བཅས་ཐམས་ཅད་ཀྱང་མཉམ་པ་དང་ཁྱད་པར་ཅན་དེ༷་གཉི༷ས་ཁོ༷་ནའི༷་སྐལ་མཉམ་གྱི་རྒྱུ་ཡིན༷་ཏེ། ཐོས༷་བྱུང་ནི་མཉམ་པ་རང་གི་རིས་དང༷༌། ཁྱད་པར་ཅན་བས༷མ་བྱུང༷་དང༌། ལ༷་སོག༷ས་པས་བསྡུས་པ༷་བསམ་བྱུང་རང་དང་སྒོམ་བྱུང་གི་རྒྱུ་ཡིན། སྒོམ་བྱུང་རང་ཉིད་ཁོ་ནའི་རྒྱུའང་ཡིན་པའི་ཕྱིར། བཞི་པ་ནི། མཚུངས་ལྡན་གྱི་རྒྱུ་གང་ཞེ་ན། མཚུང༷ས་པར་ལྡན༷་པའི་རྒྱུ༷་ནི༷་ལྷན་ཅིག་འབྱུང་བའི་རྒྱུ་དང༌། སེམ༷ས་དག༷་དང༷༌། སེམ༷ས་ལས་བྱུང༷་བ་རྣམས་རྟེན༷་དབང་པོ་མཚུང༷ས་པ་དང༌། དེ་བཞིན་དུ་དམིགས་པ། རྣམ་པ། དུས། རྫས་མཚུངས་པ་ཅན༷་རྣམ༷ས་ཀྱི་སྒོ་ནས་ཕན་ཚུན་རྒྱུར་བཞག་པ་ཡིན་ནོ། ། ལྔ་པ་ནི། ཀུན་འགྲོའི་རྒྱུ་གང་ཞེ་ན། ཀུན༷་འགྲོ༷འི་རྒྱུ་ཞེས༷་བྱ༷་བ་ནི་རང་གི་འབྲས་བུ་ཉོན༷་མོང༷ས་ཅན༷་རྣམ༷ས་ཀྱི༷་ཐུན་མོང་གི་རྒྱུ་ཡིན་ནོ། །དེའང་སྡུག་བསྔལ་མཐོང་སྤང་གི་ལྟ་བ་ལྔ། ཐེ་ཚོམ། མ་རིག །ཀུན་འབྱུང་མཐོང་སྤང་གི་ལྟ་བ་མཆོག་འཛིན། ལོག་ལྟ། ཐེ་ཚོམ། མ་རིག་སྟེ་བཅུ་གཅིག་དང༌། དེ་བཞིན་དུ་ཁམས་གོང་མ་གཉིས་ལའང་བཅུ་གཅིག་བཅུ་གཅིག་སྟེ། ཀུན་དྲིལ་བས་སུམ་ཅུ་རྩ་གསུམ་པོ་རྣམས་ནི་ས༷་ཀུན༷་ཏུ་འགྲོ༷་བས་རང་འབྲས་ཉོན་མོངས་སྐྱེད་བྱེད་ཡིན་ནོ། །འོ་ན། ས་ཐམས་ཅད་ཀྱི་ཉོན་མོངས་རྒྱས་སམ་ཞེ་ན། མིན་ཏེ། རང་གི་ས་བར་གཏོགས་པས་རྒྱས་ཀྱི། གཞན་གྱིས་མ་ཡིན་ནོ། །དེའང་ཀུན་འགྲོའི་རྒྱུ་ནི་འབྲས་བུ་ལས་སྔ༷་བར་བྱུང་བའོ། ། དྲུག་པ་ནི། རྣམ་སྨིན་གྱི་རྒྱུ་གང་ཞེ་ན། རྣམ༷་པར་སྨིན༷་པའི་རྒྱུ་ནི༷་རང་གི་ངོ་བོ་སྟོབས་དང་ལྡན་ཞིང་སྲེད་པའི་རླན་དང་བཅས་པ་ཡིན་ན། ལུང་མ་བསྟན་སྲེད་པར་བཅས་ཀྱང་ས་བོན་རུལ་བ་བཞིན་སྟོབས་ཆུང་བའི་ཕྱིར་དང༌། ཟག་མེད་ནི་སྲེད་པའི་རླན་མེད་པའི་ས་བོན་གྲུང་པོ་ལྟ་བུ་ཡིན་པའི་ཕྱིར་ན་མི༷་དགེ༷་བ་དང༷་དགེ༷་བ༷་ཟག༷་བཅ༷ས་ཁོ༷་ན༷་ཡིན༷་ནོ། །", "target": {"entries": [{"title": "ཞར", "level": 1, "start": 0, "anchor": "གཉིས་པ་ཞར་ལ་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་"}, {"title": "རྒྱུ་འབྲས་བུ་དང་བཅས་པ་བཤད་པ", "level": 2, "start": 106, "anchor": "དང་པོ་(རྒྱུ་འབྲས་བུ་དང་བཅས་པ་བཤད་པ་)ལ་གས"}, {"title": "རྒྱུ་བཤད་པ", "level": 3, "start": 214, "anchor": "དང་པོ་(རྒྱུ་བཤད་པ་)ལ་གསུམ། བསྟན། བཤད། དོ"}, {"title": "མདོར་བསྟན་པ", "level": 4, "start": 267, "anchor": "དང་པོ་(མདོར་བསྟན་པ་)ནི། རྒྱུ་དང་རྐྱེན་དག"}, {"title": "རྒྱས་བཤད", "level": 4, "start": 573, "anchor": "གཉིས་པ་རྒྱས་བཤད་ལ་དྲུག་ལས། དང་པོ་ནི། བྱེ"}, {"title": "", "level": 5, "start": 600, "anchor": "དང་པོ་ནི། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང༌།"}, {"title": "ལྷན་ཅིག་འབྱུང་བའི་རྒྱུ", "level": 5, "start": 1039, "anchor": "གཉིས་པ་ལྷན་ཅིག་འབྱུང་བའི་རྒྱུ་ལ་གཉིས། མཚ"}, {"title": "མཚན་ཉིད", "level": 6, "start": 1102, "anchor": "དང་པོ་(མཚན་ཉིད་)ནི། ལྷན༷་ཅིག༷་འབྱུ༷ང་བའི"}, {"title": "མཚན་གཞི", "level": 6, "start": 1270, "anchor": "གཉིས་པ་མཚན་གཞི་ལ་གཉིས། སྤྱིར་བསྟན་པ་དང༌།"}, {"title": "སྤྱིར་བསྟན་པ", "level": 7, "start": 1351, "anchor": "དང་པོ་(སྤྱིར་བསྟན་པ་)ནི། དུས་མཉམ་པར་རྒྱུ"}, {"title": "སེམས་ཀྱི་རྗེས་འཇུག་བྱེ་བྲག་ཏུ་བཤད་པ", "level": 7, "start": 1855, "anchor": "གཉིས་པ་(སེམས་ཀྱི་རྗེས་འཇུག་བྱེ་བྲག་ཏུ་བཤ"}, {"title": "སྐལ་མཉམ་གྱི་རྒྱུ", "level": 5, "start": 2950, "anchor": "གསུམ་པ་སྐལ༷་མཉ༷མ་གྱི་རྒྱུ༷་ནི༷། ཆོས་འདྲ་"}, {"title": "", "level": 5, "start": 4850, "anchor": "བཞི་པ་ནི། མཚུངས་ལྡན་གྱི་རྒྱུ་གང་ཞེ་ན། མཚ"}, {"title": "", "level": 5, "start": 5104, "anchor": "ལྔ་པ་ནི། ཀུན་འགྲོའི་རྒྱུ་གང་ཞེ་ན། ཀུན༷་འ"}, {"title": "", "level": 5, "start": 5666, "anchor": "དྲུག་པ་ནི། རྣམ་སྨིན་གྱི་རྒྱུ་གང་ཞེ་ན། རྣ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5972, "headings": 15}} {"id": "IBA-LWS-08-031", "input": "གཉིས་པ་འབྲས་བུ་བཤད་པ་ལ། བསྟན། བཤད་གཉིས་ལས། དང་པོ་(མདོར་བསྟན་པ་)ནི། རྒྱུ་འབྲས་ཕན་ཚུན་ལྟོས་པས་རྒྱུ་དྲུག་ཡོད་ན། འབྲས་བུ་ལ་དུ་ཡོད་ཅེ་ན། འདུས་བྱས་རྣམ་སྨིན་དང༌། རྒྱུ་མཐུན་དང༌། བདག་པོ་དང༌། སྐྱེད་པའི་སྐྱེས་བུའི་བྱེད་འབྲས་ཏེ་ཕྱེད་དང་བཞི་དང༌། འདུས༷་མ་བྱས༷་ལ་ཐོབ་པའི་སྐྱེས་བུའི་བྱེད་འབྲས་དང༌། ཟག་བཅས་གཉེན་པོས་བྲལ༷་འབྲས་སོ་སོར་བརྟགས་འགོག་དང་བཅ༷ས་པ་ནི་འ༷བྲས་བུ༷་ཡི༷ན་ནོ། །དེ་ལྟ་ན་སོ་སོར་བརྟགས་འགོག་ལ་རྒྱུ་ཡོད་པར་ཐལ། འབྲས་བུ་ཡིན་པའི་ཕྱིར། །འབྲས་བུ་ཡོད་པར་ཐལ། རྒྱུ་ཡིན་པའི་ཕྱིར་ཞེ་ན། འདུ༷ས་མ༷་བྱས༷་ལ༷་རྒྱུ་འབྲས་དེ༷་དག༷་མེད༷་དེ། རྒྱུ་དྲུག་མེད་ཅིང་འབྲས་བུ་ལྔ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། བྱེད་རྒྱུ་མེད་པའི་ཕྱིར་ཏེ། དེ་ནི་སྐྱེ་བ་ལ་གེགས་མི་བྱེད་པ་ཡིན་ན། འདུས་མ་བྱས་ལ་སྐྱེ་བ་མེད་པའི་ཕྱིར། གཉིས་པ་གྲུབ་སྟེ། བདག་འབྲས་མེད་པའི་ཕྱིར་ཏེ། བདག་འབྲས་འདུས་བྱས་ཁོ་ནའི་ཡིན་པའི་ཕྱིར། འོན་ཀྱང་སོ་སོར་བརྟགས་འགོག་འབྲས་བུ་ཡིན་ཏེ། ལམ་བདེན་གྱི་སྟོབས་ཀྱིས་ཐོབ་པ་ཡིན་པའི་ཕྱིར། བྱེད་རྒྱུ་ཡིན་ཏེ། དེ་ཆོས་གཞན་སྐྱེ་བ་ལ་གེགས་མི་བྱེད་པར་གནས་པ་ཙམ་ལ་བཞག་པའི་ཕྱིར། ། གཉིས་པ་རྒྱས་བཤད་ལ། འབྲས་བུ་གང་རྒྱུ་གང་གི་ཡིན་པ། སོ་སོའི་མཚན་ཉིད་བཤད་པའོ། །དང་པོ་(འབྲས་བུ་གང་རྒྱུ་གང་གི་ཡིན་པ་)ནི། འབྲས་བུ་དེ་དག་རྒྱུ་གང་གི་འབྲས་བུ་ཡིན་ཞེ་ན། རྣམ༷་སྨིན༷་གྱི་འབྲ༷ས་བུ༷་ནི་རྒྱུ་ཐ༷་མ༷་རྣམ་སྨིན་གྱི་རྒྱུའི་ཡིན༷་ནོ། །བད༷ག་པོ༷འམ་དབང་བྱེད་པའི་འབྲས༷་བུ༷་ནི་རྒྱུ་དང༷་པོ༷་བྱེད་རྒྱུའི་ཡི༷ན་ནོ། རྒྱུ༷་མཐུ༷ན་གྱི་འབྲས་བུ་ནི་སྐལ༷་མཉ༷མ་དང་ཀུན༷་ཏུ་འགྲོ༷་བའི༷་རྒྱུ་གཉིས་ཀྱི་ཡིན་ཏེ། དེ་གཉིས་དང་འདྲ་བའི་སྒོ་ནས་དེར་བཞག་པའི་ཕྱིར། སྐྱེས༷་བུའི༷་བྱེད་པ༷་ཅན་གྱི་འབྲས་བུ་ནི༷་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཉིས༷་ཀྱི༷་ཡིན༷་ནོ། ། གཉིས་པ་སོ་སོའི་མཚན་ཉིད་ནི། རྣམ༷་སྨིན༷་གྱི་འབྲས་བུ་དེ་མ་བསྒྲིབས་ལ་ལུང༷་དུ༷་མ༷་བསྟན༷་པའི་ཆོས༷་ཡིན་གྱི། དགེ་བ་མ་ཡིན་ཏེ། དགེ་རྩ་ཆད་པའི་རྒྱུད་ལའང་ཡོད་པའི་ཕྱིར། ཉོན་མོངས་ཅན་མ་ཡིན་ཏེ། ཉོན་མོངས་སྤངས་པའི་རྒྱུད་ལའང་ཡོད་པའི་ཕྱིར། དེ་ཙམ་ནི་ཕྱིའི་འབྱུང་བ་ལའང་ཡོད་པས་དེ་གཅོད་པའི་ཕྱིར་སེམ༷ས་ཅན༷་གྱི་རྒྱུད་ཀྱིས་བསྡུས་པའི་ཆོས་སུ་བརྗོད༷་དོ། །རྒྱུ་མཚན་དེ་གཉིས་ཙམ་རྒྱས་བྱུང་གི་དབང་པོ་དང་རྒྱུ་མཐུན་ལས་བྱུང་བ་ལའང་ཡོད་པས་དེ་གཅད་པའི་ཕྱིར་དགེ་མི་དགེའི་ལུ༷ང་དུ་བསྟ༷ན་པ་ལས་བྱུང་ངོ་ཞེས་བརྗོད་དོ། །དེ་ཙམ་ཏིང་ངེ་འཛིན་གྱིས་རྒྱས་པའི་དབང་པོའི་འབྱུང་བ་དང་ཏིང་ངེ་འཛིན་ལས་སྤྲུལ་སེམས་ལའང་ཡོད་པས་དེ་གཅད་པའི་ཕྱིར་དགེ་བ་དང་མི་དགེ་བ་ལས་དུས་ཕྱིས༷་ལས་ཀྱི་ནུས་པ་སྨིན་ནས་འབྱུང༷་བར་སྨོན་པ་ཡིན་ནོ། །དེ་ནི་ལས་ཀྱི་རྣམ་སྨིན་ཀྱང་ཡིན་ལ། འབྲས་བུའང་ཡིན་པའི་ཕྱིར་རྣམ་སྨིན་གྱི་འབྲས་བུའོ། །མཚན་གཞི་ནི་རྣམ་སྨིན་སྐྱེས་ཐམས་ཅད་དོ། །རྒྱུ༷་མཐུ༷ན་གྱི་འབྲས་བུའི་མཚན་ཉིད་ནི་རང་གི་རྒྱུ༷་དང༷་རིས་འདྲ༷་བར་ཕྱིས་སྐྱེས་པ༷འོ༷། །མཚན་གཞི་ནི་དང་པོ་འཕགས་པ་མ་གཏོགས་པའི་འདུས་བྱས་ཐམས་ཅད་དོ། །དེའང་ཟག་བཅས་ལ་ནི་ངོ་བོ་དང༌། རིས་དང༌། ས་འདྲ་བ་ཡིན་ལ། དེ་ལའང་ཀུན་འགྲོས་བསྐྱེད་པ་ནི་ས་དང་ཉོན་མོངས་ཅན་དུ་འདྲ་ལ། སྐལ་མཉམ་གྱིས་བསྐྱེད་པ་ནི་ས་དང་རྣམ་པ་འདྲའོ། །ཟག་མེད་ལ་ནི་ངོ་བོ་ཙམ་འདྲ་བ་ཡིན་ནོ། །བྲལ༷་བའི༷་འབྲས་བུའི་མཚན་ཉིད་ནི་བློ༷་ཡིས༷་ཏེ་ཤེས་རབ་ཀྱི་སྟོབས་ཀྱིས་སྤང་བྱ་ཟག་བཅས་ཟད༷་པ༷འོ༷། །མཚན་གཞི་ནི་བརྟགས་འགོག་ཉིད་དོ། །སྐྱེས་བུའི་བྱེད་འབྲས་ལ་བསྐྱེད་པའི་སྐྱེས་བུའི་བྱེད་འབྲས་དང༌། ཐོབ་པའི་སྐྱེས་བུའི་བྱེད་འབྲས་གཉིས། དང་པོའི་མཚན་ཉིད་ནི་རྒྱུ་གང༷་གི༷་སྟོབ༷ས་ཀྱིས༷་འབྲས་བུ་གང༷་ཞིག་རྒྱུ་དེ་ལས་ལྷན་ཅིག་གམ། དེ་མ་ཐག་གམ། ཕྱིས་ནས་ཀྱང་སྐྱེས༷་པའི༷་འབྲ༷ས་བུ་དེ༷་ནི་སྐྱེ༷ས་བུའི༷་བྱེད༷་པ་ལ༷ས་སྐྱེས༷་པའི་འབྲས་བུ་ཞེས་བྱ་སྟེ། སྐྱེས་བུའི་བྱེད་པ་ལས་སྐྱེས་པ་དང་འདྲ་བར་རྒྱུ་ཡིས་བྱ་བ་བྱས་ཏེ་བྱུང་བས་ན་དེ་སྐད་ཅེས་བྱ་སྟེ། སྨན་ནག་པོར་བྱ་རོག་རྐང་ཟེར་བ་ལྟ་བུའོ། །མཚན་གཞི་ནི་རྒྱུ་ལས་དེ་ལྟར་འབྱུང་བའི་འདུས་བྱས་ཐམས་ཅད་དོ། །དབྱེ་ན་གསུམ། སྐྱེས་པའི་སྐྱེས་བུའི་བྱེད་འབྲས་དེ་མ་ཐག་ཏུ་འབྱུང་བ་ནི་ས་འོག་མའི་སྦྱོར་བའི་སེམས་ཀྱིས་ས་གོང་མའི་ཏིང་ངེ་འཛིན་དང། འཇིག་རྟེན་ཆོས་མཆོག་གི་དེ་མ་ཐག་ཏུ་མཐོང་ལམ་འབྱུང་བ་ལྟ་བུའོ། །དེ་མ་ཐག་ནི་རྒྱུ་འབྲས་བར་མ་ཆད་པའི་དོན་ཏོ། །ཅིག་ཅར་དུ་འབྱུང་བ་ནི་ལྷན་ཅིག་འབྱུང་བའི་རྒྱུ་ལས་འབྲས་བུ་འབྱུང་བ་ལྟ་བུའོ། །ཁ་ཅིག་ནི་རྒྱུ་འབྲས་བར་ཆོད་པ་ལས་ཀྱང་འབྱུང་སྟེ། ཞིང་པ་རྣམས་ཀྱི་ལོ་ཏོག་ལྟ་བུའོ། །གཉིས་པ་ལམ་གྱིས་སོ་སོར་བརྟགས་འགོག་ཐོབ་པ་ནི་ཐོབ་པ་ཙམ་ལས་བྱེད་པས་སྐྱེས་པ་མིན་ནོ། །བདག་འབྲས་ཀྱི་མཚན་ཉིད་ནི་འབྲས་བུ་སྔ་ན་རྒྱུ་དོན་མེད་དུ་ཐལ་བས་རྒྱུ་ལ་ལྟོས་ནས་སྔོན༷་བྱུང༷་བ་མ༷་ཡིན༷་པའི་འདུ༷ས་བྱས༷་གསར་དུ་སྐྱེས་པ་རྒྱུ་དང་དུས་མཉམ་པ་དང༌། ཕྱིས་འབྱུང་བ་ཐམས་ཅད་ནི༷་འདུས༷་བྱས༷་ཐམས་ཅད་ཀྱི་བདག༷་པོའི༷་འབྲས༷་བུ་ཡིན་ནོ། །ཁོ༷་ན༷་ཞེས་སྨོས་པས་ནི་འདུས་མ་བྱས་བཅད་དེ། དེ་ལ་བདག་འབྲས་མི་འཐད་པའི་ཕྱིར། མཚན་གཞི་ནི་རང་རྒྱུ་ལས་ལྷན་ཅིག་གམ་ཕྱིས་འབྱུང་བའི་འདུས་བྱས་ཐམས་ཅད་དོ། །འོ་ན། སྐྱེས་བུའི་བྱེད་འབྲས་དང་ཁྱད་པར་མེད་འགྱུར་རོ་ཞེ་ན། སྐྱེས་བུའི་བྱེད་འབྲས་ནི་བྱེད་པ་པོ་ཁོ་ནའི་འབྲས་བུ་ཡིན་ལ། བདག་འབྲས་ནི་རང་སྐྱེ་བ་ལ་གེགས་མི་བྱེད་པ་ཐམས་ཅད་ཀྱི་འབྲས་བུ་ཡིན་ནོ། །ཞེས་བྱེ་སྨྲའི་ལན་ཏོ། །གཞན་དག་ནི་བདག་འབྲས་སྤྱི་དང་སྐྱེས་བུའི་བྱེད་འབྲས་བྱེ་བྲག་ཡིན་ནོ་གསུང༌།", "target": {"entries": [{"title": "འབྲས་བུ་བཤད་པ", "level": 1, "start": 0, "anchor": "གཉིས་པ་འབྲས་བུ་བཤད་པ་ལ། བསྟན། བཤད་གཉིས་ལ"}, {"title": "མདོར་བསྟན་པ", "level": 2, "start": 43, "anchor": "དང་པོ་(མདོར་བསྟན་པ་)ནི། རྒྱུ་འབྲས་ཕན་ཚུན"}, {"title": "རྒྱས་བཤད", "level": 2, "start": 918, "anchor": "གཉིས་པ་རྒྱས་བཤད་ལ། འབྲས་བུ་གང་རྒྱུ་གང་གི"}, {"title": "འབྲས་བུ་གང་རྒྱུ་གང་གི་ཡིན་པ", "level": 3, "start": 992, "anchor": "དང་པོ་(འབྲས་བུ་གང་རྒྱུ་གང་གི་ཡིན་པ་)ནི། "}, {"title": "སོ་སོའི་མཚན་ཉིད", "level": 3, "start": 1440, "anchor": "གཉིས་པ་སོ་སོའི་མཚན་ཉིད་ནི། རྣམ༷་སྨིན༷་གྱ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4222, "headings": 5}} {"id": "IBA-LWS-08-033", "input": "གཉིས་པ་རྐྱེན་བཤད་པ་ལ། བསྟན། བཤད་གཉིས་ལས། དང་པོ་མདོར་བསྟན་པ་ནི། རྐྱེ༷ན་ནི༷་བཞི༷་པོ༷་དག༷་ཏུ༷་མདོ་ལས་གསུ༷ང༷ས་སོ། །གང་ཞེ་ན། རྒྱུའི་རྐྱེན་དང༌། དེ་མ་ཐག་རྐྱེན་དང༌། དམིགས་རྐྱེན་དང༌། བདག་པོའི་རྐྱེན་ཉིད་དོ། ། གཉིས་པ་རྒྱས་བཤད་ལ་བཞི། རྐྱེན་སོ་སོའི་མཚན་ཉིད། རྐྱེན་གང་འབྲས་བུ་དུས་གསུམ་པ་གང་ལ་བྱ་བ་བྱེད། དངོས་པོ་གང་རྐྱེན་དུས་སྐྱེད། དེ་མ་ཐག་པའི་རྐྱེན་རྒྱས་པས་བཤད་པའོ། །དང་པོ་(རྐྱེན་སོ་སོའི་མཚན་ཉིད་)ནི། རྒྱུའི༷་རྐྱེན་ཞེས༷་བཤད་ན། དེ་གང་ཞེ་ན། རྒྱུའི་རྐྱེན་ཞེས་བྱ༷་བ༷་ནི་བྱེད་རྒྱུ༷་མ་གཏོགས་པའི་རྒྱུ་ལྔ༷་པོ་ཅི་རིགས་པ་ཡིན་ཏེ། དེ་དག་གིས་རང་གི་འབྲས་བུ་སྐྱེད་པ་ལ་ཕན་འདོགས་པའི་ཕྱིར། མཚན་གཞི་ནི་འདུས་བྱས་ཐམས་ཅད་དོ། །སེམ༷ས་དང༷་སེམ༷ས་ལས་བྱུང༷་བ་སྐྱེས༷་པ༷་རྣམ༷ས་ནི་མཚུངས་པ་དེ་མ་ཐག་རྐྱེན་ཡིན་གྱི། ལྡན་མིན་འདུ་བྱེད་དང་གཟུགས་ཅན་རྣམས་མ་ཡིན་ཏེ། རྒྱུ༷་འབྲས་དུས་མི་མཉམ་པར་འཆོལ་བར་གནས་པའི་ཕྱིར་ཏེ། འདོད་པའི་གཟུགས་ཀྱི་མཇུག་ཐོབ་ཏུ་ཁོ་རང་དང༌། བསམ་གཏན་གྱི་གཟུགས་དང༌། ཟག་མེད་འབྱུང་བའི་ཕྱིར་དང༌། གཟུགས་ཅན་གཅིག་མ་འགགས་པར་གཉིས༷་པ་འབྱུང་བའི་ཕྱིར་དང༌། རྒྱུ་མང་པོ༷་ལས་འབྲས་བུ་ཉུང་ངུ་དང༌། རྒྱུ་ཉུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བའི་ཕྱིར། དེ་དག༷་སྐྱེས་པའང་འདས་པ་དང་ད་ལྟར་བ་ཡིན་གྱི། མ་འོངས་པ་མ་ཡིན་ཏེ། མ༷་འོང༷ས་པ་ལ༷་གོ་རིམ་མེད་པའི་ཕྱིར། སེམས་སེམས་བྱུང་སྐྱེས་པ་ཐམས་ཅད་ཡིན་ནམ་ཞེ་ན། དགྲ་བཅོམ་པ་ཐ༷་མ༷འི་སེམས་སེམས་བྱུང་སྐྱེས་པ་མ་གཏོགས་ཏེ། སེམས་ཕྱི་མ་གཞན་རྗེས་སུ་འབྲེལ་བ་མེད་པའི་ཕྱིར། ཅིའི་ཕྱིར་མཚུང༷ས་པ་དེ༷་མ༷་ཐག༷་པའི་རྐྱེན་ཞེས་བྱ་ཞེ་ན། མཉམ་པས་ན་མཚུངས་པ་དང༌། རིས་མཐུན་གཞན་གྱིས་བར་མ་ཆོད་པས་ན་དེ༷་མ་ཐག༷་པ། རྐྱེན་ཡིན་པས་ན་དེ་སྐད་ཅེས་བྱའོ། །དམིགས་བསལ་ཆོས་གཞན་གྱིས་བར་མ་ཆོད་པ་ནི་མ་ཡིན་ཏེ། འགོག་པ་ལ་སྙོམས་པར་འཇུག་སེམས་དང༌། དེ་ལས་ལྡང་སེམས་ཀྱི་བར་དུ་ཆོས་གཞན་གྱིས་ཆོད་ཀྱང༌། འཇུག་སེམས་དེ་ལྡང་སེམས་ཀྱི་དེ་མ་ཐག་རྐྱེན་ཡིན་པ་བཞིན་ནོ། །དམི༷གས་པའི༷་རྐྱེན་ནི་ཆོས་རྣམས་ཐམས་ཅད་ཡིན་ཏེ། རང་ལ་དམིགས་པའི་རྣམ་ཤེས་ཀྱི་ཡུལ་དུ་རུང་བའི་ཕྱིར། བྱེད༷་རྒྱུ༷་ཞེས༷་བྱ་བ༷་ནི་བད༷ག་པོ༷འི་རྐྱེན་དུ་བཤ༷ད་དེ། སྐྱེ་བ་ཐམས་ཅད་ལ་གེགས་མི་བྱེད་པར་འབྲས་བུ་མང་བའི་ཕྱིར། གཉིས་པ་(རྐྱེན་གང་འབྲས་བུ་དུས་གསུམ་པ་གང་ལ་བྱ་བ་བྱེད་པ་)ནི། རྐྱེན་བཞི་པོ་དེས་འབྲས་བུ་དུས་གསུམ་པ་གང་ལ་བྱ་བ་བྱེད་ཅེ་ན། ལྷན་མཚུངས་ཀྱི་རྒྱུ་གཉིས་པོ་དེ་དག་གིས་འབྲས་བུ་འགག་པ་ལ་མངོན་དུ་ཕྱོགས་པ་ད་ལྟར་བ་ལ་བྱ་བ་བྱེད་དེ། རྒྱུ་འབྲས་དུས་མཉམ་པའི་ཕྱིར། སྐལ་མཉམ། ཀུན་འགྲོ། རྣམ་སྨིན་གྱི་རྒྱུ་གསུམ་པོས་ནི་འབྲས་བུ་སྐྱེ༷་བ་ལ༷་མངོན་དུ་ཕྱོགས་པ་མ་འོངས་པ་ལ་བྱ་བ་བྱེད་དེ། སྔ་མ་གཉིས་པོས་རང་གི་མཇུག་ཐོག་དེ་མ་ཐག་ཏུ་འབྲས་བུ་སྐྱེད་པར་བྱེད། ཕྱི་མས་ནི་ཕྱིས་ཙ་ན་འབྲས་བུ་སྐྱེད་པའི་ཕྱིར། རྒྱུའི་རྐྱེན་དེ༷་ལ༷ས་གཞ༷ན་པ༷་ཡི༷་དེ་མ་ཐག་རྐྱེན་དང་དམིགས་རྐྱེ༷ན༷་དག༷་ནི་སྔར་གྱི་དེ༷་ལས༷་བཟློག༷་པ༷་འབྲས་བུ་སྐྱེ་བ་མ་འོངས་པ་དང༌། འབྲས་བུ་འགག་པ་ད་ལྟར་བ་ལ་རིམ་པ་བཞིན་བྱ་བ་བྱེད་པ་ཡིན་ཏེ། དེ་མ་ཐག་རྐྱེན་ནི་སྐབས་འབྱེད་པའི་ཕྱིར་དང༌། དམིགས་རྐྱེན་ནི་སེམས་སེམས་བྱུང་གིས་འཛིན་པའི་ཕྱིར། གསུམ་པ་(དངོས་པོ་གང་རྐྱེན་དུས་སྐྱེད་པ་)ནི། དངོས་པོ་གང་རྐྱེན་དུས་སྐྱེད་ཅེ་ན། རྐྱེན་བཞི༷་པོ་ཡི༷ས་སེམ༷ས་དང༷་སེམ༷ས་བྱུང༷་རྣམ༷ས་སྐྱེད་པར་བྱེད་དེ། བྱེད་རྒྱུ་མ་གཏོགས་པའི་རྒྱུ་ལྔ་ཅི་རིགས་པས་རྒྱུའི་རྐྱེན་དང༌། སེམས་སེམས་བྱུང་སྔ་མས་མཚུངས་པ་དེ་མ་ཐག་པའི་རྐྱེན་དང༌། ཡུལ་ལྔའམ་ཆོས་ཐམས་ཅད་ཀྱིས་དམིགས་རྐྱེན་དང༌། རང་མ་གཏོགས་པས་བདག་རྐྱེན་བྱས་པ་ལས་སྐྱེ་བའི་ཕྱིར། དམིགས་རྐྱེན་མ་གཏོགས་པའི་རྐྱེན་གསུ༷མ་གྱིས༷་ནི་འདུ་ཤེས་མེད་པ་དང་འགོག་པའི་སྙོམ༷ས་པར༷་འཇུག༷་པ༷་གཉི༷ས༷་པོ་དག་སྐྱེད་པ་ཡིན་ལ། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་སྐྱེད་དེ། དེ་མངོན་པར་འདུ་བྱེད་པ་སྙོམས་པར་འཇུག་སེམས་ལ་རག་ལས་པའི་ཕྱིར། གཞན་གཉིས་པོའི་སྒྲུབ་བྱེད་འདྲ། སེམས་སེམས་བྱུང་དང་སྙོམས་འཇུག་གཉིས་ཀྱི་ལྷག་མ་གཞན་ལྡན་མིན་འདུ་བྱེད་དང༌། གཟུགས་ཅན་རྣམས་ནི༷་རྒྱུའི་རྐྱེན་དང་བདག་པོའི་རྐྱེན་གཉིས༷་པོ༷་དག༷་ལས༷་སྐྱེ༷་བ་ཡིན་གྱི། མཚུངས་པ་དེ་མ་ཐག་པ་དང་དམིགས་རྐྱེན་ལས་སྐྱེ་བ་མིན་ཏེ། མངོན་པར་འདུ་བྱེད་པ་སེམས་ལ་རག་མ་ལས་པའམ་བེམ་པོ་ཡིན་པའི་ཕྱིར། དེས་ན་རྐྱེན་བཞི་པོ་དེར་གྲངས་ངེས་ཀྱི། དབ༷ང་ཕྱུག༷་དང༌། ལ་སོག༷ས་པ་གཙོ་བོ་དང་རྒྱུན་རྟག་པ་ལས་སྐྱེ༷་བ་མི༷ན་ཏེ། དངོས་པོ་རྣམས་རི༷མ་གྱིས་སྐྱེ་བ་དང༌། སོག༷ས་པ་རེས་འགའ་སྐྱེ་བ་ཡིན་པའི་ཕྱིར། གཞན་ནི་གཉིས་པོ་དག་ལས་སྐྱེ༷། །ཞེས་གཟུགས་ཅན་རྣམས་རྒྱུའི་རྐྱེན་དང་བདག་རྐྱེན་ལས་སྐྱེ་བར་བཤད་ན༌། གཟུགས་ཅན་ལ་འབྱུང་བ་དང་འབྱུང་གྱུར་གཉིས་སུ་ངེས་པས། འབྱུང་བས་འབྱུང་བ་གཞན་དང༌། འབྱུང་གྱུར་གྱིས་འབྱུང་བ་དང༌། འབྱུང་འགྱུར་གཞན་གྱིས་རྒྱུ་རྐྱེན་དང་བདག་རྐྱེན་བྱེད་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། འབྱུང་བས་འབྱུང་བ་དེ༷འི༷་རྒྱུ༷་ལྷན་ཅིག་འབྱུང༷་བ༷་དང་སྐལ་མཉམ་གྱི་རྒྱུ་རྣམ༷་པ༷་གཉི༷ས་བྱེད་དེ། འབྱུང་བས་རང་དང་དུས་མཉམ་པའི་འབྱུང་བ་དེའི་ལྷན་ཅིག་འབྱུང་བའི་རྒྱུ་དང༌། འབྱུང་བ་སྔ་མས་འབྱུང་བ་ཕྱི་མའི་སྐལ་མཉམ་གྱི་རྒྱུ་བྱེད་པའི་ཕྱིར། ཀུན་འགྲོའི་རྒྱུ་མི་བྱེད་དེ། ཉོན་མོངས་ཅན་མ་ཡིན་པའི་ཕྱིར། རྣམ་སྨིན་གྱི་རྒྱུ་མི་བྱེད་དེ། དགེ་མི་དགེ་གང་ཡང་མ་ཡིན་པའི་ཕྱིར། མཚུངས་ལྡན་གྱི་རྒྱུ་མི་བྱེད་དེ། བེམ་པོ་ཡིན་པའི་ཕྱིར། འབྱུང་བ་དག་གིས་འབྱུང༷་བ་ལ༷ས་གྱུར༷་པའི༷་གཟུགས་སྐྱེད་ན་རྒྱུ་རྐྱེན་བྱེད་ཚུལ་དཔྱད་མི་དགོས་ལ། བྱེད་རྒྱུས་བདག་རྐྱེན་བྱེད་ཚུལ་རྣམ༷་པ༷་ལྔ༷་ཡོད་དེ། འབྱུང་བས་འབྱུང་གྱུར་གྱི་སྐྱེ་བའི་རྒྱུ། གནས་པའི་རྒྱུ། མཐུན་པའི་རྒྱུ། རྟེན་པའི་རྒྱུ། འཕེལ་བའི་རྒྱུ་བྱེད་པའི་ཕྱིར། རྟགས་རིམ་བཞིན་གྲུབ་སྟེ། འབྱུང་བས་འབྱུང་གྱུར་གསར་དུ་སྐྱེད་པའི་ཕྱིར། འབྱུང་བས་འབྱུང་གྱུར་རྒྱུན་མི་འཆད་པར་བྱེད་པའི་ཕྱིར། འབྱུང་གྱུར་དེ་འབྱུང་བ་འཕེལ་འགྲིབ་ཀྱི་རྗེས་སུ་མཐུན་པར་བྱེད་པའི་ཕྱིར། འབྱུང་གྱུར་དེ་འབྱུང་བ་དོན་གཞན་ལ་བརྟེན་པའི་ཕྱིར། འབྱུང་བས་འབྱུང་གྱུར་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཕྱིར། འབྱུང༷་བ་ལས་གྱུར༷་པས་འབྱུང་གྱུར་སྐྱེད་ན། ལྷན་ཅིག་འབྱུང་བ་དང༌། སྐལ་མཉམ་དང༌། རྣམ་སྨིན་གྱི་རྒྱུ་རྣམ༷་པ་གསུམ༷་ཡིན་ཏེ། དེ་ལ་ལྷན་ཅིག་འབྱུང་རྒྱུ་འབྱུང་བཞིའི་ཚོགས་པ་གཅིག་ལས་སྐྱེས་པའི་བསམ་གཏན་དང༌། ཟག་མེད་ཀྱི་སྡོམ་པའི་སྤོང་བདུན་ཕ༷ན་ཚུན་རྒྱུ་བྱེད། སྐལ་མཉམ་ནི་གཟུགས་ཀྱིས་བསྡུས་པའི་དགེ་བ་སོགས་ཀྱི་རིས་འདྲ་སྔ་ཕྱི་དང༌། རྣམ་སྨིན་གྱི་རྒྱུ་ནི་རིག་བྱེད་དང༌། རིག་བྱེད་མ་ཡིན་པའི་དགེ་བ་ཟག་བཅས་དང༌། མི་དགེ་བས་མཐོ་རིས་དང༌། ངན་སོང་གི་མིག་སོགས་དང༌། ལུས་སྐྱེས་པ་ལྟ་བུ་ཡིན་པའི་ཕྱིར། འབྱུང་གྱུར་གྱིས་འབྱུང༷་བ༷་རྣམ༷ས་ཀྱི༷་རྒྱུ་བྱེད་ན་རྣམ་སྨིན་གྱི་རྒྱུ་དེ༷་རྣམ༷་པ་གཅི༷ག་པུ་ཡིན་ཏེ། ཚེ་འདིའི་དགེ་མི་དགེའི་རྣམ་པར་རིག་བྱེད་ལས་ཕྱི་མའི་རྣམ་སྨིན་སྐྱེས་ཀྱི་དབང་པོའི་ཚོགས་པ་ན་ཡོད་པའི་འབྱུང་བ་དེ་འབྱུང་བའི་ཕྱིར། ། བཞི་པ་དེ་མ་ཐག་པའི་རྐྱེན་རྒྱས་པར་བཤད་པ་ལ་གསུམ། སེམས་བཅུ་གཉིས་སུ་དབྱེ་བ་དང༌། ཉི་ཤུར་དབྱེ་བ་དང༌། བཅུ་གཉིས་པོ་གང་ལས་གང་གསར་དུ་རྙེད་དཔྱད་པའོ། །དང་པོ་(སེམས་བཅུ་གཉིས་སུ་དབྱེ་བ་)ལ། དངོས་དང༌། རྐྱེན་དང་རྐྱེན་ཅན་སྦྱར་བའོ། ། སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཞེས་སོགས་བཤད་ན། སེམས་དེ་ལ་དུ་ཡོད་ཅེ་ན། སེམས་དེ་ལ་བཅུ་གཉིས་ཡོད་དེ། འདོ༷ད་པ་ན་ཡི༷ད་དགེ༷་བ་དང༷༌། མི༷་དགེ༷་བ་དང༷༌། བསྒྲིབ༷ས་ལུང་མ་བསྟན་པ༷་དང༷༌། མ༷་བསྒྲིབ༷ས་ལུང་མ་བསྟན་པ༷་བཞི་དང༌། གཟུག༷ས་དང༷་གཟུག༷ས་མེད༷་པ༷་དག༷་ན༷་མི༷་དགེ༷་བ་ལས༷་གཞ༷ན་གསུམ་གསུམ་དང༌། ཟག༷་མེད༷་ལ་སློབ་མི་སློབ་གཉི༷ས་སུ་ཡོད་པའི་ཕྱིར།", "target": {"entries": [{"title": "རྐྱེན་བཤད་པ", "level": 1, "start": 0, "anchor": "གཉིས་པ་རྐྱེན་བཤད་པ་ལ། བསྟན། བཤད་གཉིས་ལས།"}, {"title": "མདོར་བསྟན་པ", "level": 2, "start": 41, "anchor": "དང་པོ་མདོར་བསྟན་པ་ནི། རྐྱེ༷ན་ནི༷་བཞི༷་པོ"}, {"title": "རྒྱས་བཤད", "level": 2, "start": 199, "anchor": "གཉིས་པ་རྒྱས་བཤད་ལ་བཞི། རྐྱེན་སོ་སོའི་མཚན"}, {"title": "རྐྱེན་སོ་སོའི་མཚན་ཉིད", "level": 3, "start": 353, "anchor": "དང་པོ་(རྐྱེན་སོ་སོའི་མཚན་ཉིད་)ནི། རྒྱུའི"}, {"title": "རྐྱེན་གང་འབྲས་བུ་དུས་གསུམ་པ་གང་ལ་བྱ་བ་བྱེད་པ", "level": 3, "start": 1763, "anchor": "གཉིས་པ་(རྐྱེན་གང་འབྲས་བུ་དུས་གསུམ་པ་གང་ལ"}, {"title": "དངོས་པོ་གང་རྐྱེན་དུས་སྐྱེད་པ", "level": 3, "start": 2486, "anchor": "གསུམ་པ་(དངོས་པོ་གང་རྐྱེན་དུས་སྐྱེད་པ་)ནི"}, {"title": "དེ་མ་ཐག་པའི་རྐྱེན་རྒྱས་པར་བཤད་པ", "level": 3, "start": 5393, "anchor": "བཞི་པ་དེ་མ་ཐག་པའི་རྐྱེན་རྒྱས་པར་བཤད་པ་ལ་"}, {"title": "སེམས་བཅུ་གཉིས་སུ་དབྱེ་བ", "level": 4, "start": 5531, "anchor": "དང་པོ་(སེམས་བཅུ་གཉིས་སུ་དབྱེ་བ་)ལ། དངོས་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5928, "headings": 8}} {"id": "IBA-LWS-08-036", "input": "གསུམ་པ་སེམས་བཅུ་གཉིས་པོ་གང་ལས་གང་གསར་དུ་རྙེད་དཔྱད་པ་ནི། སེམས་བཅུ་གཉིས་པོ་གང་མངོན་དུ་གྱུར་པའི་ཚེ་སེམས་དུ་གསར་དུ་རྙེད་ཅེ་ན། ཁ༷མས་གསུམ༷་གྱི་ཉོན་མོངས་ཅན་གསུམ་གྱི་ནང་ནས་འདོད་པ༷འི་ཉོན༷་མོ༷ངས་ཅ༷ན་གྱི་སེམས་མངོན་དུ་གྱུར་པའི་ཚེ་སེམས་དྲུག༷་གསར་དུ་རྙེད་དེ། གཟུགས་མེད་དང༷་གཟུགས་ནས་འདོད་པར་སྐྱེས་པའི་ཚེ་འདོད་པའི་ཉོན་མོངས་ཅན་གཉིས། དགེ་བ་སྐྱེས་ཐོབ། འདོད་པའི་ཉོན་མོངས་ཅན་གྱིས་དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པའི་ཚེ་གཟུགས་གཟུགས་མེད་ཀྱི་ཉོན་མོངས་ཅན་གཉིས། སློབ་པའི་སེམས་རྣམས་གསར་དུ་རྙེད་པའི་ཕྱིར། གཟུགས་ཀྱི་ཉོན་མོངས་ཅན་གྱི་སེམས་མངོན་དུ་གྱུར་པའི་ཚེ་ན་སེམས་དྲུག༷་གསར་དུ་རྙེད་དེ། གཟུགས་མེད་ནས་གཟུགས་སུ་སྐྱེས་པའི་ཚེ་གཟུགས་ཀྱི་ཉོན་མོངས་ཅན་ད༷ང༌། དགེ་བ་སྐྱེས་ཐོབ་དང༌། སྤྲུལ་སེམས་གཉིས༷་དང༌། གཟུགས་ཀྱི་ཉོན་མོངས་ཅན་གྱིས་དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པའི་ཚེ་གཟུགས་མེད་ཀྱི་ཉོན་མོངས་ཅན་དང་སློབ་པའི་སེམས་གསར་དུ་རྙེད༷་པའི་ཕྱིར། གཟུགས་མེད་ཀྱི་ཉོན་མོངས་ཅན་གྱི་སེམས་མངོན་དུ་གྱུར་པའི་ཚེ་ན་སེམས་གཉིས༷་གསར་དུ་རྙེད༷་དེ༷། གཟུགས་མེད་ཀྱི་ཉོན་མོངས་ཅན་གྱིས་དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པའི་ཚེ་གཟུགས་མེད་ཀྱི་ཉོན་མོངས་ཅན་དང་སློབ་པའི་སེམས་གསར་དུ་རྙེད་པའི་ཕྱིར། གཟུག༷ས་སུ་སྐྱེས༷་པའི་དགེ༷་བའི་སེམས་མངོན་དུ་གྱུར་པ༷་ལ་སེམས་གསུམ༷་གསར་དུ་རྙེད་དེ། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཚེ་གཟུགས་ཀྱི་དགེ་བ་དང༌། འཇིག་རྟེན་པའི་ལམ་གྱིས་འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཚེ་སྤྲུལ་སེམས་གཉིས་གསར་དུ་རྙེད་པའི་ཕྱིར། སློབ༷་པའི་སེམས་མངོན་དུ་གྱུར་པ༷་ལ༷་སེམས་བཞི༷་གསར་དུ་རྙེད་དེ། ཟག་མེད་དང་པོའི་ཚེ་སློབ་སེམས་དང༌། ཟག་མེད་ཀྱི་ལམ་གྱིས་འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཚེ་སྤྲུལ་སེམས་གཉིས་དང༌། ཟག་མེད་ཀྱི་ལམ་གྱིས་གཟུགས་ལ་འདོད་ཆགས་དང་བྲལ་བའི་ཚེ་གཟུགས་མེད་ཀྱི་དགེ་བའི་སེམས་གསར་དུ་རྙེད་པའི་ཕྱིར། དྲུག་པོ་དེ་དག་གི་ལྷག༷་མ། འདོད་པ་དང༌། གཟུགས་མེད་ཀྱི་དགེ་བ་དང༌། མི་སློབ་པ་དང༌། ཁམས་གསུམ་གྱི་མ་བསྒྲིབས་ལུང་མ་བསྟན་གསུམ་སྟེ་སེམས་དྲུག་མངོན་དུ་གྱུར་པ་ལ༷་ནི་དེ༷་ཉིད་གསར་དུ་རྙེད་པ་ཡིན་གྱི། གཞན་འབྱུང་བ་མེད་དོ་གསུངས་སོ། །ཆོ༷ས་མངོ༷ན་པའི༷་མཛོ༷ད་ཀྱི༷་ཚི༷ག་ལེ༷འུར༷་བྱས༷་པ༷་ལ༷ས། དབ༷ང་པོ༷་བསྟན༷་པ༷་ཞེས༷་བྱ༷་བ༷་སྟེ༷་གན༷ས་གཉིས༷་པ༷འི་མཆན་འགྲེལ་བཤད་པའོ༷།།", "target": {"entries": [{"title": "སེམས་བཅུ་གཉིས་པོ་གང་ལས་གང་གསར་དུ་རྙེད་དཔྱད་པ", "level": 1, "start": 0, "anchor": "གསུམ་པ་སེམས་བཅུ་གཉིས་པོ་གང་ལས་གང་གསར་དུ་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 1861, "headings": 1}} {"id": "IBA-LWS-08-037", "input": "༈ གསུམ་པ་འཇིག་རྟེན་བསྟན་པའི་གནས་བཤད་པ་ལ་གཉིས། གང་སྐྱེ་བ་སེམས་ཅན་གྱི་འཇིག་རྟེན་དང༌། གང་དུ་སྐྱེ་བ་སྣོད་ཀྱི་འཇིག་རྟེན་ནོ། །དང་པོ་(གང་སྐྱེ་བ་སེམས་ཅན་གྱི་འཇིག་རྟེན་)ལ་གསུམ། དབྱེ་བ། ཆོས་ཀྱི་ཁྱད་པར། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་(དབྱེ་བ་)ལ་གཉིས། ཁམས་གསུམ་དུ་དབྱེ་བ། འགྲོ་བ་ལྔར་དབྱེ་བའོ། །དང་པོ་(ཁམས་གསུམ་དུ་དབྱེ་བ་)ནི། ཁམས་གསུམ་པ་ཡི་ཉོན་མོངས་ཅན། །ཞེས་སོགས་ཀྱིས་ཁམས་གསུམ་གྱི་སྒོ་ནས་སེམས་སེམས་བྱུང་སོགས་ཀྱི་དབྱེ་བ་བཤད་ན། ཁམས་གསུམ་པོ་དེ་གང་ཞེ་ན། དེ་ནི་འདོད་པ་དང༌། གཟུགས་དང༌། གཟུགས་མེད་ཀྱི་ཁམས་སོ། །དེ་ལ་འདོད་པའི་ཁམས་གང་ཡིན་ཞེ་ན། བསོད་ནམས་མ་ཡིན་པའི་ལས་ཀྱིས་ཁྲིད་པའམ་དགའ་བར་མི་བྱེད་པའི་ཕྱིར་དམྱལ༷་བ༷་སྟེ། ན་ར་ཀ་ཞེས། ར་ཀ་དགའ་བ་དང༌། ན་དགག་ཚིག་ཡིན་པས་སོ། །ཟས་སྐོམ་ཡིད༷་ལ་བཏགས་པའམ་དེར་སོང་བ་རྣམས་ཕྱིར་མི་ལྡོག་པས་ན་ཡི་དྭག༷ས་དང༌། དུད༷་དེ་འགྲོ༷༷་བས་དུད་འགྲོ་དང༷༌། འཇིག་རྟེན་པ་རྣམས་ཡིད་ཀྱི་བུ་ཞེས་ཟེར་ཞིང་ཡིད་ཤས་ཆེ་བས་ན་མི༷་རྣམ༷ས་དང༷་ནི༷། དེ་བ་ཞེས་རྩེ་བའམ་བདེ་བ་ལ་འཇུག་པས་བདེ་བར་རོལ་པས་ན་ལྷ༷༷། དབྱེ་ན་རྒྱལ་ཆེན་རིས་བཞི་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དེ་དྲུག༷་ཡིན་ནོ། །དེ་རྣམས་རྒྱས་པར་དབྱེ་ན་དམྱལ་བ་ལ་ཚ་དམྱལ་བརྒྱད་དང་མི་ལ་གླིང༷་བཞིར་དབྱེ༷་བ༷་ལ༷ས་ནི་འདོ༷ད་པ༷འི་ཁམ༷ས་དེ༷་ཉི༷་ཤུར༷་ཤེས་པར་བྱའོ། །གྲང་དམྱལ་དང་ཉེ་འཁོར་བ་རྣམས་ནི་ཚ་དམྱལ་གྱི་འཁོར་ལྟ་བུ་ཡིན༷་པའི་ཕྱིར་མ་བགྲངས་སོ། །ལྷ་ནི་འཆད་པར་འགྱུར་རོ། ། དམྱ༷ལ་བ༷་སོགས་གནས་དང་བཅས་པ་རྣམས་ནི་འདོད་པའི་ཁམས་ཡིན་ཏེ། མི་དགེ་བ་ཡིན་པའི་ཉོན་མོངས་རྒྱས་སུ་རུང་བའི་ཁམས་ཡིན་པའི་ཕྱིར། གཟུགས་ཁམས་གང་ཞེ་ན། འདོད་པ་ལས་ཡོན་ཏན་དང་གནས་སོགས་ཀྱིས་ཁྱད་པར་འཕགས་པས་ན་གོང༷་མ༷་སྟེ་དེའི་གན༷ས་དག༷་བཅུ༷༷་བདུ༷ན་པོ་ནི་གཟུགས་ཀྱི་ཁམས་ཡི༷ན་ཏེ། འདོད་པ་ལས་འདས་ཤིང་རང་སའི་ཉོན་མོངས་རྒྱས་རུང་གང་ཞིག །གཟུག༷ས་མཆོག་ཏུ་གྱུར་པའི་ཁམ༷ས་ཡིན༷་པའི་ཕྱིར། གལ་ཏེ་གཟུགས་ཁམས་བསམ་གཏན་བཞིས་བསྡུས་ན། བཅུ་བདུན་དུ་ཇི་ལྟར་འགྱུར་ཞེ་ན། གཟུགས་ཁམས་དེར༷་སྐྱེ་བའི་རྒྱུ་སོ༷་སོ༷་ཡི༷་བསམ་གཏན་བཞི་ལས་དང་པོ་གསུམ་ལ་རྒྱུ་སྙོམས་འཇུག་གི་བསམ་གཏན་ཆུང་འབྲིང་ཆེན་པོ་གསུམ་གསུམ་གོམས་པའི་བྱེ་བྲག་གིས་འབྲས་བུ་སྐྱེ་བའི་བས༷མ་གཏན༷་གྱི་གནས་སམ་ས༷་ནི༷་ཚངས་རིས་ལ་སོགས་པ་གསུམ༷་པ༷་ཡི༷༷ན་ཏེ། ཚངས་རིས་པ་དང༌། ཚངས་པའི་མདུན་ན་འདོན་དང༌། ཚངས་ཆེན་ཏེ་བསམ་གཏན་དང་པོ་དང༌། འོད་ཆུང་དང༌། འོད་ཆེན་དང༌། འོད་གསལ་ཏེ་བསམ་གཏན་གཉིས་པའོ། །བདེ་ཆུང་དང༌། ཚད་མེད་བདེ་དང༌། བདེ་རྒྱས་ཏེ་བསམ་གཏན་གསུམ་པའི་གསུམ་རྣམས་ཡིན་པའི་ཕྱིར། བསམ་གཏན་བཞི༷་པ༷་ནི༷་རྒྱུ་ཟག་བཅས་ཀྱི་བསམ་གཏན་བཞི་པ་ཆུང་འབྲིང་ཆེ་གསུམ་དང༌། དེ་ཉིད་ཟག་མེད་སྤེལ་མ་ཆུང་དང༌། འབྲིང་དང༌། ཆེན་པོ་དང༌། ཤིན་ཏུ་ཆེན་པོ་དང༌། ཆེས་ཤིན་ཏུ་ཆེན་པོ་ལྔ་སྟེ་བརྒྱད་གོམས་པའི་བྱེ་བྲག་གིས་འབྲས་བུ་སྐྱེ་བའི་གནས་སམ་ས་ནི་བརྒྱད༷་པ༷་ཡིན༷་ཏེ། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་དང༌། མི་ཆེ་བ་དང༌། མི་གདུང་བ་དང༌། གྱ་ནོམ་སྣང་བ་དང༌། ཤིན་ཏུ་མཐོང་བ་དང༌། འོག་མིན་ཞེས་བྱ་བའི་འཕགས་པའི་གནས་ལྔ་སྟེ་བརྒྱད་པོ་རྣམས་ཡིན་པའི་ཕྱིར། གཟུགས་མེད་པའི་ཁམས་གང་ཡིན་ཞེ་ན། གཟུག༷ས་མེ༷ད་པའི་ཁམ༷ས་ན༷་ནི་སྔར་བཤད་པ་ལྟར་གན༷ས་གཞན་ལོགས་པ་མེ༷ད་དེ༷། གཟུགས་མེད་ཀྱི་ཏིང་ངེ་འཛིན་ཐོབ་ལ་མ་ཉམས་པའི་གང་ཟག་དེ། གང་དུ་ཤི་འཕོས་པ་དེར་གཟུགས་མེད་ཀྱི་མིང་བཞིའི་ཕུང་པོ་གྲུབ་ནས་གཟུགས་མེད་དུ་སྐྱེ་བའི་ཕྱིར། འོན་ཀྱང་རྒྱུ་སྙོམས་འཇུག་བཟང་ངན་དུ་བསྒོམས་པ་མི་འདྲ་བར་སྐྱེ༷༷་བའི༷་བྱེ་བྲག་ལ༷ས་ནི༷་ནམ་མཁའ་མཐས་ཡས་དང༌། རྣམ་ཤེས་མཐའ་ཡས་དང༌། ཅི་ཡང་མེད་པ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་ཏེ་རྣམ༷་པ༷་བཞི༷ར་བཞག་པ་ཡིན་ནོ། ། འོ་ན། གཟུགས་གཏན་ནས་མེད་ན་སེམས་གང་ལ་བརྟེན་ཞེ་ན། གཟུགས་མེད་པའི་ཁམས་དེ༷ར་ནི༷་རི༷ས་མཐུན་པ་སྐལ་མཉམ་དང༷༌། སྲོག༷་གི་དབང་པོ་ལ༷་སེམ༷ས་ཀྱི༷་རྒྱུད༷་ནི༷་བརྟེན༷་པར༷་འདོད་པ་ཡི༷ན་ལ། ཡང༷་ཞེས་པས་སོ་སོ་སྐྱེ་བོ་དང༌། མི་ལྡན་པ་དང༌། ཐོབ་པ་དང༌། སྐྱེ་བ་སོགས་ལའང་བརྟེན་པར་བསྟན་པ་ཡིན་ནོ། །ཁམས་འོག་མ་གཉིས་སུ་གཟུགས་ལ་མ་ལྟོས་པར་སེམས་དེ་རིས་དང་སྲོག་ལ་མི་བརྟེན་ནམ་ཞེ་ན། མི་བརྟེན་པ་ཡིན་ཏེ། གཟུགས་ཀྱི་འདུ་ཤེས་དང་མ་བྲལ་བས་སྟོབས་ཆུང་བའི་ཕྱིར། གཟུགས་མེད་ཀྱི་སེམས་ནི་གཟུགས་ལ་མི་ལྟོས་ཏེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་གཟུགས་ཀྱི་འདུ་ཤེས་དང་བྲལ་བས་སྟོབས་དང་ལྡན་པའི་ཕྱིར། ། གཉིས་པ་འགྲོ་བ་ལྔར་དབྱེ་བ་ནི། འགྲོ་བ་ལྔ་གང་ཞེ་ན། ཁམས་གསུམ་པོ་བཤད་པ་གང་ཡིན་པ་དེ༷་ནི༷་དམྱལ༷་བ་དང༌། སོ༷གས་པས་བསྡུས་པ་ཡི་དྭགས་དང༌། དུད་འགྲོ་དང༌། ལྷ་དང༌། མི་སྟེ་འ༷གྲོ་བ༷་ལྔ༷༷་ཡིན་པར་སྲིད་པ་གསུམ་བསྟན་པའི་མདོ་ལས་རང༷་རང་གི༷་མིང༷་གིས༷་བསྟན༷་ཏོ། །འོ་ན། འགྲོ་བ་ལྔ་པོའི་རང་བཞིན་གང་ཡིན་ཞེ་ན། འགྲོ་བ་ལྔ་པོ་གང་དག་ཡིན་པ་དེ༷་དག༷་གི་ངོ་བོ་ནི་ཉོན༷་མོ༷ངས་ཅ༷ན་བསྒྲིབས་པ་དང་མི་དགེ་བའང་མི༷ན་ལ། ལུ༷ང་དུ་བསྟན༷་པ་དགེ་བའང་མིན་ནོ། །གལ་ཏེ་ཉོན་མོངས་ཅན་དང་དགེ་བ་ཡིན་ན། འཕགས་པ་དང་དགེ་རྩ་ཆད་པ་རྣམས་འགྲོ་བས་མ་བསྡུས་པར་འགྱུར་བའི་ཕྱིར་རོ། །དེས་ན་མ་བསྒྲིབས་ལུང་མ་བསྟན་ཡིན་ནོ། །འགྲོ་བ་དེ་དག་སེམ༷ས་ཅ༷ན་ཞེ༷ས་བྱ༷༷་བ༷་ཡིན་ཡང༌། བ༷ར་སྲིད༷་ནི་མི༷ན་ཏེ། མདོ་ལས་འགྲོ་བ་ལྔ་ལས་བར་སྲིད་ཐ་དད་པར་གསུངས་པའི་ཕྱིར་རོ། །འགྲོ་བ་ལྔར་ངེས་ན། ལྷ་མ་ཡིན་དེ་འགྲོ་བ་གང་གི་ནང་དུ་གཏོགས་ཤེ་ན། སློབ་དཔོན་འཕགས་པ་ཐོགས་མེད་ལྟར་ན་ལྷའི་ནང་དུ་གཏོགས་ཏེ། ལྷ་ལ་ལུས་ལོངས་སྤྱོད་འགྲན་སྙོགས་པ་དང༌། ལྷའི་གཉེན་ཟླ་ཡིན་པའི་ཕྱིར། འོན་ཀྱང་ལྷའི་ཆོས་ལས་ཉམས་པས་ལྷ་མ་ཡིན་ཞེས་དམན་པ་ལ་དགག་སྒྲ་སྦྱར་བ་ཡིན་ཞེས་གསུངས་སོ།། །།", "target": {"entries": [{"title": "འཇིག་རྟེན་བསྟན་པའི་གནས་བཤད་པ", "level": 1, "start": 0, "anchor": "༈ གསུམ་པ་འཇིག་རྟེན་བསྟན་པའི་གནས་བཤད་པ་ལ་"}, {"title": "གང་སྐྱེ་བ་སེམས་ཅན་གྱི་འཇིག་རྟེན", "level": 2, "start": 120, "anchor": "དང་པོ་(གང་སྐྱེ་བ་སེམས་ཅན་གྱི་འཇིག་རྟེན་)"}, {"title": "དབྱེ་བ", "level": 3, "start": 218, "anchor": "དང་པོ་(དབྱེ་བ་)ལ་གཉིས། ཁམས་གསུམ་དུ་དབྱེ་"}, {"title": "ཁམས་གསུམ་དུ་དབྱེ་བ", "level": 4, "start": 283, "anchor": "དང་པོ་(ཁམས་གསུམ་དུ་དབྱེ་བ་)ནི། ཁམས་གསུམ་"}, {"title": "འགྲོ་བ་ལྔར་དབྱེ་བ", "level": 4, "start": 3473, "anchor": "གཉིས་པ་འགྲོ་བ་ལྔར་དབྱེ་བ་ནི། འགྲོ་བ་ལྔ་ག"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4398, "headings": 5}} {"id": "IBA-LWS-08-038", "input": "གཉིས་པ་ཆོས་ཀྱི་ཁྱད་པར་ལ་བཞི། རྣམ་ཤེས་ཀྱི་གནས་པ་བདུན། སེམས་ཅན་གྱི་གནས་དགུ། རྣམ་ཤེས་གནས་པ་བཞི། བདུན་དང་བཞིའི་བསྡུ་བ་དཔྱད་པའོ། །དང་པོ་(རྣམ་ཤེས་ཀྱི་གནས་པ་བདུན་)ནི། ཡང་མདོ་ལས། རྣམ་ཤེས་ཀྱི་གནས་པ་བདུན་དང༌། སེམས་ཀྱི་གནས་དགུ་སོགས་འདི་ལྟར། སེམས་ཅན་གཟུགས་ཅན་ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། མི་རྣམས་དང་ལྷ་ཁ་ཅིག་གོ །འདི་ནི་རྣམ་པར་ཤེས་པ་གནས་པ་དང་པོའོ། །ཞེས་སོགས་གསུངས་པ་རྣམས་ཀྱི་དོན་གང་ཡིན་ཞེ་ན། དེ་ལ་ལུས༷་དང༷་འ༷དུ་ཤེ༷ས་གཉིས་ཀ་ཐ༷་ད༷ད་པའི་སེམས་ཅན་ནི་མི་རྣམས་ད༷ང་འདོད་པའི་ལྷ་རྣམས་ཡིན་ཏེ། ལུས༷་ཀྱང་ཁ་དོག་དང༌། དབྱིབས་དང༌། རྟགས་ཐ་དད་པའི་ཕྱིར་དང༌། འདུ་ཤེས་ཀྱང་བདེ་སྡུག་བཏང་སྙོམས་ཐ་དད་པའི་ཕྱིར། ལུས་ཐ༷་ད༷ད་ཅི༷ང་འ༷དུ་ཤེས༷་གཅི༷ག་པ་ནི་ཚངས་རིས་ཀྱི་ལྷ་གསར་སྐྱེས་རྣམས་ཏེ། དེ་དག་ཚངས་ཆེན་ལས་ལུས་དང༌། ཁ་དོག་དང༌། སྨྲ་བ་དང༌། གོས་སོགས་ཆུང་བའི་ཕྱིར་དང༌། འདུ་ཤེས་ནི་ཚངས་པ་ཆེན་པོས་འདི་དག་ནི་བདག་གི་འདོད་པ་ལས་བྱུང་ངོ་སྙམ་ལ། འཁོར་གསར་སྐྱེས་རྣམས་ཀྱིས་ཀྱང་བདག་ཅག་ནི་ཚངས་པ་ཆེན་པོའི་འདོད་པ་ལས་བྱུང་ངོ་སྙམ་དུ་སེམས་པས་འདུ་ཤེས་གཅིག་པའི་ཕྱིར། ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་ལས་བཟློག༷་པ་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་ནི་བསམ་གཏན་གཉིས་པའི་ལྷ་རྣམས་ཏེ། ལུས་ནི་འོད་ཀྱི་རང་བཞིན་དུ་གཅིག་པ་དང༷༌། ཁ་དོག་དང༌། རྟགས། དབྱིབས་ཀྱང་འདྲ་བའི་ཕྱིར་དང༌། འདུ་ཤེས་ནི་དངོས་གཞིའི་ཡིད་བདེས་སྐྱོ་ན་ཉེར་བསྡོགས་ཀྱི་བཏང་སྙོམས་མངོན་དུ་བྱེད་ལ། ཉེར་བསྡོགས་བཏང་སྙོམས་ཀྱིས་སྐྱོ་ན་དངོས་གཞིའི་ཡིད་བདེ་མངོན་དུ་བྱེད་པས་ཐ་དད་པའི་ཕྱིར། ལུས༷་དང༷་འ༷དུ་ཤེས༷་གཉིས་ཀ་གཅི༷ག་པ་ནི་བསམ་གཏན་གསུམ་པའི་ལྷ་རྣམས་ཏེ། ལུས་ནི་ཁ་དོག་སོགས་འདྲ་བའི་ཕྱིར་དང༌། འདུ་ཤེས་ནི་སེམས་བདེ་བར་འདྲ་བའི་ཕྱིར། དེ་བཞིན་དུ་གཟུག༷ས་ཅ༷ན་མ༷་ཡི༷ན་པའི་ཁམས་དང་པོ་གསུམ༷་པོ༷་དག༷་ཀྱང་རྣམ༷་ཤེས༷་ཀྱི་གན༷ས་པ༷་ཡིན་ཏེ། མདོ་ལས། སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་སོགས་གསུངས་པའི་ཕྱིར། དེ་དག་ནི་རྣམ་ཤེས་གནས་པ་བདུན༷་པོ་རྣམས་ཡིན་ནོ། ། ཅིའི་ཕྱིར་རྣམ་ཤེས་གནས་པ་ཞེས་བྱ་ན། དེ་དག་ཏུ་རྣམ་ཤེས་སྲེད་པའི་ཚུལ་གྱིས་རྒྱས་པའི་ཕྱིར་ནའོ། །སེམས་ཀྱི་གནས་པ་གཞན་དག་ཀྱང་ཡོད་བཞིན་དུ་ཅིའི་ཕྱིར་དེ་དག་ཁོ་ན་གནས་པར་བསྟན་ཞེ་ན། སྔར་སྨོས་པ་དེ་དག་གི་ལྷག༷་མ༷་ངན་སོང་གསུམ་དང༌། བསམ་གཏན་བཞི་པ་དང༌། སྲིད་རྩེ་བ་རྣམས་ནི་རྣམ་པར་ཤེས་པ་གནས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་དེ༷་འཇོ༷མས་པར་བྱེད༷་པ་དང་ལྡན༷་པའི་ཕྱིར། གང་གིས་ཤེ་ན། ངན་སོང་བ་རྣམས་ནི་སྡུག་བསྔལ་གྱིས་འཇོམས། བསམ་གཏན་བཞི་པའི་འདུ་ཤེས་མེད་པ་བ་འདུ་ཤེས་མེད་པའི་སྙོམས་འཇུག་རྒྱུ་འབྲས་ཀྱིས་འཇོམས། སྲིད༷་རྩེ༷་བ་འགོག་པའི་སྙོམས་འཇུག་གིས་འཇོམས་པའི་ཕྱིར། ། གཉིས་པ་(སེམས་ཅན་གྱི་གནས་དགུ་)ནི། སེམས་ཅན་གྱི་གནས་དགུར་བཤད་པ་དེ་དག་གང་ཞེ་ན། བཤད་མ་ཐག་པའི་རྣམ་ཤེས་གནས་པ་བདུན་དང༌། སྲིད་པའི་རྩེ་མོ་དང༌། འ༷དུ་ཤེས༷་མེ༷ད་པའི༷་སེ༷མས་ཅ༷ན་རྣམ༷ས་ནི་སེ༷མས་ཅ༷ན་གྱི༷་ནི༷་གན༷ས་དགུར༷་མདོ་ལས་བཤ༷ད་དོ། །འོ་ན། ངན་སོང་པ་དང་འདུ་ཤེས་མེད་པའི་སེམས་ཅན་ལས་གཞན་པའི་བསམ་གཏན་བཞི་པ་སེམས་ཅན་གྱི་གནས་སུ་མི་འཆད་པའི་རྒྱུ་མཚན་ཅི་ཞེ་ན། གཞན་ངན་སོང་བ་དེར་མི་འཆད་པའི་རྒྱུ་མཚན་ཡོད་དེ། དེ་ལས་ཀྱི་སྲིན་པོས་མི༷་འདོ༷ད་བཞི༷ན་དུ་གན༷ས་པའི་ཕྱིར༷། དཔེར་ན། བཙོན་ར་བ་བཞིན། ཡང་ན་དེ་གཉིས་དེར་མི་འཆད་དེ། སེམས་ཅན་གྱི་གནས་ནི་གཞ༷ན་ན་གནས་པ་རྣམས་དེར་འོང་འདོད་ལ། དེ་ན་གནས་པ་རྣམས་གཞན་དུ་འགྲོ་མི་འདོད་པ་ཡིན་ན། གཞན་ངན་སོང་བ་ནི་དེ་གཉིས་ཀ་མི༷ན་པའི་ཕྱིར་དང༌། འདུ་ཤེས་མེད་པ་བ་ལས་གཞན་པའི་བསམ་གཏན་བཞི་པའི་སོ་སྐྱེ་རྣམས་ནི་འདུ་ཤེས་མེད་པ་བར་འགྲོ་འདོད། འཕགས་པ་རྣམས་གོང་མ་མྱང་འདས་སུ་འགྲོ་འདོད་པའི་ཕྱིར། གསུམ་པ་(རྣམ་ཤེས་གནས་པ་བཞི་)ནི། རྣམ་ཤེས་གན༷ས་པ༷་དག༷་ནི༷་ཡ༷ང་བཞི༷ར་བཤད་དེ༷། ངན་སོང་ནས་སྲིད་རྩེའི་བར་གྱི་ཟ༷ག་པ་ད༷ང་བཅ༷ས་པའི༷་ཕུང༷་པོ༷་བཞི༷་ཡིན་པའི་ཕྱིར། འོ་ན། ཟག་བཅས་ཀྱི་ཕུང་པོ་ཐམས་ཅད་དེ་ཡིན་ནམ་ཞེ་ན། ར༷ང་གི༷་ས༷་པ༷་ཉིད༷་ཡིན་གྱི། ས་མི་གཅིག་པ་དང་ཟག་མེད་མ་ཡིན་ཏེ། རྣམ༷་ཤེས༷་གནས་པའི་དོན་རྣམ་ཤེས་སྲིད་པའི་དབང་གིས་གནས་པ་ཡིན་ན། ཟག་མེད་དང་ས་གཞན་ལ་ད་ལྟར་གནས་པ་མེད་པའི་ཕྱིར། འོ་ན། རྣམ་ཤེས་དེ་རྣམ་ཤེས་གནས་པར་མི་འཆད་པའི་རྒྱུ་མཚན་ཅི་ཞེ་ན། རྣམ་ཤེས་འབ༷འ་ཞིག༷་རྣམ་ཤེས་གན༷ས་པ༷ར་མ༷་བཤ༷ད་དེ༷། འདིར་ནི་གནས་པ་དང་གནས་པ་པོ་ཐ་དད་པའི་དབང་དུ་བྱས་ལ། རྣམ་ཤེས་དེ་གནས་པ་པོ་ཡིན་པའི་ཕྱིར། དཔེར་ན། རྒྱལ་པོ་དེ་རང་གི་གདན་མིན་པ་བཞིན་ནོ། ། བཞི་པ་(བདུན་དང་བཞིའི་བསྡུ་བ་དཔྱད་པ་)ནི། འོ་ན། རྣམ་ཤེས་གནས་པ་བདུན་གྱིས་བསྡུས་ལ། བཞིས་མ་བསྡུས་པ་སོགས་ཡོད་དམ་ཞེ་ན། བ༷སྡུ་ན༷་མུ༷་ནི༷་བཞི༷་ཡོད་པ་ཡིན༷་ནོ༷། །ཇི་ལྟར་ན། བདུན་གྱིས་བསྡུས་ལ་བཞིས་མ་བསྡུས་པ་ནི་བདུན་གྱི་གནས་སྐབས་ཀྱི་རྣམ་ཤེས་ཀྱི་ཕུང་པོ་ལྟ་བུ། བཞིས་བསྡུས་ལ་བདུན་གྱིས་མ་བསྡུས་པ་ནི་བཞིའི་གནས་སྐབས་ཀྱི་བསམ་གཏན་གཞི་པ་བ་དང༌། སྲིད་རྩེ་བ་དང༌། ངན་སོང་བའི་ཟག་བཅས་ཀྱི་ཕུང་པོ་ལྟ་བུ། གཉིས་ཀས་མ་བསྡུས་པ་ནི་བསམ་གཏན་བཞི་པ་བ་དང༌། སྲིད་རྩེ་བ་དང༌། ངན་སོང་བ་རྣམས་ཀྱི་རྣམ་ཤེས་ཀྱི་ཕུང་པོ་ལྟ་བུ། གཉིས་ཀས་བསྡུས་པ་ནི་རྣམ་ཤེས་གནས་པ་བདུན་གྱི་གནས་སྐབས་ཀྱི་རྣམ་ཤེས་ལས་གཞན་པའི་ཟག་བཅས་ཀྱི་ཕུང་པོ་བཞི་ལྟ་བུའོ།། །། གསུམ་པ་རང་བཞིན་རྒྱས་པར་བཤད་པ་ལ་གསུམ། དང་པོར་འཇུག་ཚུལ། བར་དུ་གནས་ཚུལ། མཐར་འགྲོ་ཚུལ་ལོ། །དང་པོ་(དང་པོར་འཇུག་ཚུལ་)ལ་གཉིས། གང་དུ་འཇུག་པའི་སྐྱེ་གནས། གང་གིས་འཇུག་པའི་བར་སྲིད་དོ། །དང་པོ་(གང་དུ་འཇུག་པའི་སྐྱེ་གནས་)ནི། ཁམས་གསུམ་དུ་སེམས་ཅན་སྐྱེ་བའི་གནས་དུ་ཞེ་ན། ཁམས་གསུམ་པོ་དེ༷ར་ནི༷་སྒོ་ང༷་ལ༷ས་སྐྱེ༷་བ༷་དང༌། སོག༷ས་པ་མངལ་ནས་སྐྱེ་བ་དང༌། དྲོད་གཤེར་ལས་སྐྱེ་བ་དང༌། རྫུས་ཏེ་སྐྱེ་བ་སྟེ་སེམ༷ས་ཅ༷ན་གྱི་སྐྱེ༷་གན༷ས་བཞི༷་དག༷་ཏུ༷་ཡོད་དོ། །འོ་ན། འགྲོ་བ་གང་ལ་སྐྱེ་གནས་དུ་ཡོད་ཅེ་ན། མི༷་ལ་སྐྱེ་གནས་རྣམ་པ་བཞི་ག་ཡོད་དེ། རྫུས་སྐྱེས་ནི་བསྐལ་པ་དང༷་པོའི་མི་ལྟ་བུ། དྲོད་གཤེར་སྐྱེས་ནི་རྒྱལ་པོ་ང་ལས་ནུ་ལྟ་བུ། སྒོང་སྐྱེས་ནི་གྲུ་ཆག་པའི་ཚོང་པ་ཁྲུང་ཁྲུང་མོ་དང་ལྷན་ཅིག་འགྲོགས་པ་ལ་བརྟེན་ནས་གནས་བརྟན་བྲག་དང༌། ཉེ་བའི་བྲག་བྱུང་བ་ལྟ་བུ་དང༌། མངལ་སྐྱེས་ནི་ད་ལྟའི་མི་ཕལ་ཆེ་བའོ། །དུད༷་འགྲོ༷༷་ལ་སྐྱེ་གནས་རྣམ༷་པ༷་བཞི༷་ཡོད་དེ། ནམ་མཁའ་ལྡིང་སྐྱེ་གནས་བཞི་པས་ཀླུ་སྐྱེ་གནས་བཞི་ག་བཟའ་བར་བཤད་པའི་ཕྱིར། དམྱལ༷་བ༷་པ་རྣམ༷ས་དང༷༌། ལྷ༷་རྣམ༷ས་དང༷༌། སྲིད༷་པ༷་བར༷་མ༷་རྫུས༷་ཏེ༷་སྐྱེ༷་བ་ཡིན་ཏེ། ལས་ཆེས་སྟོབས་དང་ལྡན་པའི་ཕྱིར། ཡི༷་དྭག༷ས་ཕལ་ཆེར་རྫུས་སྐྱེས་ཡིན་ལ། མང༷ལ་ན༷ས་སྐྱེ༷་བ༷འང༷་ཡོད་པ་ཡི༷ན་ཏེ། ཡི་དྭགས་མོ་ཞིག་གིས་བཙུན་པ་མཽ་གལ་གྱི་བུ་ཆེན་པོ་ལ། བདག་གིས་མཚན་མོ་བུ་ལྔ་དང༌། །དེ་བཞིན་ཉིན་བར་བུ་ལྔ་ནས། །བསྐྱེད་ནས་དེ་དག་ཟ་མོད་ཀྱི། །འོན་ཀྱང་བདག་ནི་ཚིམ་པ་མེད། །ཅེས་འབྱུང་བའི་ཕྱིར། འོ་ན། སྐྱེ་གནས་དེ་རྣམས་ལས་གང་བཟང་བ་ཡིན་ཞེ་ན། རྫུས་སྐྱེས། དྲོད་གཤེར་སྐྱེས༌། མངལ་སྐྱེས། སྒོང་སྐྱེས་རྣམས་ལས་སྔ་མ་སྔ་མ་བཟང་སྟེ། རིམ་པ་བཞིན་རང་གཞན་གཉིས་ཀ་ལ་མི་གནོད་པར་སྐྱེ་བ་དང༌། གཞན་ལ་མི་གནོད་པ་དང༌། རང་གིས་སྡུག་བསྔལ་ལན་གཅིག་མྱོང་བ་དང༌། སྡུག་བསྔལ་ལན་གཉིས་མྱོང་ནས་སྐྱེ་བའི་ཕྱིར། ། གཉིས་པ་གང་གིས་འཇུག་པའི་བར་སྲིད་ལ་ལྔ། ངོ་བོ་དང༌། སྒྲུབ་བྱེད། ཤ་ཚུགས། ཆོས་ཀྱི་ཁྱད་པར། སྐྱེ་གནས་སུ་འཇུག་ཚུལ་ལོ། །དང་པོ་(ངོ་བོ་)ནི། སྲིད་པ་བར་མ་རྫུས་ཏེ་སྐྱེ། །ཞེས་བཤད་ན། དེའི་ངོ་བོ་གང་ཞེ་ན། ཕུང་པོའི་རྒྱུན་འདི༷ར་གང༷་འཆི༷་བའི༷་སྲིད་པ་དང༷་སྐྱེ༷་བའི༷་སྲིད༷་པའི༷་བ༷ར་དུ༷༷་འབྱུང༷་བ༷འོ༷། །འོ་ན། དེ་བྱུང་བ་མ་ཡིན་པའི་རྒྱུ་མཚན་ཅི་ཞེ་ན། སྲིད༷་པ༷་བ༷ར་མ༷་དེ་བྱུང༷་བ༷་མི༷ན་ཏེ། དེ་བགྲོད༷་པའི༷་ཡུལ༷་དུ༷་མ༷་ཕྱིན༷་པའི་ཕྱིར༷།", "target": {"entries": [{"title": "ཆོས་ཀྱི་ཁྱད་པར", "level": 1, "start": 0, "anchor": "གཉིས་པ་ཆོས་ཀྱི་ཁྱད་པར་ལ་བཞི། རྣམ་ཤེས་ཀྱི"}, {"title": "རྣམ་ཤེས་ཀྱི་གནས་པ་བདུན", "level": 2, "start": 125, "anchor": "དང་པོ་(རྣམ་ཤེས་ཀྱི་གནས་པ་བདུན་)ནི། ཡང་མད"}, {"title": "སེམས་ཅན་གྱི་གནས་དགུ", "level": 2, "start": 2124, "anchor": "གཉིས་པ་(སེམས་ཅན་གྱི་གནས་དགུ་)ནི། སེམས་ཅན"}, {"title": "རྣམ་ཤེས་གནས་པ་བཞི", "level": 2, "start": 2887, "anchor": "གསུམ་པ་(རྣམ་ཤེས་གནས་པ་བཞི་)ནི། རྣམ་ཤེས་ག"}, {"title": "བདུན་དང་བཞིའི་བསྡུ་བ་དཔྱད་པ", "level": 2, "start": 3486, "anchor": "བཞི་པ་(བདུན་དང་བཞིའི་བསྡུ་བ་དཔྱད་པ་)ནི། "}, {"title": "རང་བཞིན་རྒྱས་པར་བཤད་པ", "level": 1, "start": 4070, "anchor": "གསུམ་པ་རང་བཞིན་རྒྱས་པར་བཤད་པ་ལ་གསུམ། དང་"}, {"title": "དང་པོར་འཇུག་ཚུལ", "level": 2, "start": 4157, "anchor": "དང་པོ་(དང་པོར་འཇུག་ཚུལ་)ལ་གཉིས། གང་དུ་འཇ"}, {"title": "གང་དུ་འཇུག་པའི་སྐྱེ་གནས", "level": 3, "start": 4243, "anchor": "དང་པོ་(གང་དུ་འཇུག་པའི་སྐྱེ་གནས་)ནི། ཁམས་"}, {"title": "གང་གིས་འཇུག་པའི་བར་སྲིད", "level": 3, "start": 5545, "anchor": "གཉིས་པ་གང་གིས་འཇུག་པའི་བར་སྲིད་ལ་ལྔ། ངོ་"}, {"title": "ངོ་བོ", "level": 4, "start": 5655, "anchor": "དང་པོ་(ངོ་བོ་)ནི། སྲིད་པ་བར་མ་རྫུས་ཏེ་སྐ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5947, "headings": 10}} {"id": "IBA-LWS-08-041", "input": "གཉིས་པ་བར་དུ་གནས་ཚུལ་ལ་གཉིས། གང་གནས་པ་སེམས་ཀྱི་རྟེན་འབྲེལ་དང༌། གང་གིས་གནས་པ་ཟས་ཀྱི་རྟེན་འབྲེལ་ལོ། །དང་པོ་(གང་གནས་པ་སེམས་ཀྱི་རྟེན་འབྲེལ་)ལ་གསུམ། བསྟན། བཤད། བསྡུ་བའོ། །དང་པོ་(མདོར་བསྟན་པ་)ནི། ཕྱི་རོལ་པ་ན་རེ། གང་ཟག་གི་བདག་ཡོད་པར་ཐལ། སྐྱེ་བ་སྔ་མ་ནས་འདིར་འོང་བ་དང༌། འདི་ནས་ཕྱི་མར་འགྲོ་བའི་བར་སྲིད་ཡོད་པའི་ཕྱིར་ཞེ་ན། དེ་ལྟར་ཡིན་ཡང་གང་ཟག་གི་བད༷ག་མེ༷ད་དེ། རྟག་གཅིག་རང་དབང་ཅན་གྱི་གང་ཟག་མེད་པའི་ཕྱིར། ཁོ་ན་རེ། འོ་ན། ཕུང༷་པོ༷་སྔ་མ་དོར་ནས་ཕྱི་མ་ལེན་པར་བྱེད་པ་པོ་མ་གྲུབ་པར་ཐལ། གང་ཟག་གི་བདག་མེད་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། ཕུང་པོའི་རྒྱུན་ཙམ༷་ཉིད༷་གང་ཟག་ཡིན་པའི་ཕྱིར། ཁོ་ན་རེ། ཕུང་པོ་སྐད་ཅིག་མ་ཡིན་པས་རྒྱུན་གྱིས་འཇུག་པར་མི་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སྐྱེ་བ་སྔ་མའི་ཉོན༷་མོང༷ས་པ་དང་ལ༷ས་ཀྱིས༷་མངོ༷ན་པར་འདུས༷་བྱས༷་པའི་སྲིད༷་པ༷་བར༷་མའི༷་ཕུང་པོའི་རྒྱུན༷་གྱིས༷་ན༷་སྐྱེ་བའི་གནས་མང༷ལ་དུ༷་འགྲོ༷་སྟེ། དཔེར་ན། མར༷་མེ༷་སྐད་ཅིག་མ་ཡིན་ཡང་རྒྱུན་གྱིས་ཡུལ་གཞ༷ན་དུ༷་འགྲོ་བ་བཞིན། བར་སྲིད་ལས་སྐྱེ་སྲིད་སོགས་ཀྱི་རྒྱུན་ཇི་ལྟར་འབྱུང་ཞེ་ན། ལས་དང་ཉོན་མོངས་པས་ཇི༷་ལྟར༷་འཕ༷ངས་པ་བཞི༷ན་དུ་ནུར་ནུར་པོ་སོགས་མངལ་གྱི་གནས་སྐབས་ལྔ་དང༌། དེ་ལས་སྐྱེ་མཆེད་དྲུག་དོད་པ་དང༌། མངལ་ནས་བྱུང་སྟེ་བྱིས་པ་སོགས་བཙས་པའི་གནས་སྐབས་ལྔའི་རི༷མ་གྱིས༷་ཕུང་པོ་ལྔའི་རྒྱུན༷་སྐྱེ་བ་ཡིན་ནོ། །དེ་ལྟར་སྐྱེས༷་ནས༷་ཉོན་མོངས་པས་ལས༷་གསོག་ཅིང༌། ཡང་འཆི་སྲིད་དང་ཚེ་འདིར་བསགས་པའི་ལས་དང༷་ཉོན་མོང༷ས་པ་རྣམས་ཀྱིས༷་འཇི༷ག་རྟེན༷་ཕ༷་རོལ༷་གྱི་བར་སྲིད་དང༌། དེ་ནས་ཡང་དེའི་སྐྱེ་བའི་སྲིད་པ་དག༷་ཏུ༷་འགྲོ༷་ལ། དེ་ནས་ཀྱང་འཆི་འཕོ་དང༌། སྐྱེ་བར་གཞོལ་བར་ཐུག་པ་མེད་པའི་ཕྱིར་སྲིད༷་པ༷་བཞིའི་འཁོ༷ར་ལོ༷་འཁོར་བ་ལ་ནི་ཐོག༷་མ༷་དང་ཐ་མའང་མེ༷ད་པ་ཡིན་ནོ། ། གཉིས་པ་རྒྱས་བཤད་ལ་གསུམ། གནས་སྐབས་པའི་རྟེན་འབྲེལ། སྐབས་སུ་བབ་པའི་ངོ་བོ། ཡན་ལག་གསུམ་དཔེ་དང་སྦྱར་བའོ། །དང་པོ་(གནས་སྐབས་པའི་རྟེན་འབྲེལ་)ལ་བཞི། རང་བཞིན། བསྡུ་བ་དཔྱད་པ། གྲངས་ངེས་པའི་རྒྱུ་མཚན། འབྱུང་བྱུང་གི་ཁྱད་པར་རོ། །དང་པོ་(རང་བཞིན་)ལ་གསུམ། དབྱེ་བ། སོ་སོའི་མཚན་ཉིད། དེ་དག་གི་ངེས་པའོ། །དང་པོ་(དབྱེ་བ་)ནི། དེ་ལྟར་ཕུང་པོའི་རྒྱུན་སྐྱེ་བ་སྔ་མ་དང༌། ད་ལྟ་བ་དང༌། ཕྱི་མའི་བདག་ཉིད་ཀྱིས་འཁོར་བའི་འཁོར་ལོ་གང་ཡིན་པ་དེ༷་ནི༷་མ་རིག་པ་ནས་རྒ་ཤིའི་བར་རྟེན༷་ཅིང༷་འབྲེལ༷་བར་འབྱུང༷་བའི༷་ཡན་ལག་བཅུ་གཉིས་སུ་འགྱུར་རོ། །ཅིའི་ཕྱིར་རྟེན་འབྲེལ་ཞེས་བྱ་ཞེ་ན། པྲ་ཏཱི་ཏྱ་ས་མུད་པཱ་ད་ཞེས། པྲ་ཏཱི་ཕྲད་པ་དང༌། བྱིངས་ཨི་ཏི་འགྲོ་བ་ཡིན་ཡང་པྲ་ཏཱི་དང་འབྲེལ་བ་ན་ཕྲད་ནས་དང་ཕྲད་ཅིང་ལ་འཇུག །བྱིངས་པཱ་ད་ཉེ་བསྒྱུར་ས་མུད་གོང་དུ་ཡོད་པས་ན་འབྱུང་བ་ལ་འཇུག་པའི་ཕྱིར་རྒྱུ་རྐྱེན་དང་འབྲས་བུ་ཕྲད་ནས་ཡང་དག་པར་འབྱུང་བས་དེ་སྐད་ཅེས་བྱའོ། །ཡ༷ན་ལ༷ག་བཅུ༷་གཉིས༷་གང་ཞེ་ན། མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤིའོ། །དེ་བཅུ་གཉིས་ལ་ཆ༷་གསུམ༷་ཡོད་དེ། སྔོན༷་གྱི་མཐའ་ལ་མ་རིག་པ་དང༷་འདུ་བྱེད་གཉིས་དང༌། ཕྱི༷་མའི་མཐ༷འ་ལ་སྐྱེ་བ་དང་རྒ་ཤི་གཉིས༷་དང༷༌། བ༷ར་དུ༷་རྣམ་ཤེས་ནས་སྲིད་པའི་བར་བརྒྱད༷་ཡོད་པའི་ཕྱིར། འོ་ན། དེ་དག་གང་ཟག་གང་ལ་ལྡན་ཞེ་ན། མངལ་སྐྱེས་ཚེ་ཡོང༷ས་སུ་རྫོག༷ས་པ་ལ་ལྡན༷་པ་ཡིན་གྱི། སྐྱེ་གནས་གཞན་དང་བར་མ་དོར་འཆི་བ་ལ་མིན་ནོ། ། གཉིས་པ་སོ་སོའི་མཚན་ཉིད་ནི། ཡན་ལག་བཅུ་གཉིས་ཞེས་བཤད་ན། དེ་དག་གི་ངོ་བོ་གང་ཞེ་ན། མ༷་རི༷ག་པ་ནི་སྐྱེ་བ་སྔོན་མ་ཉོན༷་མོང༷ས་པ་སྤྱོད་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་སྟེ་ཉོན་མོངས་པ་ཡིན་ནོ། །འདུ༷་བྱེད༷་དག༷་ནི༷་སྐྱེ་བ་སྔོན༷་མ་དགེ་སོགས་ལ༷ས་གསུམ་སྤྱོད་པའི་གན༷ས་སྐབ༷ས་ཀྱི་ཕུང་པོ་ལྔ་སྟེ་ལས་སོ། །རྣམ༷་ཤེས༷་ནི་སྐྱེ་བ་འདིར་མའི་མངལ་དུ་ཉིང་མཚ༷མས་སྦྱོར༷་བའི་སྐད་ཅིག་གི་ཕུང༷་པོ༷་ཡི༷ན་ནོ། །མི༷ང་དང༷་གཟུ༷གས་ནི༷་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་དེ༷་ཕན༷་ཆད༷་ནས་བཟུང་སྟེ་སྐྱེ༷་མཆེ༷ད་དྲུག༷་དོད༷་ཚུན༷་ཆ༷ད་ཀྱི་ཕུང་པོ་ལྔའོ། །དེ་ལ་མིང་ནི་ཚོར་འདུ། འདུ་བྱེད། ཡིད་ཀྱི་རྣམ་ཤེས་ཡིན་ཏེ། མིང་ལྟར་ཐོགས་པ་མེད་པའི་ཕྱིར། གཟུགས་ནི་མེར་མེར་པོ་སོགས་སོ། །སྐྱེ་མཆེད་དྲུག་པོ་དེ༷་ནི༷་ཡུལ་དབང་རྣམ་ཤེས་གསུམ༷་འདུས༷་ནས་ཡུལ་ལ་ལོངས་སྤྱོད་པ་ཚུན༷་ཆད༷་དོ༷། །རེག༷་པ༷་ནི་གསུམ་འདུས་ནས་ཡུལ་ཡོངས་སུ་གཅོད་པ་ནས་བཟུང་སྟེ་བདེ༷་བ་དང༌། སྡུག༷་བསྔལ་དང༌། ལ༷་སོག༷ས་པ་བཏང་སྙོམས་ཀྱི༷་རྒྱུ༷་ཡུལ་ཡིད་དུ་འོང༌། མི་འོང༌། བར་མ་ལ་བླང་དོར་ཤེས༷་ནུས༷་པ༷་ཚུན༷་ཆད༷་དོ༷། །ཚོར་བ་ནི་ཚོར༷་བ་གསུམ་གྱི་རྒྱུ་བླང་དོར་ནུས་པ་ནས་བཟུང་འཁྲིག༷་པ་ལ་སྤྱོད་མི་ནུས་པ་ཚུན༷་ཆ༷ད་དོ། །སྲེད༷་པ༷་ནི༷་འདོད་ཡོན་གྱི་ལོང༷ས་སྤྱོད༷་དང་འཁྲིག༷་པ༷་ལ་སྤྱོད་ཅིང་ཡུལ་འཚོལ་བ་ལ་མ་ཞུགས་ཀྱི་བར་གྱི་ཆག༷ས་པ་ཅ༷ན་གྱི༷་ཕུང་པོ་ལྔའོ། །ཉེ༷༷་བར༷་ལེ༷ན་པ་བ་ནི་སྲིད་པའི༷་ཡུལ་དུ་གྱུར་པའི་ལོང༷ས་སྤྱོད༷་རྣམ༷ས་ཐོབ༷་པར༷་བྱ༷་བའི་ཕྱིར༷་ཡོང༷ས་སུ་རྒྱུག༷་པའོ། །རྒྱུག་པའི༷་གང་ཟག་དེ༷་ཡང་སྲིད༷་ཕྱི་མའི་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་འབྲས༷་བུ༷་འབྱུང༷་བར་འགྱུར༷་བ༷འི་རྒྱུ་ལ༷ས་དགེ་མི་དགེ་བྱེད༷་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་པོ་དེ༷་ནི༷་སྲིད༷་པ༷་ཡི༷ན་ནོ། །འདི་ནས་ཤི་འཕོས་ཏེ་ཕྱི་མར་ཉིང༷་མཚ༷མས་སྦྱོར༷་བ༷་སྐབས་དེ་ནི་སྐྱེ༷་བ༷་ཡི༷ན་ལ། ཚེ་འདི་དབུས་སུ་བཞག་པའི་ཕྱི་མའི་མིང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར༷་བའི༷་བར༷་བཞི་ནི༷་རྒ༷་ཤི༷་ཡི༷ན་ཏེ། མདོ་ལས། དགེ་སློང་དག་མིང་གཟུགས་ཀྱི་སྐྱེ་བ་གང་ཡིན་པ་དེ་ནི་རྒ་ཤིའི་སྐྱེ་བ་ཡིན་ཏེ། ཚོར་བའི་བར་དུའང་དེ་དང་འདྲའོ་ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་རྟེན་འབྲེལ་དེའང་སྐད་ཅིག་མ་དང༌། རྒྱུན་ཆགས་པ་དང༌། འབྲེལ་བ་ཅན་དང༌། གནས་སྐབས་པ་དང་བཞིར་གསུངས་པ་ལས། འདི༷་ནི༷་གན༷ས་སྐབ༷ས་པའི་རྟེན་ཅིང་འབྲེལ་བར་འབྱུང་བར༷་འདོ༷ད་པ་ཡིན་ནོ། །ལོའི༷་དཔྱད་པ་འོག་ནས་མཛད། གལ་ཏེ་གནས་སྐབས་དེ་དག་ཕུང་པོ་ལྔ་པ་ཅན་ཡིན་ན། ཅིའི་ཕྱིར་མ་རིག་པ་ལ་སོགས་པའི་ཡན་ལག་ཏུ་བསྒྲགས་ཤེ་ན། གནས་སྐབས་དེ་ན་མ་རིག་པ་གཙོ༷་བོ༷་ཡིན་པའི་ཕྱིར༷་ན༷་གཙོ་བོའི་མིང་གིས་ཡ༷ན་ལག༷་ཏུ་བསྒྲག༷ས་པ་ཡིན་ཏེ། དཔུང་ཚོགས་ཡན་ལག་བཞི་པ་ལའང་རྒྱལ་པོ་བྱུང་ངོ་ཞེས་བརྗོད་པ་བཞིན། དེ་བཞིན་དུ་འདུ་བྱེད་སོགས་ལའང་སྦྱར་རོ། ། གསུམ་པ་དེ་དག་གི་ངེས་པ་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཆ་གསུམ་དུ་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། དགོས་པ་ཡོད་དེ། སྔོན༷་གྱི་མཐའ་དང༷༌། ཕྱི༷༷་མའི་མཐ༷འ་དང༌། བར༷་དག༷་ལ༷་བདག་སྔོན་བྱུང་ངམ་མ་བྱུང༌། ཅི་ཞིག་ཏུ་བྱུང༌། ཇི་ལྟར་བྱུང༌། མ་འོངས་པ་ན་འབྱུང་ངམ་མི་འབྱུང༌། ཅི་ཞིག་ཏུ་འབྱུང༌། ཇི་ལྟར་འབྱུང༌། ད་ལྟ་ཅི་ཞིག་ཡིན་སྙམ་པའི་རྨོང༷ས་པ༷་རྣམ༷་པར༷་བཟློག༷་པར་བྱ་བའི་ཕྱིར་རོ།། །།", "target": {"entries": [{"title": "བར་དུ་གནས་ཚུལ", "level": 1, "start": 0, "anchor": "གཉིས་པ་བར་དུ་གནས་ཚུལ་ལ་གཉིས། གང་གནས་པ་སེ"}, {"title": "གང་གནས་པ་སེམས་ཀྱི་རྟེན་འབྲེལ", "level": 2, "start": 99, "anchor": "དང་པོ་(གང་གནས་པ་སེམས་ཀྱི་རྟེན་འབྲེལ་)ལ་ག"}, {"title": "མདོར་བསྟན་པ", "level": 3, "start": 166, "anchor": "དང་པོ་(མདོར་བསྟན་པ་)ནི། ཕྱི་རོལ་པ་ན་རེ། "}, {"title": "རྒྱས་བཤད", "level": 3, "start": 1433, "anchor": "གཉིས་པ་རྒྱས་བཤད་ལ་གསུམ། གནས་སྐབས་པའི་རྟེ"}, {"title": "གནས་སྐབས་པའི་རྟེན་འབྲེལ", "level": 4, "start": 1533, "anchor": "དང་པོ་(གནས་སྐབས་པའི་རྟེན་འབྲེལ་)ལ་བཞི། ར"}, {"title": "རང་བཞིན", "level": 5, "start": 1645, "anchor": "དང་པོ་(རང་བཞིན་)ལ་གསུམ། དབྱེ་བ། སོ་སོའི་"}, {"title": "དབྱེ་བ", "level": 6, "start": 1713, "anchor": "དང་པོ་(དབྱེ་བ་)ནི། དེ་ལྟར་ཕུང་པོའི་རྒྱུན"}, {"title": "སོ་སོའི་མཚན་ཉིད", "level": 6, "start": 2690, "anchor": "གཉིས་པ་སོ་སོའི་མཚན་ཉིད་ནི། ཡན་ལག་བཅུ་གཉི"}, {"title": "དེ་དག་གི་ངེས་པ", "level": 6, "start": 4866, "anchor": "གསུམ་པ་དེ་དག་གི་ངེས་པ་ནི། རྟེན་འབྲེལ་ཡན་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5216, "headings": 9}} {"id": "IBA-LWS-08-042", "input": "གཉིས་པ་བསྡུ་བ་དཔྱད་པ་ནི། འོ་ན། རྟེན་འབྲེལ་ཡན་ལག་བཅུ་གཉིས་བསྡུ་ན་དུར་འདུས་ཤེ་ན། བསྡུ་ན་གསུམ་དུ་འདུས་ཏེ། ཉོན༷་མོང༷ས་པ་དང༌། ལས་དང༌། གཞི་གསུམ༷་དུ་འདུས་པ༷འི་ཕྱིར། ཉོན་མོངས་པ་ལ་གསུམ་ཡོད་དེ། མ་རིག་པ་དང༌། སྲེད་པ་དང༌། ལེན་པ་གསུམ་ཡོད་པའི་ཕྱིར། ལས༷་ལ་གཉི༷ས་ཡོད་དེ། འདུ་བྱེད་དང་སྲིད་པ་གཉིས་ཡོད་པའི་ཕྱིར། གཞི༷་ནི་ལྷག་མ་བདུན༷་པོ་ཡིན་ཏེ། དེ་ལས་ལས་དང་ཉོན་མོངས་པ་འབྱུང་བའི་ཕྱིར། ཡན་ལག་བདུན་པོ་གཞི་ཡིན་པ་དེ༷་བཞི༷ན་དུ་འབྲས༷་བུ༷འང་ཡིན་ཏེ། ལས་དང་ཉོན་མོངས་པ་ལས་བྱུང་བའི་ཕྱིར། ཡང་རྟེན་འབྲེལ་ནི་རྣམ་པ་གཉིས་ཏེ། སྔོན་གྱི་མཐའ་པ་དང༌། ཕྱི་མའི་མཐའ་པའོ། །དེ་དག་རེ་རེ་ལའང་རྒྱུ་དང་འབྲས་བུ་གཉིས་གཉིས་ཡོད་པ་ལས། མ་རིག་པ་དང་འདུ་བྱེད་ནི་སྔོན་མཐའི་རྒྱུ་དང༌། རྣམ་ཤེས་ནས་ཚོར་བའི་བར་ནི་སྔོན་མཐའི་འབྲས་བུ་ཡིན་ལ། སྲེད་ལེན་སྲིད་པ་གསུམ་ནི་ཕྱི་མཐའི་རྒྱུ་དང༌། སྐྱེ་བ་དང་རྒ་ཤི་ནི་འབྲས་བུ་ཡིན་ནོ། །འོ་ན། རྟེན་འབྲེལ་རྒྱུ་འབྲས་སུ་འབྲེལ་བ་ལ་ཁྱད་པར་མེད་བཞིན་དུ་སྔོན་མཐའི་རྒྱུ་གཉིས་སུ་བསྡུས་ཤིང་འབྲས་བུ་ལྔར་ཕྱེ་ལ། ཕྱི་མཐའི་རྒྱུ་གསུམ་དུ་ཕྱེ་ཞིང་འབྲས་བུ་གཉིས་སུ་ཅིའི་ཕྱིར་བསྡུས་ཤེ་ན། སྐྱེ་བ་སྔ་ཕྱི་མཐར་གཉིས༷་ཀྱི༷་གོ་རིམ་བཞིན་དུ་རྒྱུ༷་དང་འབྲས༷་བུ་མདོ༷ར་བསྡུས༷་ཏེ་བསྟན་ཀྱང༷༌། དེ་གཉིས་ལ་དེ་ལྟར་དབྱེར་མི་རུང་བའི་སྐྱོན་མེད་དེ། བར༷་མ༷འམ་སྐྱེ་བ་འདི་ལ་འབྲས་བུ་ལ་རྣམ་པ་ལྔར་ཕྱེ་བ་དང༌། རྒྱུ་ལ་གསུམ་དུ་ཕྱེ་བའི་རྗེས༷་སུ༷་དཔག༷་པ༷་ལ༷ས་ཕྱི་མའི་སྐྱེ་བ་དང་རྒ་ཤིའང་རྣམ་པ་ལྔར་རྗེས་སུ་དཔོག་པར་ནུས་ལ། སྔ་མའི་མ་རིག་པ་དང་འདུ་བྱེད་ཀྱང་རྣམ་པ་གསུམ་དུ་དཔོག་པར་ནུས་ཏེ། སྲེད་པ་མ་རིག་པ་ཡིན་པ་དང༌། ཚོར་བའི་བར་ནི་རྒ་ཤི་ཡིན་པའི་ཕྱིར། དེ་བཞིན་དུ་སྔ་ཕྱིའི་རྒྱུ་འབྲས་མདོར་བསྡུས་ཏེ་བསྟན་པས་བར་མའི་འབྲས་བུ་དང༌། རྒྱུའང་མདོར་བསྡུས་པ་དཔོག་པར་ནུས་པས་དབྱེ་བསྡུ་ལ་མཁས་པའི་ཕྱིར་དེ་ལྟར་བསྟན་གྱི། དོན་ལ་ཁྱད་པར་མེད་དོ། ། གསུམ་པ་གྲངས་ངེས་པའི་རྒྱུ་མཚན་ནི། གལ་ཏེ་དེ་ལྟ་ནའང་མ་རིག་པ་ལ་རྒྱུ་ཡོད་ཅིང་རྒ་ཤི་ལ་འབྲས་བུ་ཡོད་ན་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་སུ་ངེས་པར་མི་འགྱུར་ལ། མེད་ན་མ་རིག་པ་རྒྱུ་མེད་དང༌། རྒ་ཤི་དོན་བྱེད་པས་སྟོང་པ་དང༌། འཁོར་བ་ཐོག་མཐའ་ཅན་དུའང་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ཉོན༷་མོང༷ས་པ༷་སྲེད་པ་ལས༷་ཉོན༷་མོང༷ས་པ་ལེན་པ་འབྱུང་བ་དང༷༌། ཉོན་མོངས་པ་ལེན་པ་དང་མ་རིག་པ་ལས་བྱ༷་བ༷་སྟེ་ལས་སྲིད་པ་དང་འདུ་བྱེད་འབྱུང་བ་ཉིན༷་དོ༷། །ལས་དེ༷་གཉིས་ལས༷་ནི་གཞི༷་འབྱུང་སྟེ། འདུ་བྱེད་ལས་རྣམ་ཤེས་དང༌། སྲིད་པ་ལས་སྐྱེ་བ་འབྱུང་བའི་ཕྱིར། གཞི་དེ༷་དག་ལ༷ས་ཀྱང་གཞི༷་འབྱུང་སྟེ། རྣམ་ཤེས་ལས་མིང་གཟུགས་ནས་རེག་པ་ལས་ཚོར་བ་འབྱུང་བའི་བར་དང༷༌། སྐྱེ་བ་ལས་རྒ་ཤི་འབྱུང་བའི་ཕྱིར། གཞི་དེ་དག་ལས་ཀྱང་ཉོན༷་མོང༷ས་པ་སྐྱེ༷་སྟེ། ཚོར་བ་ལས་སྲེད་པ་དང༌། ཚོར་བའི་བར་ནི་རྒ་ཤི་ཡིན་ལ། སྲེད་པ་མ་རིག་པ་ཡིན་པ་རྒ་ཤི་ལས་མ་རིག་པ་འབྱུང་བའི་ཕྱིར། དེ་ལྟ་ན་དེ་ལྟ་བུ་འདི༷་ནི༷་སྲིད༷་པའི༷་ཡ༷ན་ལག༷་བཅུ་གཉིས་ཀྱི་ལུགས་སུ་རྣམ་པར་བཞག་པས་སྐྱོན་གཉིས་ཀ་ལས་གྲོལ་ཏེ། མ་རིག་པའི་རྒྱུ་ནི་རྒ་ཤི་ཡིན་པའི་ཕྱིར་དང༌། རྒ་ཤིའི་འབྲས་བུའང་མ་རིག་པ་ཡིན་པའི་ཕྱིར་རོ། །དེས་ན་སྔོན་དང་ཕྱི་མའི་མཐའ་མེད་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཉིད་འཁོར་བ་ཡིན་ཏེ། འབྱུང་ལས། གསུམ་པོ་དག་ལས་གཉིས་འབྱུང་སྟེ། ། གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། ། གསུམ་འབྱུང་སྲིད་པའི་འཁོར་ལོ་ཏེ། ། ཉིད་ནི་ཡང་དང་ཡང་དུ་འཁོར། ། ཞེས་གསུངས་པའི་ཕྱིར་རོ། ། བཞི་པ་འབྱུང་བྱུང་གི་ཁྱད་པར་ནི། འོ་ན། མདོ་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། རྟེན་ཅིང་འབྲེལ་བར་བྱུང་བ་སོགས་སོ་སོར་གསུངས་པའི་དོན་གང་ཞེ་ན། བསྟན་བཅོས་ལས་གཉིས་ཀའང་འདུས་བྱས་ཀྱི་ཆོས་ཀྱི་མིང་གི་རྣམ་གྲངས་ཡིན་པས་རྒྱུ་འབྲས་བཤད་ཟིན་ལྟར་སྤྱི་ཙམ་གྱི་དབང་དུ་བྱས་པའོ། མདོ་ལས་གསུངས་པ་ལྟར་སྐབས་འདི༷ར་ནི༷་རྟེན་ཅིང་འབྲེལ་བར་འབྱུང༷་བ༷་ནི་ཕྱི་མ་སྐྱེད་པའི་རྒྱུའི༷་ཡན་ལག་ཡིན༷་ཏེ༷། འདི་ལས་འབྲས་བུའི་ཡན་ལག་རྣམས་འབྱུང་བའི་ཕྱིར། རྟེན་ཅིང་འབྲེལ་བར་བྱུང༷་བ༷་ནི་སྔ་མ་ལས་སྐྱེས་པའི་འབྲས་༷བུ༷འི་ཡན་ལག་ཡི༷ན་པར༷་འདོ༷ད་དེ། རྒྱུའི་ཡན་ལག་ལས་བྱུང་བའི་ཕྱིར། དེ་ལྟར་ན་ཡན་ལག་ཐམས་ཅན་ཀྱང་རྒྱུ་དང་འབྲས་བུར་གྱུར་པ་གཉིས་ཀ་ཡིན་མོད་ཀྱི། འོན་ཀྱང་གང་ལ་ལྟོས་ནས་རྒྱུ་ཡིན་པ་དེ། དེ་ལ་ལྟོས་ནས་འབྲས་བུ་མ་ཡིན་ལ། གང་ལ་ལྟོས་ནས་འབྲས་བུ་ཡིན་པ་དེ། དེ་ལ་ལྟོས་ནས་རྒྱུ་མ་ཡིན་ཏེ། བུ་ལ་ལྟོས་ནས་ཕ་ཡིན་པ་དེ། བུ་དེའི་བུ་མ་ཡིན་པ་བཞིན་ནོ། །ཡང་མདོ་ལས། མ་རིག་པ་ཡོད་ན་འདུ་བྱེད། དེ་ཡོད་ན་རྣམ་ཤེས་སོགས་འབྱུང་ངོ་གསུངས་པའང་སྔོན་གྱི་མཐའ་འདི་ཡོད་ན་ད་ལྟར་གྱི་མཐའ་འདི་འབྱུང་ལ། ད་ལྟར་གྱི་མཐའ་འདི་སྐྱེས་པས་ཕྱི་མའི་མཐའ་འདི་སྐྱེའོ་ཞེས་དོན་གཅིག་ཡིན་ནོ། །འདིར་མདོ་སྡེ་པས་ནི་མ་རིག་པ་སོགས་ཕུང་པོ་ལྔ་པ་ནི་མིན་ཏེ། མ་རིག་པ་ནི་མི་ཤེས་པའི་སེམས་ལས་བྱུང་བ་དང༌། འདུ་བྱེད་ནི་སེམས་པ་ཁོ་ན་ཡིན་ནོ། །གཙོ་ཆེ་བས་ཀྱང་མིན་ཏེ། དེ་ལྟ་ན་རྣམ་ཤེས་འབའ་ཞིག་སྟོན་པར་ཐལ་བའི་ཕྱིར་རོ། །དེས་ན་མ་རིག་པ་དང་འདུ་བྱེད་ནི་སྒྲ་ཇི་བཞིན་པ་ཁོ་ནར་བཤད་པར་བྱའོ་ཞེས་གསུངས་སོ།། །།", "target": {"entries": [{"title": "བསྡུ་བ་དཔྱད་པ", "level": 1, "start": 0, "anchor": "གཉིས་པ་བསྡུ་བ་དཔྱད་པ་ནི། འོ་ན། རྟེན་འབྲེ"}, {"title": "གྲངས་ངེས་པའི་རྒྱུ་མཚན", "level": 1, "start": 1515, "anchor": "གསུམ་པ་གྲངས་ངེས་པའི་རྒྱུ་མཚན་ནི། གལ་ཏེ་ད"}, {"title": "འབྱུང་བྱུང་གི་ཁྱད་པར", "level": 1, "start": 2718, "anchor": "བཞི་པ་འབྱུང་བྱུང་གི་ཁྱད་པར་ནི། འོ་ན། མདོ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 3960, "headings": 3}} {"id": "IBA-LWS-08-044", "input": "གསུམ་པ་ཡན་ལག་གསུམ་དཔེ་དང་སྦྱར་བ་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་དེ་ཆ་གསུམ་དུ་བསྡུས་པའི་དཔེ་ཇི་ལྟ་བུ་ཞེ་ན། དེ་བཅུ་གཉིས་པོ་ཆ་གསུམ་དུ་བསྡུས་པ་འདི༷ར་ནི༷་ཉོན༷་མོང༷ས་པ་ས༷་བོ༷ན་བཞི༷ན་དུ་ཤེས་པར་བྱ་སྟེ། ས་བོན་ལས་སྡོང་བུ་དང༌། ལོ་མ་དང༌། འབྲས་བུ་འབྱུང་བ་བཞིན་དུ། ཉོན་མོངས་པ་ལས་ཉོན་མོངས་དང༌། དེ་ལས་བྱ་བ་དང༌། དེ་ལས་གཞི་འབྱུང་བའི་ཕྱིར། ཡང་ཉོན་མོངས་པ་དེ་ཀླུ༷་བཞི༷ན་དུ་ཤེས་པར་བྱ་སྟེ། ཀླུ་གནས་པས་རྒྱ་མཚོ་མི་སྐམ་པ་བཞིན་དུ། ཉོན་མོངས་པའི་ཀླུ་གནས་པས་སྲིད་པའི་རྒྱ་མཚོ་མི་སྐམ་པའི་ཕྱིར། ཡང་ཉོན་མོངས་པ་ནི་ཤིང་གི་རྩ་བ་བཞིན་དུ་ཤེས་པར་བྱ་སྟེ། ཤིང་རྩ༷་བ་ནས་མ་བཅད་ན་ལོ་མ་སོགས་སྐྱེ་བ་བཞི༷ན་དུ། ཉོན་མོངས་པ་རྩ་བ་ནས་མ་སྤངས་ན་འཁོར་བར་སྐྱེ་བའི་ཕྱིར། ཡང་དེ་ལྗོན༷་ཤིང༷་བཞི༷ན་དུ་ཤེས་པར་བྱ་སྟེ། ལྗོན་ཤིང་ལས་སླར་ཡང་ལོ་མ་སོགས་འབྱུང་བ་བཞིན་དུ། འདི་ལས་ཀྱང་སླར་ཡང་ལས་དང་གཞི་འབྱུང་བའི་ཕྱིར། དེ༷་བཞི༷ན་དུ་ཉོན་མོངས་པ་དེ་ནི་ཤུན༷་པ༷་བཞི༷ན་དུ༷་འདོ༷ད་དེ། ཤུན་བཅས་ཀྱི་འབྲས་ལས་མྱུ་གུ་འབྱུང་བ་བཞིན་དུ། ཉོན་མོངས་པའི་ཐོབ་པའི་ལས་ལས་འབྲས་བུ་འབྱུང་བའི་ཕྱིར། ལས༷་ནི༷་ཤུན༷་བཅ༷ས་འབྲས༷་དང༷་འདྲ༷་སྟེ། སྔར་གྱི་དེའི་ཕྱིར། དེ༷་བཞི༷ན་དུ་ལས་ནི་སྨན༷་བཞིན་དུ་ཤེས་པར་བྱ་སྟེ། སྨན་གྱིས་ནུས་པ་ལན་གཅིག་འབྱིན་པ་བཞིན་དུ། འདིས་ཀྱང་རྣམ་སྨིན་ལན་གཅིག་འབྱིན་པའི་ཕྱིར། ལས་དེ་མེ༷་ཏོག༷་བཞི༷ན་དུའང་ཤེས་པར་བྱ་སྟེ། མེ་ཏོག་འབྲས་བུའི་ཉེ་རྒྱུ་ཡིན་པ་བཞིན་དུ། འདི་ཡང་གཞིའི་ཉེ་རྒྱུ་ཡིན་པའི་ཕྱིར། གཞི༷་བདུན་པོ་ནི༷་བཟ༷འ་བཏུང༷་གཡོས་ལེགས་པར་གྲུབ༷་པ༷་དང་འདྲ་སྟེ། གཡོས་ལེགས་པར་གྲུབ་པ་ལོངས་སྤྱད་བྱ་ཡིན་པ་བཞི༷ན་དུ། འདིའང་ལོངས་སྤྱད་བྱ་འབའ་ཞིག་ཡིན་གྱི། རྣམ་སྨིན་གཞན་མི་སྐྱེད་པའི་ཕྱིར། །", "target": {"entries": [{"title": "ཡན་ལག་གསུམ་དཔེ་དང་སྦྱར་བ", "level": 1, "start": 0, "anchor": "གསུམ་པ་ཡན་ལག་གསུམ་དཔེ་དང་སྦྱར་བ་ནི། རྟེན"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 1380, "headings": 1}} {"id": "IBA-LWS-08-045", "input": "གསུམ་པ་བསྡུ་བ་ནི། སྲིད་པ་བཞི་བཤད་ན། དེ་དག་གི་ངོ་བོ་གང་ཞེ་ན། སྲིད༷་པ༷་བཞི༷་པོ༷་དེ༷་དག༷་ལ༷ས་སྐྱེ༷་བའི༷་སྲིད༷་པ༷་ནི་ཉོན༷་མོང༷ས་ཅ༷ན་ནོ། །འོ་ན། ཉོན་མོངས་པ་གང་གིས་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་ཞེ་ན། རང༷་གི༷་ས༷་པ༷འི་རྩ་བའི་ཉོན༷་མོང༷ས་པ་ཀུན༷་གྱིས་སྦྱོར་གྱི། གཞ༷ན་གྱི་ས་པའི་ཉོན་མོངས་པས་ནི་མིན་ནོ། །སྐྱེ་སྲིད་ལས་གཞན་བར་སྲིད་དང༌། སྔོན་དུས་ཀྱི་སྲིད་པ་དང༌། འཆི་སྲིད་གསུམ༷་ནི་དགེ་མི་དགེ་ལུང་མ་བསྟན་རྣམ་གསུམ་མོ། །དེ་དག་ཁམས་གང་ན་དུ་ཡོད་ཅེ་ན། འདོད་གཟུགས་གཉིས་ན་བཞི་ག་ཡོད་ལ། གཟུག༷ས་མེ༷ད་ན་ནི་གསུམ༷་ཡིན་ཏེ། བར་སྲིད་མེད་པའི་ཕྱིར་རོ།། །།", "target": {"entries": [{"title": "བསྡུ་བ", "level": 1, "start": 0, "anchor": "གསུམ་པ་བསྡུ་བ་ནི། སྲིད་པ་བཞི་བཤད་ན། དེ་ད"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 514, "headings": 1}} {"id": "IBA-LWS-08-046", "input": "གཉིས་པ་གང་གིས་གནས་པ་ཟས་ཀྱི་རྟེན་འབྲེལ་ལ། བསྟན། བཤད་གཉིས་ལས། དང་པོ་ནི། འོ་ན། འགྲོ་བ་རྣམས་ཁམས་གསུམ་དུ་གང་གིས་གནས་ཤེ་ན། འགྲོ༷་བ༷་རྣམས་ཟས༷་ཀྱི༷ས་གན༷ས་པར༷་བྱེད་པ་ཡིན༷་ཏེ། མདོ་ལས། སྟོན་པ་སངས་རྒྱས་ནས་རིང་པོར་མ་ལོན་པ་ན་ཆོས་གཅིག་བཀའ་སྩལ་བ་འདི་ལྟ་སྟེ། འགྲོ་བ་ཟས་ཀྱིས་གནས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་རྒྱས་བཤད་ལ་གསུམ། ཟས་ཀྱི་རང་བཞིན། ཞར་ལ་བར་སྲིད་ཀྱི་མིང་གི་རྣམ་གྲངས། དེ་དག་གི་ངེས་པའོ། །དང་པོ་(ཟས་ཀྱི་རང་བཞིན་)ནི། འགྲོ་བ་ཟས་ཀྱིས་གནས་པ་ཡིན། །ཞེས་བཤད་ན། ཟས་དེ་ལ་དུ་ཞེ་ན། དེ་ལ་བཞི་ཡོད་དེ། ཁམ་གྱི་ཟས། རེག་པའི་ཟས། སེམས་པའི་ཟས། རྣམ་ཤེས་ཀྱི་ཟས་རྣམས་སུ་ཡོད་པའི་ཕྱིར། འོ་ན། དེ་དག་ཁམས་གང་ན་ཡོད་ཅེ་ན། ཁ༷མ་གྱི༷་ཟ༷ས་ནི༷་འདོ༷ད་པ༷་ན༷་ཡོད་ཀྱི། ཁམས་གོང་མ་དག་ན་མེད་དེ། ཁམ་ཟས་ལ་འདོད་ཆགས་དང་བྲལ་བ་དག་དེར་སྐྱེ་བའི་ཕྱིར། དམྱལ་བ་ཆེན་པོ་ན་ཁམས་ཟས་ཇི་ལྟར་ཡོད་ཅེ་ན། ཡོད་དེ། ལྕགས་ཀྱི་ཐོ་ལུམ་དང་ཟངས་ཞུན་དང༌། ཉི་ཚེ་བ་དང་ཉེ་འཁོར་བ་ན་མིའི་ཟས་ཇི་ལྟ་བ་བཞིན་ཡོད་པར་བཤད་པའི་ཕྱིར། ཁམ་ཟས་ཀྱི་ངོ་བོ་གང་ཞེ་ན། དྲི་རོ་རེག་བྱའི་སྐྱེ༷་མཆེ༷ད་གསུམ༷་གྱི༷་བད༷ག་ཉིད༷་དོ༷། །ཅིའི་ཕྱིར་ཁམ་གྱི་ཟས་ཞེས་བྱ་ཞེ་ན། སྣ་ལྕེ་ལུས་གསུམ་གྱིས་ཁམ་དུ་བཅད་ནས་མིད་པའི་ཟས་ཡིན་པས་དེ་སྐད་ཅེས་བྱའོ། །འོ་ན། འབྲས་ཆན་སོགས་གཟུགས་ཀྱི་སྐྱེ་མཆེད་ཀྱང་ཁམ་དུ་བཅད་ནས་མིད་པའི་ཕྱིར་ཇི་ལྟར་ཁམ་གྱི་ཟས་མིན་ཞེ་ན། གཟུག༷ས་ཀྱི༷་སྐྱེ༷་མཆེ༷ད་ནི་མ༷་ཡི༷ན་ཏེ༷། ཟས་ནི་དབང་པོ་དང་རྟེན་འབྱུང་བ་ལ་ཕན་འདོགས་པ་ཡིན་ན། གཟུགས་ཀྱི་སྐྱེ་མཆེད་དེས་ར༷ང་གི་དབ༷ང་པོ་མིག་ལ་མི་ཕན་པའི་ཕྱིར་དང༌། རྟེན་འབྱུང་བ་ལའང་མི་ཕན་པའི་ཕྱིར། འོ་ན། བཀྲེས་པས་ཉེན་པ་ཟས་མཐོང་བ་ཙམ་གྱིས་ཕན་པ་མ་ཡིན་ནམ་ཞེ་ན། ཟས་མཐོང་བ་ཙམ་གྱིས་ཡིད་བདེ་བ་ནི་བདེ་བ་མྱོང་བར་འགྱུར་བའི་རེག་པ་ཟས་སུ་བྱས་པ་ཡིན་གྱི། གཟུགས་ནི་མ་ཡིན་ཏེ། གལ་ཏེ་གཟུགས་མཐོང་བ་ཙམ་གྱིས་ཡིན་ན་འདོད་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་དང༌། དགྲ་བཅོམ་རྣམས་ཀྱིས་ཟས་མཐོང་བ་ཙམ་གྱིས་ཚིམ་པར་འགྱུར་བ་ལ་ཉོན་མོངས་ལས་རྣམ་པར་གྲོལ༷་བ་རྣམས་ལ༷འང་མི༷་ཕ༷ན་པའི་ཕྱིར༷་ན། འདོད་ཆགས་དང་བཅས་པ་རྣམས་ལ་ལྟ་ཅི་སྨོས་སོ། །རེག་པའི་ཟས་ལ་སོགས་པ་དེ་དག་གི་ངོ་བོ་གང་ཞེ་ན། རེ༷ག་པ་དང༷༌། སེམ༷ས་པ་དང༷༌། རྣམ༷་པར་ཤེས༷་པ་ནི༷་ཟ༷ག་པ་དང་བཅ༷ས་པའི་ཟ༷ས་ཡི༷ན་གྱི། ཟག་མེད་ཟས་མིན་ཏེ། ཟས་ཀྱི་དོན་ནི་སྲིད་པ་གསོ་བར་བྱེད་པ་ཡིན་ན། ཟག་མེད་ནི་སྲིད་པ་ཟད་བྱེད་ཡིན་པའི་ཕྱིར། འོ་ན། གསུམ༷་པོ་ཁམས་གང་ན་ཡོད་ཅེ་ན། ཁམས་གསུམ་པོ་དག༷་ན༷འོ། ། གཉིས་པ་ཞར་ལ་བར་སྲིད་ཀྱི་མིང་གི་རྣམ་གྲངས་ནི། ཡང་ཟས་ནི་སྲིད་པ་ཚོལ་བ་རྣམས་ལ་ཕན་པར་བྱེད་པའོ་ཞེས་བཤད་ན། སྲིད་པ་ཚོལ་བ་དེ་གང་ཞེ་ན། དེ་ནི་བར་སྲིད་ཀྱི་མིང་གི་རྣམ་གྲངས་སོ། །ཅིའི་ཕྱིར་སྲིད་ཚོལ་ལ་སོགས་པ་བྱ་ཞེ་ན། ཡིད་ཀྱིས་བརྫུས་ཏེ་སྐྱེས་ཤིང་ཕ་མའི་མི་གཙང་བར་མི་ལྟོས་པས་ན་ཡི༷ད་ལ༷ས་བྱུང༷་བ་དང༷༌། སྔོན་དུས་ཀྱི་སྲིད་པ་ཚོལ་བའི་ངང་ཚུལ་ཅན་ཡིན་པས་ན་སྲིད༷་པ་ཚོལ༷་བ་དང༷༌། ཟས་སུ་དྲི་ཟ་བའི་ཕྱིར་དྲི༷་ཟ༷་དང༌། འཆི་བ་དང་སྐྱེ་བའི་སྲིད་པའི་བར་ན་གནས་པའི་ཕྱིར་སྲིད༷་པ༷་བ༷ར་མ༷་དང༷༌། སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་མངོན་པར་འགྲུབ༷་པ༷་ཞེས་བྱའོ༷། ། གསུམ་པ་དེ་དག་གི་ངེས་པ་ནི། ཡང་ཅིའི་ཕྱིར་ཟས་བཞིར་བསྟན་ཞེ་ན། འདི༷་ལ༷་སེམས་སེམས་བྱུང་གི་གན༷ས་སམ་རྟེན་དབང་པོ་དང༷་བཅས་པའི་ལུས་རྒྱས་པའི་དོན་དུ་ནི༷་ཁམ་ཀྱི་ཟས་དང༌། བརྟེན༷་པ༷་སེམས་དང་སེམས་བྱུང་རྒྱས༷་པ༷འི་དོ༷ན་དུ༷་རེག་པ་སྟེ། སྲིད་པ་གསོ་བྱེད་གཙོ་བོ་ཡིན་པའི་ཕྱིར་ཁམ་རེག་གི་ཟས་སྔ་མ་གཉིས༷་བསྟན་ཏོ། །སྲིད༷་པ་ཕྱི་མ་གཞ༷ན་འཕེ༷ན་པའི་ཕྱིར་སེམས་པའི་ཟས་དང༷༌། ལས་ཀྱིས་འཕངས་པའི་རྣམ་ཤེས་ཀྱིས་སྲིད་པ་ཕྱི་མ་མངོན་པར་འགྲུབ༷་པ༷་ཡི༷་དོ༷ན་དུ༷་རྣམ་པར་ཤེས་པ་སྟེ། སྲིད་པ་བསྐྱེད་པ་ལ་གཙོ་བོ་ཡིན་པས་ཟས་ཕྱི་མ་གཉིས༷་ཏེ༷་གོ༷་རི༷མ་བཞི༷ན་དུ་བསྟན་པས་ན་ཟས་བཞིར་ངེས་སོ། །འདི་དག་ནི་གཙོ་ཆེ་བའི་དབང་དུ་བྱས་ཀྱི། ཁམ་ཟས་དང་རེག་པས་ཀྱང་བརྒྱུད་ནས་སྲིད་པ་འཕེན་ཏེ། དེ་དག་ལས་ཉོན་མོངས་དང༌། དེས་ལས་གསོག་པའི་ཕྱིར། སེམས་པ་དང་རྣམ་པར་ཤེས་པས་ཀྱང་སེམས་ཅན་གནས་པར་བྱེད་དེ། མུ་གེས་ཤིན་ཏུ་ཉེན་པ་དག་གི་ཕས་བུ་གཉིས་དང་ལྷན་དུ་འཆི་མ་ཕོད་པར་ཐལ་བའི་རྐྱལ་པ་ལ་ཕྱེ་ཡིན་ནོ་ཞེས་གནམ་ལ་བཏགས་པ་བུ་གཉིས་ཀྱི་ཕྱེ་ཡོད་སྙམ་པའི་སེམས་ཡོད་པ་དེ་སྲིད་དུ་མ་ཤི་བ་དང༌། རེ་བ་མེད་པ་ན་ཤི་བར་གྲགས་པའི་ཕྱིར། །", "target": {"entries": [{"title": "གང་གིས་གནས་པ་ཟས་ཀྱི་རྟེན་འབྲེལ", "level": 1, "start": 0, "anchor": "གཉིས་པ་གང་གིས་གནས་པ་ཟས་ཀྱི་རྟེན་འབྲེལ་ལ།"}, {"title": "", "level": 2, "start": 60, "anchor": "དང་པོ་ནི། འོ་ན། འགྲོ་བ་རྣམས་ཁམས་གསུམ་དུ་"}, {"title": "རྒྱས་བཤད", "level": 2, "start": 292, "anchor": "གཉིས་པ་རྒྱས་བཤད་ལ་གསུམ། ཟས་ཀྱི་རང་བཞིན། "}, {"title": "ཟས་ཀྱི་རང་བཞིན", "level": 3, "start": 385, "anchor": "དང་པོ་(ཟས་ཀྱི་རང་བཞིན་)ནི། འགྲོ་བ་ཟས་ཀྱི"}, {"title": "ཞར", "level": 3, "start": 1980, "anchor": "གཉིས་པ་ཞར་ལ་བར་སྲིད་ཀྱི་མིང་གི་རྣམ་གྲངས་"}, {"title": "དེ་དག་གི་ངེས་པ", "level": 3, "start": 2492, "anchor": "གསུམ་པ་དེ་དག་གི་ངེས་པ་ནི། ཡང་ཅིའི་ཕྱིར་ཟ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 3397, "headings": 6}} {"id": "IBA-LWS-08-047", "input": "གསུམ་པ་མཐར་འགྲོ་ཚུལ་ནི། དགེ་རྩ་འཆ༷ད་པ་དང༷་མཚམ༷ས་སྦྱོར༷་བ་སོགས་ཀྱི་སེམས་དེ་ཡིད་ཤེས་དང་དབང་ཤེས་གང་ཡིན་ཞེ་ན། ལོག་ལྟས་དགེ་རྩ་ཆད་པ་དང༌། དེ་ཉིད་ཡང་དག་པའི་ལྟ་བ་སོགས་ཀྱིས་མཚམས་སྦྱོར་བའི་སེམས་དང༌། ཁམས་དང་ས་ལས་འདོ༷ད་ཆག༷ས་དང་འབྲལ༷་བའི་མཉམ་གཞག་དང༌། ཚུལ་མིན་ཡིད་བྱེད་ཀྱིས་དེ་ལས་ཉམ༷ས་པ་དང༷༌། འཆི༷་འཕོ༷་བ་དང༌། སྐྱེ༷་བའི༷་སེམས་རྣམ༷ས་ཡི༷ད་ཀྱི༷་རྣམ༷་ཤེ༷ས་ཁོ༷་ན༷ར་འདོ༷ད་དེ། ཕལ་ཆེ་བ་ཕྱིན་ཅི་ལོག་གི་རྟོག་པ་ཡིན་པ་དང༌། ཁ་ཅིག་དེ་ཡིན་ཡང་དབང་ཤེས་ལ་དེ་དག་མེད་པའི་ཕྱིར། འཆི་འཕོ་བ་དང་སྐྱེ་བའི་སེམས་དེ་ཚོར་བ་གང་ལ་བརྟེན་ཞེ་ན། འཆི༷་འཕོ༷་བ་དང་སྐྱེ༷་བའི༷་སེམས་དེ་བཏང༷་སྙོམ༷ས་ལ༷་བརྟེན་ཏེ། འཆི་འཕོ་བ་དང་སྐྱེ་བའི་སེམས་དེ་མི་གསལ་བའི་ཕྱིར། འཆི་འཕོ་བ་དེ་རྩེ༷་གཅི༷ག་པའི་ཏིང་ངེ་འཛིན་གྱི་སེམ༷ས་ལ་མེ༷ད་དེ། འཆི་འཕོ་བ་ནི་སེམས་ལ༷་གནོད་པར་བྱེད་ལ། ཏིང་ངེ་འཛིན་དེ་སེམས་ལ་ཕན་འདོགས་པར་བྱེད་པ་ཡིན་པའི་ཕྱིར། སྐྱེ་སེམས་ལའང་ཏིང་ངེ་འཛིན་གྱི་སེམས་དེ༷་མེ༷ད་དེ། ཏིང་ངེ་འཛིན་ནི་དགེ་བ་ཡིན་ལ། སྐྱེ་སྲིད་ཉོན་མོངས་ཅན་ཡིན་པའི་ཕྱིར། འོ་ན། འཆི་བའི་སྲིད་པ་ལ་གསུམ་བཤད་ན། དགྲ་བཅོམ་པ་ཐ་མའི་འཆི་སེམས་དེ་གང་ཞེ་ན། ཕུང་པོ་ལྷག་མེད་དུ་མྱ༷་ངན༷་ལས་འད༷འ་ཁའི་སེམས་ལ་ལུང༷་དུ་བསྟན༷་པ་མིན༷་པའི་རྣམ་སྨིན་སྐྱེས་དང་སྤྱོད་ལམ་པའི་སེམས་གཉིས༷་ཡོད་དོ། ། འོ་ན། འཆི་བའི་ཚེ་ལུས་དང་བཅས་པའི་དབང་པོ་དུ་ལུས་ཀྱི་ཕྱོགས་གང་དུ་འགག་པར་འགྱུར་ཞེ་ན། རྫུས་སྐྱེས་སོགས་ཅིག་ཅར་འཆི་བ་རྣམས་ལ་ནི་ཡིད་དང་ལུས་དབང་ཅིག་ཅར་འགག་པར་འགྱུར་ལ། འོ༷ག་ངན་སོང་གསུམ་དང༌། མི༷་དང༌། ལྷར༷་འགྲོ༷་བ་དང༌། ཡང་སྲིད་དུ་མི༷་སྐྱེ༷་བའི་དགྲ་བཅོམ་པ་མྱ་ངན་ལས་འདའ་བ་རྣམ༷ས་རི༷མ་གྱིས༷་འཆི༷་བ་ན༷་ངན་སོང་ལ་སྐྱེ་བ་ཡིན་ན་རྐང༷་པ༷་དང༷༌། མིར་ལྟེ༷་བ༷་དང༌། དགྲ་བཅོམ་པ་ནི་སྙིང༷་གར༷་ཡི༷ད་འཆི༷་འཕོ༷་སྟེ། ལུས་དབང་རྡོ་བསྲེགས་པ་ལ་ཆུ་བཏབ་པ་ཡལ་བ་ལྟར་ལུས་ཀྱི་རྐང་པ་ལ་སོགས་པར་ནུབ་པའི་ཕྱིར། འོ་ན། གནད་གཅོད་དེ་དག་རྒྱུ་གང་གིས་ཤེ་ན། གན༷ད་གཅོ༷ད་པ༷་ནི༷་བད་ཀན་དང༌། མཁྲིས་པ་དང༌། རླུང་ཤས་ཆེ་བས་ཆུ། སོག༷ས་པ་མེ་རླུང་གི་ཁམས་རྣམས་ལས་གང་རུང་ཞིག་དྲག་ཏུ་འཁྲུགས་པའི་སྟོབས་ཀྱིས༷་ལུས་ཀྱི་ཕྱོགས་འགའ་ཞིག་ཉམས་ནས་འཆི་སྟེ། མཚོན་ཆ་རྣོན་པོས་བཏབ་པ་ལྟར་ཚོར་བ་མི་བཟོད་པས་ཉམས་པའི་ཕྱིར། འོ་ན། ཤི་ནས་ཇི་ལྟར་འགྱུར་ཞེ་ན། འཕ༷གས་པ་དང༷་མཚ༷མས་མེ༷ད་བྱེད༷་པ༷་དག༷་ནི༷་ཡང༷་དག་པ་དང་ལོག༷་པ༷་ཉིད༷་དུ་ངེས༷་པ་ཡིན་ཏེ། ཤི་འཕོས་མ་ཐག་ཐར་པ་དང༌། དམྱལ་བར་སྐྱེ་བར་ངེས་པའི་ཕྱིར། དེ་གཉིས་ལས་གཞན་ནི་མ་ངེས་པ་ཡིན་ཏེ། རྐྱེན་རེས་འགའ་བ་ཡིན་པའི་ཕྱིར།། །།", "target": {"entries": [{"title": "མཐར་འགྲོ་ཚུལ", "level": 1, "start": 0, "anchor": "གསུམ་པ་མཐར་འགྲོ་ཚུལ་ནི། དགེ་རྩ་འཆ༷ད་པ་དང"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 2022, "headings": 1}} {"id": "IBA-LWS-08-048", "input": "༈ གཉིས་པ་གང་དུ་སྐྱེ་བ་སྣོད་ཀྱི་འཇིག་རྟེན་ལ་གསུམ། རིམ་པ་དང་ཚད་དངོས། ཞར་ལ་སེམས་ཅན་གྱི་ཚད། ཚད་དེ་ཉིད་བྱེ་བྲག་ཏུ་བཤད་པའོ། །དང་པོ་(རིམ་པ་དང་ཚད་དངོས་)ལ་གསུམ། རྟེན་བཤད། བརྟེན་པ་བཤད། སེམས་ཅན་གྱི་གནས་བྱེ་བྲག་ཏུ་བཤད་པའོ། །དང་པོ་(རྟེན་བཤད་)ལ་གཉིས། རླུང་གི་དཀྱིལ་འཁོར། ཆུ་དང་གསེར་གྱི་དཀྱིལ་འཁོར་བཤད་པའོ། །དང་པོ་(རླུང་གི་དཀྱིལ་འཁོར་)ནི། སེམས་ཅན་གྱི་འཇིག་རྟེན་བཤད་པའི་འོག་ཏུ་སྣོད་ཀྱི་འཇིག་རྟེན་བཤད་པར་བྱའོ། །དེའང་འཇིག་རྟེན་གྱི་ཁམས་མཐའ་ཡས་ཤིང་མི་འདྲ་བ་སྣ་ཚོགས་པས་ཐམས་ཅད་བསྟན་པར་མི་ནུས་ཀྱི། བདག་ཅག་གི་སྟོན་པའི་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་ཀྱི་རྣམ་གཞག་ཅུང་ཟད་བརྗོད་པར་བྱའོ། །དེ༷་ལ༷་ཆོས་མངོན་པ་བ་དག་གིས་སྣོད༷་ཀྱི༷་འཇི༷ག་རྟེན༷་གན༷ས་པར༷་འདོ༷ད་པའི༷་ལུགས་ནི། འོ༷ག་དག༷་གི༷་གཞི་ནི་དང་པོར་བར་སྣང་སྟོང་པར་ཡོད་པ་ལ། འཇིག་རྟེན་འཆགས་པའི་སྔ་ལྟས་སུ་གྱུར་པའི་རླུང་འཇམ་བུ་ལྡང་བ་ལོ་གྲངས་དུ་མའི་བར་དུ་འཁྲིགས་པ་ལས་རླུང༷་གི༷་དཀྱིལ༷་འཁོ༷ར་ཚན་པོ་ཆེའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པ་ཆགས་སོ། །དེའི་རྔམ༷ས་སུ༷་ནི༷་དཔག་ཚད་ས༷་ཡ༷་གཅིག་དང་དྲུག༷་འབུ༷མ། རྒྱར་གྲང༷ས་མེད༷་གཅིག་ཡོད་དོ༷། ། གཉིས་པ་ཆུ་དང་གསེར་གྱི་དཀྱིལ་འཁོར་བཤད་པ་ནི། རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་ཆར་གྱི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་བབས་པ་ལ་བརྟེན་ནས། གསེར་གྱི་སྙིང་པོ་ཅན་གྱི་ཆུའི༷་དཀྱིལ་འཁོར་རྔམ༷ས་སུ༷་དཔག་ཚད་འབུམ༷་ཕྲག༷་བ༷ཅུ་གཅི༷ག་དང༷་སྟོང༷་ཕྲག༷་དག༷་ནི༷་ཉི༷་ཤུར༷་ཡོད་པ་ཆགས་སོ༷། །ཐད་ཀར་མི་འཕོ་བ་ནི། སེམས་ཅན་གྱི་ལས་དབང་གིས་ཡིན་ནོ། །དེའི་སྟེང་དུ་རླུང་གིས་ཆུ་དེ་དག་བསྲུབས་ཤིང་ཀུན་ཏུ་འཐས་པར་བྱས་པ་ལ་བརྟེན་ནས་གསེར་གྱི་ས་གཞི་ཆགས་སོ། །དེའི་ཕྱིས༷་ནི༷་ཆུའི་དཀྱིལ་འཁོར་གྱི་རྔམ༷ས་སུ༷་འབུམ༷་ཕྲག༷་བརྒྱད༷་དང༌། ལྷག༷་མ༷་སུམ་འབུམ་ཉི་ཁྲི་དག༷་ནི༷་གསེ༷ར་དུ༷་གྱུར༷་ཏོ། །འོ་ན། ཆུ༷་དང༷་གསེ༷ར་གྱི༷་དཀྱི༷ལ་འཁོ༷ར་གྱི༷་ཐ༷ད་ཀར༷་ཐག་ཇི་ཙམ་ཞེ་ན། འབུམ༷་ཕྲག༷་བཅུ༷་གཉིས༷་དང༷༌། སྟོང༷་ཕྲག༷་གསུམ༷་དང༷༌། བརྒྱ༷་ཕྲག༷་དག་ནི༷་ཕྱེད༷་དང༷་ལྔ༷་རྣམ༷ས་ཁོ༷་ན༷འོ༷། །ཁོ༷ར་ཡུག༷་ཏུ༷་ནི༷་ཟླུམ༷་པོ་ཡིན་པས་སུམ༷་འགྱུར༷་རོ༷། །", "target": {"entries": [{"title": "གང་དུ་སྐྱེ་བ་སྣོད་ཀྱི་འཇིག་རྟེན", "level": 1, "start": 0, "anchor": "༈ གཉིས་པ་གང་དུ་སྐྱེ་བ་སྣོད་ཀྱི་འཇིག་རྟེན"}, {"title": "རིམ་པ་དང་ཚད་དངོས", "level": 2, "start": 119, "anchor": "དང་པོ་(རིམ་པ་དང་ཚད་དངོས་)ལ་གསུམ། རྟེན་བཤ"}, {"title": "རྟེན་བཤད", "level": 3, "start": 212, "anchor": "དང་པོ་(རྟེན་བཤད་)ལ་གཉིས། རླུང་གི་དཀྱིལ་འ"}, {"title": "རླུང་གི་དཀྱིལ་འཁོར", "level": 4, "start": 293, "anchor": "དང་པོ་(རླུང་གི་དཀྱིལ་འཁོར་)ནི། སེམས་ཅན་ག"}, {"title": "ཆུ་དང་གསེར་གྱི་དཀྱིལ་འཁོར་བཤད་པ", "level": 4, "start": 936, "anchor": "གཉིས་པ་ཆུ་དང་གསེར་གྱི་དཀྱིལ་འཁོར་བཤད་པ་ན"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 1679, "headings": 5}} {"id": "IBA-LWS-08-049", "input": "གཉིས་པ་བརྟེན་པ་བཤད་པ་ལ། རི་བཤད། མཚོ་བཤད། གླིང་བཤད་པའོ། །དང་པོ་(རི་བཤད་)ནི། དེའི་རྗེས་ལ་ལས་དབང་གིས་ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི་སྟེང་དུ་ཆར་གྱི་རྒྱུན་སྔར་ལྟར་བབས་པ་ལ་བརྟེན་ནས་ཁམས་སྣ་ཚོགས་པ་ཅན་གྱི་ཕྱིའི་རྒྱ་མཚོ་ཆགས། དེའི་ཁམས་རབ་རླུང་གིས་བསྲུབས་པ་ལ་བརྟེན་ནས་རི་གཞན་ལས་ལྷུན་ཅིང་བརྗིད་ཆགས་པའི་ལྷུན༷་པོ༷་ཆགས། ཡང་ཁམས་འབྲིང་རླུང་གིས་བསྲུབས་པ་ལ་བརྟེན་ནས་རིའི་རྩེ་མོ་དབྱིབས་ལེགས་ཤིང་བལྟ་ན་སྡུག་པ་ཤིང་རྟའི་གཉའ༷་ཤིང༷་ལྟ་བུའི་མཛེས་པ་ཡོད་པས་གཉའ་ཤིང་འཛི༷ན་དང༌། གསེར་གྱི་གཤོ༷ལ་མད༷འ་ལྟ་བུའི་མཛེས་པ་ཡོད་པས་གཤོལ་མདའ་འཛི༷ན་དང༷༌། སེང༷་ལྡེང་གི་ནགས་ཀྱིས་མཛེས་པ་ཡོད་པས་སེང་ལྡེང་ཅ༷ན་དང༷༌། དེ༷་བཞི༷ན་དུ་རིའི་རྩེ་མོ་ན་བ༷ལྟ་ན༷་སྡུག༷་པའི་མཛེས་པ་ཡོད་པས་བལྟ་ན་སྡུག་རི༷་དང༷༌། རྟའི༷་རྣ༷་བ་ལྟ་བུའི་མཛེས་པ་ཡོད་པས་རྟ་རྣ་དང༷༌། རིའི་རྩེ་མོ་རྣམ༷་པར་འདུད༷་པ་ལྟ་བུའི་མཛེས་པ་ཡོད་པས་རྣམ་འདུད་དང༷༌། རིའི་རྩེ་མོ་འཁོར་ལོའི་མུ༷་ཁྱུད༷་ལྟ་བུའི་མཛེས་པ་ཡོ༷ད་པས་མུ་ཁྱུད་འཛི༷ན་རི༷་སྟེ། དེ་དག་གིས་རི་རབ་བསྐོར་ཏེ་གནས་སོ། །ཁམས་ཐ་མ་བསྲུབས་པ་ལས་དེ༷་ན༷ས་ནི༷་གླིང༷་རྣམ༷ས་ཆགས་པ་ཡི༷ན་ནོ༷། །དེ༷་དག༷་གི༷་ཕྱི༷་རོ༷ལ་ན༷་ནི༷་ཁོར༷་ཡུག༷་གི་རི་སྟེ༷། འདིས་གླིང་བཞི་འཁོར་བའི་ཚུལ་དུ་བསྐོར་བས་ན་ཁོར་ཡུག་གི་རིའོ། ། འོ་ན། རི་དགུ་པོའི་ངོ་བོ་གང་ཞེ་ན། གཉའ་ཤིང་འཛིན་ནས་མུ་ཁྱུད་འཛིན་གྱི་བར་རི་བདུན༷་ནི༷་གསེ༷ར་ཡི༷ན་ལ། ཁོར་ཡུག་གི་རི་དེ༷་ལྕག༷ས་སོ༷། །ལྷུན༷་པོ༷་ནི་རིན༷་ཆེན༷་བཞི༷འི་རང༷་བཞི༷ན་ཏེ། ཤར་དངུལ། ལྷོ་བཻཌཱུརྱ། ནུབ་པདྨ་རཱ་ག །བྱང་གསེར་ལས་སོ། །རི་རབ་ཀྱི་ངོས་རིན་པོ་ཆེ་གང་གི་རང་བཞིན་ཡིན་པ་དེའི་མཐུས། དེའི་ཕྱོགས་ཀྱི་ནམ་མཁའ་ཡང་དེའི་ཁ་དོག་ཏུ་སྣང་བས། ལྷོ་འཛམ་གླིང་གི་ནམ་མཁའ་ཡང་སྔོན་པོ་སྣང་ངོ༌། །འོ་ན། དེ་དག་གི་ཚད་ཇི་ལྟ་བུ་ཞེ་ན། རི་དགུ་པོ་ཆུ༷འི༷་ན༷ང་དུ༷་དཔག་ཚད་བརྒྱད༷་ཁྲི༷་དག༷་ནུབ༷་སྟེ། ཐམས་ཅད་ཀྱང་གསེར་གྱི་ས་གཞིར་བརྟེན་པའི་ཕྱིར་རོ། །དེ༷་བཞི༷ན་དུ་ལྷུན་པོ་ནི་ཆུའི་སྟེང༷་དུ༷་ཡང༷་དཔ༷ག་ཚ༷ད་དག༷་ནི༷་བརྒྱད༷་ཁྲི༷་འཕགས་སོ། །རི་ཕྱི་མ་བརྒྱད༷་པོའི༷་འཕ༷ང་གི་ཚད་དུ༷་ནི་རི་རབ་ཀྱི་ཕྱེད༷་ཕྱེད༷་དབྲི༷་བར་བྱ་སྟེ། གཉའ་ཤིང་འཛིན་དཔག་ཚད་བཞི་ཁྲི་ཡིན་པ་ནས་ཁོར་ཡུག་དཔག་ཚད་སུམ་བརྒྱ་ཕྱེད་དང་བཅུ་གསུམ་མོ། །རི་དེ༷་དག༷་ཐམས་ཅད་ཀྱི་རྔམ༷ས་སུ༷་སྟེ་ཞིང་ངམ་རྒྱར་ཡང་རང་རང་གི་འཕ༷ང་དང༷་ཚད་མཉམ་མོ།། །། གཉིས་པ་མཚོ་བཤད་པ་ནི། རི་རབ་ནས་མུ་ཁྱུད་འཛིན་དེ༷་དག༷་གི་བར༷་བདུན༷་ནི་རོལ༷་པའི་མཚོ༷་བདུན་ཡི༷ན་ཏེ། ཀླུའི་རྒྱལ་པོ་རྣམས་རོལ་ཞིང་རྩེ་བའི་གནས་ཡིན་པས་ན་དེ་སྐད་དོ། །དེ་དག་ནི་བསིལ་བ་དང༌། འཇམ་པ་དང༌། ཡང་བ་དང༌། ཞིམ་པ་དང༌། དྭང་བ་དང༌། དྲི་ང་བ་མེད་པ་དང༌། འཐུངས་ན་མགྲིན་པ་དང་ལྟོ་བ་ལ་མི་གནོད་པ་ལ་སོགས་པ་ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བའོ། །རོལ་མཚོའི་ཚད་ཇི་ཙམ་ཞེ་ན། དེ་དག་ཐམས་ཅད་ཟབས་སུ་ནི་དཔག་ཚད་བརྒྱད་ཁྲི་བར་མཚུངས་ཤིང༌། དང༷་པོ༷་རི་རབ་དང་གཉའ་ཤིང་འཛིན་གྱི་བར་ལ་ཁ་ཞེང་དཔག་ཚད་སྟོང༷་ཕྲག༷་བརྒྱད༷་ཅུ༷འོ༷། །དེ༷་དག་ནི༷་ཕྱི་ནང་གཉིས་ལས་ནང༷་གི༷་རྒྱ༷་མཚོ༷་ཡི༷ན་ནོ། །གཉའ་ཤིང་འཛིན་དེ༷འི༷་འགྲམ་ཤར་ནུབ་བར་གྱི་རོལ་མཚོའི་ངོ༷ས་ལ༷་ནི་རང་ཉིད་ཀྱི་ཞེང་གི་སུམ༷་འགྱུར༷་ཏེ་དཔག་ཚད་ཉིས་འབུམ་བཞི་ཁྲི་ཡོད་ལ། དེ་བཞིན་དུ་ནུབ་བྱང་དང༌། བྱང་ཤར་དང༌། ཤར་ལྷོ་བཅས་ལའང་རིགས་འགྲེ། གཤོལ་མདའ་འཛིན་ནས་མུ་ཁྱུད་འཛིན་བར་གྱི་རོ༷ལ་མཚོ༷་གཞ༷ན་དྲུག་པོ་ནི་ཁ་ཞེང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཕྱེད༷་ཕྱེད༷་དབྲི་བ་ཡིན་ཏེ། གཤོལ་མདའ་འཛིན་ལ་བཞི་ཁྲི་ནས་མུ་ཁྱུད་འཛིན་ལ་སྟོང་ཉིས་བརྒྱ་ལྔ་བཅུའི་བར་དུའོ། །དྲུག་པོའི་ཤར་ནུབ་སོགས་ཕྱོགས་བཞིའི་ངོས་ནི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་བར་ཐག་ཇེ་རིང་ལ་སོང་བའོ། །ལྷག༷་མ༷་མུ་ཁྱུད་འཛིན་ནས་ཁོར་ཡུག་གི་བར་གྱི་ཆུ་རྣམས་ནི་ཕྱི༷འི༷་རྒྱ་མཚོ༷་ཆེ༷ན་པོ་ཡི༷ན་ཏེ། དེའི་ཞེང་གི་ཚད་ནི་མུ་ཁྱུད་འཛིན་གྱི་མཐིལ་ནས་ཁོར་ཡུག་གི་མཐིལ་གྱི་བར་དུ་དཔག་ཚད་འབུམ༷་ཕྲག༷་གསུམ༷་དང༷་སྟོང༷་ཕྲག༷་ནི༷་ཉི༷་ཤུ༷་གཉིས༷་སོ༷། །མཐའ་སྐོར་དུ་ནི་དཔག་ཚད་ས་ཡ་ཕྲག་གསུམ་དང་དྲུག་འབུམ་བདུན་བརྒྱ་ལྔ་བཅུ་ཡོད་དོ། །ཆུ་དེ༷་ནི༷་ལན་ཚྭའི་རོ་སོགས་ཀྱིས་གང་བའོ། ། གསུམ་པ་གླིང་བཤད་པ་ལ་གསུམ། གླིང་གཙོ་བོ། གླིང་ཕྲན། འཛམ་བུ་གླིང་གི་ཆོས་ཀྱི་ཁྱད་པར་བཤད་པའོ། །དང་པོ་(གླིང་གཙོ་བོ་)ནི། དེ་ནས་ནི་གླིང་རྣམས་ཡིན་ནོ། །ཞེས་བཤད་ན། གླིང་རྣམས་གང་ཞེ་ན། གླིང་བཞི་ཡོད་པ་ལ་དེ་ལ་ནི་རི་རབ་ཀྱི་ལྷོ་ན་ཡོད་ཅིང༌། ཤིང་འཛམ་བུའི་འབྲས་བུ་མཚོའི་ནང་དུ་ལྷུང་བ་ན་འཛམ་བུ་ཞེས་པའི་སྐད་འབྱིན་པས་ན་འཛམ་བུ་དང༌། མཐའ་ཆུས་འཁོར་བའི་གླིང་ཡིན་པས་ན་ལྷོ་འཛ༷མ་བུ༷འི་གླིང༷་སྟེ༷། ངོ༷ས་གསུམ༷་ལ༷་དཔག་ཚད་སྟོང༷་ཕྲག༷་གཉིས༷་གཉིས་སོ༷། །ཤིང༷་རྟའི༷་དབྱིབ༷ས་འདྲ་བའི་ངོས་ཆུང་ཤོས་གཅིག༷་ལ༷་དཔག༷་ཚད༷་ཕྱེད༷་དང༷་བཞི༷འོ། །འདིའི་ཤར༷་གྱི༷་ཕྱོགས་སུ་ཡོད་ཅིང་འདི་དག་ལས་ལུས༷་ཉིས་འགྱུར་གྱིས་འཕག༷ས་པས་ན་ལུས་འཕགས་སོ། །དབྱིབས་ཟླ་ཁམ་འདྲ་བའི་ངོས་གསུམ་འཛམ་བུའི་གླིང་འདི་དང་འདྲ་བས་དཔག་ཚད་སྟོང་ཕྲག་གཉིས་གཉིས་དང༌། ངོས་གཅིག༷་ལ༷་དཔག༷་ཚད༷་སུམ༷་བ༷རྒྱ་ལྔ༷་བ༷ཅུའོ༷། །འདིའི་ནུབ་ན་ཡོད་ཅིང་བ༷་ལང༷་དང་ནོར་བུ་ལ་སོགས་སྤྱོད་པ་དང༌། མཐའ་ཆུས་འཁོར་བའི་གླིང༷་སྟེ་ནུབ་བ་ལང་སྤྱོད་ཀྱི་གླིང་ངོ༌། །དབྱིབས་ཟླུམ༷་པོ༷་སྟེ༷། མཐའ་ཀུན་ནས་བསྐོར་ན་དཔག་ཚད་སྟོང༷་ཕྲག༷་ཕྱེད༷་དང༷་བརྒྱད༷་ཡིན༷་ནོ། །དེའི༷་དབུས༷་དྲང་པོ་ནས་གཞལ་ན་དཔག་ཚད་སྟོང༷་ཕྲག༷་ཕྱེད༷་དང༷་གསུམ༷་མོ། །འདིའི་བྱང་ན་ཡོད་ཅིང་འཆི་བའི་ཚེ་ཞག་བདུན་གྱི་གོང་དུ་སྒྲ༷་མི༷་སྙན༷་པ་འབྱུང་བས་ན་བྱང་སྒྲ་མི་སྙན་སྟེ། མཐའ་ཀུན་ནས་བསྐོར་ན་དཔག་ཚད་སྟོང་ཕྲག་བརྒྱད༷། དབྱིབས་གྲུ༷་བཞི༷་པ་ཕྱོགས་རེ་རེ་ལ་དཔག་ཚད་སྟོང་ཕྲག་གཉིས་གཉིས་ཡོད་པར་མཉམ༷་མོ། ། གཉིས་པ་གླིང་ཕྲན་ནི། གླིང་བཞི་པོ་དེ༷འི༷་བར༷་གྱི༷་གླིང༷་གཡོག་བརྒྱད༷་ནི༷། ལུས༷་དང༷་ལུས༷་འཕག༷ས་ཤར་གྱི་གླིང་གཡོག །སྒྲ༷་མི༷་སྙན༷་དང་སྒྲ༷་མི༷་སྙན༷་གྱི༷་ཟླ༷་བྱང་གི་གླིང་གཡོག །རྔ༷་ཡབ༷་དང༷་ནི༷་རྔ༷་ཡབ༷་གཞ༷ན་ལྷོའི་གླིང་གཡོག །གཡོ༷་ལྡན༷་དང༷་ནི༷་ལམ༷་མཆོག༷་འ༷གྲོ་ནུབ་ཀྱི་གླིང་གཡོག་སྟེ་གླིང་ཕྲན་བརྒྱད་དོ། །ཐམས་ཅད་ན་མི་གནས་ལ་རྔ་ཡབ་ན་སྲིན་པོ་གནས་སོ། ། གསུམ་པ་འཛམ་བུ་གླིང་གི་ཆོས་ཀྱི་ཁྱད་པར་ནི། འཛམ་བུའི་གླིང་གི་དབུས་རྒྱ་གར་རྡོ་རྗེ་གདན་འདི༷་ནས༷་བྱང༷་དུ༷་རི༷་ནག༷་པོ༷་དགུ༷་འདས༷་པ་ན་གང༷ས་རི༷་དཔལ་དང་ལྡན་པ་ཡོད། དེ༷་ནས༷་བྱང་ན་ནི༷་རི་སྤོས༷་ཀྱི༷་ངད༷་ལྡང༷་པ་ཡོད། དེ་ནས་དཔག་ཚད་བཅུའི་ཚུ༷་རོལ༷་ན༷་ཀླུའི་རྒྱལ་པོ་མ་དྲོས་པ་གནས་པའི་མཚོ་མ་དྲོས་པ་ཞེས་བྱ་བ་ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བ། མེ་ཏོག་ཨུཏྤལ་དང༌། པདྨ་དང༌། ཀུ་མུ་ད་ལ་སོགས་པས་ཁེབས་པ། ཆུ༷་ཞེང༷་ལ་དཔག་ཚད་ལྔ༷་བ༷ཅུ་ལྔ་བཅུ་ཡོད༷་པའི༷་མཚོ༷་གྲུ་བཞི་པ། མཐའ་སྐོར་དཔག་ཚད་ཉིས་རྒྱས་འཁོར་བ། དེའི་ཤར་ཕྱོགས་ཆུ་བོ་གངྒཱ་དང༌། ལྷོ་ནས་སིནྡྷཱུ་དང༌། ནུབ་ནས་པཀྵུ་དང༌། བྱང་ནས་ཆུ་བོ་སི་ཏཱ་ཞེས་བྱ་བ་འབབ་ཅིང༌། མ་དྲོས་པ་ལ་གཡས་སུ་བསྐོར་ཏེ་ཕྱིའི་རྒྱ་མཚོར་འབབ་བོ། །སྤོས་ངན་ལྡང་ནས་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན་བྲག་གསེར་གྱི་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་ཞེས་བྱ་བ་གྲུ་བཞི་པ་ལ་དཔག་ཚད་དུ་མ་དང་ལྡན་པ། ཁོར་ཡུག་ན་གསེར་གྱི་བྲག་བྱ་སྐྱིབས་བརྒྱ་སྟོང་དང་བཅས་པ་ཡོད་དོ། །དེ་ནས་བྱང་དུ་དཔག་ཚད་ཉི་ཤུ་ན་ཤིང་སཱ་ལའི་རྒྱལ་པོ་རབ་བརྟན་ཞེས་བྱ་བའི་ཡལ་ག་ལོ་འདབ་ཕུན་སུམ་ཚོགས་པས་ནོན་པ། དེ་ནས་ཤར་ཕྱོགས་དཔག་ཚད་ཉི་ཤུ་ན་རྫིང་བུ་དལ་གྱི་འབབ་ཅེས་བྱ་བ་ཁོར་ཡུག་ན་རྫིང་བུ་བརྒྱ་སྟོང་ཡོད་པ་ལ་མེ་ཏོག་སྣ་ཚོགས་བཀྲ་བ། དེ་ན་བརྒྱ་བྱིན་གྱི་གཡུལ་ངོར་སྤྱོད་པའི་གླང་པོ་ཆེ་རབ་བརྟན་འཁོར་གླང་པོ་བརྒྱ་སྟོང་དང་བཅས་པ་གནས་སོ།། །། གསུམ་པ་སེམས་ཅན་གྱི་གནས་བྱེ་བྲག་ཏུ་བཤད་པ་ལ་གཉིས། དངོས་དང༌། དེ་དག་གི་སྤྲོས་པའོ། །", "target": {"entries": [{"title": "བརྟེན་པ་བཤད་པ", "level": 1, "start": 0, "anchor": "གཉིས་པ་བརྟེན་པ་བཤད་པ་ལ། རི་བཤད། མཚོ་བཤད།"}, {"title": "རི་བཤད", "level": 2, "start": 56, "anchor": "དང་པོ་(རི་བཤད་)ནི། དེའི་རྗེས་ལ་ལས་དབང་གི"}, {"title": "མཚོ་བཤད་པ", "level": 2, "start": 1874, "anchor": "གཉིས་པ་མཚོ་བཤད་པ་ནི། རི་རབ་ནས་མུ་ཁྱུད་འཛ"}, {"title": "གླིང་བཤད་པ", "level": 2, "start": 3212, "anchor": "གསུམ་པ་གླིང་བཤད་པ་ལ་གསུམ། གླིང་གཙོ་བོ། ག"}, {"title": "གླིང་གཙོ་བོ", "level": 3, "start": 3301, "anchor": "དང་པོ་(གླིང་གཙོ་བོ་)ནི། དེ་ནས་ནི་གླིང་རྣ"}, {"title": "གླིང་ཕྲན", "level": 3, "start": 4409, "anchor": "གཉིས་པ་གླིང་ཕྲན་ནི། གླིང་བཞི་པོ་དེ༷འི༷་བ"}, {"title": "འཛམ་བུ་གླིང་གི་ཆོས་ཀྱི་ཁྱད་པར", "level": 3, "start": 4742, "anchor": "གསུམ་པ་འཛམ་བུ་གླིང་གི་ཆོས་ཀྱི་ཁྱད་པར་ནི།"}, {"title": "སེམས་ཅན་གྱི་གནས་བྱེ་བྲག་ཏུ་བཤད་པ", "level": 1, "start": 5859, "anchor": "གསུམ་པ་སེམས་ཅན་གྱི་གནས་བྱེ་བྲག་ཏུ་བཤད་པ་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5938, "headings": 8}} {"id": "IBA-LWS-08-051", "input": "དང་པོ་ལའང་གཉིས། གཞལ་ཡས་ཁང་ལ་བརྟེན་པ་དང༌། རི་ལ་བརྟེན་པའོ། །དང་པོ་(གཞལ་ཡས་ཁང་ལ་བརྟེན་པ་)ནི། ཉི་ཟླ་དང་སྐར་མ་རྣམས་ཡིན་ནོ། །འོ་ན། ཉི་ཟླ་གཉིས་གང་ཙམ་ན་ཡོད་ཅེ་ན། ཉི༷་ཟླ༷་ཆུ་མཚམས་ཡན་ཆད་ཀྱི་ལྷུན༷་པོ༷འོ་ཕྱེད༷་དཔག་ཚད་བཞི་ཁྲི་ན༷འོ༷། །ཉི་ཟླའི་ཚད་ཇི་ཙམ་ཞེ་ན། ཟླ་བ་ལ་ཐད་ཀར་དཔ༷ག་ཚད༷་ལྔ༷་བཅུ༷། ཉི་མ་ལ་ཐད་ཀར་དཔག་ཚད་ལྔ་བཅུ་རྩ་གཅིག༷་དང༷་བཅས༷་པའོ། །མཐའ་སྐོར་ལ་སུམ་འགྱུར་དང༌། རྔམས་སུ་དཔག་ཚད་ཕྱེད་དང་དྲུག་དང་གཅིག་གི་བཅོ་བརྒྱད་ཀྱི་ཆ་གཅིག་ཡོད་དོ། །འོ་ན། རྒྱུ་གང་ལས་གྲུབ་ཅེ་ན། ཟླ་བ་ནི་ཆུ་ཤེལ་ལས་གྲུབ་ཅིང༌། བྱེད་ལས་བསིལ་བ་ཅན་ཡིན་ལ། ཉི་མ་ནི་མེ་ཤེལ་ལས་གྲུབ་ཅིང༌། བྱེད་ལས་ཚ་བ་དང༌། མིག་ལ་གནོད་པ་དང༌། གཞན་འདྲ། །དེའི་སྟེང་དུ་གསེར་གྱི་ར་བ་རྩིག་སྐྱབས་དང༌། འོག་གཞི་ཚོན་སྣས་བཀྲ་བ། ཁང་བཟང་དང༌། སྐྱེད་མོས་ཚལ་དང༌། དཔག་བསམ་གྱི་ཤིང་དང༌། མེ་ཏོག་སྣ་ཚོགས་ཀྱིས་གང་བ་ཡོད་དོ། །སྐར་མའི་ཚད་ནི། གདགས་པར། ཆེ་བ་ལ་རྒྱང་གྲགས་བཅོ་བརྒྱད་དང༌། ཆུང་བ་རྣམས་ལ་གསུམ་དང༌། ཕལ་ཆེ་བ་བཅུ་དང་བཅུ་གཉིས་བར་བཤད་དོ། །འོ་ན། ཉི་མས་གླིང་བཞི་ལ་སྣང་བའི་བྱ་བ་ཇི་ལྟར་བྱེད་ཅེ་ན། བྱང་དུ་ནམ༷་ཕྱེད༷་པ་དང༌། ཤར་དུ་ཉི༷་མ༷་ནུབ༷་པ༷་དང༷༌། ལྷོར་ཉི༷་མ༷་ཕྱེད༷་པ་དང༷༌། ནུབ་ཏུ་ཉི་མ་འཆར༷་བ་དུས༷་གཅིག༷་པའི་ཚུལ་གྱིས་བྱེད། དེས་མཚོན་ནས་ནུབ་ཏུ་ནམ་ཕྱེད་པ་དང༌། བྱང་དུ་ཉི་མ་ནུབ་པ་དང༌། ཤར་དུ་ཉི་མ་ཕྱེད་པ་དང༌། ལྷོར་ཉི་མ་འཆར་བ་རྣམས་དུས་གཅིག་པ་དང༌། དེ་བཞིན་དུ་འཛམ་གླིང་དུ་ནམ་ཕྱེད་པ་དང༌། བ་ལང་སྤྱོད་དུ་ཉི་མ་ནུབ་པ་དང༌། སྒྲ་མི་སྙན་དུ་ཉི་མ་ཕྱེད་པ་དང༌། ལུས་འཕགས་གླིང་དུ་ཉི་མ་ཤར་བ་རྣམས་དུས་གཅིག་གོ །འདི་ནི་ཉིན་མཚན་མཉམ་པའི་དབང་དུ་བྱས་ཀྱི། མི་མཉམ་པར་ངེས་པ་མེད་དོ། །འོ་ན། དབྱར་རྒུན་གྱི་ཉི་མ་ལྡོག་དུས་གང་ཞེ་ན། དུས་ཚིག་བཞེད་ཚུལ་མང་ཡང་ཆོས་མངོན་པ་བཤད་པའི་སྐབས་འདིར་ནི། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པའི་ཟླ་བ་བཞི་ནི་དགུན་དང༌། དང་པོ། གཉིས་པ། གསུམ་པ། བཞི་པ་ནི་དཔྱིད་དང༌། ལྔ་པ། དྲུག་པ། བདུན་པ། བརྒྱད་པ་ནི་དབྱར་ཡིན་ནོ། ། ལོ་མགོ་འཛིན་ཚུལ་མང་ཡང༌། འདིར་ནི་སྟོན་ཟླ་ཐ་ཆུང་ཟླ་བ་བརྒྱད་པར་ངོས་བཟུང་ནས། དེའི་ཚེས་བཅུ་དྲུག་ནས་དགུན་ཟླ་དང་པོའི་ལོ་མགོ་བཟུང་སྟེ། ཁྲུམས་སྟོད་ཉ་བ་ནི་བརྒྱད་པའི་ཚེས་བཅོ་ལྔ་ཡན་གྱིས་རྫོགས་ཟིན། བཅུ་དྲུག་ནས་ཐ་སྐར་ཉ་བ་སྟེ། ཟླ་བ་དགུ་པ་ཡིན་པའི་ཕྱིར། དེས་ན་བརྒྱད་པའི་མར་ངོ་དང་དགུ་པའི་ཡར་ངོ་བསྡོམས་པ་དགུན་ཟླ་དང་པོ་ནས། ལྔ་པའི་མར་ངོ་དང་དྲུག་པའི་ཡར་ངོ་བསྡོམས་པ་དབྱར༷་གྱི༷་ཟླ༷་བ༷་གཉིས༷་པ༷་ཡིན༷་པས། དེའི་མར་ངོ་སྔར་སོང་ནས་ཡར་ངོ་ཕྱིས་ལུས་པ་དེ་ལ་ཐ༷་མ༷་ཞེས་བྱ་སྟེ། དེའི་ཚེས་བརྒྱད་ལ་ཉིན་མོ་ཤིན་ཏུ་རིང་བ་ཡུད་ཙམ་བཅུ་གསུམ་ཐུབ་པ་དང༌། མཚན་མོ་ཤིན་ཏུ་ཐུང་བ་ཡུད་ཙམ་བཅུ་གཉིས་ལས་མི་ཐུབ་བོ། །དེའི་རྗེས་ལ་དབྱར་ཉི་ལྡོག་སྟེ། ཚེས༷་ད༷གུ་ནས༷་མཚན་མོ་ནི་ཆུ་སྲང་གཉིས་དང་དབུགས་གསུམ་གྱིས་རིང་དུ་སོང་བ་དང༷༌། ཉིན་མོ་ནི་ཆུ་སྲང་གཉིས་དང་དབུགས་གསུམ་གྱིས་ཐུང་དུ་སོང་བའོ། །དགུན༷་རྣམ༷ས་ཀྱི་ཟླ་བ་བཞི༷་པ༷་ནི་དགུན་ཟླ་བཅུ་གཅིག་པའི་མར་ངོ་དང་བཅུ་གཉིས་པའི་ཡར་ངོ་བསྡོམས་པ་ལ༷་ཞེས་བྱ་སྟེ། དེའི་ཐ་མ་བཅུ་གཉིས་པའི་ཚེས་བརྒྱད་ལ་མཚན་མོ་རིང་བ་ཡུད་ཙམ་བཅོ་བརྒྱད་ཐུབ་པ་དང༌། ཉིན་མོ་ཤིན་ཏུ་ཐུང་བ་ཡུད་ཙམ་བཅོ་བརྒྱད་ལས་མི་ཐུབ་བོ། །དེའི་རྗེས་ལ་དགུན་ཉི་ལྡོག་སྟེ། ཚེས་དགུ་ནས་མཚན་མོ་ཆུ་སྲང་གཉིས་དང་དབུགས་གསུམ་གྱིས་ཐུང༷་ངུར༷་འགྱུར༷་རོ༷། །ཉིན༷་མོ༷་དེ་ལས་བཟློག༷་སྟེ་ཆུ་སྲང་གཉིས་དང་དབུགས་གསུམ་གྱིས་རིང་དུ་སོང་ངོ༌། །འོ་ན། དབྱར་ཉི་ལྔ་པ་དང་དགུན་ཉི་བཅུ་གཅིག་པར་ལྡོག་པ་འདི་དང་འགའ་ལོ་ཞེ་ན། མི་འགལ་ཏེ། གཞུང་འདི་ནི་རྒྱ་གར་གྱི་དབང་དུ་མཛད་པའི་ཕྱིར། ཡང་མཁས་དབང་འགའ་ཞིག་གི་བཞེད་པ་ལྟར་ན། སྟོན་ཟླ་ཐ་ཆུང་ཟླ་བ་བཅུ་པར་ངོས་བཟུང་སྟེ། དེའི་ཚེས་བཅུ་དྲུག་ནས་གཉིས་པའི་བཅུ་དྲུག་བར་དགུན་ཟླ་དང༌། དེ་ནས་དྲུག་པའི་ཚེས་བཅུ་དྲུག་བར་དཔྱིད་ཟླ་དང༌། དེ་ནས་བཅུ་པའི་ཚེས་བཅུ་དྲུག་བར་དབྱར་ཟླ་བཞི་བརྩིས་ཏེ། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་པས་སྟོན་ཉིན་མཚན་མཉམ་པའི་ཟླ་བ་བརྒྱད་པ་དངོས་སུ་བསྟན་ཏེ། ཤུགས་ལ་དེ་ནས་ཟླ་བ་གསུམ་འགྲོ་མཚམས་སུ་ཐ་མའི་ཡར་ངོའི་ཚེས་དགུ་ནས་མཚན་མོ་ཆེས་རིང་པོ་ཡོད་པ་དེ་བཟློག་ནས་ཞེས་ཡར་བླངས་ཏེ་ཐུང་ངུར་གྱུར་པ་དང༌། ཉིན་མོ་ནི་དེ་ལས་ཀྱང་བཟློག་སྟེ་རིང་པོར་གྱུར་པའོ། །དགུན་རྣམས་ཀྱི་ནི་བཞི་པ་ཞེས་པས་དཔྱིད་ཉིན་མཚན་མཉམ་པའི་ཟླ་བ་གཉིས་པ་དངོས་སུ་བསྟན་ཏེ། ཤུགས་ལ་དེ་ནས་ཟླ་བ་གསུམ་འགྲོ་མཚམས་སུ་ཐ་མའི་ཚེས་དགུ་ལ་མཚན་མོ་ཤིན་ཏུ་ཐུང་ངུར་འགྱུར་བ་ལས་བཟློག་ནས་རིང་པོར་འགྱུར་བ་དང༌། ཉིན་མོ་ཆེས་རིང་བ་ལས་བཟློག་ནས་ཐུང་ངུར་འགྱུར་བའོ། ། དེས་ན་ལོ་མགོ་འཛིན་ཚུལ་དང༌། དུས་གྲངས་འདོད་ལུགས་ཆོས་འདུལ་བ་དང་ཡང་འགྲིག་གོ་གསུང༌། འོ་ན། རིང་ཐུང་གི་ཚད་ཇི་ཙམ་ཞེ་ན། ཉིན༷་མོ་དང་མཚན༷་མོ་རིང༷་བ༷་དང་ཐུང༷་བ་ནི་ཉིན་ཞག་གཅིག༷་ལ་ཐང་ཅིག་གིས་རིང་ཐུང་དུ་གྱུར་ལ། དེ་ནི་ཉིན་ཞག་གཅིག་གི་དགུ་བརྒྱའི་ཆ་སྟེ། དུས་འཁོར་ལྟར་ན་དབུགས་འཇུག་གནས་འབྱུང་བ་གསུམ་གཅིག་ཏུ་བྱས་པའི་དེ་འདྲ་ཉི་ཤུ་རྩ་བཞིར་ཆུ་སྲང་བཞི། ཆུ་སྲང་བཞིར་ཐང་ཅིག་གོ །དེ་ལྟར་རིང་ཐུང་བྱེད་པའི་རྒྱུ་མཚན་གང་ཡིན་སྙམ་ན། ཉི༷་མ༷་ལྷོ༷་ཕྱོག༷ས་སུ་ཟླ་བ་དྲུག་ཏུ་འགྲོ༷་བའི་ཚེ༷་དཔག་ཚད་ཕྱེད་དང་དྲུག་དང་བཅོ་བརྒྱད་ཀྱི་ཆ་གཅིག་འཛམ་བུའི་གླིང་ལས་ཡོལ་ཏེ་རྒྱ་མཚོའི་སྟེང་ནས་རྒྱུ་ཞིང་མྱུར་དུ་འགྲོ་བ་དང༌། ཤར་ནུབ་ཏུ་ཐག་ཐུང་བས་ན་ཉིན་མོ་ཐུང་ལ་མཚན་མོ་རིང་ངོ༌། །ཉི་མའི་འོད་རྒྱ་མཚོར་འབབ་ཅིང་གླིང་ལ་མི་ཕོག་པས་ན་གླིང་གྲང་བ་དང༌། ལྷོར་བགྲོད་མཐར་ཐུག་ནས་བྱང་དུ་ནུར་བ་ན་དགུན་ཉི་ལྡོག་པ་ཞེས་བྱའོ། །ཟླ་བ་དྲུག་བྱང་དུ་འགྲོ་བའི་ཚེ་དེ་ཙམ་ཞིག་རྒྱ་མཚོ་ལས་ཡོལ་ཏེ་གླིང་གི་སྟེང་ནས་རྒྱུ་ཞིང་དལ་བུར་འགྲོ་བ་དང༌། ཤར་ནུབ་ཏུ་ཐག་རིང་བས་ན་ཉིན་མོ་རིང་ལ་མཚན་མོ་ཐུང་ངོ༌། །འོད་གླིང་ལ་འབབ་པས་ཚ་བ་དང༌། བྱང་བགྲོད་མཐར་ཐུག་ནས་ལྷོར་ནུར་བ་ན་དབྱར་ཉི་ལྡོག་པ་ཞེས་བྱའོ། །འོ་ན། ཟླ་བ་འཕེལ་འགྲིབ་ཇི་ལྟར་འགྱུར་ཞེ་ན། འདི་ལྟར། ཟླ་བ་དེ་ཉིད་ཉི༷་མ༷་དང༷་ནི༷་ཤིན་ཏུ་ཉེ༷་བ༷་ལས༷་དེའི་འོད་ཟེར་ཟླ་བ་ལ་ཕོག་སྟེ་ཕར་ཕྱོགས་སུ་རང༷་གི༷་གྲིབ༷་མ༷་འབབ་པས་ཟླ་བ་མ་ལུས་པ་འགྲིབ༷་པ༷ར་སྣང༷་བའི་ཕྱིར། ཉི་མ་དང་ཐག་ཇེ་རིང་ལ་སོང་བས་ཟླ་བ་ཇེ་གསལ་དུ་གྱུར་ཅིང༌། །ཤིན་ཏུ་རིང་བ་ལས་ཟླ་བ་རྫོགས་པར་སྣང་བ་ཡིན་ནོ། །ཟླ་བའི་ཞབས་ཆུ་ཤེལ་དྭངས་གསལ་ཡིན་ལ། ལྕགས་རི་གསེར་ལས་གྲུབ་པས་ལྕགས་རི་ལ་ཉི་འོད་ཕོག་པ་ན་ལྕགས་རིའི་གྲིབ་མ་གཞི་ཆུ་ཤེལ་ལ་འབབ་པས་འཕེལ་འགྲིབ་ཏུ་འཐོང་ངོ༌། །དཔེར་ན། མཎྜལ་ཁ་བསླངས་པའི་འགྲམ་དུ་མར་མེ་བཞག་པས་ཤེས་སོ།། །། གཉིས་པ་རི་ལ་བརྟེན་པ་ནི། རི་རབ་འདི༷་ལ༷་བང༷་རིམ༷་བཞི༷་ཡོད༷་དོ༷། །བར་གྱི་ཐག་ཇི་ཙམ་ཞེ་ན། བར༷་གྱི༷་ཐག༷་ནི༷་དཔག་ཚད་སྟོང༷་ཕྲག༷་བཅུ་བ༷ཅུའོ། །འོ་ན། བང་རིམ་རྣམས་ཕྱི་ལ་ཇི་ཙམ་འཕགས་ཤེ་ན། བང་རིམ་དང་པོ་ལ་དཔག་ཚད་སྟོང༷་ཕྲག༷་དག༷་ནི༷་བ༷ཅུ་དྲུག༷་དང༷༌། གཉིས་པ་ལ་སྟོང་ཕྲག་བརྒྱད༷་དང༷༌། གསུམ་པ་ལ་སྟོང་ཕྲག་བཞི༷་དང༷༌། བཞི་པ་ལ་སྟོང་ཕྲག་གཉིས༷་ཕྱིར་འཕག༷ས་སོ༷། །བང་རིམ་དེ་དག་ན་གང་གནས་ཤེ་ན། བང་རིམ་དང་པོ་དེ༷་ལ༷་གནོད་སྦྱིན་ལག༷་ན༷་རིན་པོ་ཆེའི་གཞོ༷ང་པ་བདུད་རྩིས་གང་བ་ཐོག༷ས་པ་དང༷༌། གཉིས་པ་ན་གནོད་སྦྱིན་ལག་ན་རིན་པོ་ཆེའི་མེ་ཏོག་གི་ཕྲེང༷་བ་ཐོག༷ས་པ་དང༷༌། གསུམ་པ་ན༷་རྒུན་ཆང་གིས་རྟག༷་ཏུ་མྱོས༷་པ་དང༷༌། བཞི་པ་ལ་རྒྱལ༷་ཆེན༷་བཞི༷འི༷་རིས་ཀྱི་ལྷ༷་རྣམ༷ས་གན༷ས་ཏེ། དེའང་བང་རིམ་བཞི་པའི་ཤར་ཕྱོགས་ཀྱི་སྟེང་ན་ཡུལ་འཁོར་སྲུང་གི་ཕོ་བྲང་ཡུལ་འཁོར་སྲུང་དང༌། ལྷོ་ན་འཕགས་སྐྱེས་པོའི་ཕོ་བྲང་འཕགས་སྐྱེས་པོ་དང༌། ནུབ་ན་སྤྱན་མི་བཟང་གི་ཕོ་བྲང་སྣ་ཚོགས་གཟུགས་དང༌། བྱང་ན་རྣམ་ཐོས་སྲས་ཀྱི་ཕོ་བྲང་ལྕང་ལོ་ཅན་ཡོད་དོ། །དེར་མ་ཟད་གསེར་གྱི་རི༷་ནི༷་བདུན༷་པཽ༷་དག༷་ལ༷་ཡང༷་རྒྱལ་ཆེན་བཞི་པའི་ལྷ་གནས་སོ།། །།", "target": {"entries": [{"title": "ལའང་གཉིས", "level": 1, "start": 0, "anchor": "དང་པོ་ལའང་གཉིས། གཞལ་ཡས་ཁང་ལ་བརྟེན་པ་དང༌།"}, {"title": "གཞལ་ཡས་ཁང་ལ་བརྟེན་པ", "level": 2, "start": 58, "anchor": "དང་པོ་(གཞལ་ཡས་ཁང་ལ་བརྟེན་པ་)ནི། ཉི་ཟླ་དང"}, {"title": "རི", "level": 2, "start": 5067, "anchor": "གཉིས་པ་རི་ལ་བརྟེན་པ་ནི། རི་རབ་འདི༷་ལ༷་བང"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5985, "headings": 3}} {"id": "IBA-LWS-08-052", "input": "གཉིས་པ་སུམ་ཅུ་རྩ་གསུམ་གྱི་གནས་ནི། ལྷུན༷་པོའི༷་རྩེ༷་ན༷་སུམ༷་ཅུ༷་རྩ༷་གསུམ༷་གྱི་ལྷ་རྣམས་གནས༷་སོ། །ཅིའི་ཕྱིར་སུམ་ཅུ་རྩ་གསུམ་ཞེས་བྱ་ཞེ་ན། ནོར་ལྷ་བརྒྱད། དྲག་པོ་བཅུ་གཅིག །ཉི་མ་བཅུ་གཉིས། ཐ་སྐར་གྱི་བུ་གཞོན་ནུ་གཉིས་ཏེ་གཙོ་བོ་སུམ་ཅུ་རྩ་གསུམ་ཡོད་པས་དེ་སྐད་ཅེས་བྱ་བའམ། ཡང་ན་ཆོས་བཟང་ལྷའི་མདུན་ས་སོགས་ལྷའི་གནས་སུམ་ཅུ་རྩ་གསུམ་ཡོད་པས་དེ་སྐད་ཅེས་བྱའོ། །དེའི་ཚད་ཇི་ལྟ་བུ་ཞེ་ན། དེ༷འི་ངོས༷་རེ་རེ་ལ༷་དཔག་ཚད་བརྒྱད༷་ཁྲི༷། མཐའ་སྐོར་ན་སུམ་འབུམ་ཉི་ཁྲིའོ༷། །ལྷུན་པོའི་ཕྱོག༷ས་མཚ༷མས་བཞི་ན་ཁང་པ་བརྩེག༷ས་པ༷་བཞི༷་ཡོད་པའི་ངོས་ལ༷་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། དཔངས་སུ་དཔག་ཚད་ལྔ་བརྒྱ་ཡོད་དོ། །ཁང་པ་བརྩེགས་པ་བཞི་པོ་དེ་ལ་ནི༷་གནོད་སྦྱིན་ལག༷་ན༷་རྡོ༷་རྗེ༷་ལྷ་རྣམས་བག་མེད་པའི་གནས་ལས་བསྲུང་བའི་ཕྱིར་དུ་གནས་པ་ཡིན་ལ། སུམ་ཅུ་རྩ་གསུམ་གྱི་དབུས༷་ན༷་གྲོང༷་ཁྱེར༷་བལྟ༷་ན༷་སྡུག༷་ཅེས༷་པ༷། ངོས༷་རེ་རེ་ལ༷་དཔག་ཚད་ཉིས༷་སྟོང༷་ལྔ༷་བརྒྱ༷་པ༷། མཐའ་སྐོར་ན་ཁྲི་ཡོད་པ། འཕང་དུ་དཔག༷་ཚད༷་ཕྱེད༷་དང༷་གཉིས༷། ངོས་གསེ༷ར་གྱི༷་རང༷་བཞིན༷། འོག་གཞི༷་ཚོན་སྣ་བརྒྱ་རྩ་གཅིག་གིས་བ༷ཀྲ་བར་བྱས་པ། མནན་ན་ནེམ་བྱེད་པ། བཏེག་ན་སྦར་བྱེད་པའི་མཉེན༷་པ༷་དང་ལྡན་པ་ཡོད༷། དེ་ལ་སྒོ་སྟོང་དུ་གཅིག་གིས་མ་ཚང་བ་ཡོད་པའི་སྒོ་རེ་རེ་ལ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྲུང་བར་བྱེད་པའི་སྲུང་མ་གོ་བགོས་ཤིང་མཚོན་ཆ་སྣ་ཚོགས་ཐོགས་པ་ལྔ་བརྒྱ་ལྔ་བརྒྱ་ཡོད། གྲོང་ཁྱེར་བལྟ་ན་སྡུག་དེའི༷་དབུས་ན༷་ལྷའི་དབང་པོ་བརྒྱ་བྱིན་གྱི་བཞུགས་གནས་རྣམ༷་པར༷་རྒྱལ༷་བྱེད༷་ཀྱི་ཁང་བཟང་ངོས༷་རེ་རེ་ལ༷་དཔག་ཚད་ཉིས༷་བརྒྱ༷་ལྔ༷་བ༷ཅུ་པ༷། མཐའ་སྐོར་ན་སྟོང༌། དཔངས་སུ་དཔག་ཚད་ཕྱེད་དང་དྲུག་དང་གཅིག་གི་བཅོ་བརྒྱད་ཀྱི་ཆ་གཅིག་ཡོད། དེ་ལ་བ་གམ་བརྒྱ་རྩ་གཅིག །དེ་རེ་རེ་ལ་ཁང་པ་བརྩེགས་པ་བརྒྱ་བརྒྱ། དེ་རེ་རེ་ལ་གནས་ཁང་བདུན་བདུན། དེ་རེ་རེ་ལ་ལྷའི་བུ་མོ་བདུན་བདུན། དེ་རེ་རེ་ལ་གཡོག་མོ་བདུན་བདུན། །དེ་རེ་རེ་ལ་སིལ་སྙན་བདུན་བདུན་ཡོད་དོ། །གྲོང་ཁྱེར་བལྟ་ན་སྡུག་དེའི་ཕྱི༷་རོལ༷་དཔག་ཚད་ཉི་ཤུར་ཕྱིན་པ་ན། ཤར་ན་ཤིང༷་རྟ༷་སྣ་ཚོག༷ས་ཀྱི་ཚལ། ལྷོ་ན་རྩུབ༷་འགྱུར༷་གྱི་ཚལ། ནུབ་ན་འདྲེས༷་པའི་ཚལ༷། བྱང་ན་དགའ༷་བས༷་བརྒྱན༷་པའི་ཚལ་ཞེས་བྱ་བ་ཡོད་དོ། །ཚལ་དེ༷་དག༷་གི༷་ཕྱོག༷ས་བཞི༷་ན༷་དཔག་ཚད་ཉི༷་ཤུས༷་བཅད༷་པ་ན༷་ས༷་གཞི༷་བཟང༷་པོ་བཞི་ཡོད་དེ། ཤར་ན་ཤིང་རྟ་སྣ་ཚོགས་པའི་ས་གཞི། ལྷོ་ན་རྩུབ་འགྱུར་གྱི། ནུབ་ན་འདྲེས་པའི། བྱང་ན་དགའ་བས་བརྒྱན་པའི་ས་གཞི་བཟང་པོ་ཞེས་བྱ་བ་ཡོད་དོ། །གྲོང་ཁྱེར་བལྟ་ན་སྡུག་དེའི་བྱང༷་ཤར༷་མཚམ༷ས་ན༷་ཤིང་ཡོང༷ས་འདུ༷་ས་བརྟོལ་ཞེས་བྱ་བ་སྟེ༷། ཐུར་དུ་དཔག་ཚད་ལྔ་བཅུ་ཟུག་པ། དཔག་ཚད་བརྒྱ་གྱེན་དུ་ཕྱོགས་པ། ཡལ་ག་ལོ་འདབ་ཀྱིས་དཔག་ཚད་ལྔ་བཅུར་ཁྱབ་པ། དྲིས་རྫི་ཕྱོགས་སུ་དཔག་ཚད་བརྒྱར་ཁྱབ་ཅིང༌། རྫི་ཕྱོགས་མིན་པར་ལྔ་བཅུར་ཁྱབ་པར་ཡོད་དོ། །ཤིང་དེའི་དྲུང་ན་ཨར་མོ་ནིག་ལྟ་བུའི་རྡོ་ལེབ་ངོས་རེ་རེ་ལ་དཔག་ཚད་ལྔ་བཅུ་པ། མཐའ་གཉིས་བརྒྱས་འཁོར་བ། འཕང་དུ་དཔག་ཚད་ཕྱེད་དང་དྲུག་དང་གཅིག་གི་བཅོ་བརྒྱད་ཀྱི་ཆ་གཅིག་ཡོད་ལ། དེའི་སྟེང་དུ་ལྷ་དབང་གི་སེང་ཁྲི་དང༌། ཉེ་དབང་སོ་གཉིས་ཀྱི་ཁྲི་བཤམས་ནས། ལྷ་རྣམས་དབྱར་ཟླ་བ་བཞིའི་བར་དུ་གནས་སོ། །དེའི་དྲུང་དུ་གླང་པོ་ཆེ་ས་སྲུང་གི་བུ་ལུས་དཔག་ཚད་དུ་མ་དང་ལྡན་པ། མགོ་སུམ་ཅུ་རྩ་གཉིས་སྤྲུལ་པ་ལ་ལྷའི་དབང་པོ་འཁོར་བཅས་འདེགས་བཟོད་པ་དང༌། གྲོང་ཁྱེར་བལྟ་ན་སྡུག་དེའི་ལྷོ༷་ནུབ༷་མཚམ༷ས་དཔག་ཚད་བཅུ་གཉིས་ཀྱིས་ཆོད་པ་ན་ཆོས་བཟང་ལྷའི་མདུན་ས་ཐད་ཀར་དཔག་ཚད་སུམ་བརྒྱ། མཐར་སྐོར་ན་དགུ་བརྒྱ་པ། གྲོང་ཁྱེར་བལྟ་ན་སྡུག་ལས་དཔག་ཚད་ཕྱེད་དང་བཞི་གྱེན་དུ་འཕགས་པ་ཡོད། དེ་ནའང་ལྷ་དབང་དང་ཉེ་དབང་རྣམས་ཀྱི་ཁྲི་ཡོད་པ། དེར་ལྷ་རྣམས་འདུས་ནས་ལྷ་དང་མི་རྣམས་ཀྱི་དོན་དང་ཆོས་སེམས་པར་བྱེད་དོ། །", "target": {"entries": [{"title": "སུམ་ཅུ་རྩ་གསུམ་གྱི་གནས", "level": 1, "start": 0, "anchor": "གཉིས་པ་སུམ་ཅུ་རྩ་གསུམ་གྱི་གནས་ནི། ལྷུན༷་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 2911, "headings": 1}} {"id": "IBA-LWS-08-053", "input": "གཉིས་པ་ས་དང་མ་འབྲེལ་བ་ནི། སུམ་ཅུ་རྩ་གསུམ་དེ༷འི༷་སྟེང༷་ན་འཐབ་བྲལ་ནས་འོག་མིན་གྱི་བར་གྱི་ལྷ༷་རྣམ༷ས་ཀྱི་གཞལ༷་མེད༷་ཁང༷་ཡོད་དོ། །ཅིའི་ཕྱིར་འཐབ་བྲལ་ཞེས་བྱ་ཞེ་ན། འདི་མན་ཆད་ན་འཐབ་པ་ཡོད་ཅིང༌། འདི་ནས་འཐབ་པ་དང་བྲལ་བས་ན་འཐབ་བྲལ་ཞེས་བྱའོ། །འདི་མན་ཆད་ན་འཐབ་པ་ཇི་ལྟར་ཡོད་ཅེ་ན། ཡོད་དེ། ལྷ་རྣམས་ཀྱང་ལྷ་མིན་དང་འཐབ་ན། གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། འཐབ་བྲལ་ལ་མཚེ་མ་ཞེས་ཀྱང་བྱ་སྟེ། ལྷའི་བུ་དང་བུ་མོ་ཟུང་རེ་སྐྱེ་བའི་ཕྱིར། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ཀྱི་རྒྱལ་ས་ཡིན་པ་དང་དགའ་བ་མཆོག་དང་ལྡན་པས་ན་དགའ་ལྡན་ཞེས་བྱའོ། །རང་གིས་སྤྲུལ་པ་ལ་ཇི་ལྟར་འདོད་པ་ལྟར་ལོངས་སྤྱོད་པས་ན་འཕྲུལ་དགའ་ཞེས་བྱའོ། །གཞན་གྱིས་སྤྲུལ་པ་ལ་ཐུན་མོང་དུ་ཇི་ལྟར་འདོད་པ་ལྟར་ལོངས་སྤྱོད་པས་ན་གཞན་འཕྲུལ་དབང་བྱེད་ཅེས་བྱའོ། །འདོད་པའི་ལྷ་རྣམས་ཀྱི་གཟུགས་དཀར་པོ་དང༌། དམར་པོ་དང༌། སེར་པོ་ཅི་རིགས་པ་དང༌། གཞལ་ཡས་ཁང་ཡང་ཆེད་དུ་བྱས་བ་དང་མ་བྱས་པ་གླིང་གསུམ་གྱི་མིའི་གནས་བཞིན་ཅི་རིགས་པ་ཡོད་དོ། ། ཅིའི་ཕྱིར་ཚངས་རིས་སོགས་ཞེས་བྱ་ཞེ་ན། སྡིག་པ་མི་དགེ་བ་ལས་ཚངས་ཤིང༌། དེའི་རིས་སུ་གཏོགས་པས་ན་ཚངས་རིས་ཞེས་བྱའོ། །ཚངས་པ་ཆེན་པོའི་མདུན་ན་བྲམ་ཟེ་རིག་བྱེད་འདོན་པ་ལྟར་གནས་པ་ན་ཚངས་པ་མདུན་ན་འདོན་ཞེས་བྱའོ། །ཚངས་པ་ནི་གཞན་ཐམས་ཅད་ཀྱི་དང་པོར་སྐྱེས་ཤིང་མཐར་འཆི་ལ། ཚངས་པ་གཞན་ལས་ལུས་ཀྱི་བོང་ཚོད་སོགས་ཆེ་བས་ན་ཚངས་ཆེན་ཞེས་བྱའོ། །གནས་གཞན་གོང་མ་ལ་ལྟོས་ཏེ་འོད་རྒྱ་ཁྱོན་ཆུང་བས་ན་འོད་ཆུང་ཞེས་བྱའོ། །ལུས་ལ་འོད་ཚད་མེད་པ་ཡོད་པས་ན་ཚད་མེད་འོད་ཅེས་བྱའོ། །གནས་གཞན་མ་ལུས་འོད་ཀྱིས་ཁྱབ་པས་ན་འོད་གསལ་ཞེས་བྱའོ། །གནས་གཞན་གོང་མ་ལ་ལྟོས་ཏེ་སེམས་བདེ་ཆུང་བས་ན་དགེ་ཆུང༌། སེམས་བདེ་ཚད་མེད་པ་ཡོད་པས་ན་ཚད་མེད་དགེ །འདི་ལས་མཆོག་ཏུ་གྱུར་པའི་སེམས་བདེ་མེད་པས་ན་དགེ་རྒྱས། འདི་ནས་འོག་གཞི་སྤྲིན་ལྟར་འདང་ཆགས་པ་མེད་པས་ན་སྤྲིན་མེད། མི་གཡོ་བའི་བསོད་ནམས་ལས་སྐྱེས་པས་ན་བསོད་ནམས་སྐྱེས། སོ་སྐྱེ་ལ་འབྲས་བུ་འདི་ལས་ཆེ་བ་མེད་པས་ན་འབྲས་བུ་ཆེ། དེའི་སྟེང་ན་གནས་གཙང་མ་ལྔ་ཡོད་ལ། སོ་སྐྱེ་མེད་ཅིང་འཕགས་པ་འབའ་ཞིག་གནས་པས་ན་གནས་གཙང་མ། ལྔ་གང་ཞེ་ན། གོང་མ་ལས་ཡོན་ཏན་ཆུང་བས་ན་མི་ཆེ་བ། ཉོན་མོངས་པའི་གདུང་བ་མེད་པས་ན་མི་གདུང་བ། མཐོང་བ་ཡོངས་སུ་དག་པས་འཐོང་བས་ན་ཤིན་ཏུ་མཐོང་བ། ལྟ་བ་བཟང་བས་ན་གྱ་ནོམ་སྣང་བ། འདི་ལས་གནས་གཞན་གོང་ན་མེད་པས་ན་འོག་མིན་ནོ། །འོ་ན། འདོད་ལྷ་རྣམས་འཁྲིག་པ་སྤྱོད་ཚུལ་ཇི་ལྟ་བུ་ཞེ་ན། འདོ༷ད་པ༷་ན་སྤྱོད༷་པ༷་དྲུག༷་པོས་འདི་ལྟར་སྤྱོད་པ་ཡིན༷་ཏེ༷། རྒྱལ་ཆེན་རིས་བཞི་པ་དང༌། སུམ་ཅུ་རྩ་གསུམ་པ་གཉིས༷་ནི་དབང་པོ་གཉིས༷་སྦྱོར་བས་འཁྲིག་པ་སྤྱོད་དོ། །འོན་ཀྱང་དེ་དག་གི་ཟས་ལ་མི་གཙང་བའི་རྒྱུ་མཐུན་མེད་པས་ས་བོན་ཕྱུང་བ་མེད་ཅིང༌། རླུང་རྒྱུ་བས་གདུང་བ་དང་བྲལ་བར་གནས་སོ། །འཐབ་བྲལ་བ་ནི་འཁྱུད༷་པ་ཙམ་གྱིས་འཁྲིག་པ་དང༷༌། དགའ་ལྡན་པ་ལག༷་པ་བཅང༷ས་པ་ཙམ་དང༷། འཕྲུལ་དགའ་བ་དགོད༷་པ་ཙམ་དང༷༌། གཞན་འཕྲུལ་དབང་བྱེད་པ་བལྟས༷་པ༷་ཙམ་གྱིས་འཁྲིག༷་པ༷་སྤྱོད་པ་ཡིན༷་ནོ། །ས་བོན་ཕྱུང་བ་མེད་ན་ལྷའི་བུ་དང་བུ་མོར་ཇི་ལྟར་བརྗོད་ཅེ་ན། རྒྱལ་ཆེན་རིས་བཞི་པ་བོང་ཚོད་བྱིས༷་པ༷་ལོ༷་ལྔ༷་ལོན༷་པ༷་ནས༷། གཞན་འཕྲུལ་དབང་བྱེད་ལོ༷་བཅུ་ལོ༷ན་པ༷་ལྟ་བུའི་བར༷་གནས་དེ༷་དག༷་ཏུ་བརྫུས་ཏེ་མྱུར་དུ་སྐྱེ་བས། དེས་ན་གང་ཞིག་གང་དག་གི་པང་དུ་སྐྱེས་པ་དེ། དེ་དག་གི་ལྷའི་བུ་དང་བུ་མོ་ཞེས་བརྗོད་པ་ཡིན་ནོ། །གཟུག༷ས་ཅན༷་གྱི་ལྷ་རྣམ༷ས་ནི་བོང་ཚོད་ལུས་ཀུན༷་རྫོག༷ས་པ་དང༌། ངོ་ཚ་ཁྲེལ་མེད་སྤངས་པས་གོས༷་དང༷་བཅས༷་པ༷་ཉིད༷་དུ་སྐྱེ་ལ། འཆི་བ་ན་ཡང་གོས་དང་བཅས་པ་འཆིའོ། །", "target": {"entries": [{"title": "ས་དང་མ་འབྲེལ་བ", "level": 1, "start": 0, "anchor": "གཉིས་པ་ས་དང་མ་འབྲེལ་བ་ནི། སུམ་ཅུ་རྩ་གསུམ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 2792, "headings": 1}} {"id": "IBA-LWS-08-055", "input": "གཉིས་པ་ཞར་ལ་སེམས་ཅན་གྱི་ཚད་ལ་གཉིས། ལུས་ཚད་དང༌། ཚེ་ཚད་དོ། །དང་པོ་(ལུས་ཚད་)ནི། སྣོད་ཀྱི་འཇིག་རྟེན་ལ་ཚད་ངེས་པ་བཞིན་དུ། སེམས་ཅན་ལའང་ཚད་ངེས་པ་ཡོད་དམ་ཞེ་ན། ངན་སོང་བའི་ལུས་ཚད་ངེས་པ་མེད་པས་འདིར་མི་འཆད་ལ། བདེ་འགྲོ་རྣམས་ལས་ཚེ་ལོ་བརྒྱ་པའི་དུས་ཀྱི་ལྷོ་འཛམ༷་བུ༷་གླིང༷་པའི༷་མི་རྣམ༷ས་ཀྱི༷་ལུས་ཚད༷་ནི་ཆེ་བ་རྣམས་ཁྲུ༷་བཞི༷་པ༷་དང༷༌། ཆུང་བ་རྣམས་ཁྲུ་ཕྱེད༷་དང༷་བཞི༷་པ་ཡིན་ནོ། །ཁྲུ་ནི་རྡུལ་ཁྲུའོ། །ཤར༷་ལུས་འཕགས་པོ་དང༷༌། ནུབ་བ༷་ལང༷་སྤྱོད༷་དང༷་ནི༷། བྱང༷་སྒྲ་མི་སྙན་ཞེས༷་བྱ༷་བ༷་གསུམ་ནི་སྔ་མ་ལས་ཕྱི་མ་ཉིས༷་འགྱུར༷་གྱིས་བསྐྱེད༷་པས། ཁྲུ་བརྒྱད་དང༌། བཅུ་དྲུག་དང༌། སུམ་ཅུ་རྩ་གཉིས་པ་ཡིན་ནོ། །དེ་དག་ཀྱང་འཛམ་བུ་གླིང་པའི་ཁྲུའི་དབང་དུ་བྱས་ཀྱི། རང་རང་གི་ནི་ཁྲུ་བཞི་པ་ཁོ་ནའོ། །འདོད༷་པ་དང༷་ལྡན༷་པའི༷་ལྷ༷་དྲུག་པོའི་ལུས༷་ཚད་ནི། རྒྱལ་ཆེན་རིས་བཞི་པ་རྒྱང་གྲགས་བཞི༷་ཆ༷་གཅིག་ཡིན་པ་ནས༷། གཞན་འཕྲུལ་དབང་བྱེད་པ་ནི༷་རྒྱང༷་གྲག༷ས་དག༷་ཕྱེད༷་དང༷་གཉིས༷་ཀྱི༷་བར༷་དུ༷་བསྐྱེད༷་པའོ། །གཟུག༷ས་ཅན༷་གྱི་ལྷ་རྣམས་ཀྱི་དང༷་པོ༷་ཚངས་རིས་པ་དཔག༷་ཚད༷་ཕྱེད༷་དང༌། དེའི༷་གོང༷་མ༷་མདུན་ན་འདོན་དང༌། ཚངས་ཆེན་དང༌། འོད་ཆུང་བ་རྣམས་དཔག་ཚད་ཕྱེད༷་ཕྱེད༷་བསྐྱེད༷་ལ། འོད༷་ཆུང༷་བ་རྣམ༷ས་ཀྱི༷་ལྟག༷་ཚད་མེད་འོད་ཡན༷་ཆད་ཀྱི་ལུས༷་ནི༷་ཉིས༷་འགྱུར༷་ཉིས༷་འགྱུར་གྱིས་ཆེ་སྟེ༷། འོན་ཀྱང་སྤྲིན༷་མེད༷་པ་ཉིས་འགྱུར་གྱིས་བསྐྱེད་པ་ལས་དཔག༷་ཚད༷་གསུམ༷་དོར༷་རོ༷་ཞེས་བྱ་བ་ནི་ཁྱད་པར་ཡིན་ཏེ། འདི་ལྟར། ཚད་མེད་འོད་དཔག་ཚད་བཞི་དང༌། འོད་གསལ་བ་བརྒྱད་ནས། འོག་མིན་དཔག་ཚད་ཁྲི་དྲུག་བར་རོ། །གཟུགས་མེད་ནི་ལུས་ཅན་མ་ཡིན་པས་ལུས་ཀྱི་ཚད་མེད་དོ། ། གཉིས་པ་ཚེ་ཚད་ལ། དངོས་དང༌། ཞར་བྱུང་གཉིས། དང་པོ་(དངོས་)ནི། མཐོ་རིས་ཀྱི་ཚེ་ཚད་དང༌། ངན་སོང་བའི་ཚེ་ཚད་གཉིས། དང་པོ་(མཐོ་རིས་ཀྱི་ཚེ་ཚད་)ནི། སེམས་ཅན་གྱི་ལུས་ཚད་ངེས་པ་བཞིན་དུ་ཚེ་ཚད་ཀྱང་ངེས་སམ་ཞེ་ན། བྱང་གི་སྒྲ༷་མི༷་སྙན༷་ན༷་ནི་ཚེ༷་ལོ་སྟོང༷་ཐུབ༷་སྟེ༷། ནུབ་དང་ཤར་གྱི་གླིང་གཉིས༷་ན༷་ཕྱེད༷་ཕྱེད༷་སྤང༷ས་པས༷་ལྔ་བརྒྱ་དང༌། ཕྱེད་དང་སུམ་བརྒྱའོ༷། །ལྷོ་འཛམ་བུ་གླིང་འདི༷་ན༷་མ༷་ངེས༷་ཏེ། འགྲིབ་པའི་ཐ༷་མར༷་ནི༷་ཚེ་ལོ༷་བཅུ་པ་དང༷༌། བསྐལ་པ་དང༷་པོའི༷་མི་རྣམས་ཀྱི་ཚེ་ལོ་དཔག༷་ཏུ༷་མེད༷་པ་དང༌། དེ་དག་གི་བར་དུའང་འཕེལ་འགྲིབས་དུ་མ་ཡོད་པའི་ཕྱིར། འདོད་ལྷའི་ཚེ་ཚད་ནི་མི༷་རྣམ༷ས་ཀྱི༷་ལོ༷་ལྔ༷་བཅུ༷་ལ༷་འདོད༷་པ༷་དག༷་གི༷་ལྷ༷་རྣམ༷ས་ལས༷་འོག༷་མ༷་རྒྱལ་ཆེན་རིས་བཞི་པ་དག༷་གི༷་ཉིན༷་ཞག༷་གཅི༷ག་ཏུ་བརྩིས་པའི་ཞག་སུམ་ཅུ་ལ་ཟླ་བ་གཅིག་དང༌། དེ་བཅུ་གཉིས་ལ་ལོ་གཅིག་ཡིན་པས། དེས༷་ན༷་དེའི༷་ཚེ༷་ཚད་ནི་རང༷་ལོ༷་ལྔ༷་བརྒྱ༷འོ༷། །གོང༷་མ༷་སུམ་ཅུ་རྩ་གསུམ་པ་ལ་སོགས་པ་ནི་ཞག་དང་ལོ་གཉིས༷་ཀ༷་ཉིས༷་འགྱུར༷་ཏེ། སུམ་ཅུ་རྩ་གསུམ་པ་རང་ལོ་སྟོང་ཐུབ་པ་ནས། གཞན་འཕྲུལ་དབང་བྱེད་པས་མི་ལོ་སྟོང་དྲུག་བརྒྱ་ལ་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ཁྲི་དྲུག་སྟོང་ཐུབ་པའི་བར་དུའོ། །གལ་ཏེ་སུམ་ཅུ་རྩ་གསུམ་ཡན་ཆད་ན་ཉི་ཟླ་མེད་པས་ཉིན་མཚན་དང་ཚེའི་ཚད་ཀྱང་མི་འཐད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དུས་དབང་གིས་མེ་ཏོག་ཁ་ཟུམ་པ་དང༌། བྱ་སྐད་མི་འབྱིན་པ་དང༌། གཉིད་བྲོ་བ་ན་མཚན་མོ་དང༌། དེ་ལས་ལྡོག་པ་ཉིན་མོ་དང༌། སྣང་བའང་ལུས་ལ་འོད་ཡོད་པའི་ཕྱིར་རོ། །འོ་ན། གཟུགས་ཅན་གྱི་ལྷ་རྣམས་ལ་གཉིད་བྲོ་བ་སོགས་མེད་པས་ཚེའི་ཚད་མི་རུང་ངོ་ཞེ་ན། གཟུག༷ས་ཅན༷་གྱི་ལྷ་དག་ལ་ཉིན༷་མཚན༷་གྱི་རྣམ་གཞག་མེད༷་ཀྱང་ཚེ༷འི་ཚད་ནི༷་རང༷་གི་ལུས༷་ཀྱི་ཚད་གཞལ༷་བའི༷་དཔག་ཚད་ཀྱི་གྲངས་ཀྱིས་བསྐལ༷་པ༷་ཡིས༷་འཇལ་བ་ཡིན་ཏེ། འདི་ལྟར། གཟུགས་ཅན་དང་པོ་བསྐལ་པ་ཕྱེད། །དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ཚེ་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་བསྐལ་པ་གསུམ་དོར་རོ། །ཞེས་དཔག་ཚད་དང༌། བསྐལ་པ་དང༌། ལུས་དང༌། ཚེ་བསྒྱུར་བ་ལས་གཞན་ཁྱད་པར་མེད་དོ། །གཟུག༷ས་མེད༷་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཚེ་ཚད་ནི་བསྐལ༷་པ༷་སྟོང༷་ཕྲག༷་ཉི༷་ཤུ༷་དང༌། གཞན་གོང་མ་གསུམ་ལ་དེ་ཙམ་རེའི་ལྷག༷་པས༷་ལྷག༷་པ༷་ཡིན༷་པས། བསྐལ་པ་བཞི་ཁྲི་དང༌། དྲུག་ཁྲི་དང༌། བརྒྱད་ཁྲི་ཐུབ་བོ། །འོ་ན། དེ་དག་བར་བསྐལ་ལམ་བསྐལ་ཆེན་ཡིན་ཞེ་ན། འོད༷་ཆུང༷་ནས༷་བཟུང༷་སྟེ་བསྐལ༷་པ་ཆེན༷་པོ་ཡིན་ལ། དེའི༷་འོག༷་མ༷་ཚངས་ཆེན་མན་ཆད་ནི་བསྐལ་ཆེན་གྱི་ཕྱེད༷་བར་བསྐལ་བཞི་བཅུ་ལ་བསྐལ་བར་བྱས་པ་ཡིན༷་ནོ༷། ། གཉིས་པ་ངན་སོང་བའི་ཚེ་ཚད་ནི། ངན་སོང་བའི་ཚེའི་ཚད་ལ་ཡང༷་སོས༷་ལ༷་སོག༷ས་པ་ཚ་དམྱལ་དྲུག༷་གི་ཚེའི་ཚད་ནི་རིམ༷་པ་བཞིན༷་དུ་འདོད༷་ལྷ༷འི་རྒྱལ་ཆེན་རིས་བཞི་སོགས་དྲུག་པོའི་ཚེ༷འི་ཚད་དང༷་ཉིན༷་ཞག༷་མཉམ༷་པར་ཤེས་པར་བྱ་སྟེ། རྒྱལ་ཆེན་རིས་བཞི་པའི་ཚེ་ཚད་རང་ལོ་ལྔ་བརྒྱ་ལ་ཡང་སོས་པའི་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཡང་སོས་པས་ཐུབ་པ། དེས༷་ན༷་ཡང་སོས་ལ་སོགས་པ་དེ༷་དག༷་རྣམ༷ས་ཀྱི༷་ཚེ༷་ཚད་ནི་འདོད༷་པའི༷་ལྷ༷་དྲུག་པོ་རྣམས་དང༷་ལོའི་གྲངས་འདྲ༷་བ༷་ཡིན༷་ནོ། །རབ༷་ཏུ༷་ཚ༷་བས་བར་བསྐལ་ཕྱེད༷་དང༌། མནར༷་མེ༷ད་པས་བར༷་གྱི༷་བསྐལ༷་བ༷་གཅིག་ཐུབ། དུད༷་འགྲོ༷་རྣམ༷ས་ཚེ་ཐུང་བ་ལ་ངེས་པ་མེད་ཀྱི། མཆོག༷་ཏུ་རིང༷་བས་ནི་བར་གྱི་བསྐལ༷་པ༷་གཅིག་ཐུབ་སྟེ། ཀླུ་ཆེན་བརྒྱད་ལྟ་བུའོ། །ཡི༷་དྭག༷ས་རྣམ༷ས་ནི་མི་རྣམས་ཀྱི་ཟླ༷་བ༷་གཅིག་ལ་ཉིན༷་ཞག༷་གཅིག་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་བོ། །གྲང་དམྱལ་གྱི་ཚེ་ཚད་ནི་ཏིལ༷་གྱི་སྦྱང༷ས་པ་མ་ག་དྷཱའི་བྲེ་ཏིལ་ཁལ་བརྒྱད་ཅུ་པའི་ནང༷་ནས༷་ལོ༷་བརྒྱ༷་རེ་ཞིང༷་ཏིལ༷་གཅིག༷་རེ་ཕྱུང༷་བས༷་དེ་ཟད༷་པར་གྱུར༷་པ༷་ན་ཆུ༷་བུར༷་ཅན༷་གྱི༷་ཚེ༷་ཚད་རྫོགས་པ་ཡིན༷་ཏེ༷། ཆུ་བུར་རྡོལ་བ་ཅན་སོགས་གཞ༷ན་གྱི༷་ཚེ༷་ནི༷་གོང་གི་དེ་ཉི༷་ཤུ༷ས་བསྒྱུར༷་རོ། ། གཉིས་པ་ཞར་བྱུང་ནི། འོ་ན། དེ་དག་བར་མ་དོར་འཆི་བ་ཡོད་དམ་ཞེ་ན། སྒྲ༷་མི༷་སྙན༷་པ་ཚེ་ཚད་ལྟར་ངེས་གྱི། དེ་མ༷་གཏོག༷ས་པ༷་རྣམས་ལ་དུས་མ་ཡིན་པར་འཆི༷་བ་ཡོད་པའི་ཕྱིར། འདིར་སྤྱིའི་ཚེ་ཚད་སྨྲས་པ་ཡིན་ནོ།། །།", "target": {"entries": [{"title": "ཞར", "level": 1, "start": 0, "anchor": "གཉིས་པ་ཞར་ལ་སེམས་ཅན་གྱི་ཚད་ལ་གཉིས། ལུས་ཚ"}, {"title": "ལུས་ཚད", "level": 2, "start": 58, "anchor": "དང་པོ་(ལུས་ཚད་)ནི། སྣོད་ཀྱི་འཇིག་རྟེན་ལ་"}, {"title": "ཚེ་ཚད", "level": 2, "start": 1310, "anchor": "གཉིས་པ་ཚེ་ཚད་ལ། དངོས་དང༌། ཞར་བྱུང་གཉིས། "}, {"title": "དངོས", "level": 3, "start": 1350, "anchor": "དང་པོ་(དངོས་)ནི། མཐོ་རིས་ཀྱི་ཚེ་ཚད་དང༌། "}, {"title": "མཐོ་རིས་ཀྱི་ཚེ་ཚད", "level": 4, "start": 1413, "anchor": "དང་པོ་(མཐོ་རིས་ཀྱི་ཚེ་ཚད་)ནི། སེམས་ཅན་གྱ"}, {"title": "ངན་སོང་བའི་ཚེ་ཚད", "level": 4, "start": 3348, "anchor": "གཉིས་པ་ངན་སོང་བའི་ཚེ་ཚད་ནི། ངན་སོང་བའི་ཚ"}, {"title": "ཞར་བྱུང", "level": 3, "start": 4316, "anchor": "གཉིས་པ་ཞར་བྱུང་ནི། འོ་ན། དེ་དག་བར་མ་དོར་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4503, "headings": 7}} {"id": "IBA-LWS-08-057", "input": "དང་པོ་(དངོས་)ལ། བསྟན། བཤད་དོ། །དང་པོ་(མདོར་བསྟན་པ་)ནི། བསྐལ༷་པ༷་རྣམ་པ་མང༷་དུ༷་བཤད༷་པ་ཡིན་ཏེ། འཇིག་པའི་བསྐལ་པ། འཆགས་པའི་བསྐལ་པ། གནས་པའི་བསྐལ་པ། བསྐལ་པ་ཆེན་པོ་རྣམས་སུ་བཤད་པའི་ཕྱིར། གཉིས་པ་རྒྱས་བཤད་ལ་བཞི། འཇིག །འཆགས། གནས། བསྐལ་པ་ཆེན་པོའོ། དང་པོ་(འཇིག་པའི་བསྐལ་པ་)ནི། བསྐལ་པ་རྣམ་པ་མང་བཤད་པ། །ཞེས་བཤད་ན། འཇིག་པའི་བསྐལ་པ་སོགས་གང་ཞེ་ན། འཇིག༷་པའི༷་བསྐལ༷་པ༷་ནི་མནར་མེད་པའི་དམྱལ༷་བའི༷་སྲིད༷་པ་སེམས་ཅན་མེད་པ་ནས་བཟུང་སྟེ་སྣོད་ཀྱི་འཇིག་རྟེན་ཟད་པའི་བར་ཡིན་ནོ། །དེའང་མནར་མེད་དུ་སེམས་ཅན་སྐྱེ་འཕྲོ་ཆད་པ་དང༌། འཛམ་བུ་གླིང་པའི་མི་རྣམས་ཚེ་ལོ་བརྒྱད་ཁྲི་བར་ཡར་འཕེལ་བ་དང༌། གནས་པའི་མཇུག་རྫོགས་པ་དང༌། འཇིག་པའི་མགོ་རྩོམ་པ་རྣམས་དུས་མཉམ། དེའི་ཚེ་མནར་མེད་ཀྱི་སེམས་ཅན་རྣམས་ཚེ་མཐར་ཕྱིན་ནས་འཆི་འཕོ་བར་འགྱུར། མནར་མེད་དུ་སྐྱེ་འགྱུར་གྱི་ལས་བསགས་ནའང་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བར་སྐྱེ་བར་འགྱུར་ཏེ། མནར་མེད་ནས་མས་རིམ་གྱིས་སྟོང༌། དམྱལ་བ་གཞན་རྣམས་དང༌། བྱིང་ན་གནས་པའི་དུད་འགྲོ་རྣམས་དང༌། ཡི་དྭགས་རྣམས་ཀྱང་དེ་བཞིན་དུ་རིམ་གྱིས་འགྱུར། ལྷ་མིའི་ཡུལ་ན་ཡོད་པའི་དུད་འགྲོ་དང་ཡི་དྭགས་ནི་དེ་དག་དང་མཉམ་དུ་དེ་ལྟར་འགྱུར། དེ་ནས་འཛམ་བུ་གླིང་པའི་མི་ཞིག་གིས་ཆོས་ཉིད་ཀྱིས་བསམ་གཏན་དང་པོ་ཐོབ། དེ་གཞན་གྱིས་ཐོས་ནས་ཐམས་ཅད་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོ་ཐོབ་སྟེ་བསམ་གཏན་དང་པོར་སྐྱེ། དེ་ནས་རིམ་བཞིན་ཤར་ལུས་འཕགས་པོ་དང་ནུབ་བ་ལང་སྤྱོད་པས་ཀྱང་དེ་བཞིན་དང༌། བྱང་སྒྲ་མི་སྙན་པ་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པས་ཚེ་དེ་ལ་འདོད་ཆགས་དང་བྲལ་བ་མི་སྲིད་པས་ཕྱི་མ་ལ་འདོད་ལྷར་སྐྱེ་ལ། འདོད་ལྷ་དྲུག་ཀྱང་རིམ་བཞིན་དུ་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོ་ཐོབ། །དེ་གཞན་གྱིས་ཐོས་ནས། ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོ་ཐོབ་སྟེ་ཚངས་རིས་སུ་སྐྱེ། དེ་ནས་བསམ་གཏན་དང་པོ་པ་ཞིག་གིས་ཆོས་ཉིད་ཀྱིས་བསམ་གཏན་གཉིས་པ་ཐོབ། དེ་ཐོས་ནས་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པ་ཐོབ་སྟེ་བསམ་གཏན་གཉིས་པར་སྐྱེ། དེ་དག་ལ་བར་གྱི་བསྐལ་པ་བཅུ་དགུ། དེའི་ཚེ་ལྷ་རྣམས་ཀྱིས་དུས་དུས་སུ་ཆར་འབེབས་པ་མེད་པས། འཛམ་བུ་གླིང་གི་རྩི་ཤིང་ནགས་ཚལ་རྣམས་སྐམ་པར་འགྱུར། དེ་ནས་དུས་ཡུན་རིང་མོ་ཞིག་ན་ཆེས་ཚ་བའི་ཉི་མ་གཉིས་པ་ཤར་ནས་ཆུ་བྲན་དང་ལྟེང་ཀ་རྣམས་སྐམ་པར་འགྱུར། དེ་ནས་ཉི་མ་གསུམ་པ་ནས་བདུན་པའི་བར་དུ་ཤར་བས་ཆུ་ཀླུང་དང༌། མཚོ་མ་དྲོས་པ་དང༌། ཕྱིའི་རྒྱ་མཚོའི་བར་དུ་སྐམ་ཞིང་གླིང་བཞི་རི་རབ་དང་བཅས་པ་དུ་བ་འཐུལ་ནས་མེ་ལྕེ་གཅིག་ཏུ་འབར་ཞིང་བསྲེག་པར་འགྱུར། དེས་རྐྱེན་བྱས་ནས་བསམ་གཏན་དང་པོའི་སས་བསྡུས་ཀྱི་མེས་བསམ་གཏན་དང་པོའི་གཞལ་མེད་ཁང་སྟོང་པ་དེ་བསྲེག་པར་འགྱུར། འདོད་པའི་མེས་མ་ཡིན་ཏེ། ས་ཐ་དད་ཡིན་པའི་ཕྱིར། དེ་དག་ལ་བར་བསྐལ་གཅིག་སྟེ། འཇིག་རྟེན་འཇིག་པ་ལ་བར་བསྐལ་ཉི་ཤུའོ། །དེའང་མེས་འཇིག་པའི་དབང་དུ་བྱས་ཀྱི། ཆུས་འཇིག་ན་བསམ་གཏན་གཉིས་པ་བས་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གསུམ་པ་ཐོབ་སྟེ་བསམ་གཏན་གསུམ་པར་སྐྱེ་ལ། རླུང་གིས་འཇིག་ན་བསམ་གཏན་གསུམ་པ་པས་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་བཞི་པ་ཐོབ་སྟེ་བསམ་གཏན་བཞི་བར་སྐྱེའོ། ། གཉིས་པ་འཆག༷ས་པའི༷་བསྐལ་པ་ནི། དང༷་པོ༷འོ་རླུང༷་འཇམ་བུ་ལྡང་བ་ནས་བཟུང་ནས་ནི༷་མནར་མེད་པའི་དམྱལ༷་བ༷འི་སེམས་ཅན་གཅིག་སྲིད༷་པ༷འི་བར༷་དུ༷འོ༷། །དེའང་དང་པོ་ནམ་མཁའ་སྟོང་པར་ཡོད་པ་ལ། འཇིག་རྟེན་འཆགས་པའི་སྔ་ལྟས་སུ་གྱུར་པའི་རླུང་འཇམ་པོ་ལངས། དེ་ཙམ་གྱིས་སྣོད་ཀྱི་འཇིག་རྟེན་འཆགས་པར་མི་ནུས་པས། ཚངས་རིས་ནས་བཟུང་སྟེ་འཐབ་བྲལ་བའི་བར་རྣམས་འཆགས། དེ་ནས་སྔར་གྱི་རླུང་དེ་ཉིད་ལོ་གྲངས་དུ་མའི་བར་དུ་འཁྲིགས་ནས། འོག་གཞི་རླུང་གི་དཀྱིལ་འཁོར་ནས་སུམ་ཅུ་རྩ་གསུམ་པའི་བར་མས་རིམ་ནས་འཆགས། དེ་དག་ལ་བར་བསྐལ་གཅིག །དེ་ནས་འོད་གསལ་བའི་སེམས་ཅན་ཚེ་དང༌། བསོད་ནམས་དང༌། ལས་ཟད་པ་ཞིག་ཚངས་པའི་གཞལ་མེད་ཁང་སྟོང་པར་སྐྱེ་སྟེ། ཐ་མར་ཞིག་པ་དེ་དང་པོར་འཆགས་པ་ཆོས་ཉིད་ཡིན་པའི་ཕྱིར། དེ་ནས་འཛམ་བུ་གླིང་པའི་བར་རྣམས་རིམ་གྱིས་འགྲུབ། དེའི་ཚེ་འཛམ་བུ་གླིང་པའི་མི་རྣམས་བརྫུས་ཏེ་སྐྱེ་བ་དང༌། དགའ་བ་ཟས་སུ་ཟ་བ་དང༌། ལུས་ལས་འོད་འབྱུང་བ་དང༌། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་དང༌། ཚེ་ལོ་དཔག་ཏུ་མེད་པ་ཐུབ་པ་ཡིན་ལ། དེ་ནས་མནར་མེད་དུ་སེམས་ཅན་གཅིག་སྐྱེས་པའི་བར་ལ་བར་བསྐལ་བཅུ་དགུའོ། །དེའི་ཚེ་ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་མར་འགྲིབ་པ་དང༌། མནར་མེད་དུ་སེམས་ཅན་གཅིག་སྐྱེས་པ་དང༌། འཆགས་པའི་མཇུག་རྫོགས་པ་དང༌། གནས་པའི་མགོ་རྩོམ་པ་དུས་མཉམ་མོ། ། གསུམ་པ་གནས་པའི་བསྐལ་པ་ནི། བར་བསྐལ་ཉི་ཤུའོ། །བར༷་གྱི༷་བསྐལ༷་པ༷་རེ་རེའི་ཚད་ནི། ཚེ་ལོ་དཔག༷་མེད༷་ནས༷་བརྒྱད་ཁྲིའི་བར་མར་འགྲིབ་ནས། ཚེ༷་ལོ༷་བཅུ༷་པའི༷་བར༷་དུ༷་བར་བསྐལ་གཅིག །དེ༷་ནས༷་ཡང་བརྒྱད་ཁྲི་བར་ཡར༷་སྐྱེ༷་ཞིང་མར༷་བཅུ་པར་འ༷བྲི་བའི༷་བར༷་གྱི༷་བསྐལ༷་པ༷་གཞན་ནི་བར་བསྐལ་གཅིག་ཡིན་ལ། དེ་ལྟར་ཡར་སྐྱེ་མར་འབྲི་གཉིས་གཅིག་ཏུ་བགྲངས་པའི་དེ་འདྲ་བཅོ་བརྒྱད་དང༌། ཡར་སྐྱེ་བ་ནི་བར་གྱི་བསྐལ་པ་གཅིག་ཡིན་ཏེ། ཡར་ཇི་ཙམ་དུ་སྐྱེ་ཞེ་ན། དེ་དག་ཚེ་ལོ་ནི་བཅུ་ནས་བརྒྱད་ཁྲིའི་བར་དུའོ། །འོ་ན། ཐོག་མཐའ་གཉིས་རྐྱང་པ་དང༌། བར་པ་རྣམས་ཁུག་པ་ཡིན་པས་ཡུན་རིང་ཐུང་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཐོག་མཐའ་གཉིས་བུལ་བ་དང༌། བར་པ་རྣམས་མྱུར་བར་འགྲོ་བའི་ཕྱིར། དེ་ལྟར་ན་འཇིག་རྟེན་ཆགས་པ་འདི་བར༷་གྱི༷་བསྐལ༷་པ༷་ཉི༷་ཤུར༷་གནས༷་སོ། །འཇིག་རྟེན་འཆག༷ས་པ༷་དང་ནི༷། འཇིག༷་པ༷་དང༷༌། ཞིག༷་ནས་སྟོང་པར་འདུག༷་པ༷་དག༷་བར་བསྐལ་ཉི་ཤུ་ཉི་ཤུ་མཉམ༷་མོ༷། ། བཞི་པ་བསྐལ་ཆེན་ནི། བར་བསྐལ་དེ༷་དག༷་བརྒྱད༷་ཅུ༷་ལ༷་བསྐལ༷་ཆེན༷་ཞེས་བྱའོ། གཉིས་པ་ཞར་ལས་བྱུང་བ་ལ་གཉིས། བསྐལ་ཆེན་གྱི་ཞར་བྱུང༌། འཇིག་བསྐལ་གྱི་ཞར་བྱུང་ངོ༌། །དང་པོ་(བསྐལ་ཆེན་གྱི་ཞར་བྱུང༌)ལ་གསུམ། སངས་རྒྱས། རང་རྒྱལ། འཁོར་ལོས་སྒྱུར་རྒྱལ་འབྱུང་ཚུལ་ལོ། །དང་པོ་(སངས་རྒྱས་)ནི། བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས་པ་ལས་སངས་རྒྱས་འབྱུང་བར་བཤད་པའི་བསྐལ་པ་དེ་གང་ཞེ་ན། བསྐལ་ཆེན་དེ༷་གྲང༷ས་མེད༷་གསུམ༷་དུ་ཚོགས་བསགས་པ་ལས༷་སངས༷་རྒྱས༷་འབྱུང༷་ངོ༷༌། །གྲངས་མེད་ན་གསུམ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། གྲངས་ཀྱིས་བགྲངས་མི་ནུས་པས་གྲངས་མེད་དུ་བཤད་པ་མིན་གྱི། གྲངས་ཀྱི་གནས་གཞན་དྲུག་ཅུའི་མཐའི་གྲངས་གཅིག་ལ་གྲངས་མེད་དུ་བརྗོད་པའི་ཕྱིར། དུས་ནམ་གྱི་ཚེ་འབྱུང་ན། ཡར་འཕེལ་གྱི་ཚེ་མི་འབྱུང་སྟེ། དེའི་ཚེ་སེམས་ཅན་རྣམས་འཁོར་བ་ལ་སྐྱོ་ཤས་ཆུང་བའི་ཕྱིར། བརྒྱད་ཁྲི་ནས་མར༷་ནི༷་འགྲིབ༷་པའི༷་མགོ་རྩོམ་པ་ནས་ཚེ་ལོ་བརྒྱ༷་པའི༷་བར༷་ལ༷་སངས་རྒྱས་དེ༷་དག༷་འབྱུང༷་ལ། དེ་མན་ཆད་དུ་མི་འབྱུང་སྟེ། སྙིགས་མ་ལྔ་ཧ་ཅང་ཡང་བདོ་བ་ཤས་ཆེ་བས་ཆོས་བསྟན་པའི་སྣོད་དུ་མི་རུང་བའི་ཕྱིར། ། གཉིས་པ་རང་རྒྱལ་འབྱུང་ཚུལ་ནི། རང་རྒྱལ་ཡང་མར་འགྲིབ་ཁོ་ན་ལ་འབྱུང་ངམ་ཞེ་ན། རང༷་སངས༷་རྒྱས༷་རྣམ༷ས་ཡར་སྐྱེ་མར་འགྲིབ་གཉིས༷་ཀ༷་ལ༷་འབྱུང་སྟེ། གཞན་དོན་གཙོ་བོར་མི་བྱེད་པར་རང་དོན་གཙོ་བོར་བྱེད་པའི་ཕྱིར། འོ་ན། དེ་ཚོགས་ཇི་ཙམ་བསགས་པ་ལས་འབྱུང་ཞེ་ན། བསེ༷་རུ༷་ལྟ་བུའི་རང་སངས་རྒྱས་དེ་བསྐལ༷་པ༷་ཆེན་པོ་བརྒྱ༷འི༷་བར་དུ་ཚོགས་བསགས་པའི་རྒྱུ༷་ལས་འབྱུང་ངོ༌། །", "target": {"entries": [{"title": "དངོས", "level": 1, "start": 0, "anchor": "དང་པོ་(དངོས་)ལ། བསྟན། བཤད་དོ། །དང་པོ་(མད"}, {"title": "མདོར་བསྟན་པ", "level": 2, "start": 31, "anchor": "དང་པོ་(མདོར་བསྟན་པ་)ནི། བསྐལ༷་པ༷་རྣམ་པ་མ"}, {"title": "རྒྱས་བཤད", "level": 2, "start": 179, "anchor": "གཉིས་པ་རྒྱས་བཤད་ལ་བཞི། འཇིག །འཆགས། གནས། "}, {"title": "འཇིག་པའི་བསྐལ་པ", "level": 3, "start": 236, "anchor": "དང་པོ་(འཇིག་པའི་བསྐལ་པ་)ནི། བསྐལ་པ་རྣམ་པ"}, {"title": "འཆགས་པའི་བསྐལ་པ", "level": 3, "start": 2435, "anchor": "གཉིས་པ་འཆག༷ས་པའི༷་བསྐལ་པ་ནི། དང༷་པོ༷འོ་ར"}, {"title": "གནས་པའི་བསྐལ་པ", "level": 3, "start": 3478, "anchor": "གསུམ་པ་གནས་པའི་བསྐལ་པ་ནི། བར་བསྐལ་ཉི་ཤུའ"}, {"title": "བསྐལ་ཆེན", "level": 3, "start": 4247, "anchor": "བཞི་པ་བསྐལ་ཆེན་ནི། བར་བསྐལ་དེ༷་དག༷་བརྒྱད"}, {"title": "ཞར་ལས་བྱུང་བ", "level": 1, "start": 4317, "anchor": "གཉིས་པ་ཞར་ལས་བྱུང་བ་ལ་གཉིས། བསྐལ་ཆེན་གྱི"}, {"title": "བསྐལ་ཆེན་གྱི་ཞར་བྱུང", "level": 2, "start": 4396, "anchor": "དང་པོ་(བསྐལ་ཆེན་གྱི་ཞར་བྱུང༌)ལ་གསུམ། སངས"}, {"title": "སངས་རྒྱས", "level": 3, "start": 4487, "anchor": "དང་པོ་(སངས་རྒྱས་)ནི། བསྐལ་པ་གྲངས་མེད་པ་ག"}, {"title": "རང་རྒྱལ་འབྱུང་ཚུལ", "level": 3, "start": 5141, "anchor": "གཉིས་པ་རང་རྒྱལ་འབྱུང་ཚུལ་ནི། རང་རྒྱལ་ཡང་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5470, "headings": 11}} {"id": "IBA-LWS-08-061", "input": "གཉིས་པ་རྣམ་པར་རིག་བྱེད་མ་ཡིན་པ་ལ་གསུམ། ལུང་གི་སྒྲུབ་བྱེད། རྒྱུ་འབྱུང་བའི་ཁྱད་པར། ཆོས་ཀྱི་ཁྱད་པར་རོ། །དང་པོ་(ལུང་གི་སྒྲུབ་བྱེད་)ནི། རྣམ་རིག་བྱེད་མིན། ཞེས་བཤད་ན། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པའི་སྒྲུབ་བྱེད་ཅི་ཞེ་ན། དེའི་སྒྲུབ་བྱེད་ཡོད་དེ། མདོ་ལས། བསྟན་ཡོད་ཐོགས་བཅས་ཀྱི་གཟུགས་དང༌། བསྟན་མེད་ཐོགས་བཅས་ཀྱི་གཟུགས་དང༌། བསྟན་མེད་ཐོགས་མེད་ཀྱི་གཟུགས་རྣམ༷་པ་གསུམ༷་གསུངས་པའི་ཕྱིར་ཏེ། བསྟན་མེད་ཐོགས་མེད་ཀྱི་གཟུགས་དེ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ལས་མ་འདས་པའི་ཕྱིར། ཡང་དྲི༷་མེད༷་གཟུག༷ས་གསུང༷ས་སྟེ། དེའང་ཟག་མེད་ཀྱི་སྡོམ་པ་ཡིན་པའི་ཕྱིར་དང༷༌། ཡང་མདོ་ལས། རྫས་ལས་བྱུང་བའི་བསོད་ནམས་ཀྱི་ཕན་ཡོན་ནི་རྟག་ཏུ་འཕེལ༷་བར་གསུངས་པས་དེའང་རིག་བྱེད་དང༷་སེམས་པ་ཡིན་ན་རང་ཉལ་བ་སོགས་སུ་མི་འབྱུང་ན་འབྱུང་བའི་ཕྱིར་དང༌། རང་ཉིད་ཀྱིས་མ༷་བྱས༷་པའི་ལས་ལམ༷་སོག༷ས་གསུངས་པའི་ཡང་ཕྱིར༷་ཏེ། དཔེར་ན། བསྐུལ་ཏེ་གསོད་སོགས་བྱེད་དུ་བཅུག་པ་ན་ཕ་རོལ་པོའི་སྲོག་ཆད་པའི་ཚེ་སྐུལ་བ་པོ་ལ་མི་དགེ་བའི་ལས་ལམ་འབྱུང་བར་གསུངས་པས། དེ་ནི་རྣམ་པར་རིག་མིན་ལས་འོས་མེད་དོ། །སོགས་སྒྲས་མཐོང་ལམ་ལ་མཉམ་པར་བཞག་པའི་གནས་སྐབས་ནའང་འཕགས་ལམ་ཡན་ལག་བརྒྱད་ཡོད་པར་གསུངས་ལ། དེ་མེད་ན་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དེ་མི་རུང་བའི་ཕྱིར་དང༌། དགེ་སློང་ཡིད་གཞན་དུ་རྣམ་པར་གཡེང་བའི་ཚེ་ནའང་སྡོམ་པ་ཡོད་པར་གསུངས་ཤིང༌། དེའང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མེད་ན་མི་རུང་བའི་ཕྱིར་དང༌། སྡོམ་པ་དེ་ཆུ་ཐོན་པའི་ཆུ་ལོན་གྱི་ཟམ་པ་ལྟ་བུར་གསུངས་ཤིང༌། དེ་མེད་ན་དེའང་མི་རུང་བའི་ཕྱིར་དང༌། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་གསུངས་ལ། དེའང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མེད་ན་མི་རུང་བའི་ཕྱིར། སློབ་དཔོན་ན་རེ། དེ་དག་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པའི་ཤེས་བྱེད་དུ་མི་རུང་སྟེ། བསྟན་མེད་ཐོགས་མེད་ཀྱི་གཟུགས་གསུངས་པ་ནི་ཏིང་ངེ་འཛིན་གྱི་མཐུས་གཟུགས་སུ་སྣང་བ་སྐྱེ་བ་ལ་དགོངས་པའི་ཕྱིར་དང༌། དྲི་མེད་ཀྱི་གཟུགས་གསུངས་པ་ནི་ཟག་མེད་ཀྱི་ཏིང་ངེ་འཛིན་གྱི་མཐུས་གཟུགས་སུ་སྣང་བ་སྐྱེ་བ་ཙམ་ལ་དགོངས་པའི་ཕྱིར་དང༌། རྫས་ལས་བྱུང་བའི་བསོད་ནམས་བདུན་དང༌། དེ་ལས་མ་བྱུང་བའི་བསོད་ནམས་བདུན་འཕེལ་བའང༌། ཡུལ་ཁྱད་པར་ཅན་ལ་དམིགས་པའི་སེམས་པས་ཕྱི་མ་ལ་རྣམ་སྨིན་འབྱིན་ངེས་ཀྱི་བག་ཆགས་སེམས་རྒྱུད་ལ་བཞག་པའི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལ་དགོངས་པའི་ཕྱིར་དང༌། རང་གིས་མ་བྱས་པར་ལས་ལམ་རྫོགས་པར་ཡོད་པའང༌། སྔར་རང་གིས་གཞན་ལ་བསྐོས་ནས་ཕ་རོལ་པོས་སྦྱོར་བ་བྱས་པས་རྣམ་སྨིན་འབྱིན་ངེས་ཀྱི་བག་ཆགས་གསོག་པ་སོགས་ལ་དགོངས་པ་ཡིན་པའི་ཕྱིར་དང༌། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ནི་ཏིང་ངེ་འཛིན་གྱི་མཐུས་གཟུགས་སུ་སྣང་བ་སྐྱེ་བ་ལ་དགོངས་པའི་ཕྱིར་དང༌། འཕགས་ལམ་ཡན་ལག་བརྒྱད་གསུངས་པ་ནི་རྗེས་ཐོབ་ཏུ་ལོག་པའི་ངག་ལ་མི་འཇུག་པར་ཡང་དག་པའི་ངག་ལ་འཇུག་པའི་རྒྱུ་མཚན་ཟག་མེད་ཐོབ་པ་ལ་དགོངས་པའི་ཕྱིར་དང༌། སེམས་གཞན་དུ་གཡེང་བའི་ཚེ་སྡོམ་པ་གསུངས་པ་ནི་ཆོ་ག་སྔོན་བཏང་གི་སྡོམ་པ་ཁས་བླངས་པའི་སེམས་པས་སྤང་བྱ་སྡོམ་ཞིང༌། ཡིད་གཞན་དུ་གཡེང་བའི་ཚེའང་དེའི་གཉེན་པོ་དྲན་པ་དེ་ཉིད་ལ་ཉེ་བར་གནས་པའི་དབང་དུ་བྱས་པའི་ཕྱིར་དང༌། སྡོམ་པ་ཆུ་ཐོན་པའི་ཆུ་ལོན་ལྟ་བུར་གསུངས་པའང་ངོ་ཚ་ཤེས་པས་སྡིག་པ་མི་དགེ་བ་མི་བྱེད་པར་ཁས་བླངས་པ་དྲན་ནས་འཆལ་བའི་ཚུལ་ཁྲིམས་མི་བྱེད་པ་ཙམ་ལ་དགོངས་པའི་ཕྱིར། ཞེས་གསུངས། རྫས་ལས་བྱུང་བའི་བསོད་ནམས་བདུན་ནི། ཀུན་དགའ་ར་བ་གཙུག་ལག་ཁང༌། །མལ་སྟན་འཚོ་བ་ནར་མ་དང༌། གློ་བུར་ནད་པར་ནད་གཡོག་དང༌། །ཡུལ་ངན་དུས་སུ་སྦྱིན་པ་ནི། །རྫས་ལས་བྱུང་བའི་བསོད་ནམས་བདུན། །ཞེས་དང༌། རྫས་ལས་མ་བྱུང་བའི་བསོད་ནམས་བདུན་ནི། བཞུགས་དང་གཤེགས་རྩོམ་ལམ་ཞུགས་དང༌། །བྱིན་པ་ཐོས་དང་མཐོང་བ་དང༌། །ཆོས་ཐོས་བསླབ་པའི་གཞི་འཛིན་ལ། །དགའ་དང་དད་པ་སྐྱེས་པ་ནི། །རྫས་ལ་མ་ལྟོས་བསོད་ནམས་བདུན། །ཞེས་འབྱུང་ངོ༌། ། གཉིས་པ་རྒྱུ་འབྱུང་བའི་ཁྱད་པར་ནི། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །ཞེས་བཤད་ན། རང་དང་དུས་མཉམ་པའི་འབྱུང་བ་ལས་སྐྱེའམ། དུས་མི་མཉམ་པའི་འབྱུང་བ་ལས་སྐྱེ་ཞེ་ན། འདོད༷་པར་གཏོག༷ས་པའི་རྣམ༷་པར་རིག༷་མིན༷་སྡོམ་སྡོམ་མིན་བར་མས་བསྡུས་པ་རྣམས་ནི་སྐད༷་ཅིག༷་དང་པོ་རང་དང་དུས་མཉམ་པའི་འབྱུང་བ་བཞི་ཚན་ལས་སྐྱེ་སྟེ། དེ་ནི་ངོ་བོ་སྐྱེད་བྱེད་ཀྱི་འབྱུང་བ་ཡིན་པས་འཁོར་ལོ་ས་ལ་འདྲིལ་བ་ལ་ལག་པས་འཕུལ་བ་བཞིན་ནོ། །དེ་ཕྱིན༷་ཆད༷་འདས༷་པའི༷་འབྱུང༷་བ་ལས༷་སྐྱེ༷་སྟེ། ལུས་ཀྱི་ཚོགས་པ་ན་ཡོད་པའི་འབྱུང་བ་དེ་ལྟར་རྣམས་ནི་སྐྱེས་ཟིན་གནས་པའི་རྟེན་བྱེད་པའི་ཕྱིར་འཁོར་ལོ་འདྲིལ་བ་ལས་ཕྱོགས་བཞིན་ནོ། །འོ་ན། རང་དང་ས་གཅིག་པའི་འབྱུང་བ་དང་ས་གཞན་གྱི་འབྱུང་བ་གང་ལས་སྐྱེ་ཞེ་ན། ཟག༷་པ་དང་བཅས༷་པའི་ལུས༷་དང༷་ངག༷་གི༷་ལས༷་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ནི་རང༷་གི༷་སའི་འབྱུང༷་བ༷་དག༷་ལས་སྐྱེའི། ས་གཞན་གྱི་འབྱུང་བ་རྒྱུར༷་བྱས༷་པ་ལས་མི་སྐྱེ་སྟེ། ས་ཐ་དད་ཀྱི་སྲེད་པས་མཚམས་གཅོད་པའི་ཕྱིར། ཟག༷་མེད༷་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་ནི་རང་གི་རྟེན་གང༷་དུ༷་སྐྱེས༷་པའི༷་འབྱུང་བ་ལས་སྐྱེས་པ་ཡིན༷་ཏེ། འབྱུང་གྱུར་ཡིན་པས་འབྱུང་བ་ལ་རྟེན་ནི་དགོས། ཟག་མེད་ཡིན་པས་ཁམས་སུ་མ་གཏོགས་པས་ས་འདིའི་འབྱུང་བ་ལས་བྱུང་ཞེས་པའི་ངེས་པ་མེད། ཟག་མེད་ཡིན་པའི་འབྱུང་བ་ལས་མ་བྱུང་བའི་ཕྱིར། ། གསུམ་པ་ཆོས་ཀྱི་ཁྱད་པར་ནི། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དེ་ཟིན་མ་ཟིན་གང༌། བྱུང་བ་གསུམ་གྱི་ནང་ནས་གང་ཡིན་ཞེ་ན། རྣམ༷་རིག༷་བྱེད༷་མིན༷་དེ་ནི་མ༷་ཟིན༷་པ་ཡིན་ཏེ། ཐོགས་མེད་ཡིན་པས་ཚོར་བ་བདེ་སྡུག་གི་རྟེན་མ་ཡིན་པའི་ཕྱིར། རྒྱུ༷་མཐུན༷་ལས༷་བྱུང༷་བ་ཡིན་ཏེ། དང་པོ་འཕགས་པ་མ་གཏོགས་སྐལ་མཉམ་གྱི་རྒྱུ་ལས་བྱུང་བའི་ཕྱིར། རྣམ་སྨིན་ལས་མ་བྱུང་སྟེ། དགེ་མི་དགེ་གང་རུང་དུ་ངེས་པའི་ཕྱིར། རྒྱས་བྱུང་མ་ཡིན་ཏེ། བསགས་པར་གནས་པའི་གཟུགས་ཅན་མ་ཡིན་པའི་ཕྱིར། སེམ༷ས་ཅན༷་སུ་སྟོན༷་པ་ཡིན་ཏེ། རྒྱུད་ཀྱིས་བསྡུས་པ་ཡིན་པའི་ཕྱིར། འོ་ན། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་རྒྱུ་འབྱུང་བ་དེ་ཟིན་མ་ཟིན་སོགས་གང་ཡིན་ཞེ་ན། འདོད་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་རྒྱུ༷་འབྱུང་བ་ནི་རྒྱུ་མཐུན༷་དང་ཟིན༷་པའི༷་འབྱུང༷་བ་ལས༷་སྐྱེ༷་བ་ཡིན་ཏེ། སྐལ་མཉམ་དང་ད་ལྟའི་ལུས་ཚོགས་ཀྱི་འབྱུང་བ་ལས་སྐྱེས་པའི་ཕྱིར། དེའང་འདོད་པའི་སྤོང་བ་བདུན་གྱི་དབང་དུ་བྱས་ཀྱི། ཏིང༷་ངེ་འཛིན༷་ལས་སྐྱེས༷་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་རྒྱུ་འབྱུང༷་བ་ནི་མ༷་ཟིན༷་པ་དང༷༌། རྒྱས༷་བྱུང༷་དང༌། འབྱུང་བ་བཞི་ཚན་རྒྱུ་ཚོགས་ཐ༷་དད༷་མིན༷་པ་ལས༷་སྐྱེས༷་པ་ཡིན་ཏེ། མཉམ་པར་བཞག་པ་ཙམ་གྱིས་སྐྱེ་བའི་ཕྱིར་དང༌། ཏིང་འཛིན་གྱི་ས་རྒྱས་པ་དང༌། སྡོམ་པ་དེ་སྐྱེད་པའི་སེམས་ཐ་དད་མེད་པས་འབྱུང་བའང་ཐ་དད་མེད་པའི་ཕྱིར། །", "target": {"entries": [{"title": "རྣམ་པར་རིག་བྱེད་མ་ཡིན་པ", "level": 1, "start": 0, "anchor": "གཉིས་པ་རྣམ་པར་རིག་བྱེད་མ་ཡིན་པ་ལ་གསུམ། ལ"}, {"title": "ལུང་གི་སྒྲུབ་བྱེད", "level": 2, "start": 101, "anchor": "དང་པོ་(ལུང་གི་སྒྲུབ་བྱེད་)ནི། རྣམ་རིག་བྱ"}, {"title": "རྒྱུ་འབྱུང་བའི་ཁྱད་པར", "level": 2, "start": 3012, "anchor": "གཉིས་པ་རྒྱུ་འབྱུང་བའི་ཁྱད་པར་ནི། འབྱུང་བ"}, {"title": "ཆོས་ཀྱི་ཁྱད་པར", "level": 2, "start": 4089, "anchor": "གསུམ་པ་ཆོས་ཀྱི་ཁྱད་པར་ནི། རྣམ་པར་རིག་བྱེ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5183, "headings": 4}} {"id": "IBA-LWS-08-063", "input": "དང་པོ་(སྡོམ་པ་)ལ་གཉིས། བསྟན། བཤད་དོ། །དང་པོ་(མདོར་བསྟན་པ་)ནི། དེ་བཞིན་དུ་སྡོམ༷་པ༷་གསུམ་དུ་ཤེས་པར་བྱ་སྟེ། སོ༷་སོར༷་ཐར༷་པ་ཞེས༷་བྱ༷་བའི་སྡོམ་པ་དང༌། དེ༷་བཞིན༷་དུ་ཟག༷་མེད༷་དང་བསམ༷་གཏན༷་ལས་སྐྱེས༷་པའི་སྡོམ་པ་གསུམ་དུ་ཡོད་པའི་ཕྱིར། དེའང་སོ༷་སོར༷་ཐར༷་པའི་སྡོམ་པའི་མཚན་ཉིད། ངེས་འབྱུང་གི་ཚུལ་ཁྲིམས་གང་ཞིག་འདོད་པར་གཏོགས་པ། བསམ་གཏན་གྱི་སྡོམ་པའི་མཚན་ཉིད། གཟུགས་སུ་གཏོགས་པའི་དགེ་བ་གང་ཞིག་ཚུལ་ཁྲིམས་ཡིན་པ། ཟག་མེད་ཀྱི་སྡོམ་པའི་མཚན་ཉིད། ཟག་མེད་ཀྱི་ཚུལ་ཁྲིམས་སོ། ། གཉིས་པ་རྒྱས་བཤད་ལ་གསུམ། སོ་ཐར་གྱི་སྡོམ་པ། བསམ་གཏན་ཟག་མེད་ཀྱི་སྡོམ་པ། ཞར་བྱུང་ངོ། །དང་པོ་(སོ་ཐར་གྱི་སྡོམ་པ་)ལ་བཞི། དབྱེ་བ། ངོ་བོ། སྒྲ་དོན། ལྡན་པའི་གང་ཟག་གོ །དང་པོ་(དབྱེ་བ་)ནི། སྡོམ་པ་སོ་སོར་ཐར་ཅེས་བྱ། །ཞེས་བཤད་ན། དེ་ལ་དབྱེ་ན་དུ་ཡོད་ཅེ་ན། སོ༷་སོར༷་ཐར༷་པ་ཞེས༷་བྱ༷་བའི་སྡོམ་པ་ལ་རྣམ༷་པ་བརྒྱད༷་ཡོད་དེ། དགེ་སློང་ཕ་མ་གཉིས། དགེ་སློབ་མ། དགེ་ཚུལ་ཕ་མ་གཉིས། དགེ་བསྙེན་ཕ་མ་གཉིས། བསྙེན་གནས་པའི་སྡོམ་པ་རྣམས་སུ་ཡོད་པའི་ཕྱིར། བསྙེན་གནས་པ་ལ་ཕ་མ་གཉིས་སུ་མི་འབྱེད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཡོད་དེ། དེ་ནི་ཉིན་ཞག་གཅིག་གི་སྡོམ་པ་ཡིན་པས་དུས་རྒྱུན་ཐུང་བ་ལ་དགོངས་པའི་ཕྱིར། རྫས༷་སུ༷་བསྡུ་ན་རྣམ༷་པ༷་བཞི༷་ཡིན༷་ཏེ༷། དགེ་སློང་ཕ་མའི་སྡོམ་པ་རྫས་གཅིག །དགེ་སློབ་མ་དང་དགེ་ཚུལ་ཕ་མའི་སྡོམ་པ་རྫས་གཅིག དགེ་བསྙེན་ཕ་མའི་སྡོམ་པ་རྫས་གཅིག །བསྙེན་གནས་ཀྱི་སྡོམ་པ་རྫས་གཅིག་ཡིན་པའི་ཕྱིར་ཏེ། མཚན༷་གྱུར་པ་ལས༷་སྡོམ་པ་མི་གཏོང་བར་མིང༷་ནི༷་འཕོ༷་བ་ཙམ་ཡིན་པའི༷་ཕྱིར༷། འོ་ན། སྡོམ་གསུམ་རིམ་བཞིན་བླངས་པའི་ཚེ་ན་སྲོག་གཅོད་སྤོང་བ་ལྟ་བུ་ཞིག་སོར་གནས་ནས། སྡོམ་པ་གཞན་རྣམས་འཕེལ་ལམ། སྲོག་གཅོད་སྤོང་བ་ལྟ་བུའི་སྡོམ་པ་གསུམ་རྫས་ཐ་དད་པར་སྐྱེ་ཞེ་ན། ཐ་དད་པར་སྐྱེ་སྟེ། དགེ་སློང་གི་སྡོམ་པ་ཕུལ་ནས་དགེ་ཚུལ་གྱི་སྡོམ་པ་ལ་གནས་སུ་རུང་བའི་ཕྱིར། སྲོག་གཅོད་སྤང་པའི་སྡོམ་པ་རྫས་ཐ༷་དད༷་པར་གསུམ་པོ་དེ༷་དག༷་གང་ཟག་གཅིག་གི་རྒྱུད་ལ་ཡོད་པ་འགལ་ཞེ་ན། འགལ༷་བ༷་མེད༷་དེ། ཕྱི་མ་བླངས་པ་དེ་སྔ་མའི་གཏོང་རྒྱུ་མ་ཡིན་པའི་ཕྱིར། དེས་ན་དགེ་སློང་ལ་སྲོག་གཅོད་སོགས་སྤོང་ལྔ་གསུམ་གསུམ་ལྡན་པས་འགྲེའོ། ། གཉིས་པ་ངོ་བོ་ནི། དེ་དག་གི་ངོ་བོ་གང་ཞེ་ན། རྩ་བཞི་ཆང་སྟེ་སྤང༷་བྱ༷་ལྔ༷་ཇི་སྲིད་འཚོའི་བར་དུ་སྤོང་པར་མནོས་པ་ནི་དགེ་བསྙེན་དང༌། ཅིའི་ཕྱིར་དགེ་བསྙེན་ཞེས་བྱ་ཞེ་ན། དགེ་སློང་ཕ་མའི་གཡོག་ཏུ་བསྙེན་རུང་བས་ན་དགེ༷་བསྙེན༷་ཞེས་བྱའོ། །ལྔ་པོ་དེའི་སྟེང་དུ་གར་སོགས་ཕྲེང་སོགས་གཅིག་ཏུ་བྱས་པ་དང༷༌། མལ་སྟན་ཆེ་མཐོ་གཅིག་ཏུ་བྱས་པ་དང༌། ཕྱི་དྲོའི་ཁ་ཟས་ཏེ་སྤང་བྱ་བརྒྱད༷་ཉིན་ཞག་གཅིག་ཏུ་སྤོང་བར་མནོས་པ་ལས་བསྙེན༷་གནས༷་དང༷༌། ཅིའི་ཕྱིར་དེ་སྐད་བྱ་ཞེ་ན། ཉིན་ཞག་གཅིག་གི་སྡོམ་པ་ལ་བསྙེན་ཏེ་ཉེ་བར་གནས་པས་ན་བསྙེན་གནས་ཞེས་བྱའོ། །གར་སོགས་ཕྲེང་སོགས་སོ་སོར་བྱས་པ་དང༌། གསེར་དངུལ་ལེན་པ་སྟེ་སྤང་བྱ་བཅུ༷་ཇི་སྲིད་འཚོའི་བར་དུ་སྤོང་བར་མནོས་པ་ལས་དགེ༷་ཚུལ༷་ཆེད༷་དང༷༌། ཅིའི་ཕྱིར་དེ་སྐད་བྱ་ཞེ་ན། བླ་མའི་བྱ་ལས་ངལ་བར་བྱེད་པས་ན་དགེ་ཚུལ་ཞེས་བྱའོ། །ལུས་ངག་གི་སྤང་བྱ་ཐམ༷ས་ཅད༷་ཇི་སྲིད་འཚོའི་བར་དུ་སྤོང༷་བར༷་མནོས༷་པ༷་ལས༷་དགེ༷་སློང༷་ཉིད༷་དོ། །དེ་ལ་བསྙེན་པར་རྫོགས་པ་ཞེས་ཀྱང་བྱ་ལ། ཅིའི་ཕྱིར་བསྙེན་པར་རྫོགས་པ་ཞེས་བྱ་ཞེ་ན། རྫོགས་པ་ནི་འཁོར་བའི་ཉེར་འཚེ་ཐམས་ཅད་དང་བྲལ་བའི་མྱང་འདས་ཡིན་ལ། དེ་ལ་ཉེ་བས་ན་རྫོགས་ཏེ་བསྙེན་པ་ཞེས་བྱའོ། ། གསུམ་པ་སྒྲ་དོན་ནི། ཅིའི་ཕྱིར་ཚུལ་ཁྲིམས་ལ་སོགས་པ་ཞེས་བྱ་ཞེ་ན། འཆལ་བའི་ཚུལ་ཁྲིམས་ཀྱི་གདུང་བ་བསིལ་བར་བྱེད་པས་ན་ཚུལ༷་ཁྲིམས༷་དང༷་ནི༷། དམ་པས་བསྔགས་པས་ན་ལེགས༷་སྤྱད༷་དང༷༌། བྱ་བའི་རང་བཞིན་ཡིན་པས་ན་ལས༷་དང༷༌། ལུས་ངག་གི་བྱ་བ་མ་ཡིན་པ་སྡོམ༷་པས༷་ན་སྡོམ་པ་ཞེས༷་བྱ༷འོ༷། །དེ་དག་གི་ནང་ནས་སྡོམ་པ་ཐོབ་པའི་སྐད་ཅིག་དང༷་པོའི༷་རྣམ༷་པར༷་རིག༷་བྱེད་དང་རྣམ༷་པར་རིག༷་བྱེད་མིན༷་པ་ནི་སྡིག་པ་ལས་དང་པོར་ཐར་པས་ན་སོ༷་སོར༷་ཐར༷་པ་དང༷། ལས་སེམས་པ་འཇུག་པའི་གཞི་ཡིན་པས་ན་བྱ་བ། བྱ༷་བ༷་དེའི་ལམ་ཡིན་པས་ན་ལམ༷་ཞེས་བྱའོ། །དེས་ན་སོ་སོར་ཐར་པའི་སྡོམ་པ་ཡིན་ན་སོ་སོར་ཐར་པ་ཡིན་པས་མ་ཁྱབ་བོ། ། བཞི་པ་ལྡན་པའི་གང་ཟག་ནི། སོ༷་སོར༷་ཐར༷་པའི་སྡོམ་པ་དང༷་ལྡན༷་པའི༷་གང་ཟག་དེ་ལ་བརྒྱད༷་དུ་ཡོད་དེ། དགེ་སློང་ཕ་མ་གཉིས། དགེ་སློབ་མ། དགེ་ཚུལ་ཕ་མ་གཉིས། དགེ་བསྙེན་ཕ་མ་གཉིས། བསྙེན་གནས་པའི་གང་ཟག་རྣམས་སུ་ཡོད་པའི་ཕྱིར། འོ་ན། སོ་སོར་ཐར་ཅེས་བྱ་རྣམ་བརྒྱད། །ཅེས་པ་དང་ཟློས་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། དེར་སོ་ཐར་གྱི་སྡོམ་པའི་དབྱེ་བ་བཤད་ཅིང༌། འདིར་དེ་ལ་གནས་པའི་གང་ཟག་གི་དབྱེ་བ་བཤད་པའི་ཕྱིར། ། གཉིས་པ་བསམ་གཏན་ཟག་མེད་ཀྱི་སྡོམ་པ་ནི། བསམ༷་གཏན༷་ལས་སྐྱེས༷་པའི་ཏིང་ངེ་འཛིན་དང༷་ལྡན་པ་ནི་བསམ་གཏན་གྱི་སྡོམ་པ་དེ༷་དང་ལྡན༷་པ༷་ཡིན་ལ། ཟག༷་མེད༷་ཀྱི་སྡོམ་པ་ནི་འཕག༷ས་པའི༷་སེམས༷་ཅན༷་དང༷་ལྡན་པ་ཡིན་ནོ། ། གསུམ་པ་ཞར་བྱུང་ནི། འོ་ན། སེམས་ཀྱི་རྗེས་འབྲང་དུ་བཤད་པའི་སྡོམ་པ་གཉིས་པོ་དེ་གང་ཞེ་ན། སྡོམ་པ་ཐ༷་མ༷་གཉིས༷་ནི༷་སེམས༷་ཀྱི་རྗེས༷་འབྲང༷་ཡིན་ཏེ། སེམས་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་ཏེ། མཉམ་གཞག་ལ་རག་ལས་པའི་ཕྱིར་རོ། །སོ་ཐར་གྱི་སྡོམ་པ་ནི་སེམས་ཀྱི་རྗེས་འབྲང་མ་ཡིན་ཏེ། གཡེང་བ་དང་སེམས་མེད་པའི་གནས་སྐབས་ནའང་ཡོད་པའི་ཕྱིར། སྡོམ་པ་ཐ་མ་གཉིས་ལ་སྤོང་བའི་སྡོམ་པ་ཞེས་པའི་མིང་ཡང་འཐོབ་བོ། །གནས་སྐབས་གང་ལ་བརྟེན་ནས་འཐོབ་ཅེ་ན། བར༷་ཆད༷་མེད༷་ལམ༷་དག་ཏུ་སྐྱེས༷་པའི་བསམ་གཏན་ཟག་མེད་ཀྱི་སྡོམ་པ་དེ༷་གཉིས༷་སོ། །བར་ཆད་མེད་ལམ་ཐམས་ཅད་དམ་ཞེ་ན། བསམ་གཏན་དང་པོའི་ཉེར་བསྡོགས་མི༷་ལྕོག༷ས་མེད༷་ལ༷་བརྟེན་པ་དེ་དག་ལ་སྤོང༷་བའི་ལམ་ཞེས༷་བྱ༷འོ། །འོ་ན། མདོ་ལས། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ཞེས་སོགས་དང༌། གང་ཡང་མིག་གི་དབང་པོ་ནི་སྡོམ་པ་དག་གིས་བསྡམས་ཏེ་གནས་ཞེས་གསུངས་ན། ཡིད་དང་དབང་པོའི་སྡོམ་པ་གང་ཞེ་ན། ཤེས༷་བཞིན༷་དང༷་ནི༷་དྲན༷་དག༷་གཉིས༷་ཡིད་ཤེས་ཀྱི་འཁོར་དུ་བྱུང་བ་ཡིད༷་ཀྱི༷་སྡོམ་པ་དང༷༌། དབང་ཤེས་ཀྱི་འཁོར་དུ་བྱུང་བ་དབ༷ང་པོའི༷་སྡོམ༷་པ༷་ཡིན༷་ནོ། །", "target": {"entries": [{"title": "སྡོམ་པ", "level": 1, "start": 0, "anchor": "དང་པོ་(སྡོམ་པ་)ལ་གཉིས། བསྟན། བཤད་དོ། །དང"}, {"title": "མདོར་བསྟན་པ", "level": 2, "start": 38, "anchor": "དང་པོ་(མདོར་བསྟན་པ་)ནི། དེ་བཞིན་དུ་སྡོམ༷"}, {"title": "རྒྱས་བཤད", "level": 2, "start": 445, "anchor": "གཉིས་པ་རྒྱས་བཤད་ལ་གསུམ། སོ་ཐར་གྱི་སྡོམ་པ"}, {"title": "སོ་ཐར་གྱི་སྡོམ་པ", "level": 3, "start": 527, "anchor": "དང་པོ་(སོ་ཐར་གྱི་སྡོམ་པ་)ལ་བཞི། དབྱེ་བ། "}, {"title": "དབྱེ་བ", "level": 4, "start": 601, "anchor": "དང་པོ་(དབྱེ་བ་)ནི། སྡོམ་པ་སོ་སོར་ཐར་ཅེས་"}, {"title": "ངོ་བོ", "level": 4, "start": 1730, "anchor": "གཉིས་པ་ངོ་བོ་ནི། དེ་དག་གི་ངོ་བོ་གང་ཞེ་ན།"}, {"title": "སྒྲ་དོན", "level": 4, "start": 2683, "anchor": "གསུམ་པ་སྒྲ་དོན་ནི། ཅིའི་ཕྱིར་ཚུལ་ཁྲིམས་ལ"}, {"title": "ལྡན་པའི་གང་ཟག", "level": 4, "start": 3221, "anchor": "བཞི་པ་ལྡན་པའི་གང་ཟག་ནི། སོ༷་སོར༷་ཐར༷་པའི"}, {"title": "བསམ་གཏན་ཟག་མེད་ཀྱི་སྡོམ་པ", "level": 3, "start": 3593, "anchor": "གཉིས་པ་བསམ་གཏན་ཟག་མེད་ཀྱི་སྡོམ་པ་ནི། བསམ"}, {"title": "ཞར་བྱུང", "level": 3, "start": 3784, "anchor": "གསུམ་པ་ཞར་བྱུང་ནི། འོ་ན། སེམས་ཀྱི་རྗེས་འ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4678, "headings": 10}} {"id": "IBA-LWS-08-064", "input": "གཉིས་པ་ལྡན་ཚུལ་ལ་གསུམ། རྣམ་པར་རིག་བྱེད་མ་ཡིན་པའི་ལྡན་ཚུལ་དང༌། རྣམ་པར་རིག་བྱེད་ཀྱི་ལྡན་ཚུལ་དང༌། ལྡན་པའི་མུ་བཞི་བཤད་པའོ། །དང་པོ་(རྣམ་པར་རིག་བྱེད་མ་ཡིན་པའི་ལྡན་ཚུལ་)ནི། སོ༷་སོར༷་ཐར༷་པའི་སྡོམ་པ་ལ་གནས༷་པ་ནི་ཇི༷་སྲིད༷་དུ༷་གཏོང་རྒྱུས་མ༷་བཏང༷་བར༷་དག༷་ཏུ་ད༷་ལྟར༷་གྱི༷་རྣམ༷་པར་རིག༷་བྱེད་མིན༷་པ་དང་ལྡན༷་ལ། སྐད༷་ཅིག༷་མ༷་དང༷་པོ༷་ཕྱིན༷་ཆད༷་ནི༷་དེར་མ་ཟད་འདས༷་པའི་རྣམ་པར༷་རིག་བྱེད་མ་ཡིན་པ་དང༷་ལྡན་པ་དང༌། སྡོམ༷་མིན༷་ལ་གནས༷་པ༷འང༷་དེ༷་དང༷་འདྲ༷་བས་འདོན་པ་བསྒྱུར་རོ། །བསམ༷་གཏན༷་གྱི་སྡོམ༷་པ་དང༷་ལྡན༷་པ༷་ནི༷་སྐད་ཅིག་དང་པོ་ནས་བཟུང་རྟག༷་ཏུ༷་འདས༷་པ་དང༷་མ༷་འོངས༷་པའི་རྣམ་རིག་མིན་པ་དང༷་ལྡན་ཏེ། སྐད་ཅིག་དང་པོའི་ཚེ་སྔོན་བཏང་བའི་བསམ་གཏན་གྱི་སྡོམ་པའི་ཐོབ་པ་འདྲེན་པའི་ཕྱིར། འཕགས༷་པ༷་ནི་ཟག་མེད་སྐད་ཅིག་དང༷་པོའི༷་ཚེ་འདས༷་པ་དང༷་ལྡན་པ་མིན༷་ཏེ། དེ་ལྟ་བུ་སྔོན་མ་སྐྱེས་པའི་ཕྱིར། དེའང་ཟག་བཅས་ཀྱི་བསམ་གཏན་ལ་མཉམ༷་པར་བཞག༷་པ་དང་འཕགས༷་པའི་ལམ༷་ལ་གནས༷་པའི་ཚེ་སྡོམ་པ་དེ༷་གཉིས༷་ཀྱི་རིག་མིན་ད༷་ལྟར༷་བ་དང༷་ལྡན༷་གྱི། མཉམ་ལངས་ན་ནི་མ་ཡིན་ཏེ། མཉམ་གཞག་གི་རྗེས་སུ་འབྲང་བའི་ཕྱིར། སྡོམ་སྡོམ་མིན་བར༷་མར་གནས༷་པ་ལ༷་རིག་མིན་ཡོད་པའི་ངེས་པ་མེད་ལ། ཡོད༷་ན༷་སྐད་ཅིག་དང༷་པོ༷་ལ་གནས་པའི་བར༷་ད་ལྟར་གྱི༷་དང༷་ལྡན་ལ། དང་པོ་ཕྱིན༷་ཆད༷་འདས་པ་དང༷་ད་ལྟར་བའི་དུས༷་ནི༷་གཉིས༷་དང༷་ལྡན་ནོ། །འོ་ན། སྡོམ༷་མིན༷་ལ་གནས༷་པ༷་དགེ༷་བའི༷་རྣམ་པར་རིག་བྱེད་མ་ཡིན་པ་དང༷། སྡོམ༷་པ་ལ༷་གནས༷་པ༷་མི༷་དགེ༷་བའི༷་དེ་དང་ལྡན་པ་ཡོད་དམ་ཞེ་ན། ཡོད་དེ། སྡོམ་མིན་ལ་གནས་པ་ཕྱག་འཚལ་བ་ལ་སོགས་པའི་ཚེ་ན་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན། སྡོམ་པ་ལ་གནས་པ་སྲོག་གཅོད་པ་ལྟ་བུའི་ཚེ་མི་དགེ་བའི་རྣམ༷་པར་རིག༷་བྱེད་མིན༷་པ་དང་ལྡན༷་པའི་ཕྱིར། དུས་ཇི༷་སྲིད༷་དུ་ལྡན་ན། རབ༷་ཏུ་དང༷་བ་དང་ཉོན༷་མོངས༷་པ་ཤུག༷ས་དྲག་པོ་མ་བཏང་གི་བར་དུ་ལྡན༷་ནོ། ། གཉིས་པ་རྣམ་པར་རིག་བྱེད་ཀྱི་ལྡན་ཚུལ་ལ་གཉིས། དངོས་དང༌། ཞར་བྱུང་ངོ༌། །དང་པོ་(དངོས་)ནི། རྣམ༷་པར་རིག༷་བྱེད༷་ནི༷་སྡོམ་པ་སྡོམ་མིན་བར་མ་ཐམས༷་ཅད༷་ལ༷་ལུས་ངག་གི་བྱ་བ་བྱེད༷་པ༷་དག༷་ལ༷་ད༷་ལྟར༷་བ་དང་སྐད་ཅིག་མ་དང་པོ་མ༷་བཏང༷་གི་བར༷་དུ་ལྡན་ནོ། །སྐད༷་ཅིག༷་མ༷་དང་པོ་ཕྱིན༷་ཆད༷་འདས༷་པའི་རྣམ་པར་རིག་བྱེད་དང་ལྡན༷་ལ། མ༷་འོང༷ས་པའི་རྣམ་པར་རིག་བྱེད་དང་ལྡན་པ་མེད༷་དེ། སེམས་ཀྱི་རྗེས་འབྲང་མ་ཡིན་པའི་ཕྱིར། བསྒྲིབ༷ས་པ༷་དང༷་ནི༷་མ༷་བསྒྲིབ༷ས་ལུང་མ་བསྟན་པ༷་ནི་མ་འོངས་པར་མི་ལྡན་པར་མ་ཟད། འདས༷་པའི་རྣམ་པར༷་རིག་བྱེད་དག༷་དང༷་ལྡན༷་པ༷འང༷་མེད༷་དེ། སྟོབས་ཆུང་བས་འདས་པའི་ཐོབ་པ་རྗེས་སུ་འབྲེལ་བར་མི་ནུས་པའི་ཕྱིར། གཉིས་པ་ཞར་བྱུང་ནི། སྡོམ་མིན་གནས་པ་དགེ་བ་དང༌། །ཞེས་བཤད་ན། ཅིའི་ཕྱིར་སྡོམ་པ་མ་ཡིན་པ་ཞེས་བྱ་ཞེ་ན། ཉེས་སྤྱོད་སྡོམ༷་པ༷་མ་ཡིན་པས་ན་སྡོམ་མི༷ན་དང༷༌། དམ་པས་སྨད་པས་ན་ཉེས༷་སྤྱོད༷་དང༷༌། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཡིན་པས་ན་འཆ༷ལ་བའི༷་ཚུལ༷་ཁྲིམ༷ས་དང༌། བྱ་བའི་རང་བཞིན་ཡིན་པས་ན་ལས༷་དང༌། བྱ་བ་དེའི༷་ལམ༷་ཡིན་པས་ན་ལམ་ཞེས་བྱའོ། ། གསུམ་པ་ལྡན་པའི་མུ་བཞི་ནི། རྣམ་པར་རིག་བྱེད་དང་ལྡན་ལ། དེ་མ་ཡིན་པ་དང་མི་ལྡན་པ་སོགས་ཡོད་དམ་ཞེ་ན། བར༷་མ༷་དོར༷་གནས༷་པ་སྔར་རྣམ་པར་རིག་བྱེད་མིན་པ་མེད་པ། ད་ལྟ་སེམ༷ས་ཞན༷་པས༷་ལུས་ངག་གི་ལས་བྱེད༷་ན༷་རྣམ༷་པར་རིག༷་བྱེད་ཉིད༷་དང༷་ལྡན༷་གྱི། རྣམ་པར་རིག་བྱེད་མ་ཡིན་པ་དང་མི་ལྡན་ཏེ། སྔར་རྣམ་པར་རིག་བྱེད་མིན་པ་དང་མི་ལྡན། ད་ལྟ་རྣམ་པར་རིག་བྱེད་མ་ཡིན་པ་ཀུན་ནས་སློང་བར་མི་ནུས་པའི་ཕྱིར། ཚེ་སྔ་མའི་རྣམ༷་པར་རིག༷་བྱེད་ནི་བཏང༷་བ་དང༷༌། ཕྱི་མའི་རྣམ་པར་རིག་བྱེད་མ༷་སྐྱེས༷་པའི༷་འཕག༷ས་པའི༷་གང༷་ཟག༷་ནི་ཟག་མེད་ཀྱི་རྣམ༷་པར་རིག༷་བྱེད་མིན༷་པ་ཁོ་ན་དང་ལྡན་གྱི། རྣམ་པར་རིག་བྱེད་དང་མི་ལྡན་ཏེ། ཚེ་སྔ་མའི་རྣམ་པར་རིག་བྱེད་ནི་ཤི་འཕོས་པས་བཏང༌། ཕྱི་མའི་རྣམ་པར་རིག་བྱེད་མ་སྐྱེས་པའི་ཕྱིར། གཉིས་ཀ་དང་ལྡན་པ་ནི་བདག་ཅག་ལ་སོགས་པའོ། །གཉིས་ཀ་དང་མི་ལྡན་པ་ནི་དེ་ལས་གཞན་གཟུགས་མེད་ལ་སོགས་པའོ། ། གསུམ་པ་འཐོབ་གཏོང་ལ་གཉིས། འཐོབ་ཚུལ་དང༌། གཏོང་ཚུལ་ལོ། །དང་པོ་(འཐོབ་ཚུལ་)ལ་གསུམ། སྡོམ་པའི་འཐོབ་ཚུལ། སྡོམ་མིན་གྱི་འཐོབ་ཚུལ། བར་མའི་འཐོབ་ཚུལ་ལོ། །དང་པོ་(སྡོམ་པའི་འཐོབ་ཚུལ་)ལ་གཉིས། ཇི་ལྟར་འཐོབ་པ་དང༌། གང་ལས་འཐོབ་པའོ། །དང་པོ་(ཇི་ལྟར་འཐོབ་པ་)ལ་གཉིས། བསམ་གཏན་ཟག་མེད་ཀྱི་སྡོམ་པ་འཐོབ་ཚུལ། སོ་ཐར་གྱི་སྡོམ་པ་འཐོབ་ཚུལ་ལོ། །དང་པོ་(བསམ་གཏན་ཟག་མེད་ཀྱི་སྡོམ་པ་འཐོབ་ཚུལ་)ནི། བསམ་གཏན་ཟག་མེད་ཀྱི་སྡོམ་པ་ཇི་ལྟར་འཐོབ་ཅེ་ན། བས༷མ་གཏན༷་ལས༷་སྐྱེས༷་པའི་སྡོམ་པ་ནི་བསམ༷་གཏན༷་གྱི༷་ཉེར་བསྡོགས་དང་དངོས་གཞིའི་ས༷་ཉིད༷་ཀྱིས༷་འཐོ༷བ་སྟེ། དེ་དག་དང་ལྷན་ཅིག་ཏུ་འབྱུང་བའི་ཕྱིར་རོ། །ཟག༷་མེད༷་ཀྱི་སྡོམ་པ་ནི༷་འཕག༷ས་པ་ཟག་མེད་ཀྱི་ལམ་དེས༷་འཐོབ་སྟེ། ཟག་མེད་ཀྱི་བསམ་གཏན་ས་དྲུག་གང་རུང་དང་ལྡན་པའི་ཕྱིར་རོ། ། གཉིས་པ་སོ་ཐར་གྱི་སྡོམ་པ་འཐོབ་ཚུལ་ལ། དངོས་དང༌། ཞར་བྱུང་གཉིས། དང་པོ་(དངོས་)ནི། འོ་ན། སོ་ཐར་གྱི་སྡོམ་པ་ཇི་ལྟར་འཐོབ་ཅེ་ན། སོ༷་སོ༷ར་ཐར༷་ཅེས༷་པ༷་རིས་བདུན་གྱི་སྡོམ་པ་ནི་མཁན་པོ་སོགས་གཞན༷་གྱི༷་རྣམ༷་པར་རིག༷་བྱེད༷་ལས་འཐོབ་བོ། །སྩོག༷ས་ཀྱི༷་སྒྲས་བསྙེན་པར་རྫོགས་པ་བཅུ་བསྟན་ཏོ། །བཅུ་གང་ཞེ་ན། སངས་རྒྱས་དང་རང་སངས་རྒྱས་ནི་རང་བྱུང་གིས་བསྙེན་པར་རྫོགས་ཏེ། རང་བྱུང་གི་ཡེ་ཤེས་བརྙེས་པ་ཙམ་གྱིས་དགེ་སློང་གིས་སྡོམ་པ་སྐྱེས་པའི་ཕྱིར། ལྔ་སྡེ་ནི་ངེས་པ་ལ་འཇུག་པས་བསྙེན་པར་རྫོགས། གྲགས་པ་ལ་སོགས་པ་ནི་ཚུར་ཤོག་གིས་བསྙེན་པར་རྫོགས། འོད་སྲུང་ཆེན་པོ་ནི་སྟོན་པར་ཁས་བླངས་པས་བསྙེན་པར་རྫོགས། ལེགས་བྱིན་ནི་དྲི་བས་མཉེས་པས་བསྙེན་པར་རྫོགས། སྐྱེ་རྒུའི་བདག་མོ་ཆེན་མོ་ལ་སོགས་པ་ནི་ལྕི་བའི་ཆོས་བསྟན་པས་བསྙེན་པར་རྫོགས། དགེ་སློང་མ་ཆོས་སྦྱིན་མ་ནི་ཕྲིན་ཆོག་གིས་བསྙེན་པར་རྫོགས། ཡུལ་མཐའ་འཁོབ་ཏུ་འདུལ་བ་འཛིན་པ་དང་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས། ཡུལ་དབུས་སུ་བཅུའི་ཚོགས་ཀྱིས་བསྙེན་པར་རྫོགས་པ་དང༌། སྐྱབས་སུ་འགྲོ་བ་ལན་གསུམ་ཁས་བླངས་པ་ཙམ་གྱིས་བསྙེན་པར་རྫོགས་པ་ནི་བཟང་སྡེ་དྲུག་ཅུའི་ཚོགས་ལ་སོགས་པ་ཡིན་ལ། དེ་དག་གི་ནང་ནས་ཀྱང་རང་བྱུང་གིས་བསྙེན་པར་རྫོགས་པ་དང༌། ངེས་པ་ལ་འཇུག་པའི་བསྙེན་རྫོགས་ནི་རྣམ་པར་རིག་བྱེད་ལ་མི་ལྟོས་པས། དེ་དག་བསྡུ་བའི་ཕྱིར་དུ་སོགས་སྒྲ་སྨོས་པ་ཡིན་ནོ། །", "target": {"entries": [{"title": "ལྡན་ཚུལ", "level": 1, "start": 0, "anchor": "གཉིས་པ་ལྡན་ཚུལ་ལ་གསུམ། རྣམ་པར་རིག་བྱེད་མ"}, {"title": "རྣམ་པར་རིག་བྱེད་མ་ཡིན་པའི་ལྡན་ཚུལ", "level": 2, "start": 120, "anchor": "དང་པོ་(རྣམ་པར་རིག་བྱེད་མ་ཡིན་པའི་ལྡན་ཚུལ"}, {"title": "རྣམ་པར་རིག་བྱེད་ཀྱི་ལྡན་ཚུལ", "level": 2, "start": 1504, "anchor": "གཉིས་པ་རྣམ་པར་རིག་བྱེད་ཀྱི་ལྡན་ཚུལ་ལ་གཉི"}, {"title": "དངོས", "level": 3, "start": 1571, "anchor": "དང་པོ་(དངོས་)ནི། རྣམ༷་པར་རིག༷་བྱེད༷་ནི༷་"}, {"title": "ཞར་བྱུང", "level": 3, "start": 2068, "anchor": "གཉིས་པ་ཞར་བྱུང་ནི། སྡོམ་མིན་གནས་པ་དགེ་བ་"}, {"title": "ལྡན་པའི་མུ་བཞི", "level": 2, "start": 2378, "anchor": "གསུམ་པ་ལྡན་པའི་མུ་བཞི་ནི། རྣམ་པར་རིག་བྱེ"}, {"title": "འཐོབ་གཏོང", "level": 1, "start": 3108, "anchor": "གསུམ་པ་འཐོབ་གཏོང་ལ་གཉིས། འཐོབ་ཚུལ་དང༌། ག"}, {"title": "འཐོབ་ཚུལ", "level": 2, "start": 3161, "anchor": "དང་པོ་(འཐོབ་ཚུལ་)ལ་གསུམ། སྡོམ་པའི་འཐོབ་ཚ"}, {"title": "སྡོམ་པའི་འཐོབ་ཚུལ", "level": 3, "start": 3249, "anchor": "དང་པོ་(སྡོམ་པའི་འཐོབ་ཚུལ་)ལ་གཉིས། ཇི་ལྟར"}, {"title": "ཇི་ལྟར་འཐོབ་པ", "level": 4, "start": 3319, "anchor": "དང་པོ་(ཇི་ལྟར་འཐོབ་པ་)ལ་གཉིས། བསམ་གཏན་ཟག"}, {"title": "བསམ་གཏན་ཟག་མེད་ཀྱི་སྡོམ་པ་འཐོབ་ཚུལ", "level": 5, "start": 3416, "anchor": "དང་པོ་(བསམ་གཏན་ཟག་མེད་ཀྱི་སྡོམ་པ་འཐོབ་ཚུ"}, {"title": "སོ་ཐར་གྱི་སྡོམ་པ་འཐོབ་ཚུལ", "level": 5, "start": 3763, "anchor": "གཉིས་པ་སོ་ཐར་གྱི་སྡོམ་པ་འཐོབ་ཚུལ་ལ། དངོས"}, {"title": "དངོས", "level": 6, "start": 3823, "anchor": "དང་པོ་(དངོས་)ནི། འོ་ན། སོ་ཐར་གྱི་སྡོམ་པ་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4861, "headings": 13}} {"id": "IBA-LWS-08-066", "input": "གཉིས་པ་གང་ལས་འཐོབ་པ་ནི། སྡོམ་པ་རྣམས་གང་ལས་འཐོབ་ཅེ་ན། འདོད༷་པར་གཏོག༷ས་པའི་སོ་ཐར་གྱི་སྡོམ་པ་སྦྱོར་བ་དངོས་གཞི་རྗེས་ཐམ༷ས་ཅད༷་མི་དགེ་བའི་སྦྱོར་དངོས་རྗེས་གསུམ་ཐམས་ཅད་སྤོང་བ་ལས་འཐོབ། རང་བཞིན་དང་བཅས་པ་གཉིས༷་ཀ༷་སྤོང་བ་དང༷༌། གཞི་སེམས་ཅན་དང་སེམས་ཅན་མ་ཡིན་པ་གཉིས་ཀ་ལས་འཐོབ་བོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་གཞི་སེམས་ཅན་ལ་བརྟེན་པ་ནི་སྲོག་གཅོད་པ་ལྟ་བུ། རང་བཞིན་གྱི་ཁ་ན་མ་ཐོ་བ་སེམས་ཅན་མ་ཡིན་པ་ལ་བརྟེན་པ་ནི་གསེར་རྐུ་བ་ལྟ་བུ། བཅས་པའི་ཁ་ན་མ་ཐོ་བ་གཞི་སེམས་ཅན་ལ་བརྟེན་པ་ནི་བུད་མེད་ལ་རེག་པ་ལྟ་བུ། དེ་སེམས་ཅན་མ་ཡིན་པ་ལ་བརྟེན་པ་ནི་རྩྭ་གཅོད་པ་ལྟ་བུའོ། །སེམས་ཅན་ཇི་ལྟ་བུ་ལས་འཐོབ་ན། ད༷་ལྟར༷་བའི་སེམས་ཅན་དག༷་ལས༷་འཐོབ༷་པར༷་འགྱུར༷་གྱི། འདས་མ་འོངས་ཀྱི་སེམས་འཐོབ་པ་མ་ཡིན་ཏེ། དེ་དག་ད་ལྟ་སྲོག་གཅོད་པའི་གཞིའི་སེམས་ཅན་དུ་མི་རུང་བའི་ཕྱིར། བསམ༷་གཏན༷་ཟག༷་མེད༷་ཀྱི་སྡོམ༷་པ༷་ནི༷་མི་དགེ་བའི་དངོས་གཞི་སྤོང་བ་ལས་འཐོབ་པ་ཡིན་གྱི། སྦྱོར་མཇུག་སྤོང་བ་ལས་འཐོབ་པ་མ་ཡིན་ཏེ། སྦྱོར་མཇུག་སྤོང་བ་ལ་མི་ལྟོས་པའི་ཕྱིར་ཏེ། འདི་དག་ལ་མཉམ་པར་བཞག་པ་ནི་ལས་ལམ་དངོས༷་གཞི་རོགས་སྤངས་པའི་ངོ་བོར་སྐྱེ་བས། སྦྱོར་མཇུག་ནི་ཕལ་ཆེར་འོག་སའི་ངོ་བོར་གཏོགས་པའི་ཕྱིར་དང༷༌། དེའང་རང་བཞིན་སྤོང་བ་ལས་འཐོབ་པ་ཡིན་གྱི། བཅས་པ་སྤོང་བ་ལས་འཐོབ་པ་མ་ཡིན་ཏེ། དེ་སྤོང་བར་ཁས་མ་བླངས་པའི་ཕྱིར། དུས༷་ནི༷་གསུམ་པོ་ཐམ༷ས་ཅད༷་ལས༷་འཐོབ་པ་ཡིན་ཏེ། ད་ལྟར་བའི་སེམས་ཅན་ལས་འཐོབ་པ་དེ་བཞིན་དུ། འདས་མ་འོངས་ཀྱི་སེམས་ཅན་ལས་འཐོབ་པའི་ཕྱིར། སྡོམ༷་པ༷་སེམ༷ས་ཅན༷་ཐམ༷ས་ཅད༷་ལས༷་འཐོབ་སྟེ། སེམས་ཅན་ཐམས་ཅད་ལ་ཁ་ན་མ་ཐོ་བ་སྤོང་བའི་ཕྱིར། ཡན༷་ལག༷་དང་རྒྱུ༷་ལ༷་དབྱེ༷་བ༷་ཡོད༷་དེ། གཞན་རྣམས་ཡན་ལག་ལུས་ངག་གི་སྤོང་བ་བཞི་ལས་འཐོབ་པ་དང༌། དགེ་སློང་གི་སྡོམ་པ་ནི་ཡན་ལག་ལུས་ངག་གི་སྤོང་བ་བདུན་པོ་ཐམས་ཅད་ལས་འཐོབ། དགེ་བའི་རྩ་བ་གསུམ་རྒྱུར་བྱས་ན་རྒྱུ་ཐམས་ཅད་དང༌། ཀུན་སློང་ཆུང་འབྲིང་ཆེན་པོ་གསུམ་རྒྱུར་བྱས་ན་གསུམ་ཀས་ཅིག་ཅར་དུ་མི་རུང་བས་གང་ཡང་རུང་བ་ལས་འཐོབ་པའི་ཕྱིར། འོ་ན། སྡོམ་མིན་ཡང་སེམས་ཅན་ཐམས་ཅད་ལས་འཐོབ་བམ་ཞེ་ན། སྡོམ༷་པ༷་མིན༷་པ༷་སེམས་ཅན་ཐམ༷ས་ཅད༷་དང༷༌། ཡན༷་ལག༷་ཀྱང་སྲོག་གཅོད་པ་སོགས་ལས་ལམ་ཀུན༷་ལས༷་འཐོབ། རྒྱུ་ཐམས་ཅད་ལས་མི་འཐོབ་སྟེ། མི་དགེ་བའི་རྩ་བ་གསུམ་ཅིག་ཅར་འབྱུང་བ་མེད། ཀུན་སློང་གསུམ་ལྷན་ཅིག་འབྱུང་བའང་མེད་པའི་ཕྱིར།", "target": {"entries": [{"title": "གང་ལས་འཐོབ་པ", "level": 1, "start": 0, "anchor": "གཉིས་པ་གང་ལས་འཐོབ་པ་ནི། སྡོམ་པ་རྣམས་གང་ལ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 1860, "headings": 1}} {"id": "IBA-LWS-08-067", "input": "གཉིས་པ་སྡོམ་མིན་གྱི་འཐོབ་ཚུལ་ནི། སྡོམ༷་པ༷་མིན༷་པ༷་གང་ལས་འཐོབ་སྙམ་ན། དེ་ནི་ཤན་པ་ལྟ་བུ་དང་པོ་ནས་དེའི་རིགས་སུ་སྐྱེས་པ་ཡིན་ན་བྱ༷་བ༷་དེ་ལ་ཞུགས་པས་འཐོབ་པའམ། དང་པོ་ནས་དེའི་རིགས་སུ་སྐྱེས་པ་མ་ཡིན་ན་ཡུལ་གྱི་གཙོ་བོ་ལྟ་བུའི་དྲུང་དུ་ཕྱིན་ནས་བདག་འདིས་འཚོ་བར་བྱའོ་ཞེས་ཁས༷་ལེན༷་ཅིང༌། ལོག་པའི་བསམ་པ་སྐྱེས་ནས་བྱ་བ་དེ་ལ་དངོས་སུ་ཞུགས་པ༷་ལས༷་འཐོབ༷་པར༷་འགྱུར་རོ། །གསུམ་པ་བར་མའི་འཐོབ་ཚུལ་ནི། སྡོམ་སྡོམ་མིན་གྱི་ལྷག༷་མ་བར་མའི༷་རྣམ༷་པར་རིག༷་བྱེད༷་མིན༷་པ་ཞིང༷་ལས་འཐོབ་པ་ནི་རྫས་ལས་བྱུང་བའི་བསོད་ནམས་བདུན་ལྟ་བུ། ཁས་ལེན༷་པ་ལས་འཐོབ་པ་ནི་སངས་རྒྱས་ལ་ཕྱག་མ་བཙལ་བར་ཟས་མི་བཞེས་པ་ལྟ་བུ། གུས༷་པར༷་བྱེད༷་པ༷་ལས་འཐོབ༷་པ་ནི་ཀུན་སློང་དྲག་པོས་འཐོབ་པ་ལྟ་བུའོ། །", "target": {"entries": [{"title": "སྡོམ་མིན་གྱི་འཐོབ་ཚུལ", "level": 1, "start": 0, "anchor": "གཉིས་པ་སྡོམ་མིན་གྱི་འཐོབ་ཚུལ་ནི། སྡོམ༷་པ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 616, "headings": 1}} {"id": "IBA-LWS-08-068", "input": "གཉིས་པ་གཏོང་ཚུལ་ལ་གསུམ། སྡོམ་པའི། སྡོམ་མིན་གྱི། བར་མའི་གཏོང་ཚུལ་ལོ། །དང་པོ་(སྡོམ་པ་)ལ་གཉིས། སོ་ཐར་གྱི་སྡོམ་པའི། བསམ་གཏན་ཟག་མེད་ཀྱི་སྡོམ་པའི་གཏོང་ཚུལ་ལོ། །དང་པོ་(སོ་ཐར་གྱི་སྡོམ་པ་)ནི། མི་སྨྲ་ཤེས་དོན་གོའི་དྲུང་དུ་བསམ་པ་ཐག་པ་ནས་བསླབ༷་པ༷་ཕུལ༷་ན་སོ་སོར་ཐར་པའི་འདུལ་བ་གཏོང་སྟེ། བསླབ་པ་ཡང་དག་པར་བླངས་པ་དང༷་འགལ་བའི་རྣམ་པར་རིག་བྱེད་སྐྱེས་པའི་ཕྱིར། ཤི༷་འཕོས༷་པའི་ཚེ་ནའང་དེ་གཏོང་སྟེ། དེའི་རྟེན་མེད་པར་སོང་བའི་ཕྱིར། མཚན༷་གཉིས༷་དག༷་ནི༷་ཅིག་ཅར་བྱུང༷་བ༷་ལས་ཀྱང་དེ་གཏོང་སྟེ། རྟེན་ཉམས་པའི་ཕྱིར། དགེ་བའི་རྩ༷་བ༷་ཆད༷་པ་ལས་ཀྱང་སོ༷་སོར༷་ཐར༷་པའི༷་འདུལ༷་བ༷་གཏོང༷་སྟེ། སྡོམ་པའི་རྩ་བ་ཆད་པའི་ཕྱིར། དེ་དག་གི་སྟེང་དུ་མཚན༷་མོ་འདས༷་པ་ལས༷་བསྙེན་གནས་ཀྱི་སྡོམ་པ་གཏོང་སྟེ། ཇི་སྲིད་དུ་འཕངས་པའི་འཕེན་པ་རྫོགས་པའི་ཕྱིར། ཉི་འོག་པ་ཁ༷་ཅིག༷་རྩ་བའི་ལྟུང༷་བ༷་གང་ཡང་རུང་བ་གཅིག་འབྱུང་བར་འགྱུར༷་བ་ལས༷་སྡོམ་པ་ཐམས་ཅད་གཏོང་བར་སྨྲ༷འོ། །གོས་དམར་བའི་སྡེ་གཞན༷་དག༷་དམ༷་པའི་ཆོས༷་ནུབ༷་པ༷་ལས༷་སོ་སོར་ཐར་པའི་སྡོམ་པ་གཏོང་སྟེ། དེའི་ཚེ་བསླབ་པའི་མཚམས་དང་ལས་ཀྱི་ཆོ་ག་མེད་པར་སོང་བའི་ཕྱིར་ཞེས་ཟེར། སློབ་དཔོན་ན་རེ། དམ་པའི་ཆོས་ནུབ་པའི་ཚེ་འདུལ་བའི་ལས་མེད་པས་སྡོམ་པ་སྔོན་མེད་གསར་དུ་མི་འཐོབ་པ་ཡིན་གྱི། སྔར་ཐོབ་ཟིན་གསར་དུ་གཏོང་བ་མིན་ནོ། །ཞེས་གསུང་ངོ༌། །ཁ༷་ཆེ༷་བ་རྣམ༷ས་ནི༷་རྩ་བའི་ལྟུང་བ་བྱུང༷་བ༷་ལ༷་ཚུལ་ཁྲིམས་འཆལ་བ་དང་ཚུལ་ཁྲིམས་ཅན་གཉིས་སུ་འདོད་དེ། མི་ཞིག་བུ༷་ལོན༷་ཅན་དང་ནོར༷་ཅན་གཉིས༷་སུ༷་འདོད༷་པ་བཞིན༷་ནོ། །ལྟུང་བ་བཤགས་ནས་དགྲ་བཅོམ་པ་ཐོབ་པ་ནི་ཚུལ་ཁྲིམས་ཅན་ཁོ་ནར་འདོད་དེ། དཔེར་ན། བུ་ལོན་ཅན་དེ་བུ་ལོན་བཙལ་བ་ན་ནོར་ཅན་ཁོ་ནར་འགྱུར་བ་བཞིན་ནོ། ། གཉིས་པ་བསམ་གཏན་ཟག་མེད་ཀྱི་སྡོམ་པའི་གཏོང་ཚུལ་ནི། བསམ༷་གཏན༷་དུ་གཏོག༷ས་པ༷འི་དགེ༷་བ༷་གཟུགས་ཅན་ཐམས་ཅད་ནི༷་ས༷་གོང་འོག་ཏུ་འཕོས༷་པ་སྟེ་སྐྱེས་པ་དང༌། སྙོམས་འཇུག་ལས་ཉམ༷ས་པ༷་དག༷་གིས༷་ས་དེས་བསྡུས་པ་གཏོང༷༌། དེ༷་བཞིན༷་དུ་གཟུག༷ས་མེད༷་དུ་གཏོག༷ས་པའི་དགེ་བའང་ས་འཕོས་པ་དང་ཉམས་པ་དག་གིས་གཏོང༌། འཕག༷ས་པ༷་ཟག་མེད་ཀྱི་སྡོམ་པ་ནི་འབྲས༷་བུ༷་ཐོབ༷་པའི་ཚེ་ཞུགས་པས་བསྡུས་པའི་སྡོམ་པ་གཏོང༌། དབང་པོ་སྦྱང༷ས་པའི་ཚེ་དབང་པོ་རྟུལ་པོས་བསྡུས་པའི་སྡོམ་པ་གཏོང༌། འབྲས་བུ་ལས་ཉམ༷ས་པའི༷་ཚེ་ཁྱད་པར་ཅན་གྱིས་བསྡུས་པ་གཏོང་ངོ༌། ། གཉིས་པ་སྡོམ་མིན་གྱི་གཏོང་ཚུལ་ནི། སྡོམ་མིན་གྱི་གཏོང་ཚུལ་ཇི་ལྟ་བུ་ཞེ་ན། སྡོམ༷་མིན༷་དེ་ནི་སྡོམ༷་པ༷་ཐོབ༷་པའི༷་ཚེ་གཏོང་བ་ཡིན་ཏེ། དེའི་ཚེ་དེ་དང༷་འགལ་བའི་གཉེན་པོ་སྟོབས་ལྡན་སྐྱེས་པའི་ཕྱིར། ཤི༷་བའི་ཚེ་གཏོང་བ་ཡིན་ཏེ། དེའི་ཚེ་རྟེན་ཞིག་པའི་ཕྱིར། མཚན༷་གཉིས༷་ཅིག་ཅར་བྱུང༷་བ༷་ལས༷་ཀྱང་གཏོང་བ་ཡིན་ཏེ། དེའི་ཚེ་རྟེན་ཉམས་པའི་ཕྱིར། གསུམ་པ་སྡོམ་པ་སྡོམ་མིན་བ༷ར་མ༷འི་གཏོང་ཚུལ་ནི། རབ་ཏུ་དང་བ་དང༌། ཉོན་མོངས་པའི་ཤུག༷ས་ཆད་པ་དང༌། ཇི་སྲིད་དུ་འདི་ལྟ་བུ་བྱའོ་ཞེས་ཁས་བླངས་བ་དུས་དེ་འདས་ནས་ཆད་པ་དང༌། ཁས་བླངས་མ་ཆད་ཀྱང་ཁས་བླང༷ས་པ་བཞིན་མི་བྱེད་པའི་བྱ༷་བ༷་ཆད་པ་དང༷༌། མཆོད་རྟེན་དང་ཉ་རྒྱལ་བརྟེན་པ་ནི་དོན༷་དེ་ཞིག་ནས་ཆད་པ་དང༌། ཚེ༷་འཕོས་ནས་ཆད་པ་དང༌། དགེ་བའི་རྩ༷་བ༷་ཆད༷་པ༷་ལས༷་གཏོང་ངོ༌། །འདོད༷་པར་གཏོག༷ས་པའི་དགེ༷་བ༷་གཟུག༷ས་ཅན་མིན༷་པ་ནི༷་དགེ་རྩ༷་ཆད༷་པ་དང་གོང༷་དུ༷་སྐྱེས༷་པ༷་ལས༷་གཏོང༌། ཁམས་གསུམ་གྱི་ཉོན༷་མོང༷ས་པ༷་ཅན༷་གཟུག༷ས་ཅན་མིན༷་པ་ནི༷་རང་རང་གི་གཉེན༷་པོ༷་བར་ཆད་མེད་ལམ་སྐྱེས༷་པས༷་རྣམ༷་པར་ཉམ༷ས་པར་འགྱུར༷་རོ། །", "target": {"entries": [{"title": "གཏོང་ཚུལ", "level": 1, "start": 0, "anchor": "གཉིས་པ་གཏོང་ཚུལ་ལ་གསུམ། སྡོམ་པའི། སྡོམ་མ"}, {"title": "སྡོམ་པ", "level": 2, "start": 69, "anchor": "དང་པོ་(སྡོམ་པ་)ལ་གཉིས། སོ་ཐར་གྱི་སྡོམ་པའ"}, {"title": "སོ་ཐར་གྱི་སྡོམ་པ", "level": 3, "start": 154, "anchor": "དང་པོ་(སོ་ཐར་གྱི་སྡོམ་པ་)ནི། མི་སྨྲ་ཤེས་"}, {"title": "བསམ་གཏན་ཟག་མེད་ཀྱི་སྡོམ་པའི་གཏོང་ཚུལ", "level": 3, "start": 1364, "anchor": "གཉིས་པ་བསམ་གཏན་ཟག་མེད་ཀྱི་སྡོམ་པའི་གཏོང་"}, {"title": "སྡོམ་མིན་གྱི་གཏོང་ཚུལ", "level": 2, "start": 1840, "anchor": "གཉིས་པ་སྡོམ་མིན་གྱི་གཏོང་ཚུལ་ནི། སྡོམ་མི"}, {"title": "སྡོམ་པ་སྡོམ་མིན་བར་མའི་གཏོང་ཚུལ", "level": 2, "start": 2151, "anchor": "གསུམ་པ་སྡོམ་པ་སྡོམ་མིན་བ༷ར་མ༷འི་གཏོང་ཚུལ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 2702, "headings": 6}} {"id": "IBA-LWS-08-070", "input": "༈ གཉིས་པ་མདོ་ལས་འབྱུང་བའི་མིང་གི་རྣམ་གྲངས་ལ་བཅོ་ལྔ་ཡོད་པ་ལས། དང་པོ་མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་མདོར་བསྟན་པ་ནི། ལས༷་དགེ་མི་དགེ་ལུང་མ་བསྟན་གང་ཞེ་ན། བདེ༷་བ་སྟེར་བའི་ལས་དེ་དགེ༷་བའི་ལས་དང༷༌། མི་བདེ་བ་སྡུག་བསྔལ་སྟེར་བའི་ལས་དེ་མི༷་དགེ༷་བའི་ལས་དང༷༌། གཞན༷་བཏང་སྙོམས་མྱོང་བར་བྱེད་པའི་ལས་ནི་གཞན་ལུང་མ་བསྟན་གྱི་ལས་ཡིན༷་ནོ། ། གཉིས་པ་འབྲས་བུའི་སྒོ་ནས་དབྱེ་བ་ལ་གཉིས། བསྟན། བཤད་དོ། །དང་པོ་(མདོར་བསྟན་པ་)ནི། ལས་དེ་ལ་གསུམ་ཡོད་དེ། བསོད༷་ནམ༷ས་ཀྱི་ལས་དང༌། བསོད༷་ནམ༷ས་མིན༷་པའི་ལས་དང༌། མི༷་གཡོ༷་བའི་ལས་རྣམས་སུ་ཡོད་པའི་ཕྱིར། ཡང་ལས་དེ་ལ་གསུམ་ཡོད་དེ། བདེ༷་བ༷་མྱོང༷་བར་འགྱུར༷་བའི་ལས་ལ༷་སོགས༷་པ་གསུམ༷་ཡོད་པའི་ཕྱིར། ། གཉིས་པ་རྒྱས་པ་བཤད་ལ་གཉིས། བསོད་ནམས་སོགས་བཤད་པ་དང༌། བདེ་སོགས་བཤད་པའོ། །དང་པོ་(བསོད་ནམས་སོགས་བཤད་པ་)ནི། འོ་ན། བསོད་ནམས་ཀྱི་ལས་ལ་སོགས་པ་གང་ཞེ་ན། བསོད༷་ནམ༷ས་ཀྱི་ལས་ནི་འདོད༷་ཁམ༷ས་ཀྱི་དགེ༷་བའི༷་ལས༷་དང༌། མི༷་གཡོ༷་བའི་ལས་ནི་གོང༷་མ༷་གཟུགས་གཟུགས་མེད་ལས༷་སྐྱེས༷་པའི༷་ལས་ཡིན་ནོ། །གོང་མ་ལས་དེ་མི་གཡོ་བ་ཡིན་ན། བསམ་གཏན་གསུམ་པ་མན་ཆད་གཡོ་བར་བཤད་པ་དང་འཀལ་ཞེ་ན། མི་འགལ་ཏེ། བསམ་གཏན་གསུམ་པ་མན་ཆད་གཡོ་བར་བཤད་པ་ནི་ཏིང་ངེ་འཛིན་གྱི་སྐྱོན་གྱིས་གཡོ་བ་ལ་དགོངས། གོང་མའི་ལས་རྣམ་སྨིན་མི་གཡོ་བ་ལ་དགོངས་པའི་ཕྱིར། རྣམ་སྨིན་མི་གཡོ་བ་ཡིན་ཏེ། གང༷་གི་ཕྱིར༷་ན། གཟུགས་གཟུགས་མེད་ཀྱི་ས༷་ནི༷་དེ༷་དག༷་ཏུ༷་སྨིན་པར་འགྱུར་བའི་ལས༷་ཀྱི་རྣམ༷་སྨིན༷་ས་གཞན་དུ་ནམ་ཡང་མི་སྨིན་པའི་ཕྱིར༷་ན་རྣམ་སྨིན་གཞན་དུ་མི༷་གཡོ༷་བའི་ཕྱིར༷། འདོད་ཁམས་ཀྱི་ལས་ནི་གཡོ་བ་ཡིན་ཏེ། ལྷར་སྐྱེ་འགྱུར་རྐྱེན་གྱི་དབང་གིས་འགྲོ་བ་གཞན་དུ་འགྱུར་བ་ཡོད་པའི་ཕྱིར། དཔེར་ན། བྲམ་ཟེ་ཞིག་གིས་སྦྱིན་པ་བཏང་བ་ལས་ལྷར་སྐྱེ་བར་འགྱུར་བ་གླང་ཆེན་མཛེས་པ་མཐོང་ནས་བདག་ཀྱང་འདི་ལྟ་བུ་ཐོབ་ན་སྙམ་པ་ལས་གླང་པོ་ཆེ་ས་སྲུང་གི་བུར་སྐྱེས་པ་ལྟ་བུའོ། ། གཉིས་པ་བདེ་སོགས་བཤད་པ་ལ་གསུམ། མྱོང་འགྱུར་གསུམ་པོ་སོ་སོའི་མཚན་གཞི། མྱོང་འགྱུར་གྱི་དབྱེ་བ། ལས་གང་གི་འབྲས་བུ་ཚོར་བ་གང་ཡིན་པའོ། །དང་པོ་(མྱོང་འགྱུར་གསུམ་པོ་སོ་སོའི་མཚན་གཞི་)ལ་གཉིས། རང་ལུགས་དང༌། གཞན་ལུགས་སོ། །དང་པོ་(རང་ལུགས་)ནི། བདེ་བ་མྱོང་འགྱུར་ལ་སོགས་གསུམ། །ཞེས་བཤད་ན། དེ་དག་གང་ཞེ་ན། འདོད་པ་ནས་བསམ༷་གཏན༷་གསུམ༷་པའི༷་བར༷་གྱི་དགེ༷་བའི༷་ལས་ནི་བདེ༷་བ༷་མྱོང༷་བར་འགྱུར༷་བའི་ལས། བསམ་གཏན་གསུམ་པ་དེ༷་ཡན༷་ཆད༷་ནས་སྲིད་རྩེའི་བར་གྱི་དགེ་བའི་ལས་ནི་སྡུག༷་མིན༷་བདེ༷་མིན༷་གྱི་བཏང་སྙོམས་མྱོང༷་བར་འགྱུར༷་བའི༷་ལས། སྡུག༷་བསྔལ༷་མྱོང༷་བར་འགྱུར༷་བའི་ལས་ནི་འདོད་པ་འདི༷འི༷་མི༷་དགེ༷་བའོ། ། གཉིས་པ་གཞན་ལུགས་ནི། བསམ་གཏན་བཞི་པའི་འོག༷་གསུམ་པ་མན་ཆད་ན༷འང༷་བར༷་མ༷་མྱོང་བར་འགྱུར་བའི་ལས་ཡོད༷་དོ༷་ཞེས༷་ཁ༷་ཅི༷ག་ཟེར༷་ཏེ༷། གང༷་གི༷་ཕྱིར༷་ན། བསམ༷་གཏན༷་དང་པོའི་དངོས་གཞི་ཁྱད༷་པར༷་ཅན་ཚོར་བ་བཏང་སྙོམས་ཀྱི་ས་པ་ཡིན་པའི་ཕྱིར་དང༌། དེ་དགེ་བའི་ལས་ཀྱི་རྣམ༷་པར་སྨིན༷་པའི་ལས༷་འབྱུང་བའི་ཕྱིར་དང༌། རྒྱུད་གཅིག་ལ་སྔ༷་ཕྱི༷་མེད༷་པར་དུས་གཅིག་ཏུ་འབྲས་བུ་གསུམ༷་སྨིན༷་པར་འདོད༷་དགོས་པའི་ཕྱིར༷། །", "target": {"entries": [{"title": "མདོ་ལས་འབྱུང་བའི་མིང་གི་རྣམ་གྲངས", "level": 1, "start": 0, "anchor": "༈ གཉིས་པ་མདོ་ལས་འབྱུང་བའི་མིང་གི་རྣམ་གྲང"}, {"title": "མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་མདོར་བསྟན་པ", "level": 2, "start": 61, "anchor": "དང་པོ་མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་མདོར་བསྟ"}, {"title": "འབྲས་བུའི་སྒོ་ནས་དབྱེ་བ", "level": 2, "start": 311, "anchor": "གཉིས་པ་འབྲས་བུའི་སྒོ་ནས་དབྱེ་བ་ལ་གཉིས། བ"}, {"title": "མདོར་བསྟན་པ", "level": 3, "start": 365, "anchor": "དང་པོ་(མདོར་བསྟན་པ་)ནི། ལས་དེ་ལ་གསུམ་ཡོད"}, {"title": "རྒྱས་པ་བཤད", "level": 3, "start": 587, "anchor": "གཉིས་པ་རྒྱས་པ་བཤད་ལ་གཉིས། བསོད་ནམས་སོགས་"}, {"title": "བསོད་ནམས་སོགས་བཤད་པ", "level": 4, "start": 657, "anchor": "དང་པོ་(བསོད་ནམས་སོགས་བཤད་པ་)ནི། འོ་ན། བས"}, {"title": "བདེ་སོགས་བཤད་པ", "level": 4, "start": 1517, "anchor": "གཉིས་པ་བདེ་སོགས་བཤད་པ་ལ་གསུམ། མྱོང་འགྱུར"}, {"title": "མྱོང་འགྱུར་གསུམ་པོ་སོ་སོའི་མཚན་གཞི", "level": 5, "start": 1642, "anchor": "དང་པོ་(མྱོང་འགྱུར་གསུམ་པོ་སོ་སོའི་མཚན་གཞ"}, {"title": "རང་ལུགས", "level": 6, "start": 1720, "anchor": "དང་པོ་(རང་ལུགས་)ནི། བདེ་བ་མྱོང་འགྱུར་ལ་ས"}, {"title": "གཞན་ལུགས", "level": 6, "start": 2075, "anchor": "གཉིས་པ་གཞན་ལུགས་ནི། བསམ་གཏན་བཞི་པའི་འོག༷"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 2441, "headings": 10}} {"id": "IBA-LWS-08-071", "input": "གཉིས་པ་མྱོང་འགྱུར་གྱི་དབྱེ་བ་ལ་གཉིས། ལྔར་དབྱེ་བ། རྣམ་སྨིན་མྱོང་འགྱུར་བྱེ་བྲག་ཏུ་བཤད་པའོ། །དང་པོ་(ལྔར་དབྱེ་བ་)ནི། མྱོང་བར་འགྱུར་བའི་ལས་རྣམ་པ་ལྔ་ཡོད་པ་ཡིན་ཏེ། ཚོར་བ་ལྟ་བུ་ངོ༷་བོ༷་ཉིད༷་ཀྱིས་ཏེ་རང་གི་མཚན་ཉིད་ཀྱིས་མྱོང་བར་འགྱུར་བ་དང༷༌། རེག་པ་ལྟ་བུ་མཚུང༷ས་ལྡན༷་གྱིས་མྱོང་བར་འགྱུར་བ་དང༷༌། གཟུགས་ལྟ་བུ་དམིགས༷་པས༷་མྱོང་བར་འགྱུར་བ་དང༷༌། དགེ་མི་དགེའི་ལས་ལྟ་བུ་རྣམ༷་སྨིན༷་གྱིས་བདེ་བ་སོགས་མྱོང་བར་འགྱུར་བ་དང༷། ཚོར་བ་བདེ་བ་ལྟ་བུ་མངོན༷་སུམ༷་དུ༷་གྱུར༷་པ༷་ལས༷་ཚོར་བ་གཞན་གཉིས་མྱོང༷་བར་འགྱུར༷་བ་མེད་པ་སྟེ། དེ་ལྟ་ན་ལས་ནི་རྣམ༷་པ༷་ལྔ༷་རུ་ཡོད་པའི་ཕྱིར། གཉིས་པ་རྣམ་སྨིན་མྱོང་འགྱུར་བྱེ་བྲག་ཏུ་བཤད་པ་ལ་གཉིས། སྤྱིར་བསྟན། མྱོང་ངེས་བྱེ་བྲག་ཏུ་བཤད་པའོ། །དང་པོ་(སྤྱིར་བསྟན་)ལ་གཉིས། ལས་ཀྱི་དབྱེ་བ། ཁམས་དང་འགྲོ་བ་གང་ན་ལས་འཕན་པ་དུ་ཡོད་གཉིས། དང་པོ་(ལས་ཀྱི་དབྱེ་བ་)ནི། རྣམ་སྨིན་མྱོང་འགྱུར་གྱི་ལས་དེ་ལ་བཞི་སྟེ། དེ༷་ལ་ཡང༷་ངེས༷་པ་དང༷༌། མ༷་ངེས༷་པའི་ལས་གཉིས་ལས། དང་པོ་ལ། མཐོང༷་བའི༷་ཆོས༷་སྐྱེ་བ་འདི་ཉིད་ལ༷་མྱོང་བ་དང༌། སོག༷ས་པ༷་སྐྱེ་བ་ཕྱི་མར་མྱོང་བ་སྐྱེ་ནས་མྱོང་འགྱུར་དང༌། དེ་ཕན་ཆད་ལ༷་མྱོང་བ་ལན་གྲངས་གཞན་མྱོང༷་འགྱུར༷་གསུམ་ཡོད་པའི་ཕྱིར༷་ན༷་མྱོང་བར་ངེས༷་པ་རྣམ༷་པ་གསུམ༷་དང༌། མ་ངེས་པ་སྟེ་བཞི་ཡིན་ནོ། །སྔོན་གྱི་སློབ་དཔོན་ཁ༷་ཅིག༷་ནི་མྱོང་བ་མ་ངེས་པ་ལའང་རྣམ་པར་སྨིན་པ་ངེས་ལ་གནས་སྐབས་མ་ངེས་པ་དང༌། དེ་གཉིས་ཀ་མ་ངེས་པ་གཉིས་སུ་ཕྱེ་ནས་ལས༷་རྣམ༷་པ་ལྔ༷་ཡིན་ནོ་ཞེས༷་ཟེར༷། དཔེ་སྟོན་པའི་སྡེ་པ་གཞན༷་དག༷་ནི་མུ༷་ནི༷་བཞི༷་ཡིན་ནོ་ཞེས༷་ཟེར༷་རོ། །དེ་ལ་གནས་སྐབས་ངེས་ལ་རྣམ་སྨིན་མྱོང་བར་མ་ངེས་པ་ནི་ལས་འགའ་ཞིག་འབྲས་བུ་མྱོང་ན་མཐོང་ཆོས་སོགས་གང་རུང་དུ་མྱོང་ལ། ནུས་པ་ཆུང་བས་རྣམ་སྨིན་མྱོང་བར་མ་ངེས་པ་དང༌། རྣམ་སྨིན་ངེས་ལ་གནས་སྐབས་མ་ངེས་པ་ནི་རྣམ་སྨིན་ནི་གདོན་མི་ཟ་བར་མྱོང་ལ། མཐོང་ཆོས་སོགས་གནས་སྐབས་གསུམ་པོ་མ་ངེས་པའོ། །གཉིས་ཀ་ངེས་པ་ནི་མཐོང་ཆོས་ལ་རྣམ་སྨིན་མྱོང་བར་ངེས་པའོ། །གཉིས་ཀ་མ་ངེས་པ་ནི་གནས་སྐབས་དེར་མ་ངེས་ཤིང་རྣམ་སྨིན་མྱོང་བའང་མ་ངེས་པའོ། །ལས་གང་གིས་ཕུང་པོའི་རྒྱུན་ནམ་རིས་མཐུན་འཕེན་ཅེ་ན། སྐྱེས་ནས་མྱོང་བ་ལ་སོགས་པ་གསུམ༷་གྱིས༷་ནི་སྐྱེ་བ་གཞན་རིས༷་མཐུན་པའི་ཕུང་པོའི་རྒྱུན་འཕེན༷་པར༷་བྱེད༷་ཀྱི། མཐོང་ཆོས་ལ་མྱོང་འགྱུར་གྱི་ལས་ཀྱིས་རིས་མཐུན་མི་འཕེན་ཏེ། ལས་བྱེད་པའི་ཕུང་པོའི་རྒྱུན་དེ་ཉིད་ལ་རྣམ་པར་སྨིན་པའི་ཕྱིར། ། གཉིས་པ་(ཁམས་དང་འགྲོ་བ་གང་ན་ལས་འཕན་པ་དུ་ཡོད་གཉིས་)ནི། ཁམས་དང་འགྲོ་བ་གང་ན་ལས་ཀྱི་འཕེན་པ་དུ་ཡོད་ཅེ་ན། འགྲོ་བ་ལྔ་པོ་ཐམ༷ས་ཅད༷་ན༷་ནི༷་ལས་ཀྱི་འཕེན༷་པ༷་བཞི༷་ཡོད། འོན་ཀྱང་དམྱལ༷་བ༷་ན༷་ནི༷་དགེ༷་བའི༷་ལས་ཀྱི་འཕེན་པ་སྐྱེས་ནས་མྱོང་འགྱུར་སོགས་གསུམ༷་ཡོད་ཀྱི། མཐོང་ཆོས་ལ་མྱོང་འགྱུར་གྱི་དགེ་བའི་ལས་འཕེན་མེད་དེ། དེ་ན་རྣམ་སྨིན་ཡིད་དུ་འོང་བ་མེད་པའི་ཕྱིར། སྲིད་རྩེ་མ་གཏོགས་པ་བརྒྱད་པོ་གང༷་ལས༷་འདོད༷་ཆག༷ས་དང་བྲལ༷་བ་བརྟན༷་པའི༷་བྱིས༷་པ༷་འདོད་ཆགས་དང་བྲལ་བའི་ས་དེར༷་སྐྱེས༷་ནས་མྱོང༷་འགྱུར་གྱི་ལས་མི༷་བྱེད༷་དེ། དེ་ཕྱི་མ་ལ་འདོད་ཆགས་དང་བྲལ་བའི་ས་དེར་མི་སྐྱེ་བའི་ཕྱིར། ས་བར་པ་བདུན་ལས་འདོད་ཆགས་དང་བྲལ་བ་བརྟན་པའི་འཕགས་པས་དེར་སྐྱེས་ནས་མྱོང་འགྱུར་དུ་མ་ཟད། ལན་གྲངས་གཞན༷་དུ༷འང༷་མྱོང༷་འགྱུར་གྱི་ལས་མི༷་བྱེད༷་དེ། དེ་འདོད་ཆགས་དང་བྲལ་བའི་ས་དེར་གཏན་ནས་མི་སྐྱེ་བའི་ཕྱིར། འདོད༷་པ་དང་སྲིད་རྩེ་ལས་འདོད་ཆགས་དང་བྲལ་བའི་འཕགས་པ་མི༷་བརྟན༷་པ༷་དེ་ཡང༷་འདོད་རྩེར་སྐྱེས་ནས་མྱོང་འགྱུར་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བྱེད་པ་མིན༷་ཏེ། འདོད་པ་དང་སྲིད་རྩེ་ལ་འདོད་ཆགས་དང་བྲལ་བ་ལས་ཉམས་པའི་འཕགས་པ་ནི་འབྲས་བུ་ལས་ཉམས་པ་ཡིན་ལ། དེ་ལས་ཉམས་པ་སོར་མ་ཆུད་ཀྱི་བར་དུ་འཆི་བ་མི་སྲིད་པའི་ཕྱིར། བར་དོ་ནའང་ལས་ཀྱི་འཕེན་པ་ཡོད་དམ་ཞེ་ན། ཡོད་དེ། སྲིད༷་པ༷་བར༷་མ༷་འདོད༷་ཁམ༷ས་སུ༷་མངལ་སྒོང་ལ་ཉིང་མཚམས་སྦྱོར་ན་བར་དོ་དེ་ཉིད་དང༌། ནུར་ནུར་པོ་སོགས་མངལ་གྱི་གནས་སྐབས་ལྔ། བྱིས་པ་སོགས་བཙས་པའི་གནས་སྐབས་ལྔ་སྟེ་བཅུ་གཅིག་མྱོང་བར་ངེས་མ་ངེས་གཉིས་གཉིས་ཏེ་འཕེན༷་པ༷་རྣམ༷་པ༷་ཉི༷་ཤུ༷་རྩ་གཉིས༷་ཡོད་ལ། ངེས་པ་བཅུ་གཅིག་པོ་དེ༷་ནི༷་མཐོང༷་ཆོས༷་ལ་འབྲས༷་བུ༷་ཅན་གྱི་ལས་བྱེད་པ་ཡིན༷་ཏེ། དེ༷་ནི༷་ལས་སོག་པའི་གནས་སྐབས་ཀྱི་ཕུང་པོ་དང༌། རྣམ་སྨིན་མྱོང་བའི་གནས་སྐབས་ཀྱི་ཕུང་པོ་གཉིས་འཕེན་བྱེད་ཀྱི་ལས་གཅིག་གིས་འཕངས་པའི་རིས༷་མཐུན་གཅིག༷་ཁོ༷་ན༷་ཡིན༷་པའི་ཕྱིར། ། གཉིས་པ་མྱོང་ངེས་བྱེ་བྲག་ཏུ་བཤད་པ་ནི། རྣམ་སྨིན་མྱོང་ངེས་ཀྱི་ལས་དེ་གང་ཞེ་ན། ཉོན༷་མོངས༷་པ་དང༌། རབ༷་ཏུ་དང༷་བ་ཤུགས་དྲག༷་པོ༷་དང༷༌། ཡོན༷་ཏན༷་གྱི་ཞིང༷་འོག་ནས་འཆད་པར་ལྟར་དཀོན་མཆོག་སོགས་ལ་བརྟེན་པ་དང༷༌། སྦྱོར་བ་རྒྱུན༷་ཆག༷ས་སུ༷་བྱས༷་པ༷་གང༷་ཞིག༷་ཡིན༷་པ༷་དང༷༌། པར་སིག་པ་ལྟར་བསོད་ནམས་ཀྱི་བློས་ཀྱང་རུང་ཕ༷་མ༷་གསོད༷་པའི་ལས་གང༷་ཡིན་པ་དེ༷་རྣམ་སྨིན་མྱོང་བར་ངེས༷་པའོ༷། །དེ་ནི་མཐོང་ཆོས་འབྲས་བུ་ཡིན། །ཞེས་བཤད་ན། དེ་གང་ཞེ་ན། མཐོང༷་བའི་ཆོས༷་ལ་འབྲས༷་བུ༷་མྱོང་བ་ཅན༷་གྱི༷་ལས༷་ནི་ཞིང༷་དང༷་བསམ༷་པའི༷་ཁྱད༷་པར༷་ལས༷་འགྱུར་བ་ཡིན་ཏེ། ཞིང་གི་ཁྱད་པར་ལས་མཐོང་ཆོས་འབྲས་བུ་ཅན་གྱི་ལས་སུ་འགྱུར་བ་ནི་སྔོན་བདག་ཅག་གི་སྟོན་པ་དགེ་སློང་སྡེ་སྣོད་གསུམ་པར་གྱུར་པ་ན། དགེ་འདུན་གྱིས་རྩོད་པ་འཕེལ་བར་བྱས་པ་དགེ་སློང་སྡེ་སྣོད་འཛིན་པ་ཞིག་གིས་བསྡུམས་པས། དགེ་སློང་སྡེ་སྣོད་གསུམ་པ་དེ་ཁྲོས་ནས་བུད་མེད་ཀྱིས་བུད་མེད་ཀྱི་རྩོད་པ་ཞི་བར་བྱས་སོ་ཞེས་སྐུར་པ་བཏབ་པ་ལས་ཚེ་དེ་ཉིད་ལ་བུད་མེད་དུ་གྱུར་ཅིང༌། དེ་ནས་སྐྱེ་བ་ལྔ་བརྒྱར་བུད་མེད་དུ་གྱུར་པ་ལྟ་བུའོ། །བསམ་པའི་ཁྱད་པར་ལས་མཐོང་ཆོས་འབྲས་བུ་ཅན་གྱི་ལས་སུ་འགྱུར་བ་ནི་རྒྱལ་པོ་ཀ་ན་ཀའི་ཉུག་རུམ་པ་ལོང་བ་ཞེས་པས། མི་ཞིག་གིས་གླང་ལྔ་བརྒྱ་འདེད་པ་ལ་ཅི་བྱེད་དྲིས་པས། འབྲས་བུ་འབྱིན་པ་ཡིན་ཟེར་བ་ལ། སྙིང་རྗེས་དེ་དག་དེ་ལས་ཐར་བར་བྱས་པས་ཚེ་དེ་ཉིད་ལ་མཚན་སོར་ཆུད་པ་ལྟ་བུའོ། །དེར་མ་ཟད་ས༷་དེའི༷་འདོད༷་ཆག༷ས་དང་གཏན༷་དུ་བྲལ༷་བའི་ཕྱིར༷། ས་དེར་རྣམ༷་སྨིན༷་ངེས༷་པ༷་གང༷་ཡིན༷་པ༷འང༷་མཐོང་ཆོས་འབྲས་བུ་ཅན་གྱི་ལས་ཡིན་ཏེ། ཡུལ་འཕོ་བ་ན་བུ་ལོན་ལྡང་བ་བཞིན་ནོ། །ཞིང་གི་ཁྱད་པར་ཅི་ལྟ་བུ་ཞེ་ན། གང༷་དག༷་འགོག༷་པ་ལས་ལངས་མ་ཐག་པ་དེ་ལ་ཕན་གནོད་བྱས་པས་འབྲས་བུ་འཕྲལ་དུ་མྱོང་བར་འགྱུར་ཏེ། དེ་མྱ་ངན་ལས་འདས་པ་སླར་ལོག་པ་དང་འདྲ་བའི་ཕྱིར། བྱམ༷ས་པ་ཚད་མེད་དང་ཉོན༷་མོང༷ས་མེད༷་པའི་ཏིང་ངེ་འཛིན་ལས་ལངས་མ་ཐག་པ་དེ་ལ་ཕན་གནོད་བྱས་པས་འབྲས་བུ་འཕྲལ་དུ་མྱོང་བར་འགྱུར་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་ཉོན་མོངས་པ་མེད་པའི་ལྷག་པའི་བསམ་པ་དང་འབྲེལ་ཞིང༌། རྣོ་ཞིང་གསལ་བའི་བསོད་ནམས་ཚད་མེད་པས་ཡོངས་སུ་བསྒོས་པའི་ཕྱིར། མཐོང་ལམ་ལས་ལངས་མ་ཐག་པ་དེ་ལ་ཕན་གནོད་བྱས་པས་འབྲས་བུ་འཕྲལ་དུ་མྱོང་བར་འགྱུར་ཏེ། དེས་མཐོང༷་སྤང་མ་ལུས་པར་སྤངས་པའི་གནས་གྱུར་གསར་པ་དྲི་མ་མེད་པ་ཐོབ་པའི་ཕྱིར། དགྲ༷་བཅོམ༷་པའི་འབྲས༷་བུ་ལས་ལང༷ས་མ་ཐག་པ༷་དེ༷་ལ༷་ཕན༷་གནོད༷་བྱས༷་པས༷་འབྲས༷་བུ༷་འཕྲལ༷་དུ༷་མྱོང༷་བར༷་འགྱུར༷་ཏེ། སྒོམ་སྤང་མ་ལུས་པར་སྤངས་པའི་གནས་གྱུར་གསར་པ་དྲི་མ་མེད་པ་ཐོབ་པའི་ཕྱིར། ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་ལས་ལངས་མ་ཐག་པ་དེ་ལ་ཕན་གནོད་བྱས་པས་འབྲས་བུ་འཕྲལ་དུ་མྱོང་བར་མི་འགྱུར་ཏེ། མཐོང་སྤང་སྤངས་པའི་གནས་གྱུར་གསར་པ་དྲི་མ་མེད་པ་ནི་རྙིང༌། སྒོམ་སྤང་མ་ལུས་པར་སྤངས་པའི་གནས་གྱུར་གསར་པ་དྲི་མ་མེད་པ་མ་ཐོབ་པའི་ཕྱིར། །", "target": {"entries": [{"title": "མྱོང་འགྱུར་གྱི་དབྱེ་བ", "level": 1, "start": 0, "anchor": "གཉིས་པ་མྱོང་འགྱུར་གྱི་དབྱེ་བ་ལ་གཉིས། ལྔར"}, {"title": "ལྔར་དབྱེ་བ", "level": 2, "start": 90, "anchor": "དང་པོ་(ལྔར་དབྱེ་བ་)ནི། མྱོང་བར་འགྱུར་བའི"}, {"title": "རྣམ་སྨིན་མྱོང་འགྱུར་བྱེ་བྲག་ཏུ་བཤད་པ", "level": 2, "start": 530, "anchor": "གཉིས་པ་རྣམ་སྨིན་མྱོང་འགྱུར་བྱེ་བྲག་ཏུ་བཤ"}, {"title": "སྤྱིར་བསྟན", "level": 3, "start": 624, "anchor": "དང་པོ་(སྤྱིར་བསྟན་)ལ་གཉིས། ལས་ཀྱི་དབྱེ་བ"}, {"title": "ལས་ཀྱི་དབྱེ་བ", "level": 4, "start": 707, "anchor": "དང་པོ་(ལས་ཀྱི་དབྱེ་བ་)ནི། རྣམ་སྨིན་མྱོང་"}, {"title": "ཁམས་དང་འགྲོ་བ་གང་ན་ལས་འཕན་པ་དུ་ཡོད་གཉིས", "level": 4, "start": 1926, "anchor": "གཉིས་པ་(ཁམས་དང་འགྲོ་བ་གང་ན་ལས་འཕན་པ་དུ་ཡ"}, {"title": "མྱོང་ངེས་བྱེ་བྲག་ཏུ་བཤད་པ", "level": 3, "start": 3457, "anchor": "གཉིས་པ་མྱོང་ངེས་བྱེ་བྲག་ཏུ་བཤད་པ་ནི། རྣམ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5713, "headings": 7}} {"id": "IBA-LWS-08-073", "input": "གསུམ་པ་རྒྱུའི་སྒོ་ནས་དབྱེ་བ་ནི། མདོ་ལས། ཡོན༷་པོ་དང༌། སྐྱོན༷་དང༌། སྙིག༷ས་མ༷འི་ལས་ཞེས་གསུང༷ས་པ༷་ནི༷་རིམ་བཞིན། གཡོ༷་ནི་གྱ་གྱུ་བའི་ཡོན་པོ་ཡིན་ལ། དེས་བསླངས་པའི་ལུས་ངག་ཡིད་གསུམ་གྱི་ལས་ནི་ཡོན་པོའི་ལས་གསུམ་དང༌། ཞེ༷་སྡང༷་ནི་ཉེས་པ་ཆེ་བས་སྐྱོན་ཏེ། དེས་བསླངས་བའི་གསུམ་ནི་སྐྱོན་གྱི་ལས་གསུམ་དང༌། འདོད༷་ཆག༷ས་ནི་ཚོན་གྱི་སྙིགས་མ་དང་འདྲ་བར་སེམས་རྒྱུད་ལ་འབྲལ་དཀའ་བའི་ཕྱིར་སྙིགས་མ་ཞེས་བྱ་སྟེ། དེས་བསླངས་ཤིང་སྐྱེས༷་པ་གསུམ་ནི་སྙིགས་མའི་ལས་གསུམ་མོ། ། བཞི་པ་རྒྱུ་འབྲས་གཉིས་ཀའི་སྒོ་ནས་དབྱེ་བ་ལ། བསྟན། བཤད་གཉིས། དང་པོ་(མདོར་བསྟན་པ་)ནི། ཡང་མདོ་ལས། ལས་དཀར༷་ལ་རྣམ་སྨིན་དཀར་བའི་ལས་དང༌། ལས་ནག༷་ལ༷་རྣམ་སྨིན་ནག་པའི་ལས་དང༌། སོག༷ས་པ་ལས་དཀར་ནག་འདྲེས་མར་རྣམ་སྨིན་ཡང་དཀར་ནག་འདྲེས་མ་དང༌། ལས་མི་དཀར་མི་ནག་ཅིང་རྣམ་སྨིན་མེད་ལ་ལས་ཟད་པར་བྱེད་པའི་ལས་ཏེ། དེ་ལྟ་བུའི་བྱེ༷་བྲག༷་གིས༷་ལས༷་ནི༷་རྣམ༷་པ༷་བཞི༷་གསུངས་པ་ཡིན༷་ནོ༷། ། གཉིས་པ་རྒྱས་བཤད་ནི། འོ་ན། ལས་དེ་དག་གི་ངོ་བོ་ཇི་ལྟ་བུ་ཞེ་ན། མི༷་དགེ༷་བ་ནི་གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་ཡིན་ཏེ། རང་གི་ངོ་བོ་ཉོན་མོངས་ཅན་ཡིན་པས་གནག་ལ། རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པས་རྣམ་སྨིན་ཡང་གནག་པའི་ཕྱིར། གཟུག༷ས་སུ་གཏོགས་པའི་དགེ་བ་ནི་དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་ཡིན་ཏེ། རང་གི་ངོ་བོ་རྒྱུད་གཅིག་ལ་ཉོན་མོངས་པ་དང༷་མ་འདྲེས། རྣམ་སྨིན་ཡིད་དུ་འོང་བ་འབྱིན་ཞིང་རྒྱུད་གཅིག་ལ་སྡུག་བསྔལ་དང་མ་འདྲེས་པའི་ཕྱིར། འདོད༷་པར་གཏོག༷ས་པའི༷་དགེ༷་བ༷་ཉིད༷་ནི་དཀར་གནག༷་ལ་རྣམ་པར་སྨིན་པའང་དཀར༷་ནག་གཉིས༷་ཀ༷་འབྱིན་པའི་ལས༷་ཡིན་ཏེ། རང་གི་ངོ་བོ་ཉོན་མོངས་ཅན་མིན་པས་དཀར། རྒྱུད་གཅིག་ལ་ཉོན་མོངས་པ་དང་འདྲེས་པས་གནག །འབྲས་བུ་ཡིད་དུ་འོང་བ་འབྱིན་པས་རྣམ་སྨིན་དཀར། རྒྱུད་གཅིག་ལ་སྡུག་བསྔལ་དང་འདྲེས་པས་རྣམ་སྨིན་གནག་པའི་ཕྱིར་ལས་དང་རྣམ་སྨིན་གསུམ་པོ་དེ༷་དག༷་ཟད༷་ཅིང་སྤོང་བར་བྱེད༷་པ༷་ནི་ཟག༷་མེད༷་ཀྱི་ལས་ཡིན༷་ཏེ། མི་གནག་མི་དཀར་བས་རྣམ་སྨིན་མི་འབྱིན་ཅིང༌། ཁམས་སུ་མ་གཏོགས་པ་དང་གཉེན་པོ་ཡིན་པའི་ཕྱིར། ཟད་པར་བྱེད་ཚུལ་ཇི་ལྟར་ཞེ་ན། མཐོང་ལམ་སྡུག་བསྔལ་ཆོས༷་བཟོད༷་བཞི་དང༌། འདོད་པ་ལས་འདོད༷་ཆགས༷་དང་བྲལ༷་བར༷་བྱེད་པའི་སྒོམ་ལམ་བར༷་ཆད༷་མེད༷་ལམ༷་བརྒྱད༷་ཀྱི༷་སེམ༷ས་པ༷་རྣམ༷་པ༷་བཅུ༷་གཉིས༷་པོ་དེ༷་དག་ནི་ནག༷་པོའི༷་ལས་ཟད༷་པར༷་བྱེད༷་པའི༷་ལས༷་ཡིན་ཏེ། འདོད་ཉོན་དངོས་སུ་སྤོང་བའི་ཕྱིར། འདོད་པའི་སྒོམ་ལམ་བར་ཆད་མེད་པའི་ལམ་དགུ༷་པའི༷་སེམ༷ས་པ༷་གང༷་ཡིན༷་པ༷་དེ༷་ནི༷་དཀར༷་ནག༷་འདྲེས་པའི་ལས་ཟད༷་པར་བྱེད༷་པ་ཡིན༷་ཏེ། དེས་འདོད་པའི་ཉོན་མོངས་ཆུང་ངུའི་ཆུང་ངུ་སྤངས་པ་ན་དམིགས་ཡུལ་དགེ་བའང་འདུན་པའི་འདོད་ཆགས་དང་བྲལ་བའི་སྒོ་ནས་སྤོང་བའི་ཕྱིར། འོ་ན། དཀར་པོའི་ལས་ཟད་བྱེད་གང་ཞེ་ན། གཟུགས་ཀྱི་དཀར༷་པོའི༷་ལས་ཟད་བྱེད་ནི་བསམ༷་གཏན༷་བཞི་ལས་འདོད་ཆག༷ས་དང་བྲལ༷་བར་བྱེད་པའི༷་བར༷་ཆད༷་མེད༷་ལམ༷་དགུ་དགུ་སྐྱེས༷་པའི་ཐ༷་མ༷་དག་ཡིན་ཏེ། གཟུགས་ཀྱི་དགེ་བ་ལ་འདུན་པའི་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་སྤོང་བའི་ཕྱིར། སྡེ་པ་གཞན༷་ནི༷་དམྱལ༷་བ༷་མྱོང༷་བར་འགྱུར༷་བའི་ལས་དེ་ནག་པོ་དང༷༌། དེ་མ་གཏོགས་པའི་འདོད༷་པའི་འགྲོ་བ་གཞན༷་མྱོང༷་བར་འགྱུར༷་བའི་ལས་ནི་དཀར་ནག་གཉིས༷་ཀའི་ལས་སུ༷་རིག༷་གོ་ཞེས་ཟེར། ཡང་སྡེ་པ་གཞན༷་ནི༷་མཐོང༷་བས༷་སྤོང༷་བར་བྱ༷་བའི་ལས་དེ་གནག༷་པ་དང༌། འདོད༷་པ༷་ལས༷་སྐྱེས༷་པའི་ལས་གཞན༷་སྒོམ༷་སྤང་དཀར༷་གནག༷་གཉིས་ཀའི་ལས་སུ་འདོད་དོ། ། ལྔ་པ་རྟེན་གྱི་སྒོ་ནས་དབྱེ་བ་ནི། མདོ་ལས། ཐུབ་པ་ནི་གསུམ་སྟེ། ཐུབ་པའི་ལུས་དང༌། ཐུབ་པའི་ངག་དང༌། ཐུབ་པའི་ཡིད་དོ། །ཞེས་གསུངས་ན། དེ་དག་གང་ཞེ་ན། མི༷་སློབ༷་པ་ནི་ཐུབ་པ་ཡིན་ཏེ། ཉོན་མོངས་པ་གཏན་དུ་ཐུབ་པའི་ཕྱིར། དེའི་ལུས༷་ངག༷་ཡིད༷་གསུམ་གྱི་ལས༷་ཉིད༷་ནི་ཐུབ༷་པའི༷་གསུམ༷་སྟེ། གོང་ལྟར་གོ༷་རིམ༷་བཞིན༷་སྦྱར་རོ། ། དྲུག་པ་བྱེད་པའི་སྒོ་ནས་དབྱེ་བ་ནི། མདོ་ལས། གཙང་བྱེད་གསུམ་སྟེ། ལུས་ཀྱི་གཙང་བྱེད། ངག་གི་གཙང་བྱེད། ཡིད་ཀྱི་གཙང་བྱེད་དོ། །ཞེས་གསུངས་ན། དེ་དག་གང་ཞེ་ན། ལེག༷ས་སྤྱད༷་གསུམ༷་པོ༷་ཐམ༷ས་ཅད༷་ནི༷་གཙང༷་བྱེད༷་རྣམ༷་པ༷་གསུམ༷་ཡིན༷་ཏེ༷། ཟག་བཅས་ཀྱིས་རེ་ཞིག་དག་པར་བྱེད། ཟག་མེད་ཀྱིས་གཏན་དུ་དག་པར་བྱེད་པའི་ཕྱིར། ། བདུན་པ་ལེགས་སྤྱད་དང་ཉེས་སྤྱད་བཤད་པ་ལ་གསུམ། ལས་ལམ་གྱི་རྣམ་གཞག །ལོག་འཚོ་ལོགས་སུ་སྟོན་པའི་རྒྱུ་མཚན། ལས་གང་འབྲས་བུ་དུ་དང་བཅས་པའོ། །དང་པོ་(ལས་ལམ་གྱི་རྣམ་གཞག་)ལ། བསྟན། བཤད་དོ། །དང་པོ་(མདོར་བསྟན་པ་)ནི། མདོ་ལས། ཉེས་སྤྱད་གསུམ་དང་ལེགས་སྤྱད་གསུམ་གསུངས་ན། དེ་དག་གང་ཞེ་ན། ལུས་ཀྱི་ལས་ལ༷་སོག༷ས་པའི་མི༷་དགེ༷་བ༷་ནི་དམ་པས་སྨད་པ་དང༌། རྣམ་སྨིན་ཡིད་དུ་མི་འོང་བ་འབྱེད་པས་ཉེས༷་པར༷་སྤྱད༷་པ༷་རྣམ་པ་གསུམ༷་དུ༷་འདོད༷། བརྣབ༷་སེམ༷ས་དང༌། ལ༷་སོག༷ས་པ་གནོད་སེམས། ལོག་ལྟ་གསུམ་ནི་ལས༷་མིན༷་ཡང༷་ཡིད༷་ཀྱི་ཉེས༷་སྤྱད༷་རྣམ༷་པ་གསུམ༷་ཡིན་ཏེ། འདོད་ཆགས་དང༌། རྣམ་འཚེ་དང༌། ལྟ་བའི་རང་བཞིན་གྱི་ཉོན་མོངས་ཡིན་པའི་ཕྱིར་དང༌། ཡིད་ཀྱི་ལས་ནི་སེམས་པའི་རང་བཞིན་ལས་དང་ཉོན་མོངས་ཐ་དད་པའི་ཕྱིར། དེ་ལས་བཟློག༷་པ༷་ནི༷་ལེག༷ས་པར༷་སྤྱད༷་པ་ཡིན༷་ནོ། །ཉེས་སྤྱད་དང་ལེགས་སྤྱད་དེ༷་དག་ལས༷་ཆེ༷་ལོང༷་རགས་པ་བསྡུས༷་ནས༷་ནི༷་དགེ༷་བ་དང༷༌། མི༷་དགེ༷་བ་ཅི༷་རིག༷ས་པར༷་ལས༷་ཀྱི༷་ལམ༷་ནི༷་བཅུ༷་བཅུར༷་གསུང༷ས་སོ༷། །གང་དག་མ་བསྡུས་ཤེ་ན། ལུས་ཀྱི་ལས་སྲོག་གཅོད་སོགས་ཀྱི་སྦྱོར་མཇུག་དང༌། ཡིད་ཀྱང་ཁྲོ་བ་སོགས་དགུ་དང༌། ངོ་ཚ་ཁྲེལ་མེད། དགེ་བའང་སྦྱིན་སོགས་དང༌། སྙན་སྨྲ། ངོ་ཚ་ཁྲེལ་ཡོད་རྣམས་མ་བསྡུས་སོ། ། གཉིས་པ་རྒྱས་བཤད་ལ་བདུན། རིག་བྱེད་དང་རིག་བྱེད་མ་ཡིན་པའི་ངེས་པ། ལས་ལམ་གསུམ་གསུམ་དུ་དབྱེ་བ། མི་དགེ་བའི་ལས་ལམ་བྱེ་བྲག་ཏུ་བཤད་པ། དགེ་རྩ་གཅོད་པ་དང་མཚམས་སྦྱོར་ཚུལ། སེམས་པ་ལས་ལམ་དུ་དང་ལྷན་ཅིག་འབྱུང་བ། ཁམས་དང་འགྲོ་བ་གང་ན་ལས་ལམ་དུ་ཡོད་པ། ལས་ལམ་གྱི་འབྲས་བུའོ། །དང་པོ་(རིག་བྱེད་དང་རིག་བྱེད་མ་ཡིན་པའི་ངེས་པ་)ནི། ལུས་ངག་གི་དགེ་མི་དགེ་དག་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་གང་དང་ལྡན་ཞེ་ན། མི༷་དགེ༷་བ་སྲོག་གཅོད། མ་བྱིན་ལེན། ངག་གི་བཞི་སྟེ་དྲུག༷་ནི༷་རྣམ༷་པར་རིག༷་བྱེད་མིན༷་པ་དང་ངེས་པར་ལྡན་ལ། རྣམ་པར་རིག་བྱེད་དང་ལྡན་པའི་ངེས་པ་མེད་དེ། གཞན་ལ་བཅོལ་བས་ཀྱང་འགྲུབ་པའི་ཕྱིར། གཅིག༷་འདོད་པས་ལོག་གཡེམ་ནི་རྣམ༷་པར་རིག་བྱེད་དང་དེ་མིན་པ་རྣམ་པ་གཉིས་ཡོད་དེ། གཞན་ལ་བཅོལ་བ་ལ་མི་ལྟོས་པ་རང་ཉིད་ཀྱིས་ངེས་པར་བྱེད་དགོས་པའི་ཕྱིར། དྲུག་པོ་དེ༷་དག༷་ཀྱང༷་རང་གིས་བྱེད༷་ན༷་རྣམ་པར་རིག་བྱེད་དང་དེ་མ་ཡིན་པ་རྣམ་པ་གཉིས་ཀ་ཡོད་དོ། །སྲོག་གཅོད་སྤོང་བ་སོགས་སོ་སོར་ཐར་པའི་དགེ༷་བ༷་བདུན༷་ལ་རྣམ༷་པར་རིག་བྱེད་དང་དེ་མ་ཡིན་པ་རྣམ་པ་གཉིས༷་ཀ་ཡོད། ཏིང༷་ངེ་འཛིན༷་ལས༷་སྐྱེས༷་པའི་བསམ་གཏན་ཟག་མེད་ཀྱི་སྡོམ་པའི་དགེ་བ་ནི་རྣམ༷་པར་རིག༷་བྱེད་མིན༷་པ་ཡོད་དེ། མཉམ་གཞག་གི་སྟོབས་ཀྱིས་སྐྱེ་བའི་ཕྱིར། དགེ་མི་དགེའི་སྦྱོར་བ་ཉེར༷་བསྡོག༷ས་རྣམ༷ས་ནི༷་རྣམ༷་པར་རིག༷་བྱེད༷་དང་ལྡན་པ་ཡིན་ཏེ། ལུས་ངག་གི་བྱ་བ་ལ་ལྟོས་པའི་ཕྱིར། ཀུན་སློང་སྟོབས་ཆེན་རྣམ༷་པར་རིག༷་བྱེད༷་མིན༷་པ་དང་ལྡན་པར་འགྱུར༷་བ༷འམ༷། ཀུན་སློང་སྟོབས་ཞན་ན་རྣམ་པར་རིག་བྱེད་མ༷་ཡིན༷་པ་དང་ལྡན་པར་འགྱུར་བ་མ་ཡིན་ནོ། །མཇུག༷་ནི་དེ་ལས་བཟློག༷་པ༷་རྣམ་པར་རིག་བྱེད་མ་ཡིན༷་པ་དང་ངེས་པར་ལྡན། རྣམ་པར་རིག་བྱེད་དང་ལྡན་པའི་ངེས་པ་མེད་དེ། དངོས་གཞི་དང་མཐུན་པའི་བྱ་བ་བྱེད་ན་རྣམ་པར་རིག་བྱེད་དང་ལྡན་ལ། མི་བྱེད་ན་རྣམ་པར་རིག་བྱེད་དང་ལྡན་པ་མིན་ནོ༷། །", "target": {"entries": [{"title": "རྒྱུའི་སྒོ་ནས་དབྱེ་བ", "level": 1, "start": 0, "anchor": "གསུམ་པ་རྒྱུའི་སྒོ་ནས་དབྱེ་བ་ནི། མདོ་ལས། "}, {"title": "རྒྱུ་འབྲས་གཉིས་ཀའི་སྒོ་ནས་དབྱེ་བ", "level": 1, "start": 428, "anchor": "བཞི་པ་རྒྱུ་འབྲས་གཉིས་ཀའི་སྒོ་ནས་དབྱེ་བ་ལ"}, {"title": "མདོར་བསྟན་པ", "level": 2, "start": 486, "anchor": "དང་པོ་(མདོར་བསྟན་པ་)ནི། ཡང་མདོ་ལས། ལས་དཀ"}, {"title": "རྒྱས་བཤད", "level": 2, "start": 776, "anchor": "གཉིས་པ་རྒྱས་བཤད་ནི། འོ་ན། ལས་དེ་དག་གི་ངོ"}, {"title": "རྟེན་གྱི་སྒོ་ནས་དབྱེ་བ", "level": 1, "start": 2673, "anchor": "ལྔ་པ་རྟེན་གྱི་སྒོ་ནས་དབྱེ་བ་ནི། མདོ་ལས། "}, {"title": "བྱེད་པའི་སྒོ་ནས་དབྱེ་བ", "level": 1, "start": 2966, "anchor": "དྲུག་པ་བྱེད་པའི་སྒོ་ནས་དབྱེ་བ་ནི། མདོ་ལས"}, {"title": "ལེགས་སྤྱད་དང་ཉེས་སྤྱད་བཤད་པ", "level": 1, "start": 3254, "anchor": "བདུན་པ་ལེགས་སྤྱད་དང་ཉེས་སྤྱད་བཤད་པ་ལ་གསུ"}, {"title": "ལས་ལམ་གྱི་རྣམ་གཞག", "level": 2, "start": 3381, "anchor": "དང་པོ་(ལས་ལམ་གྱི་རྣམ་གཞག་)ལ། བསྟན། བཤད་ད"}, {"title": "མདོར་བསྟན་པ", "level": 3, "start": 3425, "anchor": "དང་པོ་(མདོར་བསྟན་པ་)ནི། མདོ་ལས། ཉེས་སྤྱད"}, {"title": "རྒྱས་བཤད", "level": 3, "start": 4251, "anchor": "གཉིས་པ་རྒྱས་བཤད་ལ་བདུན། རིག་བྱེད་དང་རིག་"}, {"title": "རིག་བྱེད་དང་རིག་བྱེད་མ་ཡིན་པའི་ངེས་པ", "level": 4, "start": 4501, "anchor": "དང་པོ་(རིག་བྱེད་དང་རིག་བྱེད་མ་ཡིན་པའི་ངེ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5732, "headings": 11}} {"id": "IBA-LWS-08-075", "input": "བཞི་པ་དགེ་རྩ་གཅོད་པ་དང་མཚམས་སྦྱོར་ཚུལ་ནི། མི་དགེ་བ་གང་གིས་དགེ་རྩ་གཅོད་ཅེ་ན། ལས་འབྲས་མེད༷་པར༷་ལྟ༷་བས༷་དགེ༷་བའི་རྩ༷་བ་གཅོད༷་པར་བྱེད་དོ། །ཇི་ལྟ་བུ་ཞེ་ན། འདོད་པར་གཏོགས་པའི་དགེ་རྩ་གཅོད་ཀྱི། གཟུགས་གཟུགས་མེད་ཀྱི་དགེ་རྩ་མི་གཅོད་དེ། དེའི་རྒྱུད་ལ་དེ་མེད་པའི་ཕྱིར། འདོད༷་པར་གཏོག༷ས་པའི་ཡང་སྐྱེས༷་ནས༷་ཐོབ༷་པ༷་རྣམ༷ས་གཅོད་ཀྱི་སྦྱོར་བྱུང་མི་གཅོད་དེ། ལོག་ལྟ་ཆུང་ངུའི་ཆུང་ངུ་སྐྱེས་པའི་གནས་སྐབས་སུ། དེའི་ཐོབ་པ་ཆུང་ནས་ཉམས་ཏེ་མེད་པའི་ཕྱིར། ལོག་ལྟའང་རྒྱུ༷་དང༷་འབྲས༷་བུ་ལ༷་སྐུར༷་བ་འདེབ༷ས་པས༷་གཅོད་ཀྱི། འཕགས་པ་ལ་སྐུར་པ་འདེབས་པས་གཅོད་པ་མིན་ནོ། །ཟག་མེད་དང་སྐལ་བ་མི་མཉམ་པར་དམིགས་པའི་ལོག་ལྟས་གཅོད་པ་མིན་ཟེར་ཡང༌། སྐལ་བ་མཉམ་མི་མཉམ་ཟག་བཅས་དང་ཟག་མེད་ལ་དམིགས་པའི་ལོག་ལྟ་ཀུན་གྱིས༷་གཅོད་པར་བྱེད། ཇི་ལྟར་ན། ཁ་ཅིག །མཐོང་ལམ་གྱིས་མཐོང་སྤང་སྤོང་བ་ལྟར་ཅིག་ཅར་གཅོད་ཟེར་ཡང༌། སྒོམ་སྤང་སྤོང་བ་ལྟར་རིམ༷་གྱིས༷་གཅོད་པར་བྱེད་དོ། །རྟེན་གང་ལ་གཅོད་ཅེ་ན། གླིང་གསུམ་གྱི་མི༷འི༷་ནང༷་དུ༷་གཅོད་ཀྱི། གཞན་རྣམས་སུ་མི་གཅོད་དེ། ངན་སོང་བ་རྣམས་ཤེས་རབ་ཉོན་མོངས་པ་ཅན་མི་བརྟན་པའི་ཕྱིར་དང༌། བྱང་སྒྲ་མི་སྙན་པ་སྡིག་པའི་བསམ་པ་མི་བརྟན་པའི་ཕྱིར་དང༌། འདོད་གཟུགས་ཀྱི་ལྷ་ནི་གནས་གསུམ་མངོན་དུ་གྱུར་པ་ཡིན་པས་སྐྱེས་མ་ཐག་ཏུ་ལས་འབྲས་མངོན་དུ་གྱུར་པའི་ཕྱིར། མིའམ་སྐྱེས༷་པ༷་དང་བུད༷་མེད༷་ཀྱིས༷་གཅོད༷་ཀྱི། ཟ་མ་དང་མ་ནིང་གིས་མི་གཅོད་དེ༷། སྡིག་པའི་བསམ་པ་མི་བརྟན་པའི་ཕྱིར། མི་ལ་ལྟ༷་བ་སྤྱོད༷་པ་དང་སྲེད་པ་སྤྱད་པ་གཉིས་ཀྱི་ནང་ནས་སྔ་མ་དེ་ལ་གཅོད་པར་བྱེད་དེ། ཤེར་རབ་ཉོན་མོངས་པ་ཅན་བརྟན་པའི་ཕྱིར། དགེ་རྩ་ཆད་པ་དེའི༷་ངོ་བོ་ནི༷་དགེ་རྩ་དང་མི༷་ལྡན༷་པ༷འོ༷། །འོ་ན། དགེ་རྩ་ཆད་པ་དེ་གང་གིས་མཚམས་སྦྱོར་བར་བྱེད་ཅེ་ན། མཚམ༷ས་ནི༷་ལས་ཡོད་དམ་སྙམ་པའི་ཐེ༷་ཚོམ༷་དང༌། ཡོད༷་པར་ངེས་པའི་ཡང་དག་པའི་ལྟ༷་བས༷་མཚམས་སྦྱོར་བར་བྱེད། དགེ་རྩ་ཆད་པ་དེ་ཚེ་འདི་ལ་མཚམས་སྦྱོར་བར་ངེས་སམ་ཞེ་ན། མཚམ༷ས་མེད༷་བྱེད༷་པའི༷་ཚེ་འདི༷་ལ༷་སྦྱོར་བ་མིན༷་ནོ། །དུས་ནམ་གྱི་ཚེ་སྦྱོར་ཞེ་ན། སྔོན་རྒྱུའི་སྟོབས་ཀྱིས་དགེ་རྩ་ཆད་ན་དམྱལ་བ་ནས་འཆི་འཕོ་བའི་ཚེ་སྦྱོར། རྐྱེན་གྱི་སྟོབས་ཀྱིས་དགེ་རྩ་ཆད་ན་དམྱལ་བར་སྐྱེས་པའི་ཚེ་མཚམས་སྦྱོར་བ་ཡིན་ནོ། ། ལྔ་པ་སེམས་པ་ལས་ལམ་དུ་དང་ལྷན་ཅིག་འབྱུང་བ་ནི། ལས་ལམ་དུ་དང་སེམས་པ་ལྷན་ཅིག་ཏུ་འབྱུང་ཞེ་ན། མི༷་དགེ༷་བ་གཅིག་ནས་བརྒྱད༷་ཀྱི༷་བར༷་དག༷་དང༷་སེམ༷ས་པ༷་ཅིག༷་ཅར༷་ལྷན༷་ཅིག༷་འབྱུང༷་གི དགུ་དང་བཅུ་དང་ལྷན་ཅིག་འབྱུང་བ་མེད་དེ། ཡིད་ཀྱི་གསུམ་ཅིག་ཅར་མི་འབྱུང་བའི་ཕྱིར། མི་དགེ་བ་གཅིག་དང་སེམས་པ་ལྷན་ཅིག་འབྱུང་བ་ནི་ཡིད་ཀྱི་གསུམ་གང་རུང་ལ་གནས་པའོ། །གཉིས་དང་ལྷན་ཅིག་འབྱུང་བ་ནི་བརྣབ་སེམས་ལ་གནས་ནས་མ་བྱིན་པར་ལེན་པ་ལྟ་བུའོ། །གསུམ་དང་ལྷན་ཅིག་འབྱུང་བ་ནི་གནོད་སེམས་ཀྱིས་སྲོག་ཆགས་བསད་ནས་འཕྲོག་པ་ལྟ་བུའོ། །བཞི་དང་ལྷན་ཅིག་འབྱུང་བ་ནི་གནོད་སེམས་ཀྱིས་ཕ་རོལ་དབྱེ་བའི་ཕྱིར་རྫུན་ཚིག་སྨྲ་བ་ལྟ་བུའོ། །ལྔ་དང༌། དྲུག་དང༌། བདུན་དང་ལྷན་ཅིག་འབྱུང་བ་ནི་རང་ཡིད་ཀྱི་གསུམ་གང་རུང་ལ་གནས་ནས་གཞན་བཞི་དང༌། ལྔ་དང༌། དྲུག་བཅོལ་བས་འགྲུབ་པ་ལྟ་བུའོ། །བརྒྱད་དང་ལྷན་ཅིག་འབྱུང་བ་ནི་རང་ཉིད་བརྣབ་སེམས་དང་ལྡན་ཞིང་ལོག་གཡེམ་ལ་གནས་ནས་གཞན་དྲུག་བཅོལ་བས་འགྲུབ་པ་ལྟ་བུའོ། །དགེ༷་བ༷་གཅིག་ནས་བཅུ༷འི༷་བར༷་དག༷་དང༷་སེམས་པ་ལྷན་ཅིག་འབྱུང༌། འོན་ཀྱང་གཅིག༷་དང༷༌། བརྒྱད༷་དང༷༌། ལྔ༷་དང༷་ལྷན་ཅིག་འབྱུང་བ་ནི་ཡོད་པ་མིན༷་ནོ། །གཅིག་དང་ལྷན་ཅིག་འབྱུང་བ་མེད་དེ། བརྣབ་སེམས་མེད་པ་དང་གནོད་སེམས་མེད་པ་གཉིས་ཕན་ཚུལ་འབྲལ་མི་ཤེས་པའི་ཕྱིར། གཉིས་དང་ལྷན་ཅིག་འབྱུང་བ་ནི་ཡིད་ཀྱི་བརྣབ་གནོད་མེད་པ་གང་རུང་ལ་གནས་པ་ལྟ་བུའོ། །གསུམ་དང་ལྷན་ཅིག་འབྱུང་བ་ནི་ཡིད་ཤེས་དགེ་བ་ཡང་དག་ལྟ་བ་ལ་གནས་ན་བརྣབ་གནོད་མེད་པའང་ཡོད་པ་ལྟ་བུའོ། །བཞི་དང་ལྷན་ཅིག་འབྱུང་བ་ནི་དུས་ཀྱི་ཀུན་སློང་ལུང་མ་བསྟན་ལ་གནས་ནས་དགེ་ཚུལ་གྱི་སྡོམ་པ་ལེན་པ་ན་ལུས་ཀྱི་གསུམ་དང་རྫུན་སྤོང་བ་ཡོད་པ་ལྟ་བུའོ། །ལྔ་དང་ནི་མེད་དེ་སེམས་དགེ་བར་གནས་ནས་སྡོམ་པ་དེ་ལེན་ནའང་དྲུག་གམ་བདུན་དུ་ཐལ་བའི་ཕྱིར་རོ། །དྲུག་དང་ལྷན་ཅིག་འབྱུང་བ་ནི་དུས་ཀྱི་ཀུན་སློང་དབང་ཤེས་དགེ་བ་ལ་གནས་ནས་དགེ་ཚུལ་གྱི་སྡོམ་པ་ལེན་པ་ན་བརྣབ་གནོད་མེད་དང་ལུས་ངག་གི་བཞི་སྤོང་བ་ཡོད་པ་ལྟ་བུའོ། །བདུན་དང་ལྷན་ཅིག་འབྱུང་བ་ནི་དུས་ཀྱི་ཀུན་སློང་ལུང་མ་བསྟན་ལ་གནས་ནས་དགེ་སློང་གི་སྡོམ་པ་ལེན་པ་ན་ལུས་ངག་གི་བདུན་སྤོང་བ་ཡོད་པ་ལྟ་བུའོ། །བརྒྱད་དང་ནི་མེད་དེ། མི་དགེ་བས་དེ་ལེན་ན་བདུན་དང༌། དབང་ཡིད་དགེ་བས་ལེན་ན་དགུའམ་བཅུའོ། །དགུ་དང་ལྷན་ཅིག་འབྱུང་བ་ནི་དུས་ཀྱི་ཀུན་སློང་དབང་ཤེས་དགེ་བ་ལ་གནས་ནས་དགེ་སློང་གི་སྡོམ་པ་ལེན་པ་ལྟ་བུའོ། །བཅུ་དང་ལྷན་ཅིག་འབྱུང་བ་ནི་ཡིད་ཤེས་དགེ་བ་ལ་གནས་ནས་དགེ་སློང་གི་སྡོམ་པ་ལེན་པ་ལྟ་བུའོ། །དེའང་སྡོམ་པའི་དབང་དུ་བྱས་ཀྱི། བར་མས་བསྡུས་པ་ནི་གཅིག་དང༌། ལྔ་དང༌། བརྒྱད་དང་ལྷན་ཅིག་འབྱུང་བ་ཡོད་དོ།། །། དྲུག་པ་ཁམས་དང་འགྲོ་བ་གང་ན་ལས་ལམ་དུ་ཡོད་པ་ནི། ཁམས་དང་འགྲོ་བ་གང་ན་ལས་ལམ་དུ་ཡོད་ཅེ་ན། དམྱལ༷་བ༷་ན༷་ནི༷་ངག༷་ཀྱལ༷་པ༷་དང༌། ཚིག༷་རྩུབ༷། གནོད༷་སེམ༷ས་རྣམས་མངོན་གྱུར་དང་ལྡན་པ་རྣམ༷་པ་གཉིས༷་ཀའི་སྒོ་ནས་ཡོད་དེ། སྨྲེ་སྔགས་འདོན་པ་དང༌། རྒྱད་བཀག་བྱེད་པ་དང༌། ཕན་ཚུན་ཞེ་འགྲས་པ་ཡོད་པའི་ཕྱིར། བརྣབ༷་སེམ༷ས་དང་ལོག༷་ལྟ༷་ལྡན༷་པས༷་ཡོད་ཀྱི། མངོན་གྱུར་དུ་མེད་དེ། ཆགས་བྱའི་རྫས་མེད་ཅིང༌། ལས་འབྲས་མངོན་དུ་གྱུར་པའི་ཕྱིར། སྲོག་གཅོད་མེད་དེ། ལས་མ་ཟད་ན་བསད་ཀྱང་མི་འཆི་བའི་ཕྱིར། མ་བྱིན་ལེན་དང་ལོག་གཡེམ་མེད་དེ། རྫས་དང་བུད་མེད་བདག་གིར་བཟུང་བ་མེད་པའི་ཕྱིར། རྫུན་མེད་དེ། དགོས་པ་མི་འགྲུབ་པའི་ཕྱིར། ཕྲ་མ་མེད་དེ། ཕན་ཚུན་བྱེ་ཟིན་པའི་ཕྱིར། བྱང་སྒྲ༷་མི༷་སྙན༷་ན༷་ཡིད་ཀྱི་གསུམ༷་ལྡན་པས་ཡོད༷་ཀྱི༷། མངོན་གྱུར་དུ་མེད་དེ༷། ཆགས་བྱའི་རྫས་དང་བུད་མེད་བདག་གིར་གཟུང་བ་མེད་པའི་ཕྱིར་དང༌། ཀུན་ནས་མནར་སེམས་པའི་དངོས་པོ་མེད་དེ། རྒྱུད་འཇམ་པའི་ཕྱིར། སྲོག་གཅོད་མེད་དེ། ཚེ་ལོ་སྟོང་ཐུབ་པར་ངེས་པའི་ཕྱིར། མ་བྱིན་ལེན་དང་ལོག་གཡེམ་མེད་དེ། རྟགས་སྔ་མ་དེའི་ཕྱིར། རྫུན་མེད་དེ། དགོས་པ་མི་འགྲུབ་པའི་ཕྱིར། ཕྲ་མ་དང་ཚིག་རྩུབ་མེད་དེ། རྒྱུད་འཇམ་པའི་ཕྱིར། དེ༷་ན༷་བདུན༷་པ༷་ངག་ཀྱལ་དངོས༷་སུ༷་ཡང༷་ཡོད་དེ། ཆགས་པས་ཀུན་ནས་བསླངས་པའི་གླུ་ལེན་པ་ཡོད་པའི་ཕྱིར། དམྱལ་བ་དང་སྒྲ་མི་སྙན་མ་གཏོགས་པའི་འདོད༷་པའི༷་ཁམས་གཞན༷་ན༷་མི༷་དགེ༷་བ་བཅུ༷་ག་ཡོད་དོ། །ལྷ་ལ་སྲོག་གཅོད་ཇི་ལྟར་ཡོད་ཅེ་ན། ཡོད་དེ། ནང་མི་གསོད་ཀྱང་འགྲོ་བ་གཞན་གསོད་པ་ཡོད་པའི་ཕྱིར་དང༌། ཡང་ན་ལྷའི་མགོ་དང་རྐེད་པ་ཆད་ན་འཆི་བར་བཤད་པའི་ཕྱིར། ཡིད་ཀྱི་དགེ༷་བ༷་གསུམ༷་ནི༷་འགྲོ་བ་ཐམ༷ས་ཅད༷་ན༷་རྙེད༷་པ་དང༷་མངོན༷་དུ༷་གྱུར༷་པའི་སྒོ༷་ནས༷་ཡོད། གཟུག༷ས་མེད༷་དུ་སྐྱེས་པའི་འཕགས་པ་ལ་ཟག་མེད་ཀྱི་སྡོམ་པས་བསྡུས་པའི་སྤོང་བ་བདུན་རྙེད་པས་ཡོད་ཅིང༌། མངོན་གྱུར་དུ་མེད་ལ། འདུ༷་ཤེས༷་མེད༷་པའི་སེམ༷ས་ཅན་ལ་བསམ་གཏན་གྱི༷་སྡོམ་པས་བསྡུས་པའི་སྤོང་བ་བདུན༷་རྙེད༷་པས༷་ཡོད༷་ཀྱི། མངོན་གྱུར་དུ་མེད་དོ། །དེ་གཉིས་ལས་ལྷག༷་མར༷་བྱས༷་པའི་ཁམས་དང་འགྲོ་བ་གཞན་ན༷་ལུས་ངག་གི་བདུན་མངོན༷་དུ༷་གྱུར༷་པའི༷་སྒོ༷་ནས༷་ཀྱང༷་ཡོད་དེ། ལྷ་དང་མི་ལ་སྡོམ་པས་བསྡུས་པ་ཡོད། དུད་འགྲོ་དང་ཡི་དྭགས་ལ་བར་མས་བསྡུས་པ་ཡོད་པའི་ཕྱིར། འོན་ཀྱང་དམྱལ༷་བཅས༷་སྒྲ༷་མི༷་སྙན༷་ནི་མ༷་གཏོག༷ས་ཏེ། སྡོམ་པ་ཡང་དག་པར་ལེན་པ་དང༌། ཏིང་ངེ་འཛིན་མེད་པའི་ཕྱིར།", "target": {"entries": [{"title": "དགེ་རྩ་གཅོད་པ་དང་མཚམས་སྦྱོར་ཚུལ", "level": 1, "start": 0, "anchor": "བཞི་པ་དགེ་རྩ་གཅོད་པ་དང་མཚམས་སྦྱོར་ཚུལ་ནི"}, {"title": "སེམས་པ་ལས་ལམ་དུ་དང་ལྷན་ཅིག་འབྱུང་བ", "level": 1, "start": 1772, "anchor": "ལྔ་པ་སེམས་པ་ལས་ལམ་དུ་དང་ལྷན་ཅིག་འབྱུང་བ་"}, {"title": "ཁམས་དང་འགྲོ་བ་གང་ན་ལས་ལམ་དུ་ཡོད་པ", "level": 1, "start": 3837, "anchor": "དྲུག་པ་ཁམས་དང་འགྲོ་བ་གང་ན་ལས་ལམ་དུ་ཡོད་པ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5732, "headings": 3}} {"id": "IBA-LWS-08-076", "input": "བདུན་པ་ལས་ལམ་གྱི་འབྲས་བུ་ནི། མི་དགེ་བའི་ལས་ལམ་ཐམ༷ས་ཅད༷་ཀྱིས་བདག༷་པོའི༷་འབྲས་བུ་དང༌། རྒྱུ༷་མཐུན༷་གྱི་འབྲས་བུ་དང༷༌། རྣམ༷་སྨིན༷་གྱི་འབྲས༷་བུ༷་གསུམ་གསུམ་འབྱིན༷་པར༷་འདོད༷་དེ། མི་དགེ་བ་བཅུ་ཆར་སྤྱད་པའི་རྣམ་སྨིན་ལས་དམྱལ་བ་དང༌། འབྲིང་དུ་སྤྱད་པ་ལས་དུད་འགྲོ་དང༌། ཆུང་ངུ་སྤྱད་པ་ལས་ཡི་དྭགས་སུ་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་སྲོག་བཅད་པས་ཚེ་ཐུང་བ་དང༌། མ་བྱིན་པར་བླངས་པས་ལོངས་སྤྱོད་ཀྱིས་ཕོངས་པ་དང༌། མི་ཚངས་པར་སྤྱད་པས་ཆུང་མ་འགྲན་ཟླ་དང་བཅས་པ་དང༌། ཚིག་རྩུབ་ཀྱིས་སྐུར་པ་མང་བ་ལ་སོགས་པ་དང༌། སྲོག་གཅོད་ཀྱིས་བདག་པོའི་འབྲས་བུ་ཕྱི་རོལ་གྱི་ཡུལ་གཟི་བརྗིད་ཆུང་བ་དང༌། མ་བྱིན་ལེན་གྱིས་ཡུལ་གནོད་པ་མང་བ་སོགས་སུ་སྐྱེ་བའི་ཕྱིར། ལས་ཐམས་ཅད་ཀྱིས་འབྲས་བུ་གསུམ་གསུམ་འབྱིན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། སྲོག་གཅོད་ལྟ་བུའི་སྦྱོར་བས་ཕ་རོལ་པོ་སྡུག༷་བསྔལ༷་བར་བྱས་པའི་ཕྱིར༷་དང༷༌། དངོས་གཞི་ལ་བསད༷་པའི་ཕྱིར༷་དང༷༌། མཇུག་གཟི༷་བྱིན༷་མེད༷་པར་བྱས་པའི་ཕྱིར༷་ན་འབྲས༷་བུ་རྣམ༷་པ་གསུམ༷་གསུམ་འབྱིན་ནོ། །", "target": {"entries": [{"title": "ལས་ལམ་གྱི་འབྲས་བུ", "level": 1, "start": 0, "anchor": "བདུན་པ་ལས་ལམ་གྱི་འབྲས་བུ་ནི། མི་དགེ་བའི་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 836, "headings": 1}} {"id": "IBA-LWS-08-077", "input": "གཉིས་པ་ལོག་འཚོ་ལོགས་སུ་སྟོན་པའི་རྒྱུ་མཚན་ནི། མདོ་ལས། ལོག་པའི་ལས་ཀྱི་མཐའ་དང༌། ལོག་པའི་ངག་དང༌། ལོག་པའི་འཚོ་བ་ཞེས་གསུངས་ན། དེ་སྔ་མ་གཉིས་ལས་གཞན་པའི་ལོག་འཚོ་དེ་གང་ཞེ་ན། དེ་མེད་དེ། འདོད་ཆག༷ས་ལས༷་སྐྱེས༷་པའི་ལུས༷་དང་ངག༷་གི་ལས༷་ནི་ལོག་འཚོ་སོགས་གསུམ་ག་ཡིན་པའི་ཕྱིར། འོ་ན། དེ་གཉིས་ལ་ལོག་འཚོས་ཁྱབ་བམ་ཞེ་ན། མ་ཡིན་ཏེ། ཞེ་སྡང་དང་གཏི་མུག་ལས་སྐྱེས་པའི་ལུས་དང་ངག་གི་ལས་ནི་ལོག་པའི་ལས་ཀྱི་མཐའ་དང་ལོག་པའི་ངག་ཁོ་ན་ཡིན་གྱི། ལོག་འཚོ་མ་ཡིན་པའི་ཕྱིར། འོ་ན། དེ་ལས་གཞན་པའི་ལོག་འཚོ་མེད་ན། དེ་ལོགས་སུ་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། ལོག༷་འཚོ༷་དེ་སྦྱང༷་དཀའ༷་བའམ་འདག་དཀའ་བ་དེ་ཤེས་པའི་ཆེད་ཡིན་པའི་ཕྱིར་ཏེ། དགའ་བའི་རྣམ་པས་འཇུག་པས་སེམས་རྒྱུད་ལ་འབྲལ་བར་དཀའ་བའི་ཕྱིར་དང༌། དགེ་འདུན་གྱི་འཚོ་བ་གཞན་ལ་རག་ལས་པའི་ཕྱིར༷་ལོག༷ས་ཤིག༷་ཏུ་བསྟན༷་ཏོ༷། གལ༷་ཏེ༷་འཚོ་བའི་ཡོ༷་བྱད༷་ལ༷་ཆགས་པས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ལོག་འཚོ་ཡིན་གྱི། དགའ་བའི་ཕྱིར་གླུ་ལེན་པ་ལ་སོགས་པ་ཆག༷ས་པས་ཀུན་ནས་བསླང༷ས་པའི་ལུས་ངག་གི་ལས་ལོག་འཚོ་མིན་ནོ་ཞེ་ན། དེ་མིན་ཏེ། ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ༷་དང༷་འགལ༷་བའི་ཕྱིར༷་ཏེ། མདོ་ལས་དགེ་སློང་དད་པས་བྱིན་པ་ལོངས་སྤྱད་ནས་གླང་པོ་ཆེ་འཐབ་པ་ལ་སོགས་པ་ལ་བལྟས་ན་ལོག་འཚོར་གསུངས་པའི་ཕྱིར། གསུམ་པ་ལས་གང་འབྲས་བུ་དུ་དང་བཅས་པ་ནི། འོ་ན། ལས་གང་འབྲས་བུ་དུ་དང་བཅས་པ་ཡིན་ཞེ་ན། དྲིར༷་བཅས༷་སྤོང༷་བའི༷་ལམ༷་འཇིག་རྟེན་པའི་སྒོམ་ལམ་བར་ཆད་མེད་ལམ་དག༷་གི༷་ལས༷་ནི༷་ལྔ༷འི༷་འབྲས༷་བུར༷་བཅས༷་ཏེ། ཟག་བཅས་དགེ་བ་ཡིན་པས་རྣམ་སྨིན་གྱི་འབྲས་བུ་དང་བཅས། དེའི་སྟོབས་ཀྱིས་སྤང་བྱ་སྤངས་ཐོབ་དང་རྣམ་གྲོལ་ལམ་སོགས་ཅིག་ཅར་འབྱུང་བ་དང༌། རྗེས་ཐོག་དེ་མ་ཐག་ཏུ་སྐྱེས་པ་སྐྱེས་བུའི་བྱེད་འབྲས་དང༌། དེའི་སྔོན་བྱུང་བ་མིན་པའི་འདུས་བྱས་ནི་བདག་པོའི་འབྲས་བུ་དང༌། རིགས་འདྲ་ཕྱི་མ་རྣམས་ནི་རྒྱུ་མཐུན་གྱི་འབྲས་བུ་དང༌། བར་ཆད་མེད་ལམ་ཡིན་པས་འོག་སའི་ཉོན་མོངས་བྲལ་བའི་འབྲས་བུ་བཅས་པ་ཡིན་པའི་ཕྱིར། དྲི༷་མེད༷་སྤོང་ལམ་ནི་བཞི༷འི༷་འབྲས་བུ་དང་བཅས་ཏེ། རྣམ་སྨིན་མི་རུང་བའི་ཕྱིར། ཟག༷་བཅས༷་སྤོང་ལམ་ལས་གཞན༷་པའི་དགེ༷་བའི་ལས་དང༷་མི༷་དགེ༷་བ་གང༷་ཡིན༷་པ༷་དེའང༷་བཞིའི་འབྲས་བུར་བཅས་ཏེ། བྲལ་འབྲས་མི་སྲིད་པའི་ཕྱིར། ཟག༷་པ༷་མེད༷་པའི༷་སྤོང་ལམ་གྱི་ལྷག༷་མ༷་སྦྱོར་བ་དང༷༌། རྣམ་གྲོལ་དང༌། ཁྱད་པར་གྱི་ལམ་དང༌། དགེ་མི་དགེར་ལུང༷་བསྟན༷་པ་མིན༷་པ་བསྒྲིབས་པ་དང༌། མ་སྒྲིབས་པའི་ལས་གང༷་ཡིན་པ་ནི་རྣམ་བྲལ་མ་གཏོགས་པ་གསུམ༷་གྱིས༷་འབྲས་བུ་དང་བཅས་སོ༷། །དགེ༷་བའི༷་འབྲས་བུ་དགེ༷་བ་ལ༷་ནི་རྣམ་སྨིན་གྱི་རྒྱུ་རུང་བ་སྲིད་ཀྱང༌། དེའི་འབྲས་བུར་མི་རུང་བས་འབྲས་བུ་བཞི༷་དང༷་བཅས་སོ། སོག༷ས་པ༷་དགེ་བས་མི་དགེ་བསྐྱེད་པ་ལ་ནི༷་འབྲས་བུ་སྐྱེས་བདག་གཉིས༷་དང༷༌། དེ༷་བཞིན༷་དགེ་བས་ལུང་མ་བསྟན་སྐྱེད་པ་ལའང་རྣམ་བདག་སྐྱེས་གསུམ༷་དང༌། མི༷་དགེ༷་བའི་འབྲས་བུ་དགེ༷་བ་ལ་ནི་སྐྱེས་བདག་གཉིས༷་དང༷༌། སོག༷ས་སྒྲས་མི་དགེ་བས་མི་དགེ་བསྐྱེད་པ་ལ་ནི༷་སྐྱེས་བདག་རྒྱུ་མཐུན་གསུམ༷་མོ། །མི་དགེ་བས་ལུང་མ་བསྟན་སྐྱེད་པ་ལ་བྲལ་བ་བོར་བའི་འབྲས་བུ་བཞི༷་ཡིན་ཏེ༷། མི་དགེ་བ་ཀུན་འགྲོས་འཇིག་མཐར་གྱི་ལྟ་བའི་བསྒྲིབས་ལུང་མ་བསྟན་སྐྱེད་པར་ཡོད་པས་སོ། །དེ་དག་རིམ༷་པ༷་བཞིན༷་དུ་གོང་འོག་སྦྱོར་རོ། །ལུང༷་དུ་བསྟན༷་མིན༷་གྱི༷་འབྲས་བུ་དགེ༷་བ་ལ༷་ནི་སྐྱེས་བདག་གཉིས༷་སོ། །སོག༷ས་དང༷་དེ༷་དག༷་གི་སྒྲས་ལུང་མ་བསྟན་གྱི་མི་དགེ་བ་སྐྱེད་པ་ལ་སྐྱེས་བདག་རྒྱུ་གསུམ༷་མོ། །འདས༷་པའི༷་ཆོས་ཟག་བཅས་ཀྱིས་འདས་མ་འོངས་ད་ལྟར་བྱུང་བ་ཐམ༷ས་ཅད༷་སྐྱེད་པ་ལ་ནི་འབྲས་བུ་བཞི༷་བཞི་ཡིན་ཏེ། བྲལ་འབྲས་ཁམས་དང་དུས་ཀྱིས་མ་བསྡུས་པའི་ཕྱིར། བར༷་མ༷་ད་ལྟར་བྱུང་བ་ཡི༷་ནི༷་འབྲས་བུ་མ༷་འོང༷ས་པ་ཡིན་པ་ལའང༷་བཞི་ཡིན་ཏེ། སྔ༷་མ༷་དང་འདྲའོ། །བར༷་མ༷་ད་ལྟར་བྱུང་བས་ད་ལྟར་བྱུང་བ་སྐྱེས་ན་སྐྱེས་བདག་གཉིས༷་སོ༷། །ལས་མ༷་སྐྱེས༷་པ༷་ནི་མ་འོངས་པ་སྟེ། དེའི་འབྲས༷་བུ༷་མ༷་འོང༷ས་པ་ཡིན་ན། རྒྱུ་བྲལ་གཉིས་མ་གཏོགས་པའི་གསུམ༷་ཡིན༷་ནོ༷། །རང༷་གི༷་ས༷་པ༷འི་ལས་ཀྱིས་རང་གི་ས་པའི་ཆོས་སྐྱེད་ན་འབྲས་བུ་བཞི༷་ཡིན༷་ཏེ༷། བྲལ་འབྲས་ནི་སས་མ་བསྡུས་པའི་ཕྱིར། གཞན༷་གྱི༷་ས༷་བས༷་གཞན་སྐྱེད་ན་འབྲས་བུ་གསུམ༷་བྱེད་པ་ནི་ཟག་མེད་བསམ་གཏན་དང༷་པོར་བརྟེན་པས་བསམ་གཏན་གཉིས༷་པར་བརྟེན་པ་སྐྱེད་པ་ན་སྐྱེས་བདག་གཉིས་དང་ས་དགུའི་ལམ་ཕན་ཚུན་དུ་རྒྱུ་ཡིན་པས་ན་རྒྱུ་མཐུན་ནོ། །གཉིས་བྱེད་པ་ནི་ཟག་བཅས་བསམ་གཏན་གཉིས་པས་ཟག་བཅས་བསམ་གཏན་གསུམ་པ་སྐྱེད་ན་ཕན་ཚུན་རྒྱུ་མཐུན་མེད་དོ། །སློབ༷་པའི༷་ལས་ཀྱིས་སློབ༷་པའི་ཆོས་སྐྱེད་ན་སྐྱེས་བདག་རྒྱུ་གསུམ་མོ། །ལ༷་སོག༷ས་པའི༷་སྒྲས་མི་སློབ་བསྐྱེད་ནའང་དེ་དང་འདྲ། སློབ་པས་སློབ་མི་སློབ་གཉིས་ཀ་མིན་པའི་ཆོས་སྐྱེད་ན་འབྲས་བུ་རྣམ་རྒྱུ་བོར་བ་རྒྱུ་གསུམ༷་མོ། །མི༷་སློབ༷་པའི་ལས༷་ཀྱི༷་འབྲས༷་བུ༷་ནི༷་སློབ༷་པའི༷་ཆོས༷་དང༷༌། ལ༷་སོག༷ས་པ་མི་སློབ་པ་དང༌། དེ་གཉིས་གང་ཡང་མ་ཡིན་པ་ནི་རིམ་པ་བཞིན་དུ་བདག་འབྲས་གཅིག༷་དང༷༌། སྐྱེས་བདག་གཉིས་དང་རྒྱུ་མཐུན་ཏེ་གསུམ༷་དང༷༌། སྐྱེས་བདག་གཉིས༷་ཡིན༷་ནོ༷། །དེ༷་ལས༷་གཞན༷་པའི༷་ལས་ཀྱི་འབྲས༷་བུ༷་ནི༷་སློབ༷་པ་དང༌། སོག༷ས་པ་མི་སློབ་པ་དང༌། དེ་གཉིས༷་གང༷་ཡང་མིན་པ་ནི་སྐྱེས་བདག་གཉིས༷་དང༷༌། དེ་གཉིས་དང༌། ལྔ༷་དང་བཅས། མཐོང༷་བས༷་སྤང༷་བྱའི༷་ལས་ཀྱི་འབྲས་བུ་མཐོང་སྤང་དེ༷་དང༌། ལ༷་སོག༷ས་པ་སྒོམ་སྤང་དང༌། སྤང་བྱ་མིན་པ་ནི་སྐྱེས་བདག་གཉིས་དང་རྣམ་རྒྱུ་མཐུན་ཏེ་གསུམ༷་དང༷༌། བྲལ་འབྲས་མ་གཏོགས་པ་བཞི༷་དང༷༌། བདག་འབྲས་གཅིག༷་ཡིན༷་ནོ༷། །བསྒོམ༷་པས༷་སྤང༷་བར༷་བྱ༷་བའི་ལས༷་ཀྱི༷་འབྲས་བུ་མཐོང་སྤང་དང༌། སྒོམ་སྤང་དང༌། སྤང་བྱ་མིན་པ་དེ༷་དག༷་ནི་སྐྱེས་བདག་གཉིས༷་དང༷༌། བྲལ་འབྲས་མ་གཏོགས་པ་བཞི༷་དང༷༌། བྲལ་འབྲས་སྐྱེས་བདག་གཉིས་ཏེ་གསུམ་དང༌། སྤང་བྱ་མ་ཡིན་པའི་ལས་ཀྱི་འབྲས་བུ་མཐོང་སྤང་དང༌། སྒོམ་སྤང་དང༌། སྤང༷་བྱ༷་མིན༷་པའི༷་དེ༷་དག༷་ནི་བདག་འབྲས་གཅིག༷་དང༌། སྐྱེས་བདག་གཉིས༷་དང༷༌། རྣམ་སྨིན་མ་གཏོགས་པ་བཞི༷འི་འབྲས་བུར་བཅས་པ་སྟེ༷་ཐམས་ཅད་གོ༷་རིམ༷་བཞིན༷་དུ་སྦྱར་བ་ཡིན་ནོ། །", "target": {"entries": [{"title": "ལོག་འཚོ་ལོགས་སུ་སྟོན་པའི་རྒྱུ་མཚན", "level": 1, "start": 0, "anchor": "གཉིས་པ་ལོག་འཚོ་ལོགས་སུ་སྟོན་པའི་རྒྱུ་མཚན"}, {"title": "ལས་གང་འབྲས་བུ་དུ་དང་བཅས་པ", "level": 1, "start": 1059, "anchor": "གསུམ་པ་ལས་གང་འབྲས་བུ་དུ་དང་བཅས་པ་ནི། འོ་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4679, "headings": 2}} {"id": "IBA-LWS-08-078", "input": "བརྒྱད་པ་རིགས་པ་དང་རིགས་པ་མིན་པས་བསྐྱེད་པའི་ལས་ཀྱི་དབྱེ་བ་ནི། བསྟན་བཅོས་ལས། རིགས་པ་མིན་པས་བསྐྱེད་པ་དང༌། རིགས་པས་བསྐྱེད་པ་དང༌། གཉིས་ཀ་བསྐྱེད་པ་མིན་པའི་ལས་གསུམ་གསུངས་པ་ལས། རིག༷ས་པ་མིན༷་པས་བསྐྱེད༷་པའི༷་ལས་ནི་ཉོན༷་མོང༷ས་ཅན༷་རང་བཞིན་གྱི་ཁ་ན་མ་ཐོ་བ་མི་དགེ་བ་དང་བསྒྲིབས་ལ་ལུང་མ་བསྟན་ཡིན་ཏེ། ཚུལ་བཞིན་མིན་པའི་ཡིད་ལ་བྱེད་པས་བསྐྱེད་པའི་ཕྱིར། སྔོན་གྱི་སློབ་དཔོན་ཁ༷་ཅིག༷་ནི། དེ་ནི་ལས་ཉོན་མོངས་ཅན་ཁོ་ནར་མ་ཟད་ཀྱི། བཅས་པའི་ཁ་ན་མ་ཐོ་བ་འགྲོ་བ་དང༌། གནས་པ་དང༌། བཟའ་བ་དང༌། བགོ་བ་ལ་སོགས་པ་འཇིག་རྟེན་ན་གྲགས་པའི་ཆོ༷་ག༷་ལས་ཉམ༷ས་ནས་དེ་དང་མི་མཐུན་པར༷་བྱེད་པའང༷་རིགས་པ་མིན་པས་བསྐྱེད་པ་ཡིན་ནོ་ཞེ༷འོ༷། །རིགས་པས་བསྐྱེད་པ་ནི་ལས་དགེ་བ་ཡིན་ནོ། ། དགུ་པ་འཕེན་བྱེད་དང་རྫོགས་བྱེད་ཀྱི་དབྱེ་བ་ནི། ཅི་ལས་གཅིག༷་གིས༷་སྐྱེ༷་བ༷་གཅིག༷་ཁོ་ན་འཕེན༷་ནམ། འོན་ཏེ་དུ་མ་འཕེན། དེ་བཞིན་དུ་ལས་དུ་མས་སྐྱེ་བ་དུ་མ་ཁོ་ན་འཕེན་ནམ། འོན་ཏེ་གཅིག་རྐྱང་པ་འཕེན་ཞེ་ན། ལས་གཅིག་གིས་སྐྱེ་བ་གཅིག་འཕེན་གྱི། སྐྱེ་བ་དུ་མ་འཕེན་པ་མེད་ལ། རིས་མཐུན་དུམ་བུར་འཕེན་དུ་འོང་བས་ན། ལས་དུ་མས་སྐྱེ་བ་གཅིག་འཕེན་པའང་མེད་དོ། །ལས་གཅིག་གིས་འཕངས་པའི་རིས་མཐུན་པའི་སྐྱེ་བ་དེའི་ཁྱད་པར་གྱི་ཆོས་ཡོང༷ས་སུ་རྫོག༷ས་པར་བྱེད༷་པའི༷་ལས་ནི་དུ༷་མ༷་ཡིན༷་ཏེ། དཔེར་ན། རི་མོ་མཁན་མཁས་པས་སྐྱ་རིས་རི་ལུ་གཅིག་གིས་བྱས་ནས། གཞན་རྣམས་ཀྱིས་ཚོན་སྣ་ཚོགས་ཀྱིས་རྫོགས་པར་བྱེད་པ་ལྟར། མིང་མཚུངས་ཀྱང་ཁ་ཅིག་ནི་རྫོགས་བྱེད་དགེ་བས་གཟུགས་བཟང་བ་དང༌། དབང་པོ་ཚང་བ་དང༌། ལོངས་སྤྱོད་ཆེ་བ་དང༌། ནད་མེད་པ་དང༌། དབང་ཐང་ཕུན་སུམ་ཚོགས་པ་ལ་སོགས་པ་ཡིན་ལ། ཁ་ཅིག་ནི་རྫོགས་བྱེད་མི་དགེ་བས་གཟུགས་ངན་པ་ལ་སོགས་པ་ཡིན་ནོ། །དེས་ན་འཕེན་བྱེད་དགེ་བ་ལ་རྫོགས་བྱེད་མི་དགེ་བ་དང༌། དེ་ལས་བཟློག་པ་དང༌། གཉིས་ཀ་དགེ་བ་དང༌། མི་དགེ་བ་སྟེ་མུ་བཞི་ལས། དང་པོ་ནི་འདོད་པའི་ལྷ་མི་སྡུག་བསྔལ་ཅན་ལྟ་བུ་དང༌། གཉིས་པ་ནི་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་དང༌། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ལ་སོགས་པ་དང༌། གསུམ་པ་ནི་བརྒྱ་བྱིན་ལ་སོགས་པ་དང༌། བཞི་པ་ནི་མནར་མེད་པའི་སེམས་ཅན་ལྟ་བུའོ། །མདོ་སྡེ་པ་ལ་སོགས་པ་དག་ནི། ལས་གཅིག་གིས་སྐྱེ་བ་དུ་མ་འཕེན་པ་མདོ་དེ་དང་དེ་ལས་རྣམ་པ་དུ་མ་བཤད་པའི་ཕྱིར། ལས་གཅིག་གིས་སྐྱེ་བ་དུ་མ་དང༌། དུ་མས་གཅིག་འཕེན་པའང་ཡོད་ཅེས་འདོད་དོ། །གལ་ཏེ་ལས་ཐམས་ཅད་སྐྱེ་བ་འཕེན་བྱེད་མ་ཡིན་ནམ་ཞེ་ན། སེམ༷ས་མེད༷་འགོག་པ་དང་འདུ་ཤེས་མེད་པའི་སྙོམ༷ས་པར༷་འཇུག༷་པ༷་དག་ནི་རྣམ་སྨིན་དང༷་བཅས་ཀྱང་འཕེན༷་བྱེད༷་མ༷་ཡིན༷་ཏེ། སེམས་མེད་ཡིན་པས་སེམས་དང་ལྷན་ཅིག་མི་འབྱུང་བའི་ལས་སྟོབས་ཆུང་བའི་ཕྱིར་དང༌། ལྷ་ཚེ་རིང་པོ་དང་སྲིད་པའི་རྩེ་མོའི་རྫོགས་བྱེད་ཡིན་གྱི། དེ་གཉིས་ཀྱི་འཕེན་བྱེད་ནི་བསམ་གཏན་བཞི་པ་དང་སྲིད་རྩེའི་སྙོམས་འཇུག་ཡིན་པའི་ཕྱིར། དགེ་མི་དགེའི་ཐོབ༷་པ༷འང༷་ལས་དང་ལྷན་ཅིག་པ་ཡིན་ཀྱང༌། འཕེན་བྱེད་མིན་ཏེ། ཐོབ་པ་ལ་སེམས་པ་མེད་པར་ཞར་ལས་འབྱུང་བས་སྟོབས་ཆུང་བའི་ཕྱིར་དང༌། ཐོབ་པ་ནི་ཤིང་གི་ཤུན་པ་ལྟར་ལས་ལས་ཐ་དད་ཡིན་པའི་ཕྱིར། འོན་ཀྱང་དགེ་བ་ཟག་བཅས་དང་མི་དགེ་བའི་ཐོབ་པ་དེ་དག་རྫོགས་བྱེད་ནི་ཡིན་ནོ། དེ་བཞིན་དུ་འཕགས་པའི་རྒྱུད་ལ་ཡོད་པའི་ཟག་བཅས་ཀྱི་ལས་དང༌། སྦྱོར་ལམ་ངེས་འབྱེད་ཆ་མཐུན་བཞི་ཡང་རྫོགས་བྱེད་ཁོ་ནའོ། ། བཅུ་པ་སྒྲིབ་པ་གསུམ་བཤད་པ་ནི། ཡང་མདོ་ལས། ལས་སྒྲིབ། ཉོན་སྒྲིབ། རྣམ་སྨིན་གྱི་སྒྲིབ་པ་གསུམ་གསུངས་པ་གང་ཞེ་ན། ཕ་མ་དགྲ་བཅོམ་བསད་པ་དང༌། དགེ་འདུན་གྱི་དབྱེན་བྱེད་པ་དང༌། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ། མཚ༷མས་མེད༷་པ༷འི༷་ལས༷་ལྔ་པོ་རྣམ༷ས་ནི་ལས་སྒྲིབ་དང༷༌། ཉོན༷་མོང༷ས་པ་ཤས༷་ཆེན༷་པོ་སྟེ་ཆུང་ངུ་ལས་འབྲིང་དང༌། འབྲིང་ལས་ཆེན་པོ་རྒྱུན་ཆགས་སུ་འབྱུང་བས་གཉེན་པོས་སྤོང་བའི་སྐབས་མི་རྙེད་པ་ནི་ཉོན་སྒྲིབ། དྲག་ཏུ་འབྱུང་བ་ནི་སྤང་སླ་བའི་ཕྱིར་ཉོན་སྒྲིབ་མིན་ནོ། །ངན༷་འགྲོ༷་གསུམ་དང༷༌། འདུ༷་ཤེས༷་མེད༷་པའི༷་སེམ༷ས་ཅན༷་དང༷༌། བྱང་གི་སྒྲ༷་མི༷་སྙན༷་དུ་སྐྱེས་པ་རྣམས་ནི་རྣམ་སྨིན་གྱི་སྒྲིབ༷་པ་སྟེ། སྔར་གྱི་ལས་ཀྱིས་རྒྱུན་ངན་པར་འཕངས་པའི་ཕྱིར། དེ་ལྟར་ན་སྒྲིབ་པ་གསུམ༷་དུ༷་འདོད༷་དེ། འཕགས་པའི་ལམ་དང་དྲོ་བར་བྱེད་པ་ལ་སོགས་པ་འཕགས་པའི་ལམ་ལ་སྦྱོར་བར་བྱེད་པའི་དགེ་བ་ལ་སྒྲིབ་པ་དང་གེགས་སུ་གྱུར་པའི་ཕྱིར། འོ་ན། ལམ་ཕྲན་པ་དང༌། སོར་ཕྲེང་ཅན་དང༌། དགའ་བོ་ལ་སོགས་པ་ཉོན་མོངས་པ་ཤས་ཆེན་པོ་དང་ལྡན་པའི་ཕྱིར་དེ་དག་ལ་འཕགས་ལམ་མི་སྐྱེ་བར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དེ་དག་གིས་ཀྱང་ཇི་སྲིད་སྒྲིབ་པ་དེ་དག་མ་སྤངས་པ་དེ་སྲིད་དུ་ལམ་མི་སྐྱེ་ལ། ལམ་སྐྱེ་བ་ན་ཉོན་མོངས་ཤས་ཆེན་པོ་མེད་པའི་ཕྱིར། སྒྲིབ་པ་གསུམ་པོ་དེ་དག་ལས་མཚམ༷ས་མེད༷་པ་ལྔ་ནི་གླིང༷་གསུམ༷་དག༷་ན༷་ཡོད༷་ཀྱི། བྱང་སྒྲ་མི་སྙན་དང་འགྲོ་བ་གཞན་དག་ན་མེད་དོ། །ངན་སོང་དག་ན་ཕ་མ་གསོད་པ་ལ་སོགས་པ་ཡོད་ཀྱང་མཚམས་མེད་དུ་མི་འགྱུར་ཏེ། སྡིག་པའི་བསམ་པ་མི་བརྟན་པའི་ཕྱིར་དང༌། ལས་འབྲས་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །ལྷ་ལ་ནི་ཕ་མ་གསོད་པ་ལ་སོགས་པ་མེད་དེ། སྡིག་པའི་བསམ་པ་ཅན་མ་ཡིན་པའི་ཕྱིར་དང༌། ལས་འབྲས་མངོན་སུམ་དུ་གྱུར་པའི་ཕྱིར། སྒྲ་མི་སྙན་པ་ལའང་མེད་དེ། དེ་དག་ནི་རང་བཞིན་གྱིས་ཚུལ་ཁྲིམས་དང་ལྡན་པའམ་ངང་ཚུལ་བཟང་བའི་ཕྱིར་དང༌། དེ་ན་བསྟན་པ་མེད་པའི་ཕྱིར། གླིང་གསུམ་གྱིའང་ཟ༷་མ༷་དང༌། སོག༷ས་སྒྲས་མ་ནིང་དང༌། མཚན་གཉིས་པ་ལ༷འང་མཚམས་མེད་མི༷་འདོད༷་དོ༷། །ཅིའི་ཕྱིར་ཞེ་ན། དེ་དག་གི་ཕ་མའི་ངོས་ནས་ལུས་དབང་པོ་མ་ཚང་བ་བསྐྱེད་པ་དང༌། བྱམ༷ས་པ་དང་ཕན༷་པ་ཆུང་བའི་ཕྱིར་དང༷༌། བུ་ཚའི་ངོས་ནས་ཀྱང་ཕ་མ་ལ་ངོ༷་ཚ༷་དང་ཁྲེལ་ཡོད་ཤས་ཆུང༷་བའི༷་ཕྱིར༷་རོ། །ལས་སྒྲིབ་ཀྱི་ལྷག༷་མ༷་ཉོན་མོངས་པ་དང་རྣམ་སྨིན་གྱི་སྒྲིབ་པ་གཉིས་ནི་འདུ་ཤེས་མེད་པའི་སེམས་ཅན་དང༌། སྒྲ་མི་སྙན་པ་དང༌། ངན་སོང་བ་ཐམས་ཅད་རྣམ་སྨིན་གྱི་སྒྲིབ་པ་གཉིས་ནི་འདུ་ཤེས་མེད་པའི་སེམས་ཅན་དང༌། སྒྲ་མི་སྙན་པ་དང༌། ངན་སོང་བ་ཐམས་ཅད་རྣམ་སྨིན་གྱི་སྒྲིབ་པ་ཡིན་ལ། ཉོན་མོངས་ཤས་ཆེན་པོའང་ཐམས་ཅད་ན་ཡོད་པས་འགྲོ༷་བ༷་ལྔ༷་དག༷་ན༷་ཡོད་དོ། །", "target": {"entries": [{"title": "རིགས་པ་དང་རིགས་པ་མིན་པས་བསྐྱེད་པའི་ལས་ཀྱི་དབྱེ་བ", "level": 1, "start": 0, "anchor": "བརྒྱད་པ་རིགས་པ་དང་རིགས་པ་མིན་པས་བསྐྱེད་པ"}, {"title": "འཕེན་བྱེད་དང་རྫོགས་བྱེད་ཀྱི་དབྱེ་བ", "level": 1, "start": 612, "anchor": "དགུ་པ་འཕེན་བྱེད་དང་རྫོགས་བྱེད་ཀྱི་དབྱེ་བ"}, {"title": "སྒྲིབ་པ་གསུམ་བཤད་པ", "level": 1, "start": 2558, "anchor": "བཅུ་པ་སྒྲིབ་པ་གསུམ་བཤད་པ་ནི། ཡང་མདོ་ལས། "}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4648, "headings": 3}} {"id": "IBA-LWS-08-080", "input": "བཅུ་གཉིས་པ་ཉེ་བ་ལ་བཤད་པ་ནི། ཅི་མཚམས་མེད་ཁོ་ནས་དམྱལ་བར་ངེས་པར་སྐྱེའམ་ཞེ་ན། མཚམས་མེད་དང་ཆ་འདྲ་བ་རྣམས་ཀྱིས་ཀྱང་ངེས་པར་སྐྱེ་བར་འགྱུར་རོ། །དེ་དག་ཀྱང་གང་ཞེ་ན། མའང་ཡིན་ལ་དགྲ༷་བཅོམ༷་མ༷འང་ཡིན་པ་ཞིག་འདོད་ལོག་གིས་སུན༷་ཕྱུང་བར་བྱས༷་པ་དང༷༌། བྱང༷་ཆུབ༷་སེམ༷ས་དཔའ༷་ངེས༷་པ་ལ་གནས༷་པ་བསད་པ་དང༷༌། འཕགས་པ་སློབ༷་པའི༷་གང་ཟག་བདུན་པོ་གང་ཡང་རུང་བ་གསོད༷་པ་དང༷༌། དགེ༷་འདུན༷་གྱི༷་འདུ༷་བའི༷་སྒོ༷་འཕྲོག༷་པ༷་སྟེ་བཞི་པོ་དེ་དག༷་ནི་རིམ་པ་ལྟར། མ་དང༌། ཕ་དང༌། དགྲ་བཅོམ་པ་གསོད་པ་དང༌། དགེ་འདུན་གྱི་དབྱེན་བྱེད་པའི་མཚམ༷ས་མེད༷་པ༷་རྣམས་དང༷་ཉེས་པ་ཆ༷་འདྲ༷་བ་ཡིན་པས། དེ་རྣམས་དང་ཉེ་བ་ཞེས་བྱ་སྟེ༷། འདི་རྣམས་ཀྱིས་ཀྱང་དམྱལ་བ་ཁོ་ནར་སྐྱེ་བའི་ཕྱིར། དེ་བཞིན་དུ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ལྔ༷་པ༷་དང་ཉེ་བ་ནི་ཞེ་སྡང་ལ་སོགས་པས་ཀུན་ནས་བསླངས་ཏེ་མཆོད༷་རྟེན༷་དང་སྐུ་གསུང་ཐུགས་ཀྱི་རྟེན་འཇིག༷་པར༷་བྱེད་པ་ཡིན༷་ནོ། །དེ་ལ་དགེ་འདུན་གྱི་འདུ་བའི་སྒོ་འཕྲོག་པ་ནི་ནར་མར་འདུ་བ་འཕྲོག་པ་ལ་བཞེད་དོ། །གཞན་ཡང་གེགས་བྱེད་པའི་རྣམ་སྨིན་དང་བཅས་པའི་ལས་གསུམ་བཤད་དེ། དཔེར་ན། ཡུལ་འདོར་བ་ན་བུ་ལོན་པ་ལྡང་བ་ལྟར་སྦྱོར་ལམ་བཟོད༷་པ་དང༷༌། འཕགས་པ་ཕྱིར༷་མི༷་འོང༷་དང༌། དགྲ༷་བཅོམ༷་པ་འཐོབ༷་པ་རྣམས་ལ༷་ནི་རིམ་པ་ལྟར༌། ངན་སོང་དང༌། མཐོང་ཆོས་ལ་མྱོང་བ་མ་གཏོགས་པ་འདོད་པ་དང༌། ཁམས་གསུམ་པའི་ནང་དུ་ངེས་པར་སྐྱེ་བའི་ལས༷་རྣམ་པ་གསུམ་གྱིས་གེག༷ས་ཤིན༷་ཏུ༷་བྱེད༷་དེ། རིམ་པ་བཞིན། བཟོད་ཐོབ་ངན་སོང་མི་འགྲོའོ། །ཞེས་འབྱུང་བས། བཟོད་པ་ཐོབ་ནས་ངན་འགྲོ་དང༌། ཕྱིར་མི་འོང་ཐོབ་ནས་འདོད་པ་དང༌། དགྲ་བཅོམ་པ་ཐོབ་ནས་ཁམས་གསུམ་དུ་མི་སྐྱེ་བའི་ཕྱིར། གལ་ཏེ་བྱང་ཆུབ་སེམས་དཔའ་ངེས་པ་ལ་གནས་པ་བསད་ན་ཕ་གསོད་པ་དང་ཉེ་བ་ཞེས་གང༷་བཤད་པ་དེའི་ས་མཚམས་གང་ནས༷་བྱང༷་ཆུབ༷་སེམ༷ས་དཔའ༷་ངེས་པ་ལ་གནས་པ་ཡིན༷་ཞེ་ན། གང༷་ནས༷་བཟུང་སྟེ་མཚན༷་སུམ་ཅུ་རྩ་གཉིས་རྣམ་པར་སྨིན་པ་ཅན་གྱི༷་ལས༷་སོག་པར་བྱེད༷་པ༷་དེ་ནས་ངེས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། བསྐལ་པ་བརྒྱ་ནས་སངས་རྒྱས་ཐོབ་པར་ངེས་པ་ཞེས་བྱ་བའི་དོན་ཏོ། ། དེའང་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་དེ་ནི་དེ་ཕན་ཆད་བདེ༷་འགྲོར༷་སྐྱེ་བ་དང༌། དེའི་ནང་ནས་ཀྱང་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་སོགས་པ་རིག༷ས་མཐོ༷་བར་སྐྱེ༷་བ་དང༌། མིག་ལ་སོགས་པའི་དབང༷་པོ་ཚང༷་བ་དང༌། ཕོར༷་འགྱུར༷་བ་དང༌། སྐྱེ་བ་ཐམས་ཅད་དུ་ཚེ༷་རབ༷ས་དྲན༷་པ་དང༌། བསྐལ་པ་བརྒྱ་ལས་ཕྱིར་མི༷་ལྡོག༷་པར་སངས་རྒྱས་འཐོབ་པར་འགྱུར་བ་ཞེས་བྱ་བའི་ཁྱད་པར་དྲུག་དང་ལྡན་པའོ། །མཚན་རྣམ་པར་སྨིན་པ་ཅན་གྱི་ལས་སུ་བཤད་པ་གང་ཡིན་པ་དེ༷་ནི༷་བློ་རྣོ་བའི་ཕྱིར་འཛམ༷་བུ་གླིང༷་གི་སྐྱེས་པ་ཕོའི༷་དབང་པོ་དང་ལྡན་པར་གྱུར༷་པ་ཉིད༷་ཀྱིས་སོག་པར་བྱེད་ཀྱི། འགྲོ་བ་གཞན་དང༌། གླིང་གཞན་དང༌། གང་ཟག་གཞན་གྱིས་ནི་མིན་ནོ་ཞེས་བྱ་བ་ནི་ལས་སོག་པའི་ཁྱད་པར་རོ། །དེའང་སྟོན་པ་མངོན༷་སུམ༷་དུ་བཞུགས་པ་ལ་ལས་སོག་པར་བྱེད་དོ་ཞེས་བྱ་བ་ནི་ཡུལ་གྱི་ཁྱད་པར་རོ། །དེའང་སང༷ས་རྒྱས༷་ལ༷་དམིགས་པའི་སེམ༷ས་པ༷་དགེ་བ་ཡིན་གྱི། མཐོ་རིས་དང༌། ཐར་པ་དང༌། ས་གཞན་ལ་དམིགས་པ་ནི་མིན་ནོ་ཞེས་བྱ་བ་དང༌། དེའང་བསམ༷་པ༷་ལས༷་བྱུང༷་བའི་དགེ་བ་ཡིན་གྱི། ཐོས་པ་ལས་བྱུང་བ་ནི་མིན་ཏེ། དམན་པའི་ཕྱིར། འཚང་རྒྱ་བ་ལ་བསྐལ༷་པ༷་ཆེན་པོ་བརྒྱ༷་ལུས༷་པ༷་དག༷་ཏུ༷་སྟེ། ལུས་པ་ན་ལས་དེ་འཕེན༷་ཅིང་སོག་པར༷་བྱེད༷་ཅེས་བྱ་བ་ནི་དུས་ཀྱི་ཁྱད་པར་རོ། །མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་རེ༷་རེ༷འང༷་བསོད༷་ནམ༷ས་བརྒྱ༷་བརྒྱ་ལས༷་སྐྱེས༷་སོ་ཞེས་བྱ་ནི་ཚད་དོ། ། འོ་ན། སྟོན་པ་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔར་གྱུར་པ་ན། སངས་རྒྱས་ཇི་སྙེད་ཅིག་ལ་བསྙེན་བཀུར་བྱས་ནས་སངས་རྒྱས་ཤེ་ན། སྔོན་འདས་པའི་དུས་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ཞེས་བྱ་བ་སྟོན་པ་འདི་བཞིན་དུ་རྩོད་པའི་དུས་སུ་བྱུང་ལ། དེའི་སྐུ་ཚེ་དང་འཁོར་འདུས་པ་ལ་སོགས་པའང་འདི་དང་འདྲ་ཞིང༌། བསྟན་པའང་ལོ་སྟོང་གི་བར་དུ་གནས་པ་ཞིག་བྱོན་པ་ལ། སྟོན་པ་འདི་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པ་ན། འབྲས་ཕོར་པ་གང་དང༌། མཆིལ་ལྷྭམ་དང༌། རས་ཀྱི་ཁ་ཚར་དག་ཕུལ་ནས། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང༌། །ཞེས་སོགས་ཀྱི་སྨོན་ལམ་བཏབ་པ་ནས་བཟུང་སྟེ་བསྐལ་པ་གྲངས་མེད་པ་དང་པོ་ལ་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་བསྙེན་བཀུར་བྱས་པའི་ཐ་མར་གཞུང་གི་གོ་རིམ་ལས་བཟློག་སྟེ། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བ་བྱུང་སྟེ། དེའི་ཚེ་བསྐལ་པ་གྲངས་མེད་དང་པོ་རྫོགས། དེ་ནས་གྲངས་མེད་གཉིས་པ་ལ་སངས་རྒྱས་བདུན་ཁྲི་དྲུག་སྟོང་ལ་བསྙེན་བཀུར་བྱས་པའི་ཐ་མར་སང༷ས་རྒྱས༷་མར༷་མེ༷་མཛད༷་བྱུང༌། དེའི་ཚེ་གྲངས་མེད་པ་གཉིས་པ་རྫོགས། དེ་ནས་བཟུང་སྟེ་གྲངས་མེད་གསུམ་པ་ལ་སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་བྱས་པའི་ཐ་མར་སངས་རྒྱས་རྣམ༷་གཟིག༷ས་བྱུང་སྟེ། དེའི་ཚེ་གྲངས་མེད་གསུམ་པ་རྫོགས་སོ། །དེ་ལྟར་གྲང༷ས་མེད༷་པ་གསུམ༷་གྱི༷་ཐ༷་མར༷་སངས༷་རྒྱས་དེ་དག་བྱུང་ལ། དེ་དག་ཐམས་ཅད་ཀྱི་དང༷་པོ༷་ནི་སྔོན་གྱི་སངས་རྒྱས་ཤཱ༷ཀྱ༷་ཐུབ༷་པ༷་ཉིད་ཡིན༷་ནོ། །ཐེག་ཆེན་པས་ནི། གྲངས་མེད་པ་རེ་རེ་ལའང་སངས་རྒྱས་དཔག་ཏུ་མེད་པ་ལ་བསྙེན་བཀུར་བྱས་པར་བཞེད་དོ། ། འོ་ན། བྱང་ཆུབ་སེམས་དཔའི་སྐབས་གང་དུ་ཕར་ཕྱིན་དྲུག་པོ་གང་རྫོགས་ཤེ་ན། གང་གི་ཚེ་སེམས་ཅན་ཀུན༷་ལ༷་དངོས་པོ་ལུས་དང་ལོངས་སྤྱོད་ཐམ༷ས་ཅད༷་ཀུན་སློང་མངོན་མཐོའི་ཁྱད་པར་ལ་མི་རེ་བར་སྙིང༷་རྗེ༷་ཡིས༷་སྦྱིན༷་པར༷་བྱེད༷་པ༷་དེའི་ཚེ་སྦྱིན༷་པའི༷་ཕར་ཕྱིན་རྫོག༷ས་ཏེ། འདི་ནི་སྐྱེས་པའི་རབས་སུ་བལྟའོ། །གང་གིས་འདོད་པ་ལ་འདོད་ཆགས་དང་མ་བྲལ་བས་ཆག༷ས་པ་དང་བཅས༷་བཞིན་དུ་ཡན༷་ལག༷་བཅད༷་ཀྱང༷་སེམས་མི༷་འཁྲུག༷ས་པ་དེའི་ཚེ་གོ་རིམ་བཞིན་དུ་བཟོད༷་པ་དང༷་ཚུལ༷་ཁྲིམ༷ས་ཀྱི༷་ཕར་ཕྱིན༷་རྫོགས་ཏེ། དྲང་སྲོང་བཟོད་པ་སྨྲ་བའི་སྐྱེས་རབས་ལྟ་བུའོ། །སྟོན་པ་བྲམ་ཟེའི་ཁྱེའུར་གྱུར་པ་ན་སངས་རྒྱས་སྐར༷་རྒྱལ༷་རིའི་ཕུག་ཅིག་ན་ཟད་པར་མེའི་ཁམས་ལ་སྙོམས་པར་ཞུགས་པ་མཐོང་ནས། དད་པས་རྐང་པ་ཡ་གཅིག་གིས་འགྲེང་སྟེ་ཞག་བདུན་གྱི་བར་དུ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོར་སོགས་ཚིགས་བཅད་གཅིག་གིས་བསྟོད༷་པས༷་བརྩོན༷་འགྲུས༷་ཀྱི༷་ཕར་ཕྱིན་རྫོགས་ཤིང་བསྐལ་པ་དགུའི་ཚོགས་ཀྱང་འདུམ་མོ། །བྱང་ཆུབ་དེའི་སྔ་རོལ་དེ༷་མ༷་ཐག༷་སྟེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཚེ་ཏིང༷་ངེ༷་འཛིན༷་བསམ་གཏན་དང༌། བློ༷་སྟེ་ཤེས་རབ་ཀྱི་ཕར་ཕྱིན་རྫོགས་ཏེ། དེ་དག་ནི་རང་རང་གི་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །", "target": {"entries": [{"title": "ཉེ་བ", "level": 1, "start": 0, "anchor": "བཅུ་གཉིས་པ་ཉེ་བ་ལ་བཤད་པ་ནི། ཅི་མཚམས་མེད་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4947, "headings": 1}} {"id": "IBA-LWS-08-082", "input": "བཅུ་བཞི་པ་ཆ་མཐུན་གསུམ་བཤད་པ་ནི། མདོ་ལས། བསོད་ནམས་དང༌། ཐར་པ་དང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བ་གསུམ་གསུངས་པ་ལས། འཁོར་བར་རྣམ་སྨིན་ཡིད་དུ་འོང་བ་ཅན་ནི་བསོད༷་ནམ༷ས་ཆ་མཐུན་ནོ། །ཚོགས་ལམ་དུ་མྱང༷་འདས༷་ལ་བསྔོས་པའི་དགེ་བ་ནི་མྱ་ངན་ལས་འདས༷་པ༷་ཐར་པའི་ཆ་དང༷་མཐུན་པ་སྟེ། གང་སྐྱེས་ན། ངེས་པར་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་སུ་འགྱུར་བའོ། །དགེ་བ་དེ་ཡོད་པར་ནི་འཁོར་འདས་ཀྱི་ཉེས་དམིགས་དང་ཡོན་ཏན་བརྗོད་པ་ན། དད་པའི་ཤུགས་ཀྱིས་བ་སྤུ་ལྡང་བ་ལ་སོགས་པའི་རྟགས་ལས་ཤེས་སོ། །ངེས༷་པར་འབྱེད༷་པའི་ཆ༷་དང་མཐུན༷་པའི་དགེ༷་བ་ནི་དྲོ་བ་ལ་སོགས་པ་བཞི་ཡིན་པས་ཆ་མཐུན་གྱི་དགེ་བ་རྣམ༷་པ་གསུམ༷་མོ། ། བཅོ་ལྔ་པ་རིག༷ས་པས༷་རབ༷་ཏུ༷་བཅུག༷་པའི༷་ལས༷་ནི། ཡང་འཇིག་རྟེན་ན་ཡིག་འབྲུ་དང༌། རྒྱ་དང༌། བགྲང་བ་དང༌། སྙན་ངག་དང༌། གྲངས་ཞེས་འབྱུང་ན། དེ་དག་གི་རང་བཞིན་ཅི་ཞེ་ན། རིགས་པ་སྟེ་ཐབས་ཀྱི་བྱེ་བྲག་གིས་རབ་ཏུ་བཅུག་པའི་ལུས་ངག་ཡིད་ཀྱི་ལས་རྣམ༷་པ་གསུམ༷་ཀུན༷་ནས་སློང༷་བ་མཚུངས་ལྡན་དང་བཅས༷་པ༷་ཕུང་པོ་ལྔའི་རང་བཞིན་ཡིན་ནོ། །དེའང་ཇི་ལྟ་བུ་ཞེ་ན། ཀ་ལ་སོགས་པའི་ཡིག༷་འབྲུ༷་ནི་འབྲི་བ་དང༌། རྒྱ༷་ནི་རྐོ་བར་བྱེད་པས་ལུས་ཀྱི་ལས་དང༷༌། དངོས་པོ་གཅིག་ལ་སོགས་པ་བགྲང༷་བ་དང་བཅས༷་པའི༷་སྙན༷་ངག༷་ནི་ངག་གི་ལས་སོ། །ལུས་ངག་གཉིས་ཆར་ལ་ཀུན་སློང་ཡོད་པས་ཕུང་པོ་ལྔ་དང༌། བཅུ་པ་བཅུ་ལ་བརྒྱའོ་ཞེས་བྱ་བ་ལ་སོགས་པའི་གྲང༷ས་བསྡོམས་ཏེ༷་འཛིན་པ་ནི་ཡིད་ཀྱི་ལས་ཏེ་ཕུང་པོ་བཞི་པའོ། །དེ་ལྟར་ན་གོ༷་རིམ༷་བཞིན༷་དུ་ཤེས་པར་བྱའོ། །གཞན་ཡང་འདི་ཆོས་མངོན་པ་བསྡུས་པ་ཡིན་པས་ཆོས་ཀྱི་ཕུང་པོའི་རྣམ་པར་བཤད་པ་ལས་འབྱུང་བའི་རྣམ་གྲངས་འགའ་ཞིག་བཤད་པར་བྱའོ། །དེ་ལ་ཉོན་མོངས་པ་ནི་འགེབས་པས་ན་བསྒྲིབ༷ས་པ་དང༌། ཉོན་མོངས་པ་བཅས་པས་གནག་ཅིང་འཕགས་པ་རྣམས་ཀྱིས་བོར་བས་ན་ངན༷་པ་དང༌། ཉོན་མོངས་པ་དང་ལྷན་ཅིག་འདུག་པས༷་ན་ཁ༷་ན༷་མ༷་ཐོ༷་བ་དང་བཅས༷་པ་ཞེས་བྱ་བ་རྣམས་ནི་ཉོན༷་མོང༷ས་པ་ཅན༷་གྱི་ཆོས༷་ཀྱི་མིང་གི་རྣམ་གྲངས་སོ། །དྲི༷་མ་མེད༷་པའི་དགེ༷་བ་ནི་དག་པ་རབ་ཀྱི་མཐར་ཕྱིན་པས་ན་གྱ༷་ནོམ༷་པ་སྟེ། དེས་ན་གྱ་ནོམ་པ་ཞེས་བྱ་བ་ནི་དགེ་བ་ཟག་མེད་ཀྱི་རྣམ་གྲངས་སོ། །ཉོན་མོངས་པ་ནི་ངན་པ་ཁོ་ན་དང༌། དགེ་བ་ཟག་མེད་ནི་གྱ་ནོམ་པ་ཁོ་ན་ཡིན་པས། དེ་གཉིས་ལས་གཞན་པ་ནི་བར་མ་ཞེས་བྱའོ། །རྒྱུད་ལ་བསྐྱེད་པའི་སྒོ་ནས་གུས་པར་བསྟེན་པར་བྱ་བ་ནི་འདུས༷་བྱས༷་ཀྱི་ཆོས་དགེ༷་བ་ཟག་བཅས་དང་ཟག་མེད་ཐམས་ཅད་ཀྱི་རྣམ་གྲངས་སོ། །དེ་ལས་གཞན་པ་འདུས་མ་བྱས་དང༌། མི་དགེ་བ་དང༌། བསྒྲིབས་ལ་ལུང་མ་བསྟན་རྣམས་ནི་བསྟེན་པར་བྱ་བ་མིན་ཏེ། འདུས་མ་བྱས་ནི་བསྐྱེད་པ་དང་ཡང་དང་ཡང་དུ་རྒྱུད་ལ་གོམས་པར་བྱར་མི་རུང་བའི་ཕྱིར་དང༌། འབྲས་བུའི་དོན་དུ་བསྟན་པ་ཡིན་ན་དེ་ལ་འབྲས་བུའང་མེད་པའི་ཕྱིར། མི་དགེ་བ་དང་བསྒྲིབས་ལ་ལུང་མ་བསྟན་རྣམས་ནི་ཉོན་མོངས་པ་ཅན་ཡིན་པ་དང༌། རྣམ་སྨིན་ཡིད་དུ་འོང་བ་མེད་པའི་ཕྱིར་རོ། །མི་དགེ་བ་དང་བསྒྲིབས་ལ་ལུང་མ་བསྟན་དང༌། འདུས་བྱས་མ་བསྒྲིབས་ལུང་མ་བསྟན་དང༌། དགེ་བ་ཟག་བཅས་དང༌། འདུས་བྱས་ཟག་མེད་དང༌། འདུས་མ་བྱས་མ་བསྒྲིབས་ལུང་མ་བསྟན་ནམ་མཁའ་དང༌། བརྟགས་མིན་དང༌། ཐར་པ་སོ་སོར་བརྟགས་འགོག་རྣམས་ནི་སྔ་མ་སྔ་མ་ཕྱི་མ་ཕྱི་མས་བླ་མ་དང་བཅས་པ་ཡིན་ཏེ། རིམ་པ་ལྟར་རྣམ་སྨིན་ཡིད་དུ་འོང་བ་མེད་པའི་ཕྱིར་དང༌། རྣམ་སྨིན་གྱི་འབྲས་བུ་ཡིད་དུ་འོང་བ་ཅན་ཡིན་པའི་ཕྱིར་དང༌། ཟག་བཅས་མ་ཡིན་པའི་ཕྱིར་དང༌། རྟག་པའི་ཕྱིར་དང༌། རྟག་ཅིང་དགེ་བ་ཡིན་པའི་ཕྱིར་རོ། །དེས་ན་ཆོས་གཞན་ཐམས་ཅད་ནི་བླ་མ་དང་བཅས་པ་ཡིན་ལ། ཐར༷་པ༷་མྱང་འདས་སོ་སོར་བརྟགས་འགོག་ནི་དེའི་གོང་ན་ཕུལ་དུ་ཕྱིན་པ་དང་ཁྱད་པར་དུ་འཕགས་པ་གཞན་མེད་པས་ན་བླ༷་ན༷་མེད༷་པ༷་ཡིན༷་ནོ། །ཆོས༷་མངོན༷་པའི༷་མཛོད༷་ཀྱི༷་ཚིག༷་ལེ༷འུར༷་བྱས༷་པ༷་ལས༷། ལས༷་བསྟན༷་པ༷་ཞེས༷་བྱ༷་བ༷་སྟེ༷་གནས༷་བཞི༷་པའི༷་མཆན་འགྲེལ་བཤད་པའོ༷།། །།", "target": {"entries": [{"title": "ཆ་མཐུན་གསུམ་བཤད་པ", "level": 1, "start": 0, "anchor": "བཅུ་བཞི་པ་ཆ་མཐུན་གསུམ་བཤད་པ་ནི། མདོ་ལས། "}, {"title": "རིགས་པས་རབ་ཏུ་བཅུག་པའི་ལས", "level": 1, "start": 551, "anchor": "བཅོ་ལྔ་པ་རིག༷ས་པས༷་རབ༷་ཏུ༷་བཅུག༷་པའི༷་ལས"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 2944, "headings": 2}} {"id": "IBA-LWS-08-084", "input": "གཉིས་པ་ཞར་བྱུང་ལ་ལྔ། སྤང་བྱ་ངེས་པ། ལྟ་བ་སོ་སོའི་མཚན་ཉིད། ལྟ་བ་ཐ་མ་དང་འབྲེལ་བའི་རྩོད་སྤང༌། ཕྱིན་ཅི་ལོག་གི་རབ་དབྱེ། ང་རྒྱལ་གྱི་དབྱེ་བ་སྤྲོས་པ་དང་བཅས་པའོ། །དང་པོ་(སྤང་བྱ་ངེས་པ་)ནི། འོ་ན། ཕྲ་རྒྱས་མཐོང་སྤང་རྣམས་མཐོང་ལམ་ཁོ་ན་དང༌། སྒོམ་སྤང་རྣམས་སྒོམ་ལམ་ཁོ་ནས་སྤོང་བ་ཡིན་ནམ་ཞེ་ན། སྲིད༷་རྩེ༷་ལས༷་སྐྱེས༷་པ་རྗེས་སུ་ཤེས་པའི་བཟོད༷་པ༷་ཡིས༷་གཞོམ༷་བྱ༷་མཐོང༷་བས༷་སྤང༷་བར་བྱ༷་བ་ཉིད༷་མཐོང་ལམ་ཁོ་ནས་སྤོང་སྟེ། འཇིག་རྟེན་པའི་ལམ་གྱིས་སྲིད་རྩེའི་ཉོན་མོངས་སྤོང་མི་ནུས་ལ། ཟག་མེད་སྒོམ་ལམ་གྱི་སྔར་མཐོང་ལམ་སྐྱེས་ཟིན་པའི་ཕྱིར། ས་ལྷག༷་མ་བརྒྱད་ལས་སྐྱེས༷་པ་བཟོད་པས་གཞོམ་བྱ་དེ་མཐོང༷་ལམ་དང༷་སྒོམ༷་ལམ་གཉིས༷་ཀྱིས༷་སྤོང་སྟེ། འཆིང་བ་ཀུན་ལྡན་གྱི་འཕགས་པས་བདེན་པ་མངོན་སུམ་དུ་མཐོང་བའི་མཐོང་ལམ་གྱིས་སྤོང༌། བྱིས་པས་མཐོང་སྤང་དང་སྒོམ་སྤང་ཆ་གཅིག་ཏུ་བསྒྲིལ་ནས་སྤོང་བའི་ཚེ་འཇིག་རྟེན་པའི་སྒོམ་ལམ་གྱིས་སྤོང་བའི་ཕྱིར། བཟོད༷་པས༷་གཞོམ༷་བྱ་མིན༷་པ་ལྟ་མིན་ཆགས་སོགས་ལྷན་སྐྱེས་བཞི་ལྟ་བུ་ཤེས་པས་གཞོམ་བྱ་ནི་བསྒོམ༷་ལམ་ཁོ༷་ནས༷་སྤོང་སྟེ། དེ་ཟག་བཅས་ཡིན་པ་གང་ཞིག །མཐོང་སྤང་མ་ཡིན་པའི་ཕྱིར། ། གཉིས་པ་ལྟ་བ་སོ་སོའི་མཚན་ཉིད་ནི། ལྟ་བ་ལྔ་སྟེ། ཞེས་བཤད་ན། ལྟ་བ་ལྔ་པོ་དེའི་ངོ་བོ་གང་ཞེ་ན། ཉེར་ལེན་གྱི་ཕུང་པོ་ལ་བདག༷་དང༷་བདག༷་གིར༷་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་དང༌། ཉེར་ལེན་གྱི་ཕུང་པོ་ལ་རྟག༷་པ་དང་ཆད༷་པར་ལྟ་བ་ནི་མཐར་འཛིན་པའི་ལྟ་བ་དང༷༌། ལས་རྒྱུ་འབྲས་མེད༷་པར་ལྟ་བ་ནི་ལོག་པའི་ལྟ་བ་དང༷༌། ལྟ་བ་དང་པོ་གསུམ་སོགས་དམན༷་པ་ལ༷་མཆོག༷་ཏུ་ལྟ༷་བའི་ལྟ་བ་མཆོག་འཛིན་དང༷༌། དབང་ཕྱུག་སོགས་རྒྱུ༷་མིན༷་པ་ལ་རྒྱུར་ལྟ་བ་དང༌། ལམ༷་མིན༷་པ་ལ་ལམ་དུ་ལྟ༷་བ༷་ལུས་ལ་མེ་ལྔ་བསྟེན་པ་དང༌། ཟས་གཅོད་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ཏེ། དེ༷་དག༷་ལྟ༷་བ༷་ལྔ༷་ཡིན༷་ནོ། །འོ་ན། དང་པོ་ལ་ཅིའི་ཕྱིར་འཇིག་ཚོགས་ལ་ལྟ་བ་ཞེས་བྱ་ཞེ་ན། ཉེར་ལེན་གྱི་ཕུང་པོ་འཇིག་ཚོགས་ཡིན་ལ། དེ་ལ་བདག་དང་བདག་གིར་ལྟ་བས་དེ་སྐད་ཅེས་བྱའོ། ། གསུམ་པ་ལྟ་བ་ཐ་མ་དང་འབྲེལ་བའི་རྩོད་སྤང་ནི། འོ་ན། དབང༷་ཕྱུག༷་སོག༷ས་རྒྱུ༷་མ་ཡིན་པར་རྒྱུར་མངོན་པར་ཞེན༷་པ༷་དེ་ཡང་ཀུན་འབྱུང་མཐོང་སྤང་དུ་འགྱུར་ཏེ། སྡུག་བསྔལ་གྱི་རྒྱུ་ལ་ལོག་ཞུགས་ཡིན་པའི་ཕྱིར་ཞེ་ན། སྡུག༷་བསྔལ༷་མཐོང༷་བས༷་སྤང༷་བར༷་བྱ༷་བ་ཉིད༷་ཡིན་ཏེ། རྟག༷་པ་དང་བདག༷་ཏུ་ཕྱིན༷་ཅི༷་ལོག༷་པ༷་ཡི༷་སྟོབས་ཀྱིས་རབ༷་ཏུ༷་འཇུག༷་པ༷་དེའི༷་ཕྱིར༷། བཞི་པ་ཕྱིན་ཅི་ལོག་གི་རབ་དབྱེ་ནི། རྟག་བདག་ཕྱིན་ཅི་ལོག་པ་ཡིས། །ཞེས་བཤད་ན། ཕྱིན་ཅི་ལོག་གཉིས་ཁོ་ནར་ངེས་སམ་ཞེ་ན། མ་ཡིན་ཏེ། ཕྱིན་ཅི་ལོག་བཞི་ཡོད་པའི་ཕྱིར་ཏེ། མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག །མི་གཙང་བ་ལ་གཙང་བར། སྡུག་བསྔལ་བ་ལ་བདེ་བར། བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་བཞི་ཡོད་པའི་ཕྱིར། འོ་ན། ལྟ་བ་གང་ལ་ཕྱིན་ཅི་ལོག་ཏུ་བཞག་ཅེ་ན། ལྟ༷་བ༷་གསུམ༷་ལས༷་ཕྱིན༷་ཅི༷་ལོག༷་བཞི༷་ཚན༷་དེ་བཞག་སྟེ། མཐར་འཛིན་པའི་རྟག་ལྟ་བ་ལས་མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་དེ་བཞག །ལྟ་བ་མཆོག་འཛིན་ལས་མི་གཙང་བ་ལ་གཙང་བར་དེ་དང༷༌། སྡུག་བསྔལ་བ་ལ་བདེ་བར་ཕྱིན་ཅི་ལོག་དེ་བཞག །འཇིག་ལྟ་བདག་ཏུ་ལྟ་བ་ལས་བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པ་དེ་བཞག་པའི་ཕྱིར། ལྟ་བ་གཞན་རྣམས་ལ་ཕྱིན་ཅི་ལོག་མི་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཡུལ་ལ་མཐའ་གཅིག་ཏུ་ཕྱིན་ཅི་ལོག་པའི་ཕྱིར་དང༌། ངེས༷་པར་རྟོག༷་པ་དང་ལྡན་པའི་ཕྱིར༷་དང༷༌། སྒྲོ༷་འདོག༷ས་པའི་ཕྱིར༷་ཞེས་པའི་རྒྱུ་མཚན་གསུམ་པོ་དེ་ཚང་བ་ལས་ཕྱིན་ཅི་ལོག་འཇོག་པ་ཡིན་པ་ལས། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་དེ་ཡུལ་ལ་མཐའ་གཅིག་ཏུ་ཕྱིན་ཅི་ལོག་མིན་པའི་ཕྱིར་དང༌། མཐར་འཛིན་གྱི་ཆད་ལྟ་དང་ལོག་ལྟ་ནི་སྐུར་འདེབས་ལས་སྒྲོ་འདོགས་མིན་པའི་ཕྱིར་ན། དེ་དག་ལ་ཕྱིན་ཅི་ལོག་བཞག་པ་མ་ཡིན་ནོ། །འོ་ན། མདོ་ལས། མི་རྟག་པ་ལ་རྟག་གོ་སྙམ་དུ་སེམ༷ས་ཕྱིན་ཅི་ལོག་པ་དང༷༌། འདུ༷་ཤེས༷་ཕྱིན་ཅི་ལོག་པ་དང༌། ལྟ་བ་ཕྱིན་ཅི་ལོག་པའོ་ཞེས་གསུངས་པའི་སེམས་དང་འདུ་ཤེས་ཕྱིན་ཅི་ལོག་དེ་ཡང་ཕྱིན་ཅི་ལོག་མ་ཡིན་པར་འགྱུར་ཏེ། ངེས་རྟོག་མེད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། རྩ་བའི་ཕྲ་རྒྱས་གཞིར་བཟུང་ནས། འདིར་ནི་རྒྱུ་མཚན་གཉིས་མ་ཚང་བས་ཕྱིན་ཅི་ལོག་ཏུ་མ་བཞག་ལ། མདོར་དེ་གཉིས་ལོག་པར་ལྟ་བ་དང་མཚུངས་ལྡན་གྱི་དབང༷་གིས༷་ཕྱིན་ཅི་ལོག་ཏུ་གསུངས་པའི་ཕྱིར། ། ལྔ་པ་ང་རྒྱལ་གྱི་དབྱེ་བ་སྤྲོས་པ་དང་བཅས་པ་ནི། ལྟ་བ་ཁོ་ན་ལ་དབྱེ་བ་ཡོད་དམ་ཞེ་ན། ང་རྒྱལ་ལའང་བདུན་ཡོད་དེ། ང་རྒྱལ་དང༌། ལྷག་པའི་ང་རྒྱལ་དང༌། ང་རྒྱལ་ལས་ཀྱང་ང་རྒྱལ་དང༌། ངའོ་སྙམ་པའི་ང་རྒྱལ་དང༌། མངོན་པའི་ང་རྒྱལ་དང༌། ཅུང་ཟད་སྙམ་པའི་ང་རྒྱལ་དང༌། ལོག་པའི་ང༷་རྒྱལ༷་ཏེ་རྣམ་པ་བདུན༷་ཡོད་པའི་ཕྱིར། དེའང་ངོས་འཛིན་རིམ་བཞིན་དུ། དམན་པ་ལས་བདག་ཁྱད་པར་དུ་འཕགས་སོ་སྙམ་དུ་སེམས་ཁེངས་པ་དང༌། དེ་བཞིན་ཏུ་བདག་རང་དང་མཉམ་པ་རྣམ༷ས་ལས་ཁྱད་པར་དུ་འཕགས་སོ། །གཞན་ཁྱད་པར་དུ་འཕགས་པ་རྣམས་ལས་ཆེས་ཁྱད་པར་དུ་འཕགས་སོ། །ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས་ངའོ་སྙམ་དུ། ཡོན་ཏན་མ་ཐོབ་པ་ལ་ཐོབ་སྙམ་དུ། ཆེས་ཁྱད་པར་དུ་འཕགས་པ་ལས་བདག་ཅུང་ཟད་དམན་ནོ། །ཡོན་ཏན་མ་ཡིན་པ་སྐྱོན་ཐོབ་པ་ལ་ཡོན་ཏན་ཐོབ་བོ་སྙམ་དུ་སེམས་ཁེངས་པའོ། ། བསྟན་བཅོས་ཡེ་ཤེས་ལ་འཇུག་པ་ལས་དགུ་གསུངས་ཏེ། གཞན་ལ་ལྟོས་ཏེ་བདག་སྒྲུབ་པ་གསུམ། བདག་ལ་ལྟོས་ཏེ་གཞན་སྒྲུབ་པ་གསུམ། བདག་ལ་ལྟོས་ཏེ་གཞན་འགོག་པ་གསུམ་མོ། །དང་པོ་གསུམ་ཡོད་དེ། བདག་གཞན་ལས་ཁྱད་པར་དུ་འཕགས་སོ། །གཞན་དང་མཉམ་མོ། །གཞན་ལས་དམན་ནོ་ཞེས་པ་གསུམ་མོ། །གཉིས་པ་གསུམ་ཡོད་དེ། གཞན་བདག་ལས་ཁྱད་པར་དུ་འཕགས་སོ། །བདག་དང་མཉམ་མོ། །བདག་ལས་དམན་ནོ་ཞེས་པ་གསུམ་མོ། །གསུམ་པ་གསུམ་ཡོད་དེ། བདག་ལས་ཁྱད་པར་དུ་འཕགས་པ་མེད་དོ། །བདག་དང་མཉམ་པ་མེད་དོ། །བདག་ལས་དམན་པ་མེད་དོ་ཞེས་པ་གསུམ་མོ། །འོ་ན། ང་རྒྱལ་དགུ་པོ་དེ་དག་ང་རྒྱལ་བདུན་པོ་གང་གི་ནང་དུ་འདུ་ཞེ་ན། ང་རྒྱལ་དང༌། ལྷག་པའི་ང་རྒྱལ་དང༌། ཅུང་ཟད་སྙམ་པའི་ང་རྒྱལ་གསུམ་དུ་འདུ་བ་ཡིན་ནོ། །འོ་ན། ང་རྒྱལ་དེ་དག་མཐོང་སྤང་དང་སྒོམ་སྤང་གང་ཡིན་ཞེ་ན། དེ་དག་ནི་མཐོང༷་ལམ༷་དང་བསྒོམ༷་ལམ་གཉིས་ཀས་ཟད༷་པར་བྱ༷་དགོས་པ༷་ཡིན་ནོ། །འོ་ན། སྒོམ་སྤང་མ་སྤངས་པའི་འཕགས་པ་ལ་མངོན་གྱུར་དུ་མི་འབྱུང་ངམ་ཞེ་ན། བསྒོམ༷་པས༷་སྤང༷་བར༷་བྱ༷་བ༷་ནི༷་གསོད༷་སྩོག༷ས་ཀུན༷་ནས༷་བཀྲིས༷་པ༷་དང༌། དེ༷་བཞིན༷་དུ་བདག་གླང་པོ་ཆེ་ས་སྲུང་གི་བུར་གྱུར་ན་ཅི་མ་རུང་སྙམ་པ་ལྟ་བུ་སྐྱེ་བའི་སྲེད་པ་དང༌། བདག་ཡུན་རིང་དུ་གནས་པས་ཅི་ཞིག་བྱ། མྱུར་དུ་ཤི་ན་སྙམ་པ་ལྟ་བུ་འཇིག༷་པའི་སྲེད༷་པ་དང༌། ང་རྒྱལ་རྣམ༷་པ་བདུན་དང༌། ང༷འོ༷་སྙམ༷་པ་འབྱུང་བའི་ང་རྒྱལ་དགུ་པོ་རྣམས་ནི་འཕག༷ས་པ༷་ལ༷་མངོན་གྱུར་དུ་མི༷་འབྱུང༷་སྟེ། དེ་དག་ལྟ༷་བས༷་རྒྱས༷་པར༷་འགྱུར༷་བ་ཡིན་ལ། འཕགས་པས་ལྟ་བ་སྤངས་བའི་ཕྱིར༷་རོ༷། །མི༷་དགེ༷་བ་ཡིན་པའི་འགྱོད༷་པ༷འང༷་འཕགས་པ་ལ་མངོན་གྱུར་དུ་འབྱུང་བ་མ༷་ཡིན༷་ཏེ། དེ་ཐེ་ཚོམ་གྱིས་རྒྱས་པར་འགྱུར་བ་ལས་འཕགས་པས་ཐེ་ཚོམ་སྤངས་པའི་ཕྱིར། །", "target": {"entries": [{"title": "ཞར་བྱུང", "level": 1, "start": 0, "anchor": "གཉིས་པ་ཞར་བྱུང་ལ་ལྔ། སྤང་བྱ་ངེས་པ། ལྟ་བ་"}, {"title": "སྤང་བྱ་ངེས་པ", "level": 2, "start": 153, "anchor": "དང་པོ་(སྤང་བྱ་ངེས་པ་)ནི། འོ་ན། ཕྲ་རྒྱས་མ"}, {"title": "ལྟ་བ་སོ་སོའི་མཚན་ཉིད", "level": 2, "start": 924, "anchor": "གཉིས་པ་ལྟ་བ་སོ་སོའི་མཚན་ཉིད་ནི། ལྟ་བ་ལྔ་"}, {"title": "ལྟ་བ་ཐ་མ་དང་འབྲེལ་བའི་རྩོད་སྤང", "level": 2, "start": 1579, "anchor": "གསུམ་པ་ལྟ་བ་ཐ་མ་དང་འབྲེལ་བའི་རྩོད་སྤང་ནི"}, {"title": "ཕྱིན་ཅི་ལོག་གི་རབ་དབྱེ", "level": 2, "start": 1899, "anchor": "བཞི་པ་ཕྱིན་ཅི་ལོག་གི་རབ་དབྱེ་ནི། རྟག་བདག"}, {"title": "ང་རྒྱལ་གྱི་དབྱེ་བ་སྤྲོས་པ་དང་བཅས་པ", "level": 2, "start": 3331, "anchor": "ལྔ་པ་ང་རྒྱལ་གྱི་དབྱེ་བ་སྤྲོས་པ་དང་བཅས་པ་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5315, "headings": 6}} {"id": "IBA-LWS-08-085", "input": "གཉིས་པ་རྣམ་པའི་བྱེ་བྲག་ལ་ལྔ། རྒྱུ་ལ་ལྟོས་པའི་རབ་དབྱེ། དམིགས་ཡུལ་ལ་ལྟོས་པའི་རབ་དབྱེ། ངོ་བོ་ལ་ལྟོས་པའི་རབ་དབྱེ། དུས་ལ་ལྟོས་པའི་ལྡན་ཚུལ། ཡུལ་ཡུལ་ཅན་གྱི་བྱེ་བྲག་གོ །དང་པོ་(རྒྱུ་ལ་ལྟོས་པའི་རབ་དབྱེ་)ནི། ཕྲ་རྒྱས་དེ་དག་ལས་ཁམས་ཀུན་ཏུ་འགྲོ་བ་ཡིན་པ་ནི་དུ་ཞེ་ན། དེ་ལ་ཁམས་གསུམ་དུ་སྡུག༷་བསྔལ༷་མཐོང་བས་སྤང་བར་བྱ་བའི་ལྟ་བ་ལྔ་གསུམ་བཅོ་ལྔ་དང༌། རྒྱུ༷་ཀུན་འབྱུང་མཐོང༷་བས་སྤང༷་བར་བྱ༷་བ༷འི་ལྟ༷་བ་གཉིས་གསུམ་དྲུག་དང༷༌། དེ༷་བཞིན༷་དུ་སྡུག་བསྔལ་ཀུན་འབྱུང་གི་ཐེ༷་ཚོམ༷་གཉིས་གསུམ་དྲུག་དང༷༌། ལྟ་བ་དང་ཐེ་ཚོམ་གང༷་ཡིན་པ་དེ༷་དག་དང་ལྷན༷་ཅིག༷་མཚུངས་པར་ལྡན་པའི་མ་རིག་པ་རིས་གཅིག་པ་རྣམས་བསྡོམས་པ་གཅིག་སྟེ་ཁམས་གསུམ་གྱི་གསུམ་དང༌། རྩ་ཉོན་གཞན་དང་མ༷་འདྲེས༷་པའི༷་སྡུག་ཀུན་མཐོང་སྤང་གི་མ༷་རིག༷་པ་བསྡོམས་པ་གཅིག་སྟེ་ཁམས་གསུམ་གྱི་གསུམ་པོ་གང༷་ཡིན༷་པ་སྟེ། བསྡོམས་སུམ་ཅུ་རྩ་གསུམ་ལས་ཁམས་རེ་རེའི་བཅུ་གཅིག་བཅུ་གཅིག་པོ་རྣམས་རང་རང་གི་ཁམས་ཀྱི་སྤང་བྱ་རིས་ལྔ་པོ་ཀུན་ལ་དམིགས་སུ་རུང་བ་དང༌། དེ་དག་སྐྱེད་བྱེད་ཀྱི་རྒྱུའང་ཡིན་པའི་ཕྱིར་སྐལ་བ་མཉམ་པའི་ཁམས་ཀུན༷་ཏུ༷་འགྲོ༷་བ་ཡིན་ནོ། །ཕྲ་རྒྱས་དྲུག་ཅུ་རྩ་ལྔ་དང༌། མ་རིག་པ་དྲུག་པོ་དེའི་ཆ་ལས་གཞན་པའི་མ་རིག་པ་དང་བཅས་པ་ནི་ཀུན་འགྲོ་མིན་ནོ། །ཕྲ་རྒྱས་ཀུན་འགྲོ་བཅུ་གཅིག་བཤད་པ་དེ༷་དག༷་ལས༷་དགུ་ནི་སྐལ་བ་མི་མཉམ་པའི་ཁམས་དང༌། གོང༷་མ་དག་ཏུའང༷་དམིག༷ས་པའི་ཕྱིར་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་ཞེས་བྱའི། དེར་འཇིག་མཐར་གྱི་ལྟ༷་བ༷་གཉིས༷་པོ༷་མ༷་གཏོག༷ས་ཏེ། དེ་གཉིས་ནི་རང་རྒྱུད་ཀྱི་ཕུང་པོ་ཁོ་ན་ལ་བདག་དང་རྟག་ཆད་དུ་ལྟ་བ་ཡིན་ན། གོང་འོག་རྒྱུད་ཐ་དད་པའི་ཕྱིར་རོ། །འོག་ཏུ་དམིགས་པའི་ཉོན་མོངས་ནི་མེད་དེ། འོག་མ་ནི་སྤངས་པས་འདུན་པའི་འདོད་ཆགས་དང་བྲལ་བར་ངེས་པའི་ཕྱིར། ཡང་ཕྲ་རྒྱས་ཁོ་ན་ཀུན་འགྲོ་ཡིན་ནམ་ཞེ་ན། ཕྲ་རྒྱས་བཅུ་གཅིག་པོ་དེ༷་དག༷་དང༷་ལྷན༷་ཅིག༷་ཏུ་འབྱུང་བའི་ཆོས་གང༷་སེམས་སེམས་བྱུང་ཚོར་སོགས་མཚུངས་ལྡན་རྣམས་དང་མཚན་ཉིད་ལ་སོགས་པ་དེ༷འང༷་ཀུན༷་འགྲོ༷་ཡིན་ནོ། །འོན་ཀྱང་ཐོབ༷་པ་ནི་མ༷་གཏོག༷ས་ཏེ། ཕྲ་རྒྱས་དེ་དག་དང་ཐོབ་པ་རྣམ་རྒྱུའི་འབྲས་བུ་མི་གཅིག་པའི་ཕྱིར། དེ་ལ་ཀུན་འགྲོ་རྣམས་ནི་བདེན་པ་དང་པོ་གཉིས་ཀྱི་མཚན་ཉིད་དང་འགལ་བར་ཞུགས་པས་དངོས་སུ་ལོག་ཞུགས་དང༌། ཀུན་འགྲོ་མ་ཡིན་པ་ནི་བདེན་པ་དེ་གཉིས་དང་འགལ་བར་མི་འཇུག་གི དངོས་སུ་ལོག་ཞུགས་ལ་དམིགས་ནས་ཆགས་པས་དོན་དུ་གཉེར་བ་དང༌། ཁོང་ཁྲོས་མནར་སེམས་པ་དང༌། ང་རྒྱལ་གྱིས་ཁེངས་པའི་རྣམ་པར་འཇུག་པས་དེ་དག་ནི་ལོག་ཞུགས་ལ་ལོག་ཞུགས་ཡིན་ནོ། ། གཉིས་པ་དམིགས་ཡུལ་ལ་ལྟོས་པའི་རབ་དབྱེ་ནི། ཕྲ་རྒྱས་དེ་དག་ལས་ཟག་བཅས་དང་ཟག་མེད་ལ་དམིགས་པ་དུ་ཞེ་ན། འགོག༷་པ་དང༷་ལམ༷་མཐོང༷་བས་སྤང༷་བར་བྱ༷་བ༷་ལོག༷་ལྟ༷་གཉིས་དང༌། ཐེ༷་ཚོམ༷་གཉིས་དང་བཞི་པོ་དེ༷་དག༷་དང༷་མཚུངས་པར་ལྡན༷་པའི་མ་རིག་པ་བསྡོམས་པ་གཅིག་དང༷༌། མ་འདྲེས་པ་འབའ༷་ཞིག༷་པའི་མ༷་རིག༷་པ་བསྡོམས་པ་གཅིག་དང༷་དྲུག༷་གམ། ཁམས་ཀྱིས་ཕྱེ་ན་བཅོ་བརྒྱད་ནི༷་ཟག༷་པ་མེད༷་པའི་སྤྱོད༷་ཡུལ༷་ཅན༷་ཡིན་ཏེ། དེ་དག་གི་འགོག་ལམ་གྱི་བདེན་པར་ལོག་པར་རྟོག་པ་ཡིན་ལ། བདེན་པ་དེ་གཉིས་ཀྱང་ཟག་མེད་ཡིན་པའི་ཕྱིར། ཡང་འགོག་པ་མཐོང་སྤང་རང༷་གི༷་ས༷་པའི༷་འགོག༷་པ༷་ལ་དམིགས་ཀྱི། གཞན་གྱི་ས་པའི་འགོག་པ་ལ་མ་དམིགས་ཏེ། འགོག་པ་གཉིས་པོ་དེ་རྫས་ཐ་དད་ཡིན་པའི་ཕྱིར། འདོད་པའི་འགོག་དམིགས་ནས་སྲིད་རྩེའི་བར་སྦྱར་རོ། །འོ་ན། ལམ་ལའང་དེར་ངེས་སམ་ཞེ་ན། དང་པོའི་ཉེར་བསྡོགས་སོགས་བསམ་གཏན་ས་དྲུག་ལ་བརྟེན་པའི་ཆོས་ཤེས་ཀྱི་ཕྱོགས་ཀྱི་ལམ་ཐམས་ཅད་ནི་ལམ་དེའི་སྤྱོད་ཡུལ་ཅན་གྱི་འདོད་པའི་མཐོང་སྤང་ལོག་ལྟ། ཐེ་ཚོམ། མ་རིག་པ་གསུམ་གྱི་སྤྱོད་ཡུལ་ཡིན་ཏེ། བསམ་གཏན་ས་དྲུག་གི་ལམ༷་ནི༷་ཕན༷་ཚུན༷་མཉམ་པ་དང་ཁྱད་པར་ཅན་གྱི་རྒྱུ༷་ཡིན༷་པ༷་གང་ཞིག ཆོས་ཤེས་ཕྱོགས་འདོད་པའི་གཉེན་པོའི་རིས་ཡིན་པའི་ཕྱིར། ཟག་མེད་དྲུག༷་པོ་དེ་དང་གཟུགས་མེད་དང་པོ་གསུམ་སྟེ་ས་དགུ་ལ་བརྟེན་པའི་རྗེས་ཤེས་ཕྱོགས་ཀྱི་ལམ༷་ཐམས་ཅད་ནི༷་ལམ་དེའི༷་སྤྱོད༷་ཡུལ༷་ཅན༷་གྱི༷་གོང་མའི་ལམ་མཐོང་སྤང་གསུམ་པོ་དེའི་ཡུལ༷་ཡིན༷་ཏེ། ཟག་མེད་ས་དགུའི་ལམ་ནི་ཕན་ཚུན་མཉམ་པ་དང་ཁྱད་པར་ཅན་གྱི་རྒྱུ་ཡིན་པ་གང་ཞིག །རྗེས་ཤེས་གོང་མའི་གཉེན་པོ་ཡིན་པའི་ཕྱིར། འོ་ན། དེ་གསུམ་ལས་ཕྲ་རྒྱས་གཞན་གྱིས་འགོག་ལམ་ལ་མ་དམིགས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། འགོག་ལམ་ལ་འདོད༷་ཆག༷ས་ཀྱིས་དངོས་སུ་དམིགས་པ་མིན༷་ཏེ༷། དེའི་ཡུལ་ནི་གཅིག་ཏུ་སྤང༷་བྱ༷་ཡིན་ལ། འགོག་ལམ་སྤང་བྱ་མ་ཡིན་པའི་ཕྱིར༷། ཞེ་སྡང་གིས་དེ་ལ་དམིགས་པ་མིན་ཏེ། དེས་གཞན་ལ་གནོད༷་པ་མི༷་བྱེད༷་པའི་ཕྱིར༷། ང༷་རྒྱལ༷་གྱིས་དེ་ལ་དམིགས་པ་མ༷་ཡིན༷་ཏེ། དེ་ཞི༷་བའི་ཕྱིར། ཚུལ་ཁྲིམས་དང༷་བརྟུལ་ཞུགས་མཆོག༷་འཛིན༷་གྱིས་དེ་ལ་དམིགས་པ་མིན༷་ཏེ། དེ་མ་དག༷་པ་ལ་དག་པར་འཛིན་པ་གང་ཞིག །དེ་དག་པ་ཡིན་པའི་ཕྱིར། ལྟ་བ་མཆོག་འཛིན་གྱིས་དེ་ལ་དམིགས་པ་མིན་ཏེ། དེས་དམན་པ་ལ་མཆོག་ཏུ་འཛིན་པ་གང་ཞིག །འགོག་ལམ་དེ་མཆོག༷་ཏུ་གྱུར༷་པ་ཡིན་པའི་ཕྱིར༷། འོ་ན། ཕྲ་རྒྱས་དེ་དག་ལ་དམིགས་པ་དང་མཚུངས་ལྡན་གྱིས་རྒྱས་པར་འགྱུར་བ་གང་ཡིན་ཞེ་ན། ཕྲ༷་རྒྱས༷་ཀུན༷་ཏུ༷་འགྲོ༷་བ་རྣམ༷ས་ནི༷་དམིག༷ས་པའི༷་སྒོ༷་ནས༷་རང༷་གི་ས༷་ཐམ༷ས་ཅད༷་དུ༷་ནི༷་རྒྱས༷་པར༷་འགྱུར༷་ཏེ། དཔེར་ན། འདོད་པའི་སྡུག་བསྔལ་མཐོང་སྤང་དེ་འདོད་པའི་སྤང་བྱ་རིས་ལྔ་པོ་ཐམས་ཅད་ལ་རྒྱས་པར་འགྱུར་བ་བཞིན་ནོ། །ཀུན༷་འགྲོ༷་མ༷་ཡིན༷་པའི་ཕྲ་རྒྱས་དེའང་དམིགས་པའི་སྒོ་ནས་རང༷་རིས༷་སུ༷་རྒྱས་པར་འགྱུར་གྱི། རིས་གཞན་ལ་ནི་མ་ཡིན་ནོ། །ཐམས་ཅད་དུ་ངེས་སམ་ཞེ་ན། ཟག༷་མེད༷་ཀྱི་ཡུལ་ཅན་ཕྲ་རྒྱས་དྲུག་གམ་བཅོ་བརྒྱད་དང༌། ས་གོང༷་མའི༷་ཡུལ༷་ཅན༷་གྱི་ཕྲ་རྒྱས་སྐལ་པ་མི་མཉམ་པའི་ཁམས་ཀུན་འགྲོ་དགུ་པོ་རྣམས་ནི་དེ་དག་ལ་དམིགས་ཀྱང༌། དམིགས་པའི་སྒོ་ནས་རྒྱས་པ་མིན་ཏེ། ཡུལ་ལ་སྲེད་པ་དང་འཇིག་ལྟས་བདག༷་གིར༷་མ༷་བྱས༷་ཤིང༌། ཡུལ་དེ་ཁོ་ནའི་གཉེན༷་པོའི༷་རིས་ཡིན་པའི་ཕྱིར༷། ཕྲ་རྒྱས་གང༷་ཞིག༷་ཚོར་བ་སོགས་གང༷་དང༷་མཚུང༷ས་པར་ལྡན༷་པ༷་དེ༷་ནི༷་དེར༷་མཚུང༷ས་ལྡན༷་གྱི་སྒོ༷་ནས༷་རྒྱས་པར་འགྱུར་ཏེ། དེ་དག་ལ་འཇིག་སྲེད་མ་སྤངས་པའི་ཕྱིར། །", "target": {"entries": [{"title": "རྣམ་པའི་བྱེ་བྲག", "level": 1, "start": 0, "anchor": "གཉིས་པ་རྣམ་པའི་བྱེ་བྲག་ལ་ལྔ། རྒྱུ་ལ་ལྟོས"}, {"title": "རྒྱུ་ལ་ལྟོས་པའི་རབ་དབྱེ", "level": 2, "start": 161, "anchor": "དང་པོ་(རྒྱུ་ལ་ལྟོས་པའི་རབ་དབྱེ་)ནི། ཕྲ་ར"}, {"title": "དམིགས་ཡུལ", "level": 2, "start": 1984, "anchor": "གཉིས་པ་དམིགས་ཡུལ་ལ་ལྟོས་པའི་རབ་དབྱེ་ནི། "}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4643, "headings": 3}} {"id": "IBA-LWS-08-087", "input": "གཉིས་པ་ཞར་ལ་དུས་གསུམ་གྱི་རྣམ་གཞག་དཔྱད་པ་ལ་གསུམ། ཡུལ་དུས་གསུམ་རྫས་སུ་བསྒྲུབ་པ་དང༌། དེ་ལ་རྩོད་པ་དགོད་པ་དང༌། དེའི་ལན་གདབ་པའོ། །དང་པོ་(ཡུལ་དུས་གསུམ་རྫས་སུ་བསྒྲུབ་པ་)ནི། དུས་གསུམ་རྫས་སུ་ད་ལྟ་ཡོད་དམ་མེད། ཡོད་ན་རྟག་པར་འགྱུར་ལ། མེད་ན་ལྡན་པར་འགལ་ལོ་ཞེ་ན། དུས༷་རྣམ༷ས་ཀུན༷་ཏུ༷་རྫས་སུ་ཡོད༷་ལ། འོན་ཀྱང་རྟག་པར་ཐལ་བའི་སྐྱོན་མེད་དེ། འདུས་བྱས་ཀྱི་མཚན་ཉིད་སྐྱེ་སོགས་དང་ལྡན་པའི་ཕྱིར། འོ་ན། འདས་མ་འོངས་ད་ལྟ་རྫས་སུ་ཡོད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཡོད་དེ། མདོ་ལས། གང་གི་ཕྱིར་འདས་པའི་གཟུགས་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་གཟུགས་ལ་མི་ལྟ་བ་ཡིན་ནོ། །ཞེས་སོགས་དང༌། གང་གི་ཕྱིར་མ་འོངས་པའི་གཟུགས་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་གཟུགས་ལ་མངོན་པར་དགའ་བ་མེད་པ་ཡིན་ནོ། །ཞེས་སོགས་གསུང༷ས་པའི་ཕྱིར་དང༌། རྣམ་པར་ཤེས་པ་ཡུལ་དང་དབང་པོ་གཉིས༷་ལ་བརྟེན་ནས་སྐྱེ་བར་བཤད་པས་ཡིད་དབང་དང་དུས་གསུམ་གྱི་ཆོས་ལས་ཡིད་ཤེས་སྐྱེས་པའི་ཕྱིར༷་དང༌། འདས་མ་འོངས་ལ་དམིགས་པའི་ཡིད་ཀྱི་རྣམ་ཤེས་ད་ལྟ་བ་ལ་ཡུལ༷་ཡོད༷་པའི་ཕྱིར༷་དང༌། ལས་བྱས་པ་ཆུད་མི་ཟོས་པས་འདས་པའི་ལས་ཀྱི་འབྲས༷་བུ་ད་ལྟ་རྣམ་པར་སྨིན་པ་ཡོད་པའི་ཕྱིར༷། དེས་ན་རྒྱུ་འབྲས་ཡོད་པར་དུས་མཉམ་ལ། སྐྱེ་འགག་དུས་མཉམ་དུ་བྱེད་པར་ཁས་མི་ལེན་ཏོ། །དུས་གསུམ་པོ་དེ༷་རྣམས་དང་ཤེས་བྱ་གཞི་ལྔ་པོ་ཐམས་ཅད་རྫས་སུ་ཡོད་པར་སྨྲ༷་བའི༷་ཕྱིར༷་ན་ཐམ༷ས་ཅད༷་ཡོད༷་པར༷་སྨྲ༷་བའི༷་སྡེ་པར་འདོད༷་ལ། དུས་གསུམ་རྫས་གྲུབ་ཏུ་སྨྲ་བ་དེ༷་དག༷་ཀྱང་དུས་གསུམ་གྱི་འདོད་ཚུལ་ལ་རྣམ༷་པ་བཞི༷་ཡོད་དེ། དངོས༷་པོ་གཞན་དུ་འགྱུར་བར་སྨྲ་བ་དང༷༌། མཚན༷་ཉིད༷་གཞན་དུ་འགྱུར་བ་དང༷༌། གནས༷་སྐབ༷ས་གཞན༷་དུ་འགྱུར་བ་དང༌། གཞན༷་དང་གཞན་དུ་འགྱུར༷་བར་སྨྲ་བ་ཞེས༷་བྱ༷་བ་བཞི་ཡོད་པའི་ཕྱིར། དང་པོ་(དངོས༷་པོ་གཞན་དུ་འགྱུར་བར་སྨྲ་བ་)ནི། བཙུན་པ་ཆོས་སྐྱོབ་ཀྱི་ལུགས་ཡིན་ཏེ། དེའི་ལུགས་ལ་མྱུ་གུ་ལྟ་བུ་མ་འོངས་པ་ན་ད་ལྟ་བ་དང༌། ད་ལྟ་བ་ནས་འདས་པར་འཇུག་པའི་ཚེ་རྫས་གཞན་དུ་མི་འགྱུར་ཡང༌། དངོས་པོ་གཞན་དུ་འགྱུར་བའི་ཕྱིར། དཔེར་ན། གསེར་གྱི་སྣོད་བཅོམ་ནས་རྒྱན་བྱས་པའི་ཚེ་ཁ་དོག་གཞན་དུ་མི་འགྱུར་ཡང་དབྱིབས་གཞན་དུ་འགྱུར་བ་བཞིན་ནོ། ། གཉིས་པ་(མཚན༷་ཉིད༷་གཞན་དུ་འགྱུར་བ་)ནི། བཙུན་པ་དབྱངས་སྒྲོགས་ཀྱི་ལུགས་ཡིན་ཏེ། དེའི་ལུགས་ལ་དེའི་ཚེ་ན་དུས་གསུམ་ཀའི་མཚན་ཉིད་དང་ལྡན་ཡང༌། གང་གི་མཚན་ཉིད་ཤས་ཆེ་བའི་སྒོ་ནས་འདས་པ་ལ་སོགས་པར་འཇོག་པའི་ཕྱིར། དཔེར་ན། སྐྱེས་པ་གཅིག་བུད་མེད་ལ་ལྷག་པར་ཆགས་པའི་ཚེ་བུད་མེད་གཞན་ལ་ཆགས་བྲལ་མིན་ཡང༌། བུད་མེད་གཅིག་པོ་དེ་ལ་ལྷག་པར་ཆགས་པའི་དབང་གིས་བུད་མེད་གཅིག་པོ་དེ་ལ་ཆགས་ཞེས་བརྗོད་པ་བཞིན་ནོ། ། གསུམ་པ་(གནས༷་སྐབ༷ས་གཞན༷་དུ་འགྱུར་བ་)ནི། བཙུན་པ་དབྱིག་བཤེས་ཀྱི་ལུགས་ཡིན་ཏེ། དེའི་ལུགས་ལ་དེའི་ཚེ་ན་བྱ་བ་མ་སྐྱེས་པ་དང༌། བྱ་བ་སྐྱེས་ལ་མ་འགགས་པ་དང༌། བྱ་བ་ཞིག་པའི་སྒོ་ནས་འདས་པ་ལ་སོགས་པར་འཇོག་པའི་ཕྱིར། དཔེར་ན། རྩིས་པའི་རིལ་བུ་གཅིག་ཉིད་གཅིག་དང༌། བརྒྱ་དང༌། སྟོང་གི་ཤོ་མིག་ཏུ་བཞག་པའི་ཚེ་གཅིག་དང༌། བརྒྱ་དང༌། སྟོང་ལ་སོགས་པར་འཇོག་པ་བཞིན་ནོ། ། བཞི་པ་(གཞན༷་དང་གཞན་དུ་འགྱུར༷་བར་སྨྲ་བ་ཞེས༷་བྱ༷་བ་)ནི། བཙུན་པ་སངས་རྒྱས་ལྷའི་ལུགས་ཡིན་ཏེ། དེའི་ལུགས་ལ་དེའི་ཚེ་ན་སྐད་ཅིག་སྔ་ཕྱི་བར་གསུམ་གྱི་སྒོ་ནས་འདས་པ་ལ་སོགས་པར་འཇོག་པའི་ཕྱིར། དཔེར་ན། བུད་མེད་གཅིག་རང་གི་མ་ལ་ལྟོས་ནས་བུ་མོ་དང༌། བུ་མོ་ལ་ལྟོས་ནས་མར་འཇོག་པ་བཞིན་ནོ། ། གཉིས་པ་དེ་ལ་རྩོད་པ་དགོད་པ་ནི། འོ་ན། དེ་དག་གི་ནང་ནས་གྲུབ་མཐའ་གང་བཟང་ཞེ་ན། དང་པོ་ནི། གྲངས་ཅན་གྱི་ཕྱོགས་སུ་བསླན་པར་བྱ་བ་ཡིན་ཏེ། དངོས་པོ་གཞན་དུ་འགྱུར་ལ་རྫས་གཞན་དུ་མི་འགྱུར་བར་ཁས་བླངས་ཤིང༌། དངོས་པོ་རྣམས་ངོ་བོ་གཅིག་ཏུ་ཁས་བླངས་པའི་ཕྱིར། གཉིས་པ་ལ། དུས་གསུམ་འཆོལ་བར་ཐལ་བའི་སྐྱོན་ཡོད་དེ། འདས་པ་ལྟ་བུ་གཅིག་ཀྱང་དུས་གསུམ་ཀའི་མཚན་ཉིད་དང་ལྡན་པར་ཁས་བླངས་པའི་ཕྱིར། བཞི་པ་ལ། དུས་གཅིག་ཀྱང་གསུམ་གར་ཐལ་བའི་སྐྱོན་ཡོད་དེ། དེ་ལ་སྐད་ཅིག་སྔ་ཕྱི་བར་གསུམ་གྱི་ཆ་ཡོད་པའི་ཕྱིར། དེ་དག་གི་ནང་ནས་གསུམ༷་པ༷་ཅུང་ཟད་བཟང༷་སྟེ། བྱ༷་བ༷་མ་སྐྱེས་པ་དང༌། སྐྱེས་ལ་མ་འགགས་པ་དང༌། བྱ་བ་འགགས་པའི་སྒོ་ནས་དུས༷་གསུམ་པོ་རྣམ༷ས་རྣམ༷་པར་གཞག༷་པའི་ཕྱིར། དེ་ལའང་སྐྱོན་ཡོད་དེ། ད་ལྟར་གྱི་མིག་གི་དབང་པོ་དེར་མཚུངས་ཆོས་ཅན། ད་ལྟ་བ་མ་ཡིན་པར་ཐལ། འབྲས་བུ་སྐྱེད་པའི་བྱ་བ་མི་བྱེད་པའི་ཕྱིར། ཁོ་ན་རེ། དེས་ད་ལྟར་གཟུགས་ལ་ལྟ་བའི་བྱ་བ་མི་བྱེད་ཀྱང༌། འབྲས་བུ་འཛིན་འབྱིན་གྱི་བྱ་བ་བྱེད་པས་ད་ལྟ་བར་འཇོག་གོ་ཞེ་ན། འདས་པའི་སྐལ་མཉམ་གྱི་རྒྱུ་དེའང་ཆོས་ཅན། ད་ལྟ་བར་ཐལ། ད་ལྟ་འབྲས་བུ་འབྱིན་པའི་བྱ་བ་བྱེད་པའི་ཕྱིར། དུས་གསུམ་ག་ཆོས་ཅན། ད་ལྟ་བྱ་བ་བྱེད་པ་ལ་གེག༷ས་སུ༷་བྱེད༷་དེ། མི་བྱེད་པར་ཐལ། ད་ལྟ་རྫས་སུ་ཡོད་པའི་ཕྱིར། གཞན་ཡང་བྱ་བ་དེ༷་ཡང༷་ཇི༷་ལྟར༷་དུས་ལས་གཞན༷་ཡིན་ནམ་མ༷་ཡིན༷། དང་པོ་ལྟར་ན། བྱ་བ་ཆོས་ཅན། འདུས་མ་བྱས་སུ་ཐལ། དེའི་ཕྱིར། འདོད་ན། རྟག་པར་ཐལ། གཉིས་པ་ལྟར་ན། འདས་མ་འོངས་ཆོས་ཅན། ད་ལྟ་འདས་མ་འོངས་ཀྱི་དུས༷་སུ༷་མི༷་རུང༷་བར་ཐལ། དུས་ལས་གཞན་མིན་པ་གང་ཞིག །ད་ལྟ་རྫས་སུ་ཡོད༷་པའི་ཕྱིར། སྐྱོན་མེད་དེ། བྱ་བ་མ་སྐྱེས་པ་དང་བྱ་བ་ཞིག་པའི་སྒོ་ནས་འདས་མ་འོངས་སུ་འཇོག་པའི་ཕྱིར་ཞེ་ན༷། ཅི༷འི་ཕྱིར༷་མ་འོངས་པ་མ༷་སྐྱེས༷་པ་དང་འདས་པ་ཞིག༷་པ་ཡིན་ཏེ། མ་ཡིན་པར་ཐལ། ད་ལྟ་བ་དེ༷་བཞིན༷་དུ༷་རྫས་སུ་ཡོད་པའི་ཕྱིར། ། གསུམ་པ་དེའི་ལན་གདབ་པ་ནི། དེ་ལ་བྱེ་བྲག་སྨྲ་བ་ན་རེ། ཆོས༷་རྣམས་ཀྱི་ཆོས་ཉིད༷་དག༷་ནི༷་ཟ༷བ་པ༷་ཡིན༷་པའི་ཕྱིར་རྟོག་གེའི་བློས་གཞན་དང་གཞན་དུ་བསྒྱུར་མི་ནུས་ཤིང༌། ཡིད་ཆེས་པའི་ལུང་ལས་འབྱུང་བ་ཡིན་པས་ཁོ་བོ་ཅག་གི་གྲུབ་མཐའ་མི་འདོར་རོ་ཞེས་ཟེར། ། གསུམ་པ་སྤངས་པ་དང་བྲལ་བའི་ཁྱད་པར་ནི། སྤང་བྱ་སྤངས་པ་ལ་གྲོལ་བས་ཁྱབ་བམ། གྲོལ་བ་ལ་སྤངས་བས་ཁྱབ་པ་ཡིན་ཞེ་ན། གྲོལ་བ་ལ་སྤངས་པས་ཁྱབ་ཀྱང༌། སྤངས་པ་ལ་གྲོལ་བས་མ་ཁྱབ་སྟེ། སྡུག༷་བསྔལ༷་ཤེས་པ་སྐྱེས་ལ་ཀུན་འབྱུང་ཤེས་པ་མ་སྐྱེས་པའི་ཚེ་སྡུག་བསྔལ་མཐོང༷་བས་སྤང༷་བར་བྱ༷་བ་རྣམས་སྤངས་ཀྱང༷༌། ཀུན༷་འགྲོ༷་ལྷག༷་མ༷་ཀུན་འབྱུང་མཐོང་སྤོང་གི་ཀུན་འགྲོ་རྣམ༷ས་ཀྱིས༷་སྤངས་ཟིན་པ་རྣམས་དམིགས་པའི་སྒོ་ནས་ལྡན༷་པའམ་མ་བྲལ་བར་བྱེད་ལ། དེ་བཞིན་དུ་སྒོམ་སྤང་དང༷་པོའི༷་རྣམ༷་པ༷་ཆེན་པོའི་ཆེན་པོ་པ་ཅི་རིགས་སྤང༷ས་ཀྱང༷༌། སྤངས་ཟིན་དེ༷་ལ་དམིགས་པའི་ཡུལ༷་ཅན༷་གྱི་དྲི༷་མ༷་ལྷག༷་མ་ཆེན་པོའི་འབྲིང་ལ་སོགས་པ་གང་མ་སྤངས་པ་རྣམ༷ས་ཀྱིས༷་སྤངས་ཟིན་རྣམས་དམིགས་པའི་སྒོ་ནས་ལྡན་པར་བྱེད་དོ། །", "target": {"entries": [{"title": "ཞར", "level": 1, "start": 0, "anchor": "གཉིས་པ་ཞར་ལ་དུས་གསུམ་གྱི་རྣམ་གཞག་དཔྱད་པ་"}, {"title": "ཡུལ་དུས་གསུམ་རྫས་སུ་བསྒྲུབ་པ", "level": 2, "start": 124, "anchor": "དང་པོ་(ཡུལ་དུས་གསུམ་རྫས་སུ་བསྒྲུབ་པ་)ནི།"}, {"title": "དངོས་པོ་གཞན་དུ་འགྱུར་བར་སྨྲ་བ", "level": 3, "start": 1425, "anchor": "དང་པོ་(དངོས༷་པོ་གཞན་དུ་འགྱུར་བར་སྨྲ་བ་)ན"}, {"title": "མཚན་ཉིད་གཞན་དུ་འགྱུར་བ", "level": 3, "start": 1739, "anchor": "གཉིས་པ་(མཚན༷་ཉིད༷་གཞན་དུ་འགྱུར་བ་)ནི། བཙ"}, {"title": "གནས་སྐབས་གཞན་དུ་འགྱུར་བ", "level": 3, "start": 2103, "anchor": "གསུམ་པ་(གནས༷་སྐབ༷ས་གཞན༷་དུ་འགྱུར་བ་)ནི། "}, {"title": "གཞན་དང་གཞན་དུ་འགྱུར་བར་སྨྲ་བ་ཞེས་བྱ་བ", "level": 3, "start": 2433, "anchor": "བཞི་པ་(གཞན༷་དང་གཞན་དུ་འགྱུར༷་བར་སྨྲ་བ་ཞེ"}, {"title": "དེ", "level": 2, "start": 2695, "anchor": "གཉིས་པ་དེ་ལ་རྩོད་པ་དགོད་པ་ནི། འོ་ན། དེ་ད"}, {"title": "དེའི་ལན་གདབ་པ", "level": 2, "start": 4179, "anchor": "གསུམ་པ་དེའི་ལན་གདབ་པ་ནི། དེ་ལ་བྱེ་བྲག་སྨ"}, {"title": "སྤངས་པ་དང་བྲལ་བའི་ཁྱད་པར", "level": 1, "start": 4407, "anchor": "གསུམ་པ་སྤངས་པ་དང་བྲལ་བའི་ཁྱད་པར་ནི། སྤང་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5018, "headings": 9}} {"id": "IBA-LWS-08-090", "input": "དང་པོ་(མདོར་བསྟན་པ་)ནི། ཡང་ཕྲ་རྒྱས་དེ༷་དག༷་ཉིད་ལ་ཀུན༷་ཏུ༷་སྦྱོར་བ་དང༌། སོག༷ས་ཀྱིས༷་འཆིང་བ་དང༌། ཕྲ་རྒྱས་དང༌། ཉེ་བའི་ཉོན་མོངས་པ་དང༌། ཀུན་ནས་དཀྲིས་པ་རྣམས་ཀྱི་དབྱེ༷་བས༷་ཡང༷་རྣམ༷་པ་ལྔར༷་མདོ་དང་ཆོས་མངོན་པ་ལས་ཕྱེ་ནས་བཤད༷་དོ༷། ། གཉིས་པ་རྒྱས་བཤད་ལ་བཞི། ཀུན་སྦྱོར། འཆིང་བ། ཉེ་ཉོན། ཀུན་དཀྲིས་སོ། །དང་པོ་(ཀུན་སྦྱོར་)ལ་གསུམ། ཀུན་སྦྱོར་དགུ། འོག་མའི་ཆ་མཐུན་ལྔ། གོང་མའི་ཆ་མཐུན་ལྔའོ། །དང་པོ་(ཀུན་སྦྱོར་དགུ་)ནི། ཀུན་སྦྱོར་དགུ་ཡོད་དེ། རྩ་ཉོན་འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག །ལྟ་བ། ཐེ་ཚོམ་དྲུག་དང༌། མཆོག་ཏུ་འཛིན་པའི་ཀུན་སྦྱོར། ཕྲག་དོག་དང་སེར་སྣའི་ཀུན་སྦྱོར་རྣམས་སུ་ཡོད་པའི་ཕྱིར། །འོ་ན། མཆོག་འཛིན་གཉིས་ལྟ་བའི་ཀུན་སྦྱོར་ལས་ལོགས་སུ་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ལྟ་བ་དང་པོ་གསུམ་དང་ཐ་མ་གཉིས་རྫས༷་བཅོ་བརྒྱད་བཅོ་བརྒྱད་ཡོད་པར་འདྲ་བའི་ཕྱིར་ཏེ། ལྟ་བ་དང༷་པོ་གཉིས་འདོད་པ་ན་སྡུག་བསྔལ་མཐོང་སྤང་གཉིས་དང༌། གོང་མ་གཉིས་ན་གཉིས་གཉིས་ཏེ་དྲུག་དང༌། ལོག་ལྟ་ཁམས་གསུམ་ན་མཐོང་སྤང་བཞི་གསུམ་བཅུ་གཉིས་ཏེ་ལྟ་བ་དང་པོ་གསུམ་ལ་བཅོ་བརྒྱད་དང༌། ལྟ་བ་བཞི་པ་ཁམས་གསུམ་ན་མཐོང་སྤང་བཞི་གསུམ་བཅུ་གཉིས་དང༌། ལྟ་བ་ལྔ་པ་འདོད་པ་སྡུག་བསྔལ་དང༌། ལམ་མཐོང་སྤང་གཉིས་དང༌། གོང་མ་གཉིས་ནའང་གཉིས་གཉིས་ཏེ་མཆོག་འཛིན་བཅོ་བརྒྱད་ཡོད་པའི་ཕྱིར་དང༌། ལྟ་བ་དང་པོ་གསུམ་མཆོག་ཏུ་གཟུང་བྱ་དང༌། ཐ་མ་གཉིས་མཆོག༷་ཏུ་འཛིན༷་བྱེད་དུ་འདྲ༷་བའི༷་ཕྱིར༷་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དང༌། ལྟ༷་བ་མཆོག་འཛིན་གཉིས༷་ལྟ་བའི་ཀུན༷་ཏུ༷་སྦྱོར༷་ལས་གཞན༷་ལོགས་སུ་བསྟན་པ་ཡིན་ནོ༷། །ཀུན་དཀྲིས་རྣམས་ཀྱི་ནང་ནས་ཕྲག་དོག་སེར་སྣ་གཉིས་ལོགས་སུ་ཀུན་སྦྱོར་དུ་བཤད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། གང༷་གི་ཕྱིར༷་ན། དེ་གཉིས༷་ཀ༷འང༷་མཐའ་གཅིག༷་ཏུ༷་ནི༷་མི༷་དགེ༷་བ་དང་རང༷་དབང༷་ཅན་ཡིན་པ་དེ༷འི༷་ཕྱིར༷། ཕྲག༷་དོག༷་སེར༷་སྣ༷་ཀུན་དཀྲིས་བརྒྱད་པོ་དེ༷་དག༷་ལས༷་ལོག༷ས་ཤིག༷་ཏུ་ཀུན༷་སྦྱོར༷་གཉིས༷་སུ༷་བཤད༷་པ་ཡིན་ནོ། ། གཉིས་པ་འོག་མའི་ཆ་མཐུན་ལྔ་ནི། ཀུན་སྦྱོར་ཐ༷་མའི༷་ཆ༷་མཐུན༷་རྣམ༷་པ་ལྔ༷་ཡོད་དེ། འཇིག་ཚོགས་ལ་ལྟ་བ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་འཛིན་དང༌། འདོད་པ་ལ་འདུན་པ་དང༌། ཐེ་ཚོམ་དང༌། གནོད་སེམས་རྣམས་སུ་ཡོད་པའི་ཕྱིར། ཅིའི་ཕྱིར་དེ་དག་ལ་ཐ་མའི་ཆ་མཐུན་ཞེས་བྱ་ཞེ་ན། ཁམས་གསུམ་གྱི་ཐ་མ་འདོད་པའི་ཁམས་ཡིན་ལ། དེའི་ཆ་དང་མཐུན་པས་དེ་སྐད་ཅེས་བྱའོ། །དེ་དག་འདོད་པའི་ཁམས་དང་མཐུན་ཏེ། འདོད་པ་ལ་འདུན་པ་དང་གནོད་པའི་སེམས་གཉིས༷་ཀྱིས༷་འདོད༷་པ་ལས༷་མི༷་འདའ༷་ལ།༷ འཇིག་ལྟ་ལ་སོགས་པ་གསུམ༷་པོ༷་ཡིས༷་ནི༷་ལན་གཅིག་གོང་དུ་སྐྱེས་ཀྱང་འདོད་པར་ཕྱིར༷་བཟློག༷་པར་བྱེད༷་པའི་ཕྱིར། འོ་ན། རྒྱུན་ཞུགས་དེས་ལྟ་བ་ལྔ་ཐེ་ཚོམ་དང་དྲུག་ག་སྤངས་པ་མིན་ནམ། ཅིའི་ཕྱིར་མདོ་ལས་འཇིག་ལྟ་དང༌། ཚུལ་ཞུགས་མཆོག་འཛིན་དང༌། ཐེ་ཚོམ་གྱི་ཀུན་སྦྱོར་གསུམ་པོ་ཁོ་ན་སྤངས་པས་རྒྱུན་ཞུགས་ཐོབ་པར་གསུངས་ཤེ་ན། དེ་ལྟར་འབྱུང་བ་ནི་མཐོང་སྤང་རིས་དང་པོ་ཁོ་ནའི་སྒོ་ཅན་འཇིག་ལྟ་དང༌། རིས་སྔ་ཕྱི་གཉིས་ཀྱི་སྒོ་ཅན་འཇིག་ལྟ་དང་ཚུལ་ཞུགས་མཆོག་འཛིན་དང༌། རིས་བཞི་ཆར་གྱི་སྒོ་ཅན་ཐེ་ཚོམ་གསུམ་པོ་སྤངས་པ་དངོས་སུ་བསྟན་པའི་ཤུགས་ལ་སྒོ་གཅིག་པ་མཐའ་འཛིན་དང༌། སྒོ༷་བཞི་པ་ལོག་ལྟ་དང༷༌། ལྟ་བ་མཆོག་འཛིན་སྤངས་པའང་གོ་སྟེ། སྒོ་ཅན་འདྲ་བའི་ཕྱིར་རོ། །དེ་དག་སྤངས་བར་བསྟན་པས་མཐོང་སྤང་གི་འདོད་ཆགས་ལ་སོགས་པའང་སྤངས་པར་བསྟན་ཏེ། འདོད་ཆགས་ལ་སོགས་པ་ནི་དེ་དག་ལ་དམིགས་པས་དེ་དག་གི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེས་ན་ཀུན་སྦྱོར་གསུམ་པོ་དེས་མཐོང་སྤང་ཐམས་ཅད་ཀྱི་སྒོ་བསྡུས་པའི་ཕྱིར་དང༌། གཞན་ཡང་མཐར་འཛིན་གྱི་རྩ༷་བ༷་འཇིག་ལྟ་ཡིན་ཞིང༌། ལྟ་བ་མཆོག་འཛིན་གྱི་རྩ་བ་ཚུལ་ཞུགས་མཆོག་འཛིན་དང༌། ལོག་ལྟའི་རྩ༷་བ༷་ཐེ་ཚོམ་ཡིན་པས་རྩ་བ་རྣམས་བསྡུས༷་ཏེ་སྤངས་པར་བསྟན་པས་རྩ་བ་ཅན་རྣམས་སྤངས་པ་ཤུགས་ལ་གོ་བའི་ཕྱིར༷་གསུམ༷་ཁོ་ན་སྨོས་སོ། །སློབ་དཔོན་ནི། དཔེར་ན། ཡུལ་གཞན་དུ་འགྲོ༷་བ་ལ་ཇི་སྲིད་འགྲོ་བར་མི༷་འདོད༷་པ་དང༷༌། ལམ༷་ནོར༷་བར་འགྲོ་བ་དང༷༌། ལམ༷་ལ༷་ཐེ༷་ཚོམ༷་ཟ་བའི་བར་ཆད་གསུམ་པོ་དེ༷་སྙེད༷་ཅིག༷་ཡོད་པ་དེ་སྲིད་དུ་ཡུལ་གཞན་དུ་མི་ཕྱིན་པ་ལྟར། ཐར༷་པ༷་བགྲོད༷་པ་ལ༷འང་འཇིག་ལྟས་བདག་ཆད་པར་དོགས་པས་ཐར་པར་སྐྲག་སྟེ་འགྲོ་མི་འདོད་པ་དང༌། ཚུལ་ཞུགས་མཆོག་འཛིན་ལམ་གཞན་ལ་བརྟེན་ནས་ལམ་ནོར་བ་དང༌། ཐར་བར་ཐེ་ཚོམ་ཟ་བའི་གེག༷ས་བྱེད༷་པ༷་གསུམ་ཡིན་ལ། དེ་དག་སྤངས་ན་ཐར་པར་བགྲོད་པ་ལ་གེགས་མེད་པར་བསྟན་པ་དེ༷་ཡི༷་ཕྱིར༷་ན༷་གཙོ་བོས་མཚོན་ནས་ཀུན་སྦྱོར་གསུམ༷་ཁོ་ན་སྤངས་པར་བསྟན༷་ཏོ༷་ཞེས་བཞེད་དོ། ། གསུམ་པ་གོང་མའི་ཆ་མཐུན་ལྔ་ནི། ཡང་མདོ་ལས་གོང༷་མའི༷་ཆ༷་དང༷་མཐུན༷་པའི་ཀུན་ཏུ་སྦྱོར་བ་ལྔ༷་ཞེས་གསུངས་པ་ཉིད༷་ནི་གཟུག༷ས་དང༷་གཟུག༷ས་མེད༷་པའི་ཁམས་ལས༷་སྐྱེས༷་པའི༷་འདོད༷་ཆག༷ས་དག་ནི་དེར་སྤྱོད་པའི་རྒྱུའི་གཙོ་བོ་ཡིན་པས་སོ་སོར་ཕྱེ་ནས་གཉིས༷་དང༌། གཞན་རེ་རེར་བགྲངས་ཏེ་རྒོད༷་པ་ང༷་རྒྱལ༷་དང་རྨོང༷ས་པ་རྣམས་ཡིན་ཏེ། དེ་དག་གིས་གོང་མའི་ཁམས་ལས་མི་འདའ་བར་བྱེད་པའི་ཕྱིར་རོ། ། གཉིས་པ་འཆིང་བ་ནི། འཆིང་བ་ལ་དུ་ཞེ་ན། བདེ་སྡུག་བཏང་སྙོམས་ཀྱི་ཚོར༷་བ་ལ་དམིགས་པ་དང་མཚུངས་པར་ལྡན་པའི༷་དབང༷་གིས༷་རིམ་པ་བཞིན་དུ་རྒྱས་པས་འཁོར་བར་འཆིང༷་བར༷་བྱེད་པ་ནི་འདོད་ཆགས། ཞེ་སྡང༌། གཏི་མུག་གསུམ༷་ཡིན་ནོ། ། གསུམ་པ་ཉེ་ཉོན་ནི། རྩ་བའི་ཉོན༷་མོང༷ས་པ་དྲུག་ལས༷་གཞན༷་པའི་ཉོན༷་མོང༷ས་པ་ཅན༷་གྱི་སེམ༷ས་ལས་བྱུང༷་བ་འདུ༷་བྱེད༷་ཕུང༷་པོས་བསྡུས་པ་ཞེས༷་པ༷་གང༷་ཡིན་པ་དེ༷འང༷་རྩ་བའི་ཉོན་མོངས་པ་དང་ཉེ་བར་འདུག་པས་ན་ཉེ༷་བའི༷་ཉོན༷་མོང༷ས་པ་ཡིན་ཏེ༷། གང་ཞེ་ན། ཀུན་དཀྲིས་བཅུ། དྲི་མ་དྲུག །བག་མེད། ལེ་ལོ། མ་དད་པ་དང་བཅས་པའི་བཅུ་དགུ་དང༌། གཞི་ཕྲན་ཚེགས་ལས་བྱུང་བའི་མི་དགའ་བ་དང༌། གླལ་བར་བྱེད་པ་སོགས་ཉི་ཤུ་རྩ་བཞི་རྣམས་སོ། །དེ༷་དག༷་ལ་རྩ་བའི་ཉོན༷་མོང༷ས་པ་ཞེས༷་ནི་མི༷་བྱ༷་སྟེ། རྩ་བ་མ་ཡིན་པའི་ཕྱིར་རོ། །", "target": {"entries": [{"title": "མདོར་བསྟན་པ", "level": 1, "start": 0, "anchor": "དང་པོ་(མདོར་བསྟན་པ་)ནི། ཡང་ཕྲ་རྒྱས་དེ༷་ད"}, {"title": "རྒྱས་བཤད", "level": 1, "start": 221, "anchor": "གཉིས་པ་རྒྱས་བཤད་ལ་བཞི། ཀུན་སྦྱོར། འཆིང་བ"}, {"title": "ཀུན་སྦྱོར", "level": 2, "start": 286, "anchor": "དང་པོ་(ཀུན་སྦྱོར་)ལ་གསུམ། ཀུན་སྦྱོར་དགུ།"}, {"title": "ཀུན་སྦྱོར་དགུ", "level": 3, "start": 368, "anchor": "དང་པོ་(ཀུན་སྦྱོར་དགུ་)ནི། ཀུན་སྦྱོར་དགུ་"}, {"title": "འོག་མའི་ཆ་མཐུན་ལྔ", "level": 3, "start": 1560, "anchor": "གཉིས་པ་འོག་མའི་ཆ་མཐུན་ལྔ་ནི། ཀུན་སྦྱོར་ཐ"}, {"title": "གོང་མའི་ཆ་མཐུན་ལྔ", "level": 3, "start": 3515, "anchor": "གསུམ་པ་གོང་མའི་ཆ་མཐུན་ལྔ་ནི། ཡང་མདོ་ལས་ག"}, {"title": "འཆིང་བ", "level": 2, "start": 3861, "anchor": "གཉིས་པ་འཆིང་བ་ནི། འཆིང་བ་ལ་དུ་ཞེ་ན། བདེ་"}, {"title": "ཉེ་ཉོན", "level": 2, "start": 4061, "anchor": "གསུམ་པ་ཉེ་ཉོན་ནི། རྩ་བའི་ཉོན༷་མོང༷ས་པ་དྲ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4515, "headings": 8}} {"id": "IBA-LWS-08-091", "input": "བཞི་པ་ཀུན་དཀྲིས་ལ། དངོས་དང༌། ཞར་བྱུང་གཉིས་ལས། དང་པོ་(ཀུན་དཀྲིས་)ནི། འཁོར་བའི་བཙོན་རྭར་ཀུན་ནས་འཁྲི་བའམ། འདི་དག་ཡོད་ན་སྤྱོད་པ་ངན་པ་ལྡང་བར་བྱེད་པའི་ཕྱིར་ཀུན་དཀྲིས་ནི་བརྒྱད་དུ་གྲངས་ངེས་ཏེ། དེ་ལ་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ནི་ངོ༷་ཚ༷་མེད༷་པ་དང༷༌། ཁྲེལ༷་མེད༷་པ་དང༷༌། གཞན་ལ་ཕན་འདོགས་པའི་མི་མཐུན་ཕྱོགས་ཕྲག༷་དོག༷་དང༌། སེར༷་སྣ༷་དང༌། ཤེས་རབ་ཀྱི་མི་མཐུན་ཕྱོགས་རྒོད༷་པ༷་དང༷༌། འགྱོད༷་པ་དང༷༌། སེམས་ཀྱི་མི་མཐུན་ཕྱོགས་རྨུག༷ས་པ་དང༷༌། གཉིད༷་དག་དང༷་བཅས་པའི་ཀུན༷་ནས༷་དཀྲིས༷་པ༷་རྣམ༷་པ༷་བརྒྱད༷་དང༌། བྱེ་བྲག་སྨྲ་བ་ལྟར་ན་ཁྲོ༷་བ་དང༷་འཆབ༷་པ༷་བསྟན་ཏེ་བཅུར་འདོད་དོ། །ཉེ་ཉོན་རྣམས་རྩ་ཉོན་གྱི་རྒྱུ་མཐུན་གྱི་འབྲས་བུ་ཡིན་ན། རྩ་ཉོན་གང་གིས་ཉེ་ཉོན་གང་སྐྱེད་ཅེ་ན། འདོད༷་ཆག༷ས་ཀྱིས༷་ངོ༷་ཚ༷་མེད༷་པ་དང༌། རྒོད༷་པ་དང༌། སེར༷་སྣ༷་བསླང༷་ཞིང་སྐྱེད་པ་ཡིན་ཏེ། རང་གི་ཆོས་ལ་ཆགས་པས་གཞན་ལ་མ་གུས་པའི་ཕྱིར་དང༌། འདོད་པའི་ཡོན་ཏན་ལ་ཆགས་པས་སེམས་རྒོད་པའི་ཕྱིར་དང༌། ཡོ་བྱད་སོགས་ལ་ཆགས་པས་དམ་དུ་འཛིན་པའི་ཕྱིར་རོ། །འཆབ༷་པ༷་ལ་ཁ་ཅིག་འདོད་ཆགས་ལས་སྐྱེད་པར་འདོད་དེ། བརྙེད་བཀུར་ཉམས་པར་དོགས་པས་སོ། །ཁ་ཅིག་ནི་མ་རིག་པ་ལས་སོ་ཞེས་དང༌། ཁ་ཅིག་ནི་ཉེས་པ་བྱུང་བར་ཤེས་པ་དང་མ་ཤེས་པའི་དབང་གིས་གཉིས་ཀ་ལས་སོ་ཞེས་མི་མཐུན་པར་རྩོད༷་དོ༷། །མ༷་རིག༷་པ་ལས༷་སེམས་རྨུག༷ས་པ་དང༷༌། གཉིད༷་དང༷༌། ཁྲེལ༷་མེད༷་རྣམས་སྐྱེ་སྟེ། དམིགས་པ་གསལ་བར་འཇུག་པ་ལ་རྨུགས་གཉིད་མེད་པའི་ཕྱིར་དང༌། སྡིག་པའི་འབྲས་བུ་སྡུག་བསྔལ་ཡིན་པར་མ་ཤེས་པས་སྡིག་པ་ལ་མི་འཇིག་པའི་ཕྱིར་རོ། །ཐེ༷་ཚོམ༷་ལས༷་འགྱོད༷་པ་མི་དགེ་བ་འབྱུང་སྟེ། དགེ་བའི་འབྲས་བུ་བདེ་བ་ཡིན་པ་ལ་ཐེ་ཚོམ་ཟ་བ་དག་དགེ་བ་བྱས་པ་ལས་འགྱོད་པའི་ཕྱིར་རོ། །ཁྲོ༷་བ༷་དང༷་ཕྲག༷་དོག༷་ནི་ཁོང༷་ཁྲོ༷འི་རྒྱུ༷་ལས༷་བྱུང༷་བ་ཡིན་ཏེ། ཞེ་སྡང་ལས་ཀུན་ནས་མནར་སེམས་སྐྱེ་བའི་ཕྱིར་དང༌། གཞན་གྱི་ཕུན་སུམ་ཚོགས་པ་ལས་སེམས་འཁྲུགས་ཏེ་མི་བཟོད་པའི་ཕྱིར་རོ། ། གཉིས་པ་ཞར་བྱུང་ལ་གཉིས། དྲི་མ་དྲུག །ཆོས་ཀྱི་ཁྱད་པར་རོ། །དང་པོ་(དྲི་མ་དྲུག་)ནི། གཞན༷་ཡང༷་ལུས་ལས་དྲི་མ་ལྟར་རྩ་བའི་ཉོན༷་མོང༷ས་པ་ལས་བྱུང་བའི་དྲི༷་མ༷འམ་ཉེ་ཉོན་ནི་དྲུག༷་ཡོད་དེ། སྒྱུ༷་དང༷༌། གཡོ༷་དང༷༌། རྒྱག༷ས་པ༷་དང༷༌། དེ༷་བཞིན༷་དུ་འཚིག༷་པ་དང༷༌། ཁོན༷་དུ་འཛིན༷་པ་དང༷༌། རྣམ༷་འཚེ༷་རྣམས་ཡོད་པའི་ཕྱིར། དེ་དག་རྩ་ཉོན་གང་ལས་སྐྱེས་ཤེ་ན། སྒྱུ༷་དང༷་རྒྱག༷ས་པ༷་ནི༷་འདོད༷་ཆག༷ས་ལས༷་སྐྱེས༷་ཏེ། རྙེད་པ་ལ་སོགས་པ་ཉམས་ཀྱིས་དོགས་ནས་སྒྱུ་བྱེད་པའི་ཕྱིར་དང༌། རང་གི་ཆོས་ལ་ཆགས་པས་ཡིད་བདེ་བའི་ཕྱིར་རོ། །ཁོན༷་དུ་འཛིན༷་པ་དང༷་རྣམ༷་པར་འཚེ༷་བ་ནི་ཁོང༷་ཁྲོ༷་ལས༷་སྐྱེས༷་ཏེ། ཡུལ་ལ་མནར་སེམས་པས་སོ༷། །འཚིག༷་པ༷་ནི་ལྟ༷་བ༷་མཆོག༷་ཏུ་འཛིན༷་པ་ལས༷་སྐྱེས་ཏེ། རང་གི་ལྟ་བ་ལ་དམ་དུ་བཟུང་ནས་གཞན་ལ་འཚིག་པ་ཟ་བའི་ཕྱིར་རོ། །གཡོ༷་ནི༷་ལོག་པར་ལྟ༷་བས༷་ཀུན༷་ནས༷་བསླང༷་བ་ཡིན་ཏེ། ལས་འབྲས་ལ་ལོག་པར་ལྟ་བ་དང་ལྡན་པས་སེམས་སྡིག་པ་མི་འཆགས་པར་གྱ་གྱུ་བའི་ཕྱིར་རོ། ། གཉིས་པ་ཆོས་ཀྱི་ཁྱད་པར་ནི། ཀུན་དཀྲིས་བཅུ་པོ་དེ་དག་ལ་མཐོང་སྒོམ་གང་གི་སྤང་བྱ་ཡིན་པ་དུ་ཞེ་ན། ཀུན་དཀྲིས་བཅུ་པོ་དེ༷་དག་ལས༷་ངོ༷་ཚ༷་མེད༷་པ༷་དང༷༌། ཁྲེལ༷་མེད༷་པ་དང༌། རྨུག༷ས་པ་དང༌། གཉིད༷་དང༌། རྒོད༷་པ་སྟེ་ལྔ་ནི་མཐོང་སྒོམ་རྣམ༷་པ་གཉིས༷་ཀའི་སྤང་བྱར་མཚུངས་པར་ལྡན་པ་ཡིན་ཏེ། དེ་ལ་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་མི་དགེ་བ་ཐམས་ཅད་དང་མཚུངས་པར་ལྡན་ཞིང༌། རྨུགས་རྒོད་གཉིས་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་ལ། གཉིད་ནི་ཡིད་ཀྱི་ས་པ་འདོད་པ་ན་སྤྱོད་པ་ཐམས་ཅད་དང་མཚུངས་པར་ལྡན་ནོ། །ལྔ་པོ་དེ༷་དག་ལས༷་གཞན༷་པ་ཉེ་ཉོན་ཀུན་དཀྲིས་ཀྱིས་བསྡུས་པ་ཕྲག་དོག །སེར་སྣ། འགྱོད་པ། ཁྲོ་བ། འཆབ་པ་ནི༷་བདེན་པ་ལ་དངོས་དང་བརྒྱུད་ནས་ལོག་པར་མི་འཇུག་ཅིང༌། ཡུལ་རང་གི་མཚན་ཉིད་ལ་ལོག་པར་ཞུགས་པའི་ཕྱིར་བསྒོམ༷་པས་སྤང༷་བར་བྱ༷་བ་ཁོ་ན་དང༌། རང་དབང་ཅན་ཡང་ཡིན་ཏེ། འདོད་ཆགས་སོགས་ཉོན་མོངས་གཞན་ལ་མི་ལྟོས་པར་རང་ཉིད་ཀྱིས་ཡུལ་ལ་འཇུག་པས་སོ། །མ་རིག་པ་ཙམ་དང་མཚུངས་པར་ལྡན་ཀྱང༌། དེ་ནི་གླེན་པའི་ཕྱིར་འཇུག་པར་མི་བྱེད་པའི་ཕྱིར་རོ། །ཇི་ལྟར་ཉེ་ཉོན་ཕྲག་དོག་ལ་སོགས་པ་སྒོམ་སྤང་དང་རང༷་དབང༷་ཅན་ཡིན་པ་དེ༷་བཞིན༷་དུ་དྲི༷་མ༷་དྲུག་པོ་རྣམས་ཀྱང་སྒོམ་སྤང་དང་རང་དབང་ཅན་ཡིན་ནོ། །འོ་ན། དེ་དག་དགེ་མི་དགེ་ལུང་མ་བསྟན་གང་ཡིན་ཞེ་ན། ཀུན་ནས་དཀྲིས་པ་ངོ་ཚ་མེད་པ་ལ་སོགས་པ་བདུན་དང་དྲི་མ་དྲུག་པོ་རྣམས་ནི་འདོད༷་པའི་ཁམས་ན༷་མི༷་དགེ༷་བ་ཡིན་ལ། རྨུགས་རྒོད་གཉིད་གསུམ༷་ནི་སྤྱིར་གཉིད་ལ་དགེ་བ་ཡོད་ཀྱང་ཀུན་ནས་དཀྲིས་པའི་སྐབས་ཡིན་པས་དགེ་བ་མ་ཡིན་གྱི། མི་དགེ་བ་དང་ལུང་མ་བསྟན་རྣམ༷་པ་གཉིས༷་ཀ་ཡོད་དོ། །འདོད་པའི་ཁམས་དེ༷་ཡན༷་ཆད༷་གོང་མ་གཉིས་ན་ཡོད་པའི་ཉེ་ཉོན་རྣམས་ནི༷་བསྒྲིབས་ལ་ལུང༷་མ༷་བསྟན༷་ཡིན་ནོ། །ཡང་ཉེ་ཉོན་དེ་དག་ཁམས་དང་ས་གང་ན་དུ་ཡོད་ཅེ་ན། འདོད༷་པ་དང༷་བསམ༷་གཏན༷་དང༷་པོ༷་ན༷་ནི་གཡོ༷་སྒྱུ་ཡོད་དེ། འཕགས་པ་རྟ་ཐུལ་གྱིས་འབྱུང་བཞི་གང་དུ་འགག་པ་ཤེས་ནས་ཚང༷ས་པ༷་ཆེན་པོ་ལ་འཁོར་གྱི་ནང་དུ་དྲིས་པས་དེས་ཀྱང་མ་ཤེས་པར་གཏམ་རླུང་ལ་བསྐུར་ཏེ་ཁོ་ནི་ཚངས་པའོ། །ཚངས་པ་ཆེན་པོའོ། །ཞེས་པ་ལ་སོགས་པ་སྐབས་སུ་མ་བབས་པའི་ལན་གྱིས་རྟ་ཐུལ་འབྲིད༷་པའམ་བསླུ་བར་ཞུགས་པའི་ཕྱིར༷་རོ༷། །རྨུག༷ས་རྒོད༷་ནི་ཉོན་མོངས་པའི་ས་པ་ཡིན་ལ། རྒྱག༷ས་པ༷་ནི་རྣམ་པ་དེ་གང་ནའང་མི་འགལ་བས་ཁམ༷ས་གསུམ༷་ཆར་ན༷་ཡོད་དོ། །གསུམ་པོ་དེ་དག་དང་གཡོ་སྒྱུ་གཉིས་ཏེ་ལྔ་ལས་གཞན༷་བཅུ་གཅིག་པོ་དག༷་ནི་འདོད༷་པའི་ཁམ༷ས་ལས༷་སྐྱེས༷་པ༷་ཁོ་ན་ཡིན་ནོ། །", "target": {"entries": [{"title": "ཀུན་དཀྲིས", "level": 1, "start": 0, "anchor": "བཞི་པ་ཀུན་དཀྲིས་ལ། དངོས་དང༌། ཞར་བྱུང་གཉི"}, {"title": "ཀུན་དཀྲིས", "level": 2, "start": 46, "anchor": "དང་པོ་(ཀུན་དཀྲིས་)ནི། འཁོར་བའི་བཙོན་རྭར་"}, {"title": "ཞར་བྱུང", "level": 2, "start": 1540, "anchor": "གཉིས་པ་ཞར་བྱུང་ལ་གཉིས། དྲི་མ་དྲུག །ཆོས་ཀ"}, {"title": "དྲི་མ་དྲུག", "level": 3, "start": 1595, "anchor": "དང་པོ་(དྲི་མ་དྲུག་)ནི། གཞན༷་ཡང༷་ལུས་ལས་ད"}, {"title": "ཆོས་ཀྱི་ཁྱད་པར", "level": 3, "start": 2325, "anchor": "གཉིས་པ་ཆོས་ཀྱི་ཁྱད་པར་ནི། ཀུན་དཀྲིས་བཅུ་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4241, "headings": 5}} {"id": "IBA-LWS-08-094", "input": "གཉིས་པ་ལམ་གང་གི་འབྲས་བུ་གང་ཡིན་པ་ནི། ཡོངས་ཤེས་དེ་དག་ལམ་གང་གི་འབྲས་བུ་ཡིན་ཞེ་ན། ཡོངས་སུ་ཤེས་པ་དགུ་པོ་དེ་ལས་དང་པོ་དྲུག༷་ནི་བཟོད༷་པའི་འབྲས༷་བུ་ཡིན་ཏེ། མཐོང་ལམ་བར་ཆད་མེད་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར། ཡོངས་ཤེས་དྲུག་གི་ལྷག༷་མ༷་ཐ་མ་གསུམ་པོ་རྣམ༷ས་ནི༷་ཤེས༷་པའི༷་འབྲས་བུ་ཡིན༷་ཏེ། སྒོམ་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་དང༌། སྒོམ་ལམ་ལ་བཟོད་པ་མེད་པའི་ཕྱིར། ས་གང་གི་འབྲས་བུ་ཡིན་ཞེ་ན། བསམ་གཏན་དང་པོའི་ཉེར་བསྡོགས་མི༷་ལྕོག༷ས་མེད༷་པ་ནི་ལམ་ཐམས་ཅད་ཀྱི་རྟེན་བྱེད་པས། དེའི་འབྲས༷་བུ་ནི་ཡོངས་ཤེས་དགུ་པོ་ཐམ༷ས་ཅད༷་དོ༷། །བསམ༷་གཏན༷་གྱི་དངོས་གཞི་རྣམ༷ས་ཀྱི༷་འབྲས་བུ་ནི་གོང་མ་གཉིས་ཀྱི་མཐོང་སྒོམ་གྱི་སྤངས་འབྲས་ཡོངས་ཤེས་ལྔ༷་ཡིན་གྱི། འདོད་པའི་མཐོང་སྤང་དང་སྒོམ་སྤང་སྤངས་པའི་འབྲས་བུ་ཡོངས་ཤེས་ནི་བསམ་གཏན་གྱི་དངོས་གཞིའི་འབྲས་བུ་མ་ཡིན་ཏེ། བསམ་གཏན་གྱི་དངོས་གཞི་འདོད་པའི་གཉེན་པོ་མ་ཡིན་པའི་ཕྱིར། བཙུན་པ་དབྱངས་སྒྲོགས་ནི་ཕྱིར་མི་འོང་ཆགས་བྲལ་སྔོན་འགྲོའི་མཐོང་ལམ་བསམ་གཏན་གྱི་དངོས་གཞིར་བསྐྱེད་པ་ན་ཡོངས་ཤེས་བརྒྱད༷་ཐོབ་སྟེ། སྔར་འདོད་པའི་མཐོང་སྤང་སྤངས་པའི་ཡོངས་ཤེས་ཀྱི་ལྡོག་པ་གསུམ་ཡང་དེའི་ཚེ་སོ་སོར་རྙེད་པས་བརྒྱད་ཡིན་ལ། ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་ཀྱི་ལྡོག་པའང་རྙེད་མོད་ཀྱི། དེ་ནི་གོང་མའི་ལམ་མཐོང་སྤང་སྤངས་པའི་ཡོངས་ཤེས་ཀྱི་ཞར་ལ་རྙེད་པས་ལོགས་སུ་མ་བགྲངས་སོ་ཞེས་ཟེར་རོ། །ནམ་མཁའ་མཐའ་ཡས་ཀྱི་ཉེ༷་བར༷་བསྡོག༷ས་པའི༷་འབྲས་བུ་ནི་གཟུགས་ལ་འདོད་ཆགས་དང་བྲལ་བའི་ཡོངས་ཤེས་གཅིག༷་པུ་ཡིན༷་ཏེ༷། དེས་བཞི་པ་མན་ཆད་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་ཕྱིར། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་གཟུག༷ས་མེད༷་ཀྱི་དངོས༷་གཞི༷་ཟག་མེད་དང་པོ་གསུམ༷་གྱི༷་འབྲས་བུ་ཡང༷་ཟག་པ་ཀུན་ཟད་ཀྱི་ཡོངས་ཤེས་གཅིག་པུ་ཡིན་ཏེ། ཟག་མེད་ཡིན་པ་གང་ཞིག །དེས་སྲིད་རྩེ་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་ཕྱིར། དེས་ན་འདོད་པ་དང་སྲིད་རྩེའི་སེམས་ཟག་མེད་ལམ་གྱི་རྟེན་དུ་མི་རུང་བས་ཡོངས་ཤེས་ཀྱི་རྒྱུར་མི་རུང་ངོ༌། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གང་གི་འབྲས་བུ་ཡིན་ཞེ་ན། ཡོངས་ཤེས་དགུ་པོ་ཐམ༷ས་ཅད༷་འཕག༷ས་པའི༷་ལམ༷་གྱི༷་འབྲས་བུ་ཡིན༷་ཏེ༷། འོག་མ་གཉིས་ཀྱི་སྒོམ་སྤང་སྤངས་པའི་འབྲས་བུ་ཡོངས་ཤེས་གཉིས་འཕགས་པའི་ལམ་གྱི་འབྲས་བུ་ཡིན་དུ་རུང་ཞིང༌། ཡོངས་ཤེས་གཞན་བདུན་འཕགས་ལམ་གྱིས་འཐོབ་དགོས་པའི་ཕྱིར། འཇིག༷་རྟེན༷་པའི༷་ལམ་གྱི་འབྲས་བུ་ནི་ཡོངས་ཤེས་བདུན་པ་དང་བརྒྱད་པ་གཉིས༷་ཡིན་ཏེ། འཕགས་པ་དག་འཇིག་རྟེན་པའི་ལམ་གྱིས་འདོད་གཟུགས་ལས་འདོད་ཆགས་དང་བྲལ་བ་སྲིད་པའི་ཕྱིར། སྒོམ་ལམ་རྗེས་ཤེས་ཀྱི་འབྲས་བུ་ཡང་ཡོངས་ཤེས་ཐ་མ་གཉིས་ཡིན་ཏེ། རྗེས༷་ཤེས་ཁམས་གོང་མ་གཉིས་ཀྱི༷་གཉེན་པོ་ཡིན་པའི་ཕྱིར། སྒོམ་ལམ་ཆོས༷་ཤེས༷་པའི༷་འབྲས་བུ་ནི༷་ཕྱི་མ་གསུམ༷་ཡིན༷་ཏེ༷། ཆོས་ཤེས་ཁམས་གསུམ་ཆར་གྱི་གཉེན་པོ་ཡིན་པའི་ཕྱིར། ཆོས་ཤེས་དེའི༷་ཕྱོག༷ས་མཐུན༷་དང་བཅས་པའི་འབྲས་བུ་ཡོངས་ཤེས་དྲུག༷་ཡིན་ཏེ། ཡོངས་ཤེས་དང་པོ་གསུམ་དང༷་ཐ་མ་གསུམ་ཡིན་པའི་ཕྱིར། རྗེས་ཤེས་དེའི་ཕྱོགས་མཐུན་དང་བཅས་པའི་འབྲས་བུ་ཡོངས་ཤེས་ལྔ༷་ཡིན་ཏེ། བར་པ་གསུམ་དང་ཐ་མ་གཉིས་ཡིན་པའི་ཕྱིར། གསུམ་པ་གྲངས་ངེས་ནི། མཐོང་སྒོམ་གྱི་འགོག་པ་བརྒྱད་ཅུ་རྩ་བརྒྱད་ཡོད་ན། འབྲས་བུ་ཡོངས་ཤེས་དགུར་འཇོག་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཡོད་དེ། བྲལ༷་བའི༷་ཐོབ༷་པ༷་ཟག༷་མེད༷་གསར་དུ་རྙེད་པ་དང༷༌། སྲིད༷་རྩེའི༷་ཉོན་མོངས་པ་ཕྱོགས་གཅིག་ཉམ༷ས་པར༷་བྱས༷་པ༷་དང༷༌། སྡུག་ཀུན་མཐོང་སྤང་གི་ཀུན་འགྲོའི་རྒྱུ༷་རིས་གཉིས༷་ཀུན༷་ཏུ༷་བཅོམ༷་པའི༷་ཕྱིར༷་མཐོང་སྤང་སྤངས་པའི་ཡོངས་ཤེས་སུ་བཞག་པའི་ཕྱིར། དེའང་སྡུག་བསྔལ་ལ་ཆོས་ཤེས་པ་ན་དང་པོ་ཡོད་ཀྱང་ཕྱི་མ་གཉིས་མེད། སྡུག་བསྔལ་ལ་རྗེས་སུ་ཤེས་པ་ན་སྔ་མ་གཉིས་ཡོད་ཀྱང་ཐ་མ་མེད། ཀུན་འབྱུང་ལ་ཆོས་ཤེས་པ་ན་ནི་གསུམ་ག་ཡོད་པའི་ཕྱིར་འདོད་པའི་སྡུག་ཀུན་སྤངས་པའི་ཡོངས་ཤེས་གཅིག་ཏུ་བཞག་གོ །དེ་བཞིན་དུ་ཁམས༷་གོང་མ་གཉིས་ཀྱི་ལའང་ཤེས་པར་བྱ་སྟེ་མཐོང་སྤང་སྤངས་བའི་ཡོངས་ཤེས་སོ། །སྒོམ་སྤང་སྤངས་པའི་ཡོངས་ཤེས་ཐ་མ་གསུམ་ནི་རྒྱུ་གསུམ་པོ་དེ་དག་དང༌། རྒྱུ་བཞི་པ་འདོད་པ་ལ་སོགས་པའི་ཁམ༷ས་གསུམ་ལས༷་འདས༷་པ༷་ལས༷་ཀྱང་རིམ་པར་ལྟར་བཞག་པས་གསུམ་དུ་ངེས་སོ། ། བཞི་པ་གང་ཟག་གང་ལ་ལྡན་པ་ནི། འོ་ན། ཡོངས་ཤེས་དེ་དག་གང་ཟག་གང་ལ་དུ་ཞིག་དང་ལྡན་ཞེ་ན། དེ་ལ་སོ་སྐྱེ་ནི་ཡོངས་ཤེས་གཅིག༷་དང་ཡང་ལྡན་པ་མིན༷་ལ། འཕགས་པ་མཐོང༷་ལམ་ལ༷་གནས༷་པ༷་ནི༷་སྐད་ཅིག་དྲུག་པ་ནས་གཅིག་དང༌། བརྒྱད་པ་ནས་གཉིས་དང༌། བཅུ་པ་ནས་གསུམ་དང༌། བཅུ་གཉིས་པ་ནས་བཞི་དང༌། བཅུ་བཞི་པ་ནས་བཅོ་ལྔ་པ་ལ་ཡོངས་ཤེས་ལྔ༷་ཡི༷་བར༷་དང༷་ཡང༷་དག༷་པར་ལྡན༷་ནོ། །སྒོམ༷་ལམ་ལ༷་གནས༷་པ༷་ནི་ཡོངས་ཤེས་དྲུག༷་གམ༷་སྟེ། ལམ་ལ་རྗེས་ཤེས་ཐོབ་པ་ནས་བཟུང་སྟེ་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་སྒོམ་སྤང་དང་པོ་བརྒྱད་པ་སྤངས་པའི་བར་ལ་གནས་པའང་སྔར་གྱི་ལྔ་དང་གོང་མ་གཉིས་ཀྱི་ལམ་མཐོང་སྤོང་སྤངས་པའི་ཡོངས་ཤེས་ཏེ་དྲུག་དང་ལྡན་ལ། ཉམས་ནའང་དེ་ཉིད་དོ། །འདི་ནི་མཐར་གྱི་ས་པ་དངོས་སོ། །ཡང་ཆགས་བྲལ་སྔོན་འགྲོ་ཕྱིས་ངེས་པ་ལ་འཇུག་པ་དེ་ཉིད་ལམ་ལ་རྗེས་ཤེས་ཀྱི་ཚེ་སྔ་མ་རྣམས་བསྡོམས་ཏེ་ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་ཞེས་པའི་མིང་ཅན་གཅིག་ཐོབ་པས་བདུན་པ་གཅིག༷་གམ༷། དགྲ་བཅོམ་པ་གཟུགས་ཀྱིས་ཉམས་ནའང་སྔར་གྱི་གཅིག་དང་ལྡན་ལ། ཡང༷་ན༷་ཕྱིར་མི་འོང་དེ་ཉིད་གཟུགས་ལས་འདས་པ་ན་བདུན་པ་དང་བརྒྱད་པ་གཉིས༷་དང༷་ལྡན་ཞིང༌། དགྲ་བཅོམ་གཟུགས་མེད་ཀྱིས་ཉམས་ནའང་གཉིས་པོ་དེ་དག་དང་ལྡན་ནོ། །ཡང་ཅིའི་ཕྱིར་གཟུགས་ལས་འདོད་ཆགས་དང་མ་བྲལ་བའི་ཕྱིར་མི་འོང་དང༌། དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་ཚེ་སྤངས་པ་མང་པོ་ཡོད་བཞིན་དུ་ཡོངས་ཤེས་གཅིག་ཏུའམ་རེ་རེ་ཁོ་ནར་བཞག་ཅེ་ན། དེའི་ཚེ་ནི་རིམ་པ་ལྟར་འདོད་པ་དང༌། ཁམ༷ས་གསུམ་ལས༷་འདོད༷་ཆག༷ས་དང་བྲལ༷་བ༷་དང༷༌། དགེ་སྦྱོང་གི་ཚུལ་གྱིས་འབྲས་བུ་གསར་དུ་ཐོབ་པ་སྟེ་རྒྱུ་གཉིས་ཚང་བའི་ཕྱིར༷་བྲལ་བ་དེ༷་དག༷་བསྡོམ༷ས་ཏེ་ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་དང༌། ཟག་པ་ཀུན་ཟད་ཀྱི་ཡོངས་ཤེས་རེ་རེར་བཞག་གོ །འབྲས་བུ་དང་པོ་གཉིས་ཁམས་ལས་མ་འདས་པའི་ཕྱིར་དང༌། གཟུགས་ལས་འདས་པའི་ཕྱིར་མི་འོང་ཡང་འབྲས་བུ་གསར་ཐོབ་མེད་པའི་ཕྱིར་དང༌། གཞན་དག་ལ་ནི་གཉིས་ཀ་མེད་པའི་ཕྱིར་ཡོངས་ཤེས་གཅིག་ཏུ་སྡོམ་པར་མི་བྱེད་དོ། ། ལྔ་པ་འཐོབ་གཏོང་ནི། དུས་ཅིག་ཅར་ཡོངས་ཤེས་དུ་གཏོང་ཞེ་ན། ལ༷་ལ༷་སྟེ་དགྲ་བཅོམ་ལས་ཉམས་པའམ་གཟུགས་ལས་འདོད་ཆགས་དང་མ་བྲལ་བའི་ཕྱིར་མི་འོང་ཉམས་པ་ན་གཅིག༷་པུ་སྟེ་དགུ་པ་དང་བདུན་པ་རེ་རེ་གཏོང་ངོ༌། །དགྲ་བཅོམ་གྱི་འབྲས་བུ་ཐོབ་པ་ན་བདུན་པ་དང་བརྒྱད་པ་གཉིས༷་ཅིག་ཅར་གཏོང་ངོ༌། །ཕྱིར་མི་འོང་ཆགས་བྲལ་སྔོན་འགྲོས་སྐད་ཅིག་མ་བཅུ་དྲུག་ལམ་རྗེས་ཤེས་ཐོབ་པའི་ཚེ་འདོད་པའི་མཐོང་སྤང་སྤངས་བའི་ཡོངས་ཤེས་གསུམ་དང༌། གོང་མའི་མཐོང་སྤང་སྤངས་པའི་ཡོངས་ཤེས་གཉིས་ཏེ་ལྔ༷་གཏོང་ངོ༌། །ཡང་འཕགས་པ་མཐར་གྱིས་པ་འདོད་པ་ལས་འདོད་ཆགས་དང༷་བྲལ་ན་བདུན་པ་ཐོབ་པས་སྔ་མ་དྲུག༷་གཏོང༷་བ་ལྟ་བུའོ། །འོ་ན། ཡོངས་ཤེས་དུ་ཅིག་ཅར་འཐོབ་ཅེ་ན། དེ་བཞིན་དུ་འཐོབ༷་པ༷་ནི་གཅིག་དང༌། གཉིས་དང༌། དྲུག་འཐོབ་པ་ཡོད་ཀྱི། ལྔ༷་འཐོབ་པ་ནི་ཡོད་པ་མིན༷་ནོ༷། །དེ་ལ་གཅིག་འཐོབ་པ་ནི་ཀུན་འབྱུང་ཆོས་ཤེས་ཀྱི་ཚེ་དང་པོ་གཅིག་དང༌། ཆགས་བྲལ་ལམ་རྗེས་ཤེས་ཀྱི་ཚེ་བདུན་པ་གཅིག་དང༌། ཆགས་བཅས་འདོད་པ་པའི་རྣམ་གྲོལ་དགུ་པའི་ཚེ་བདུན་པ་གཅིག །དགྲ་བཅོམ་འཐོབ་པ་ནའང་དགུ་པ་གཅིག་པུ་དང་ལྡན་ནོ། །གཉིས་འཐོབ་པ་ནི་དགྲ་བཅོམ་པ་གཟུགས་མེད་པས་ཉམས་པ་ན་བདུན་པ་དང་བརྒྱད་པ་གཉིས་འཐོབ་པ་ལྟ་བུའོ། །དྲུག་འཐོབ་པ་ནི་མཐར་གྱིས་པ་ཕྱིར་མི་འོང་ལས་ཉམས་ན་ཡོངས་ཤེས་དང་པོ་དྲུག་འཐོབ་པ་ཡིན་ནོ། །ཆོས༷་མངོན༷་པའི༷་མཛོད༷་ཀྱི༷་ཚིག༷་ལེ༷འུར༷་བྱས༷་པ༷་ལས༷། ཕྲ༷་རྒྱས༷་བསྟན༷་པ༷་ཞེས༷་བྱ༷་བ༷་སྟེ༷་གནས༷་ལྔ༷་པའི༷་མཆན་འགྲེལ་བཤད་པའོ༷།། །།", "target": {"entries": [{"title": "ལམ་གང་གི་འབྲས་བུ་གང་ཡིན་པ", "level": 1, "start": 0, "anchor": "གཉིས་པ་ལམ་གང་གི་འབྲས་བུ་གང་ཡིན་པ་ནི། ཡོང"}, {"title": "གྲངས་ངེས", "level": 1, "start": 2436, "anchor": "གསུམ་པ་གྲངས་ངེས་ནི། མཐོང་སྒོམ་གྱི་འགོག་པ"}, {"title": "གང་ཟག་གང", "level": 1, "start": 3238, "anchor": "བཞི་པ་གང་ཟག་གང་ལ་ལྡན་པ་ནི། འོ་ན། ཡོངས་ཤེ"}, {"title": "འཐོབ་གཏོང", "level": 1, "start": 4785, "anchor": "ལྔ་པ་འཐོབ་གཏོང་ནི། དུས་ཅིག་ཅར་ཡོངས་ཤེས་ད"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5936, "headings": 4}} {"id": "IBA-LWS-08-096", "input": "གཉིས་པ་རྟེན་སྣོད་དུ་རུང་བའི་ཆོས་ཀྱི་ཁྱད་པར་ནི། གང་ཟག་གང་གིས་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། ལུས་འདུ་འཛི་དང་སེམས་རྣམ་རྟོག་ལས་བསྲིངས་པའི་བསྲིང༷་བ་གཉིས༷་ལྡན༷་གྱིས་གང་ཟག་གིས་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་གང་ལ་སླ་བ་ཡིན་ཞེ་ན། འདོད་ཆུང་ཆོག༷་ཤེས་ལ་སླའི། ཆོག༷་མི༷་ཤེས༷་པ་དང༷་འདོད༷་ཆེན༷་ཅན༷་ལ༷་སླ་བ་མ༷་ཡིན༷་ནོ༷། །འོ་ན། དེའི་ངོ་བོ་གང་ཞེ་ན། ཆོས་གོས་སོགས་རྙེད༷་པ་ལ༷་ཡང༷་ཡང་སྲིད༷་པ་ནི་ཆོག༷་མི༷་ཤེས༷་པ་ཡིན་ལ། མ༷་རྙེད༷་པ་ལ༷་འདོད༷་པ་ནི་འདོད༷་ཆེན༷་ཅན༷་ཡིན་ནོ། །དེ་ལས་བཟློག༷་པ༷་ནི་དེའི༷་གཉེན༷་པོ༷་འདོད་ཆུང་ཆོག་ཤེས་དག༷་ཡིན་ནོ། །འདོད་ཆུང་ཆོག་ཤེས་དེ༷་གཉིས༷་ལ་ཁམ༷ས་གསུམ༷་དུ་གཏོག༷ས་པ་དང་དྲི༷་མ་མེད༷་པ་གཉིས་ཡོད་དོ། །འོ་ན། དེའི་ངོ་བོ་གང་ཞེ་ན། འདོད་ཆུང་ཆོག་ཤེས་དེ་དག་མ༷་ཆག༷ས་པ་ཡིན་ཏེ། ཆགས་པའི་གཉེན་པོ་ཡིན་པའི་ཕྱིར། འཕག༷ས་པའི་རིག༷ས་ཡིན་ཏེ། དེ༷་ལ་བརྟེན་ནས་ཟག་མེད་ཀྱི་ལམ་སྐྱེ་བའི་ཕྱིར། དེ་ལ་དགོངས་ནས་ཆོས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པས་འཕགས་པའི་རིགས། དེ་བཞིན་དུ་བསོད་སྙོམས་དང༌། གནས་མལ་དང༌། སྤོང་བ་དང་སྒོམ་པ་ལ་དགའ་བ་འཕགས་པའི་རིགས་ཞེས་རིགས་བཞི་བཀའ་སྩལ་ཏོ། །དེ༷་དག༷་གི་ནང་ནས༷་དང་པོ་གསུམ༷་མ་ཆགས་པ་ཡིན་ཏེ། འདོད་ཆུང་ཆོག༷་ཤེས༷་ཀྱི་བདག༷་ཉིད༷་ཡིན་པའི་ཕྱིར། ཕྱི་མའང་དེ་ཡིན་ཏེ། སྤོང་བ་ནི་འགོག་བདེན་དང༌། སྒོམ་པ་ནི་ལམ་བདེན་ཡིན་ལ། དེ་ལ་དགའ་བ་ནི་སྲིད་པའི་འདོད་ཆགས་དང༌། འདོད་པའི་འདོད་ཆགས་ལས་རྒྱབ་ཀྱིས་ཕྱོགས་པ་ཡིན་པའི་ཕྱིར། འཕགས་པའི་རིགས་བཞིས་གང་བསྟན་ཅེ་ན། དང་པོ་གསུམ༷་གྱིས་ཐར་པ་སྒྲུབ་པའི་ཀུན་སྤྱོད་ཀྱི༷་ཚུལ༷་བསྟན༷། ཐ༷་མས༷་ལས༷་བསྟན་པ་ཡིན་ཏེ། ཚུལ་འདི་ལྟ་བུ་ལ་གནས་ནས་ལས་འདི་ལྟ་བུ་བྱས་ན་མྱུར་དུ་ཐར་པ་འཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དགོས་པ་གང་གི་ཕྱིར་དུ་རིགས་བཞི་བསྟན་ཅེ་ན། སྲིད༷་པ༷་སྐྱེ༷་བའི༷་གཞིའི་གཉེན༷་པོའི༷་ཕྱིར༷་དུ་རིགས་བཞི་བསྟན་ཏེ། བདག༷་གིར༷་འཛིན༷་པ་ཆོས་གོས་སོགས་ཀྱི་དངོས་པོ་འདོད་པ་དེའི་དུས་རེ་ཞིག་ཞི་བར་བྱ་བའི་ཕྱིར་དུ་རིགས་དང་པོ་གསུམ་བསྟན། བདག༷་ཏུ་འཛིན༷་པའི་དངོས་པོ་ལུས་ལ་འདོད༷་ཅིང་སྲེད་པ༷་དེ༷འི༷་དུས༷་གཏན༷་དུ་ཞི༷་བའི་ཕྱིར༷་དུ་རིགས་ཕྱི་མ་བསྟན་པའི་ཕྱིར། གསུམ་པ་སྒོམ་པ་ལ་འཇུག་པའི་ཚུལ་དངོས་ལ། ཞི་གནས་དང༌། ལྷག་མཐོང་གཉིས། དང་པོ་(ཞི་གནས་)ལ་གཉིས། བསྟན། བཤད་དོ། །དང་པོ་(མདོར་བསྟན་པ་)ནི། དེ་ལྟར་སྣོད་དུ་གྱུར་པ་དེ་ཇི་ལྟར་སྒོམ་པ་ལ་འཇུག་ཅེ་ན། སྒོམ་པ་དེ༷་ལ༷་འཇུག༷་པ༷་ན་ཐོག་མར་མི༷་སྡུག༷་པ༷་སྒོམ་པ་དང༌། དབུག༷ས་ནང་དུ་རྔུབ༷་པ་དང་ཕྱིར་འབྱུང༷་བ༷་རྗེས་སུ་དྲན༷་པ༷་སྒོམ་པ་ཡིས༷་སེམས་བཏུལ་ནས་སོ། །གང་ཟག་གང་གིས་སྒོམ་ན། འདོད༷་ཆག༷ས་ལྷག་པས་མི་སྡུག་པ་སྒོམ། རྣམ༷་རྟོག༷་ལྷག༷་པས་དབུགས་འབྱུང་རྔུབ་སྒོམ་པར་འགྱུར་རོ། ། གཉིས་པ་རྒྱས་བཤད་ལ་གཉིས། མི་སྡུག་པ་བསྒོམ་པ་དང༌། དབུགས་འབྱུང་རྔུབ་བསྒོམ་པའོ། །དང་པོ་(མི་སྡུག་པ་བསྒོམ་པ་)ནི། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་ཇི་ལྟར་སྒོམ་ཞེ་ན། ཁ་དོག་དང༌། དབྱིབས་དང༌། རེག་བྱ་དང༌། རྙེད་བཀུར་ལ་སོགས་པའི་འདོད་ཆགས་ཀྱི་གཉེན་པོར་རྣམ་པར་བསྔོས། གནག །དམར། ཟོས་འཐོར། འབུས་གཞིག་པ། རྒྱུས་པས་བྲང་བྲེང་དུ་སྦྲེལ་བ། གཡོ་བ་མེད་པའི་འདུ་ཤེས་སྒོམ་པར་བྱེད་ལ། བྱེ་བྲག་མེད་པར་ཀེང༷་རུས༷་ཀྱི་འདུ་ཤེས་ནི་ཆག༷ས་བཅས༷་ཐམས༷་ཅད༷་ལ༷་ཤིས་པས་གཉེན་པོར་འགྱུར་ཏེ། ཀེང་རུས༷་ལ་ཆགས་པའི༷་གཞི་རྣམ་པ་བཞི༷་མེད་པའི་ཕྱིར། དེ་སྒོམ་པ་ན་ཐོག་མར་རང་གི་ལུས་དཔྲལ་བ་ལ་སོགས་པ་གང་རུང་དུ་རྨ་དོད་དེ་རུལ་ཞིང་མྱགས་པས་རུས་པར་མོས་ཏེ། རིམ་གྱིས་ལུས་རིལ་པོ། དེ་ནས་གནས་ཁང་ནས་ཕྱིའི་རྒྱ༷་མཚོའི༷་བར༷་དུ༷་ས་གཞི་ཐམས་ཅད་ཀེང་རུས་ཀྱིས་གང་བར་ཡིད་ལ་བྱེད་པའི་སྒོ་ནས་སྤྲོ༷་ཞིང༷༌། དེ་ནས་ཡང་རྒྱ་མཚོའི་མཐའ་ནས་རིམ་གྱིས་ཐམས་ཅད་སྔ་མ་ཁོ་ན་བཞིན་དུ་གྱུར་ནས་རང་གི་ལུས་འབའ་ཞིག་རུས་པར་མོས་ཤིང༌། དེ་ལ་སེམས་སྡུད༷་དེ་འཛིན་པ༷་ནི་ལས༷་དང༷་པོ༷་པའི་རྣལ་འབྱོར་རོ། །དེ་ནས་སྤྲོ་བ་སྔར་བཞིན་ལ། ཚུར་སྡུད་པ་ན་རྐང༷་པའི་རུས༷་པ་རྣམས་བོར་ཞིང་ལུས་ལྷག་མ་རུས་པ་ཉིད་དུ་དམིགས་པ་ན༷ས་བཟུང་ནས་ནི༷་རིམ་གྱིས་ལུས་ཕྱེད་དང༌། དེ་ནས་ཐོད༷་པའི་ཕྱེད༷་ཀྱི་བར༷་དུ་རུས་པར་བཏང༷་ཞིང་བོར་ནས་ཐོད་པའི་ཕྱེད་རུས་པ་ཉིད་ཡིན་པར་སེམས་འཛིན་པས༷་ནི་ཡོངས་སུ་སྦྱང༷་བ༷་བྱས༷་པའི་རྣལ་འབྱོར་ཡིན་པར༷་བཤད༷་དོ། །ཡང་གཞན་ཐམས་ཅད་སྔར་བཞིན་ལ། སྡུད་པའི་མཐར་སྨིན༷་མ་གཉིས་པོའི༷་བར༷་དུ༷༷་རུས་པ་མཐེབ་གང་ཙམ་ལ་སེམ༷ས་འཛིན༷་པས༷་ནི་ཡིད༷་ལ༷་བྱེད༷་པ༷་རྫོག༷ས་པའི༷་རྣལ་འབྱོར་ཡིན༷་ནོ་ཞེས་སོ། །མི༷་སྡུག༷་པ་ཞེས་བྱ་བ་དེའང་ངོ་བོ་ནི་མ༷་ཆག༷ས་པའི་དགེ་བ་ཡིན་ནོ། །ས༷་ནི་བསམ་གཏན་གྱི་དངོས་གཞི་བཞི། དང་པོའི་ཁྱད་པར་ཅན་ཉེར་བསྡོགས་བཞི་དང་བཅས་པས་དགུ་འདོད་པ་སྟེ་བཅུ༷་དང༷༌། དམིག༷ས་པ༷་ནི་འདོད༷་པའི་སྣང༷་བའི་ཆོས་ཁ་དོག་དང་དབྱིབས་ལ་དམིགས་པའོ། །གང་ཟག་ནི་གླིང་གསུམ་གྱི་མི༷་ཁོ་ནས་སྐྱེད༷་དོ༷། ། གཉིས་པ་དབུགས་འབྱུང་རྔུབ་བསྒོམ་པ་ནི། དབུགས་རྔུབ་འབྱུང་དྲན་པའི་ངོ་བོ་གང་ཞེ་ན། དབུག༷ས་ནང་དུ་རྔུབ༷་པ་དང་དབུག༷ས་ཕྱིར་འབྱུང༷་བ་རྗེས་སུ་དྲན༷་པའི༷་རང་བཞིན་ནི༷་འབྱུང་རྔུབ་ཇི་ལྟ་བར་ཤེས་པའི་ཤེས་རབ་ཡིན་ནོ། །དེ་ལ་དྲན་པ་ཞེས་བརྗོད་པ་ནི་རྒྱུ་དྲན་པའི་སྟོབས་ཀྱིས་འབྲས་བུ་ཤེས༷་རབ༷་དེ་སྐྱེད་པས་ན་རྒྱུས་མིང་བཏགས་པའོ། །ས༷་ནི་ལྔ༷་པ་ཡིན་ཏེ། བསམ་གཏན་དང་པོ་གསུམ་གྱི་ཉེར་བསྡོགས་གསུམ་དང༌། ཁྱད་པར་ཅན་དང༌། འདོད་པའི་ས་པ་ཡིན་པའི་ཕྱིར་རོ། །དེའི་སྤྱོད༷་ཡུལ༷་ཏེ་དམིགས་པ་ནི་རླུང༷་ཡིན་ནོ། །རྟེན་ནི་འདོད༷་པའི་ལྷ་མིའི་རྟེན༷་ཅན་ཡིན་ཏེ་རྣམ་རྟོག་མང་བའི་ཕྱིར་རོ། །འདི་ནི་ནང་པ་སངས་རྒྱས་པ་ཁོ་ནའི་ཡིན་གྱི། ཕྱི༷་པ་ལ་འདིའི་ལུང་མེད་པའི༷་ཕྱིར་དང༌། དེ་མེད་པར་ཆོས་ཟབ་མོ་འདི་མི་རྟོགས་པའི་ཕྱིར་ཡོད་པ་མ༷་ཡིན༷་ནོ། ། ཟབ་མོ་ཉིད་གང་ཞེ་ན། བགྲང༷་བ་ལ༷་སོག༷ས་པ༷་རྒྱུ་རྣམ༷་པ༷་དྲུག༷་དང་ལྡན་པའི་མན་ངག་སྟེ། དེ་ལས་དང་པོ་བགྲང་བ་ནི་འདུ་བྱ་བ་མེད་པར་ལུས་སེམས་རྣལ་དུ་འདུག་སྟེ་དབུགས་རྔུབ་འབྱུང་ལ་སེམས་གཏད་དེ་བཅུའི་བར་དུ་ཡིད་ཀྱིས་བགྲང་བའོ། །དེ་ལས་མང་ཉུང་དུ་གྱུར་ན་རྒོད་བྱིང་དུ་དོགས་པས་མི་བགྲང་ངོ༌། །དེའང་གཅིག་ལ་གཉིས་དང༌། གཉིས་ལ་གཅིག་ཏུ་འཛིན་ན་ལྷག་ཆད་དུ་འགྱུར་བ་དང༌། རྔུབ་འབྱུང་ནོར་ན་འཆོལ་བས་སྐྱོན་གསུམ་སྤངས་ནས་སོ། །གཉིས་པ་རྗེས་སུ་འགྲོ་བ་ནི་རྔུབ་པ་ན་ལྐོག་མ་ནས་རྐང་པའི་བར་དུ་འགྲོ་ཞིང༌། འབྱུང་བ་ན་སྣ་བུག་ནས་མཐོ་གང་ངམ་འདམ་གང་གི་བར་དུ་ཕྱིར་འབྱུང་བ་ཡིད་ལ་བྱེད་པའོ། །གསུམ་པ་འཇོག་པ་ནི་སྣ་རྩེ་ནས་རྐང་པའི་བར་དུ་གནས་ཤིང་ཕན་པ་དང་གྲོལ་བར་རྟོག་པའོ། །བཞི་པ་ཉེ་བར་རྟོག་པ་ནི་ཡུལ་རླུང་གི་རྫས་བརྒྱད་འདུས་པས་གཟུགས་དང༌། ཡུལ་ཅན་ཤེས་རབ་ནི་མིང་གཞི་ཡིན་པས་ཕུང་པོ་ལྔ་པར་རྟོག་པའོ། །ལྔ་པ་བསྒྱུར་བ་ནི་རླུང་ལ་དམིགས་པའི་བློ་དྲོ་བ་ནས་ཆོས་མཆོག་གི་བར་གོང་ནས་གོང་དུ་བསྒྱུར་བའོ། །དྲུག་པ་ཡོངས་སུ་དག་པ་ནི་མཐོང་སྒོམ་གྱི་ལམ་ལ་འཇུག་པའོ། །དབུག༷ས་རྔུབ༷་པ་དང་དབུག༷ས་འབྱུང༷་བ་གང་གང༷་ལས༷་ཤེ་ན། ལུས༷་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར་ལུས་ས་གང་ལ་བརྟེན་པ་ལ་འཇུག་གི །གཟུགས་མེད་པ་དང༌། ནུར་ནུར་པོ་དང༌། སེམས་མེད་པ་ལ་མི་འཇུག་གོ །རྒྱུད་ཀྱིས་བསྡུས་མ་བསྡུས་ལས་སེམ༷ས་ཅན༷་ཞེས༷་བྱ༷་བ་ཡིན་པས་བསྡུས་པ་དང༌། ཟིན་མ་ཟིན་ལས་དབང་པོ་གཟུགས་ཅན་གྱི་ཚོགས་བར་མེད་པའི་རླུང་ཡིན་པས་མ༷་ཟིན༷་པ༷འོ༷། །བྱུང་བ་གསུམ་ལས་སྐལ་མཉམ་གྱི་རྒྱུས་བསྐྱེད་པས་རྒྱུ༷་མཐུན༷་ལས༷་བྱུང༷་བ་ཡིན་གྱི། རྒྱས་བྱུང་དང་རྣམ་སྨིན་སྐྱེས་ནི་མ་ཡིན་ཏེ། ལུས་རྒྱས་ནས་རླུང་འགྲིབ་པ་དང་ཆད་ནས་མཚམས་སྦྱོར་ཞིང་འདོད་རྒུར་འབྱུང་བའི་ཕྱིར་རོ། །རླུང་དེ་གཉིས་ཀྱང་རང་སའམ་གོང་སའི་སེམས་ཀྱིས་རྟོགས་ཀྱི། འོག༷་མ༷་འདོད་པའི༷་ཡིད༷་ཀྱིས༷་གོང་མའི་རླུང་དེ༷་གཉིས༷་མ༷་རྟོག༷ས་སོ༷། །མངོན་དུ་མ་བྱས་པ་དང་སེམས་གཞན་གྱིས་ལྟ་ཅི་སྨོས་ཞེས་པའོ། །", "target": {"entries": [{"title": "རྟེན་སྣོད་དུ་རུང་བའི་ཆོས་ཀྱི་ཁྱད་པར", "level": 1, "start": 0, "anchor": "གཉིས་པ་རྟེན་སྣོད་དུ་རུང་བའི་ཆོས་ཀྱི་ཁྱད་"}, {"title": "སྒོམ་པ", "level": 1, "start": 1724, "anchor": "གསུམ་པ་སྒོམ་པ་ལ་འཇུག་པའི་ཚུལ་དངོས་ལ། ཞི་"}, {"title": "ཞི་གནས", "level": 2, "start": 1788, "anchor": "དང་པོ་(ཞི་གནས་)ལ་གཉིས། བསྟན། བཤད་དོ། །དང"}, {"title": "མདོར་བསྟན་པ", "level": 3, "start": 1826, "anchor": "དང་པོ་(མདོར་བསྟན་པ་)ནི། དེ་ལྟར་སྣོད་དུ་ག"}, {"title": "རྒྱས་བཤད", "level": 3, "start": 2155, "anchor": "གཉིས་པ་རྒྱས་བཤད་ལ་གཉིས། མི་སྡུག་པ་བསྒོམ་"}, {"title": "མི་སྡུག་པ་བསྒོམ་པ", "level": 4, "start": 2231, "anchor": "དང་པོ་(མི་སྡུག་པ་བསྒོམ་པ་)ནི། འདོད་ཆགས་ཀ"}, {"title": "དབུགས་འབྱུང་རྔུབ་བསྒོམ་པ", "level": 4, "start": 3761, "anchor": "གཉིས་པ་དབུགས་འབྱུང་རྔུབ་བསྒོམ་པ་ནི། དབུག"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5972, "headings": 7}} {"id": "IBA-LWS-08-097", "input": "གཉིས་པ་ལྷག་མཐོང་བསྒོམ་པ་ལ་གསུམ། ཚོགས་ལམ། སྦྱོར་ལམ། བདེན་པ་མངོན་པར་རྟོགས་པའི་ལམ་མོ། །དང་པོ་(ཚོགས་ལམ་)ནི། ཞི་གནས་ཀྱི་ཏིང་ངེ་འཛིན་གྲུབ་ཀྱང་ལྷག་མཐོང་གི་ཤེས་རབ་མེད་ན་ཉོན་མོངས་རྣམས་རྩ་བ་ནས་མི་སྤོང་བས། དེའི་ཕྱིར་ཚོགས་ལམ་ན་སྒོ་གཉིས་ཀྱིས་ཞི༷་གནས༷་གྲུབ༷་པར་གྱུར་པ༷་ཡིས༷་ལྷག་མཐོང་གི་ཤེས་རབ་བསྐྱེད་པའི་ཕྱིར་དྲན༷་པ༷་ཉེ༷་བར་གཞག༷་པ་བཞི་བསྒོམ་པར་བྱའོ། །ཇི་ལྟར་བསྒོམ་ཞེ་ན། ལུས༷་གཟུགས་ཀྱི་ཕུང་པོ་དང༌། ཚོར༷་བའི་ཕུང་པོ་དང༌། སེམ༷ས་རྣམ་ཤེས་ཀྱི་ཕུང་པོ་དང༌། ཆོས༷་དེ་དག་ལས་གཞན་པ་ཐམས་ཅད་དེ། དེ་རྣམ༷ས་ལ༷་དམིགས་ནས་རྣམ་པ་གཟུགས་སུ་རུང་བ་དང༌། རང་སྟོབས་ཀྱིས་དོན་གྱི་ཁྱད་པར་མྱོང་བ་དང༌། ངོ་བོ་ཙམ་མྱོང་བ་དང༌། མཚན་མར་འཛིན་པ་ལ་སོགས་པ་རང་གི་མཚན་ཉིད་དང༌། སྤྱིའི་མཚན༷་ཉིད༷་མི་རྟག །སྡུག་བསྔལ། སྟོང་པ། བདག་མེད་དང་གཉིས༷་སུ༷་ཡོང༷ས་སུ་བརྟག༷ས་པས༷་འཇུག་པའོ། །དེ་ལའང་སྤྱིར་རང་བཞིན་དང༌། འབྲེལ་བ་དང༌། དམིགས་པ་དྲན་པ་ཉེར་བཞག་གསུམ་ལས། དང་པོ་དེའི་ངོ་བོ་ནི་ཤེས༷་རབ༷་ཡིན་ལ། དེའང་ཐོས༷་པ་དང༌། སོག༷ས་པས་བསམས་པ་དང་བསྒོམས་པ་ལས༷་བྱུང༷་བ༷་ཡིན་གྱི༷། སྐྱེས་ཐོབ་ནི་མ་ཡིན་ཏེ། སྦྱོར་བྱུང་ཡིན་པའི་ཕྱིར། རང་བཞིན་དྲན་པ་ཉེར་གཞག་ལས་གཞན༷་ནི༷་ཤེས་རབ་དེ་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་རྣམས་འབྲེལ༷་པ་དྲན་པ་ཉེར་གཞག་དང༷༌། སྔ་མ་དེ་དག་གི་དམིག༷ས་པའི༷་ཡུལ་དུ་གྱུར་པ་ལས༷་ལུས་ལ་སོགས་པ་བཞི་ལའང་ཡུལ་ཅན་གྱི་མིང་གིས་བཏགས་ནས་དམིགས་པའི་དྲན་པ་ཉེར་གཞག་ཅེས་བྱའོ། །གོ་རིམ༷་ནི༷་ཇི༷་ལྟར༷་ སྐྱེ༷་བའི༷་རིམ་པ་བཞིན༷་ཡིན་ཏེ། ཡུལ་སྔ་མ་སྔ་མ་རགས་པས་སྔར་རྟོགས་པའི་ཕྱིར། གྲངས་ངེས་ནི་ལུས་གཙང་བ། ཚོར་བ་བདེ་བ། སེམས་རྟག་པ། ཆོས་ལ་བདག་ཏུ་འཛིན་པའི་ཕྱིན༷་ཅི༷་ལོག༷་གི་རྟོག་པ་བཞིའི་གཉེན༷་པོར༷་དྲན་པ་ཉེར་གཞག་བཞི༷་བསྟན་པས་མི་མང་མི་ཉུང་ངོ༌། །དེ་ལྟར་གོམས་པའི་རྣལ་འབྱོར་པ་དེ༷་ནི༷་ཆོས༷་དྲན༷་པ་ཉེ༷་བར་གཞག༷་པ༷་སྤྱི༷་ལ༷་དམིག༷ས་པ༷་ལ༷་གནས༷་པར་འགྱུར་ཏེ༷། ལུས་སོགས་དེ༷་དག༷་སྤྱི་ལ༷་དམིགས་ནས་མི༷་རྟག༷་པ་དང༷༌། སྡུག༷་བསྔལ༷་བ་དང༌། སྟོང༷་པ་དང༌། བདག༷་མེད༷་པར༷་ལྟ༷་ཞིང་ཡིད་ལ་བྱེད་པས་སོ།། །།", "target": {"entries": [{"title": "ལྷག་མཐོང་བསྒོམ་པ", "level": 1, "start": 0, "anchor": "གཉིས་པ་ལྷག་མཐོང་བསྒོམ་པ་ལ་གསུམ། ཚོགས་ལམ།"}, {"title": "ཚོགས་ལམ", "level": 2, "start": 84, "anchor": "དང་པོ་(ཚོགས་ལམ་)ནི། ཞི་གནས་ཀྱི་ཏིང་ངེ་འཛ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 1656, "headings": 2}} {"id": "IBA-LWS-08-098", "input": "གཉིས་པ་སྦྱོར་ལམ་ལ་གསུམ། སྦྱོར་ལམ་གྱི་རང་བཞིན། ཆོས་ཀྱི་ཁྱད་པར། དོགས་གཅོད་གཞན་བསྟན་པའོ། །དང་པོ་(སྦྱོར་ལམ་གྱི་རང་བཞིན་)ནི། ཚོགས་ལམ་གྱི་སྐབས་སུ་ཆོས་དྲན་པ་ཉེར་གཞག་སྤྱི་ལ་དམིགས་པ་གོམས་པར་བྱས་པ་དེ༷་ལས༷་དྲོ༷་བར༷་གྱུར༷་པ༷་འབྱུང༷་ངོ༌། །ཅིའི་ཕྱིར་དྲོ་བར་གྱུར་པ་ཞེས་བྱ་ཞེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟས་སུ་གྱུར་པའི་ཕྱིར་ན་དྲོ་བར་གྱུར་པ་དེ༷་ནི༷་བདེན༷་པ་བཞི༷་ལ་དམིགས་ཤིང་དེའི་སྤྱོད༷་ཡུལ༷་ཅན༷་དང༌། རྣམ༷་པ༷་མི་རྟག་པ་སོགས་བཅུ༷་དྲུག༷་ཚང་བར་སྒོམ་པ་ཡིན་ལ། དྲོ༷་བའི༷་ཡེ་ཤེས་དེ་ཆུང་ངུ༌། འབྲིང༌། ཆེན་པོ་གསུམ་འཕེལ་བ་ལས༷་རྩེ་མོར་གྱུར་པའི་ཡེ་ཤེས་འབྱུང༌། ཅིའི་ཕྱིར་རྩེ་མོ་གྱུར་པ་ཞེས་བྱ་ཞེ་ན། དགེ་བའི་རྩ་བ་གཡོ་བའི་རྩེ༷་མོ༷་ཡིན་པའི་ཕྱིར་ན་རྩེ་མོ་དེ༷་ཡང༷་དྲོ་བ་དེ༷་དང༷་འདྲ༷་བར་བདེན་བཞིའི་སྤྱོད་ཡུལ་ཅན་དང༌། རྣམ་པ་མི་རྟག་སོགས་བཅུ་དྲུག་ཚང་བར་བསྒོམ་པ་ཡིན་ལ། དྲོད་རྩེ་གཉིས༷་ཀ༷་དང་པོར་བདེན་པ་ལ་ཆོས༷་དྲན་པ་ཉེར་གཞག །ཉིད་ཀྱིས༷་རྣམ༷་པ༷་གཏོད༷་པར་བྱེད་ཅིང༌། དྲན་པ་ཉེ་བར་གཞག་པ་གཞན༷་དག༷་གིས༷་ཀྱང༷་འཕེལ༷་བ༷་སྟེ་གོམས་ཤིང་བྱང་བར་བྱེད༷་དོ། །རྩེ་མོ་དེ༷་ཆུང་འབྲིང་ཆེན་པོར་རིམ་གྱིས་འཕེལ་བ་ལས༷་ནི་བཟོད་པའི་ཡེ་ཤེས་སྐྱེའོ། །ཅིའི་ཕྱིར་བཟོད་པ་ཞེས་བྱ་ཞེ་ན། བདེན་པ་མཐོང་བ་ལ་ཆེར་བཟོད༷་པའི༷་ཕྱིར་ནའང༌། བཟོད་པ་ལ་གསུམ་ཡོད་པ་ལ། ཆུང་འབྲིང་གཉིས༷་ནི་བདེན་པ་ལ་རྣམ་པ་གཏོད་ཚུལ་རྩེ་མོར་སྦྱར་བ་དེ༷་བཞིན༷་དང༌། འཕེལ་བ་ལ་ནི་དྲོད་རྩེ་ལས་ཁྱད་པར་ཡོད་དེ། བཟོད་པ་ཆུང་འབྲིང་ཆེན་པོ་ཐམ༷ས་ཅད༷་ཆོས༷་དྲན་པ་ཉེར་གཞག་ཉིད་ཀྱིས༷་འཕེལ༷་བར༷་བྱེད༷་ཀྱི། ལུས་སོགས་ཀྱིས་ནི་མ་ཡིན་ནོ། །བཟོད་པ་ཆེན༷་པོ༷་དེ་ནི་འདོད༷་པར་གཏོག༷ས་པའི་སྡུག༷་བསྔལ༷་ཡུལ༷་དུ་བྱས་ནས། དེའི་རྣམ་པ་བཞི་ལས་གང་ཡང་རུང་བ་གཅིག་དང་ལྡན་པ་ཡིན་ལ། དེར་མ་ཟད་དེ༷་ནི༷་སྐད༷་ཅིག༷་མ་གཅིག༷་ཡིན་གྱི། རྒྱུན་ཆགས་པ་མིན་ནོ། །ཇི་ལྟར་བཟོད་ཆེན་གྱི་དམིགས་རྣམས་འདོད་པའི་སྡུག་བསྔལ་དང་སྐད་ཅིག་མ་ཡིན་པ་དེ༷་བཞིན༷་དུ་འཇིག་རྟེན་ཆོས༷་མཆོག༷་ཀྱང་འདོད་པའི་སྡུག་བསྔལ་ཁོ་ནར་དམིགས་ཤིང་སྐད་ཅིག་མ་གཅིག་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཟག་བཅས་འཇིག་རྟེན་པའི་ཆོས་ཀྱིས་མཐོང་ལམ་ཟག་མེད་ཀྱི་ཡེ་ཤེས་དངོས་སུ་འདྲེན་ནུས་པས་ན་དེ་སྐད་ཅེས་བྱའོ། །དྲོ་བ་སོགས་ཀྱི་ཡེ་ཤེས་བཞི་པོ་ཐམ༷ས་ཅད༷་ཀྱང་དྲན་པ་ཉེར་གཞག་གི་བདག་ཉིད་ཡིན་པས་གཙོ་བོ་ཤེས་རབ་དང༌། འཁོར་དང་བཅས་ན་མཉམ་གཞག་གི་རིག་མིན་ཡོད་པས་ཕུང༷་པོ༷་ལྔ༷་པའོ། །འོན་ཀྱང་དྲོ་བ་ལ་སོགས་པའི་ཐོབ༷་པ༷་ནི་དྲོ་བ་ལ་སོགས་པར་མ༷་གཏོག༷ས་ཏེ། འཕགས་པ་ལའང་ས་མ་བོར་གྱི་བར་དུ་ཐོབ་པ་ཡོད་ཀྱང་མངོན་དུ་བྱེད་མི་སྲིད་པའི་ཕྱིར། སྔར་བཤད་པ་དེ༷་ལྟར༷་ན༷་ངེས༷་པར་འབྱེད༷་པའི་ཆ༷་དང་མཐུན༷་པ་ནི་དྲོ་བ་ལ་སོགས་པ་རྣམ༷་པ༷་བཞི༷་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ངེས་པར་འབྱེད་པ་ནི་མཐོང་ལམ་མོ། །དེའི་ཆའམ་ཕྱོགས་གཅིག་ནི་སྡུག་བསྔལ་ལ་ཆོས་བཟོད་ཡིན་ལ། དེ་ལ་ཆོས་མཆོག་གི་དངོས་དང༌། གཞན་རྣམས་ཀྱི་བརྒྱུད་ནས་མཐུན་པས་ན་དེ་སྐད་ཅེས་བྱའོ། ། གཉིས་པ་ཆོས་ཀྱི་ཁྱད་པར་ནི། སྦྱོར་ལམ་བཞི་པོ་ཐམས་ཅད་བསྒོམ༷ས་བྱུང༷་གཙོ་བོར་གྱུར་པ་ཡིན་ཏེ། མཉམ་གཞག་གཙོ་བོར་གྱུར་པ་ལ་གཞག་པའི་ཕྱིར། ས་གང་ལ་བརྟེན་ཞེ་ན། བསམ་གཏན་དང་པོའི་ཉེར་བསྡོགས་མི༷་ལྕོག༷ས་མེད༷་པ༷་དང༷༌། བསམ་གཏན་ཁྱད༷་པར༷་ཅན་དང༌། བསམ༷་གཏན༷་གྱི་དངོས་གཞི་བཞིའི་ས༷་པ༷་ཡིན་ཏེ། དེས་བསྡུས་པའི་མཉམ་བཞག་ཡིན་པའི་ཕྱིར། བཙུན་པ་དབྱངས་སྒྲོགས་ལྟར་ན། དྲོད་རྩེ་གཉིས༷་ནི༷་འོག༷་འདོད་པ་ན༷འང༷་ཡོད༷་པ༷་ཡིན་ཞེས་ཟེར། གང་གི་རྟེན་ཅན་ཡིན་ཞེ་ན། སྦྱོར་ལམ་བཞི་པོ་ཐམས་ཅད་འདོད༷་པའི་ལྷ་དང་གླིང་གསུམ་གྱི་མིའི་རྟེན༷་ཅན་ཡིན་ནོ། །ཆོས༷་མཆོག༷་བུད༷་མེད༷་ཀྱི༷ས་འཐོབ་ན་སྐྱེས་པ་དང་བུད་མེད་གཉིས༷་ཀའི༷་རྟེན༷་ཅན༷་གྱིས་འཐོབ༷་པར༷་འགྱུར༷་ཏེ། ཚེ་དེ་ཉིད་ལ་མཚན་གྱུར་པའམ། ཡང་ན་འདོད་པར་སྐྱེས་ན་སྐྱེས་པར་འགྱུར་པའི་ཕྱིར། སྐྱེས་པས་ནི་སྐྱེས་པའི་རྟེན་ཅན་ཁོ་ནས་འཐོབ་ཀྱི། བུད་མེད་ཀྱིས་ནི་མ་ཡིན་ཏེ། དེ་ཐོབ་པས་དེ་ལ་བརྟགས་མིན་ཐོབ་པའི་ཕྱིར། འོ་ན། སྦྱོར་ལམ་དེ་དག་གང་གིས་གཏོང་ཞེ་ན། འཕག༷ས་པ༷་རྣམས་ཀྱིས་ནི་སྦྱོར་ལམ་དེ༷་དག༷་སྔར་ས༷་གང་ལ་བརྟེན་ནས་འཐོབ་པའི་ས་དེ་བོར༷་ནས༷་གོང་མར་སྐྱེས་པས་གཏོང༷༌། འཕག༷ས་མིན༷་སོ་སྐྱེ་ནི་འཆི༷་བ་སྟེ་རིས་མཐུན་དོར་བས༷་སོ༷། །སྦྱོར་ལམ་དང༷་པོ༷་གཉིས༷་ནི་ཉོན་མོངས་ཀྱིས་ཡོང༷ས་སུ་ཉམ༷ས་པས༷་ཀྱང༷་གཏོང༷་ངོ༌། །སྦྱོར་ལམ་དེ་དག་བསམ་གཏན་གྱི་དངོས༷་གཞི༷་ལ་བརྟེན་ནས་སྐྱེད་པ་ཡིན་ན་ནི་དེས་ཚེ་དེ༷་ཉིད༷་ལ༷་བདེན༷་པ་མཐོང༷་སྟེ། ཡིད་འབྱུང་བ་ཤས་ཆེ་བའི་ཕྱིར་རོ། །འཐོབ་པ་ལས་རྣམ༷་པར༷་ཉམ༷ས་པ་དག་གིས་ཕྱིས་འཐོབ་པ་ན༷་སྔོན༷་མེད༷་པ་ཁོ་ན་གསར་དུ་འཐོབ༷་ཀྱི། སྔར་བཏང་བ་ནི་མ་ཡིན་ཏེ། སྔར་འཁོར་བར་མ་འདྲིས་པ་དང་འབད་དེ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། འོ་ན། ཡོངས་ཉམས་དང་རྣམ་ཉམས་ཀྱི་ངོ་བོ་གང་ཞེ་ན། ཉམ༷ས་པ༷་དེ་གཉིས༷་ནི༷་ཆོས་གང་ཞིག་འཐོབ་པ་བཏང་ནས་མི༷་ལྡན༷་པ༷་སྟེ། མ་ཐོབ་པ་སྐྱེས་པའོ། །དེ་གཉིས་ཀྱི་ཁྱད་པར་གང་ཞེ་ན། ཡོངས་ཉམས་ནི་ཉེས་པས་བྱས་པ་ཡིན་ཏེ། དཔེར་ན། ལོག་ལྟས་དགེ་རྩ་ཉམས་པ་ལྟ་བུའོ། །རྣམ་ཉམས་ཡོན་ཏན་གྱིས་ཀྱང་བྱས་པ་ཡོད་དེ། མཐོང་ལམ་གྱིས་སོ་སྐྱེ་ལས་ཉམས་པ་ལྟ་བུའོ། །འོ་ན། སྦྱོར་ལམ་དེ་དག་ཡོན་ཏན་གང་དང་ལྡན་ཞེ་ན། དྲོད་ཐོབ་ནས་ཡོངས་སུ་ཉམས་ཀྱང་ངེས་པར་མྱང་འདས་འཐོབ་པར་འགྱུར། རྩེ༷་མོ༷་ཐོབ༷་ནས་མཚམས་མེད་བྱེད་པ༷་དང་ངན་སོང་དུ་སྐྱེ་བ་སྲིད་ཀྱང༌། དགེ་བའི་རྩ༷་བ་རྒྱུན་མི༷་འཆད༷། བཟོད༷་པ་ཐོབ༷་ནས་ངན༷་སོང༷་དུ་མི༷་འགྲོ༷་སྟེ། ངན་སོང་དུ་སྐྱེ་བའི་ལས་དང་ཉོན་མོངས་པ་ཐག་རིང་དུ་བསྲིངས་པའི་ཕྱིར། གསུམ་པ་དོགས་གཅོད་གཞན་བསྟན་པ་ནི། དྲོད་རྩེ་གཉིས༷་སློབ༷་མ་ཉན་ཐོས་ཀྱི་རིག༷ས་ལས༷་བཟློག༷་ནས༷་ནི༷་སངས༷་རྒྱས༷་སུ༷་འགྱུར༷་གྱི། བཟོད་པ་ཐོབ་ནས་སངས་རྒྱས་སུ་འགྱུར་བ་མེད་དེ། བཟོད་པ་ཐོབ་ནས་ངན་སོང་དུ་མི་སྐྱེ་བ་གང་ཞིག །བྱང་སེམས་གཞན་དོན་དུ་ངན་སོང་དུ་སྐྱེ་བའི་ཕྱིར། གཞན༷་རང་སངས་རྒྱས་སུ་ནི་གསུམ༷་པ་བཟོད་པ་འབྲིང་མན་ཆད་ཐོབ་ན་ཡང༷་འགྱུར་དུ་རུང་སྟེ། རང་སངས་རྒྱས་སུ་འགྱུར་བ་ལ་ངན་སོང་དུ་སྐྱེ་མི་དགོས་པའི་ཕྱིར། སྟོན༷་པ་སངས་རྒྱས་དང༷་བསེ༷་རུ༷་ལྟ་བུའི་རང་སངས་རྒྱས་དྲོད་ལ་སོགས་པ་ལ་གནས་པ་རིགས་གཞན་དུ་བསྒྱུར་དུ་མི་རུང་སྟེ། དེས་དྲོད་ནས་བྱང༷་ཆུབ༷་ཟད་མི་སྐྱེ་ཤེས་ཀྱི་བར༷་བསམ༷་གཏན༷་གྱི་མཐའ༷་བཞི་པ་ལ་བརྟེན༷་ཏེ་སྟན་ཐོག་གཅིག༷་ལ༷་ལམ་ཀུན༷་སྐྱེ་བའི་ཕྱིར། འོ་ན། ངེས་འབྱེད་ཆ་མཐུན་དང་པོ་ནས་སྐྱེའམ། དེ༷འི༷་སྔོན༷་དུ༷་ལམ་གཞན་འགྲོ་དགོས་ཤེ་ན། ངེས་འབྱེད་ཆ་མཐུན་གྱི་སྔོན་དུ་ཐར༷་པ་ཆ༷་མཐུན༷་གྱི་དགེ་བ་འགྲོ་བ་ཡིན་ནོ། །ཐར་པ་ཆ་མཐུན་ཐོབ་ནས་ཅི་ཙམ་ན་ཐར་བར་འགྱུར་ཞེ་ན། མྱུར༷་བ༷་སྲིད༷་པ༷་གསུམ༷་གྱིས༷་ཐར༷་བར་འགྱུར་ཏེ། སྲིད་པ་དང་པོ་ལ་ཐར་པ་ཆ་མཐུན་བསྐྱེད། གཉིས་པ་ལ་ངེས་འབྱེད་ཆ་མཐུན་བསྐྱེད། གསུམ་པ་ལ་འཕགས་ལམ་འཐོབ་པར་འགྱུར་བའི་ཕྱིར། ཤིན་ཏུ་མྱུར་ན་སྲིད་པ་གཉིས་ཀྱི་མཐར་ཐར་བར་འགྱུར་ཏེ། དང་པོ་ལ་ཐར་པ་ཆ་མཐུན་བསྐྱེད། གཉིས་པ་ལ་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ངེས་འབྱེད་ཆ་མཐུན་བསྐྱེད་དེ། ཚེ་དེ་ཉིད་ལ་བདེན་པ་མངོན་སུམ་དུ་མཐོང་བར་འགྱུར་བའི་ཕྱིར། དེའི་ངོ་བོ་ནི་ཐོས༷་པ་དང་བསམ༷ས་པ་ལས༷་བྱུང༷་བ་ཡིན་གྱི། བསྒོམས་བྱུང་ནི་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར། ལས་ནི་གཙོ་བོ་ཡིད་དེ། འཁོར་བ་ལས༷་སྐྱོ་ཞིང་ཐར་པར་འདོད་པའི་སྨོན་ལམ་དང༌། དེས་བླངས་པའི་ལུས་ངག་ཀྱང་ཡིན་པས་ན་རྣམ་པ་གསུམ༷་ཆར་ཡིན་ནོ། །དེས་ན་ཐར་པ་འདོད་པའི་ཕྱིར་སྦྱིན་སོགས་བསྒྲུབ་པའང་དེའི་ནང་དུ་བསྡུའོ། །འོ་ན། ཐར་པ་ཆ་མཐུན་གྱི་དགེ་རྩ་དེ་གང་གི་ནང་ནས་འཕེན་ཞེ་ན། ཐོག་མར་གླིང་གསུམ་གྱི་མི༷འི༷་ནང༷་ཁོ་ན་ནས༷་འཕེན༷་པར༷་བྱེད༷་དེ། བློ་གསལ་ཞིང་སྐྱོ་བ་ཤས་ཆེ་བའི་ཕྱིར།", "target": {"entries": [{"title": "སྦྱོར་ལམ", "level": 1, "start": 0, "anchor": "གཉིས་པ་སྦྱོར་ལམ་ལ་གསུམ། སྦྱོར་ལམ་གྱི་རང་"}, {"title": "སྦྱོར་ལམ་གྱི་རང་བཞིན", "level": 2, "start": 87, "anchor": "དང་པོ་(སྦྱོར་ལམ་གྱི་རང་བཞིན་)ནི། ཚོགས་ལམ"}, {"title": "ཆོས་ཀྱི་ཁྱད་པར", "level": 2, "start": 2331, "anchor": "གཉིས་པ་ཆོས་ཀྱི་ཁྱད་པར་ནི། སྦྱོར་ལམ་བཞི་པ"}, {"title": "དོགས་གཅོད་གཞན་བསྟན་པ", "level": 2, "start": 4289, "anchor": "གསུམ་པ་དོགས་གཅོད་གཞན་བསྟན་པ་ནི། དྲོད་རྩེ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5893, "headings": 4}} {"id": "IBA-LWS-08-101", "input": "གཉིས་པ་གནས་པ་ལ་གཉིས། སྤྱིར་བསྟན། བྱེ་བྲག་ཏུ་བཤད་པའོ། །དང་པོ་(སྤྱིར་བསྟན་པ་)ནི། ཕྱིར་མི་འོང་ཞུགས་པ་དེ༷་འདོད་ཉོན་ད༷གུ༷་པ་ཟད༷་པས༷་ཕྱིར་མི༷་འོང༷་འབྲས་གནས་ཡིན་ནོ། ། གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གསུམ། དབྱེ་བ། སྤེལ་མ་སྒོམ་པ། ལུས་མངོན་བྱེད་བཤད་པའོ། །དང་པོ་(དབྱེ་བ་)ལ་གཉིས། དངོས་དང༌། དོན་གྱི་ཁྱད་པར་རོ། །དང་པོ་(དངོས་)ནི། ཕྱིར་མི་འོང་ལ་གཟུགས་སུ་ཉེར་འགྲོ་དང༌། གཟུགས་མེད་ཉེར་འགྲོ་གཉིས་ལས། ཕྱིར་མི་འོང་གཟུགས་སུ་ཉེར་འགྲོ་དེ༷་ནི༷་ལྔ་ཡོད་དེ། ཚངས་ཆེན་མ་གཏོགས་པའི་གནས་རིས་བཅུ་དྲུག་གང་རུང་གི་བར༷་དོར་དགྲ་བཅོམ་ཐོབ་པ་དང༌། བར་དོར་འདའ་བར་མ་ནུས་པ་གང་དུ་སྐྱེས༷་མ་ཐག་དགྲ་བཅོམ་ཐོབ་པ་དང༌། སྐྱེས་ནས་ཅུང་ཟད་ལོན་ནས་འ༷དུ་བྱེད༷་པ་སྟེ་ལམ་བསྒོམ་པ་ལ་འབད་རྩོལ་དྲག་པོས་དགྲ་བཅོམ་ཐོབ་པ་དང༷༌། མི་བརྩོན་ཡང་ལམ་ངང་གིས་འབྱུང་བས་རེ་ཞིག་ནས་འ༷དུ༷་བྱེད༷་པ་སྟེ་འབད་རྩོལ་ཆེན་པོ་མེད༷་པར་ཡོང༷ས་སུ་མྱ༷་ངན༷་ལས་འདའ༷་བ་དང༌། གང་དུ་སྐྱེས་པའི་རྟེན་དེ་ལ་དགྲ་བཅོམ་ཐོབ་མ་ནུས་ནས་དེ་ལས་གོང༷་མ་ཞིག་ཏུ༷༷་འཕོ༷་ནས་མྱ་ངན་ལས་འདའ་བར༷་བྱེད་པ་རྣམ༷ས་ཡོད་པའི་ཕྱིར། བཤད་མ་ཐག་པའི་གོང་དུ་འཕོ་བ་དེ༷་ནི༷་ལྷག་མཐོང་ལ་དགའ་བ་དང༌། ཞི་གནས་ལ་དགའ་བའི་རིགས་གཉིས་ལས། དང་པོ་རྒྱུའི་སྒོ་ནས་བསམ༷་གཏན༷་སྤེལ༷་མ་སྒོམ་པ་ཞིག་ཡིན་ན༷་འབྲས་བུའི་སྒོ་ནས་འོག༷་མིན༷་མཐར་ཐུག་པར་འགྲོ༷་ཞིང༌། དེར་མྱ་ངན་ལས་འདའ་འོ། །དེ༷་ལའང་འཕར༷་བ་དང༌། ཕྱེད༷་དུ་འཕར༷་བ་དང༌། གནས་ཐམ༷ས་ཅད༷་དུ་འཆི༷་འཕོ༷་བ་གསུམ་ཡོད་དེ། དང་པོ་ནི་མིར། བསམ་གཏན་བཞི་པ་སྤེལ་མ་ཞིག་དང་པོའི་ཉོན་མོངས་ཀྱིས་ཉམས་ནས་ཤི་འཕོས་ཏེ་ཚངས་རིས་ལ་སོགས་པར་སྐྱེས་ཤིང༌། དེར་བསམ་གཏན་བཞི་པ་ཆེན་པོ་བཅོ་ལྔ་སྤེལ་ཏེ་བསྒོམས་པས་འོག་མིན་དུ་སྐྱེས་ནས་དགྲ་བཅོམ་འཐོབ་པར་བྱེད་པའོ། །གཉིས་པ་ནི་ཚངས་རིས་ལ་སོགས་པར་སྤེལ་མ་ཆེན་པོ་སྐྱེད་མ་ནུས་པར་ཆུང་འབྲིང་ཙམ་བསྒོམས་པས་མི་ཆེ་བའམ་མི་གདུང་བར་སྐྱེས་ནས། དེར་སྤེལ་མ་ཆེན་པོ་བསྒོམས་ཤིང་འོག་མིན་དུ་སྐྱེས་ཏེ་དགྲ་བཅོམ་ཐོབ་པའོ། །གསུམ་པ་ནི་ཚངས་ཆེན་ལས་གཞན་གནས་ཐམས་ཅད་དུ་རིམ་གྱིས་སྐྱེས་ནས་མཐར་འོག་མིན་དུ་དགྲ་བཅོམ་འཐོབ་པར་བྱེད་པའོ། །གཉིས་པ་ནི་རྒྱུའི་བསམ་གཏན་སྤེལ་མ་བསྒོམས་པ་ལས་གཞན༷་ཞི་གནས་ལ་དགའ་བ་སྤེལ་མ་མ་བསྒོམས་པ་ནི་སྲིད༷་པའི་རྩེ༷་མོ༷་མཐར་ཐུག་པར་འགྲོ་བ་ཡིན་ཏེ། བསམ་གནས་དང་པོ་ནས་བཞི་པའི་གནས་གཙང་མ་ལྔ་མ་གཏོགས་པ་རྣམས་སུ་རིམ་གྱིས་སོང་སྟེ། དེ་ནས་གཟུགས་མེད་རྣམས་སུ་སོང་ནས་སྲིད་རྩེར་དགྲ་བཅོམ་འཐོབ་པར་བྱེད་པའོ། །ཡང་ཕྱིར་མི་འོང་དེ་དག་ལས་གཞན༷་འདོད་པར་གཟུགས་མེད་ཀྱི་སེམས་ཐོབ་ཅིང་མ་ཉམས་པ་ནི༷་གཟུག༷ས་མེད༷་དུ་ཉེ་བར་འགྲོ༷་བ་སྟེ། དེ་ལ་བར་སྲིད་མེད་པས་སྐྱེས་འདའ་བ་ནས་གོང་འཕོའི་བར་རྣམ༷་པ་བཞི༷་ཡིན་ནོ། །གཟུགས་དང་གཟུགས་མེད་འགྲོ་བ་ལས་གཞན༷་པའི་ཕྱིར་མི་འོང་ནི༷་གང་ལ་ཕྱིར་མི་འོང་ཐོབ་པའི་ཚེ་འདི༷་ཉིད་ལ༷་འདོད་པའི་ཁམས་ཉིད་དུ་མྱ༷་ངན༷་ལས་འདའ༷་བ་ཡིན་ནོ། ། གཉིས་པ་དོན་གྱི་ཁྱད་པར་ནི། བར་དོར་འདའ་བ་དང༌། སྐྱེས་འདའ་བ་དང༌། གོང་འཕོ་སྟེ་གསུམ༷་པོ་རེ་རེ་ལ༷་ཡང༷་རྣམ༷་པ་གསུམ༷་གསུམ་དུ་ཕྱེ༷་ནས༷་གཟུག༷ས་སུ༷་ཉེར༷་འགྲོ༷འི་ཕྱིར་མི་འོང་དགུར༷་ཡང་བཤད༷་དོ༷། །འབྱེད་ཚུལ་ནི་དང་པོ་ལ་ལྕགས་ཀྱི་ཚྭ་ཚྭའི་དཔེས་མྱུར་བ་དང༌། མྱུར་བ་མ་ཡིན་པ་དང༌། ཆེས་རིང་མོ་ནས་འདའ་བ་གསུམ་དང༌། གཉིས་པ་ལ་སྐྱེས་མ་ཐག་པ་དང༌། འདུ་བྱེད་དང་བཅས་པ་དང༌། བྱེད་མིན་དུ་འདའ་བའོ། །གསུམ་པ་ལ་འཕར་བ། ཕྱེད་འཕར་བ། གནས་ཐམས་ཅད་དུ་འགྲོ་བའོ། །དེ་དག་གི་ཁྱད་པར་གང་ལས་བཞག་ཅེ་ན། ཕྱིར་མི་འོང་དགུ་པོ་དེ༷་དག༷་གི༷་ཁྱད༷་པར༷་རྣམ༷ས་ལས༷་དང༌། དབང༷་པོ་དང༌། ཉོན༷་མོང༷ས་པའི་བྱེ༷་བྲག༷་ལས༷་བཞག་སྟེ། དང་པོ་གསུམ་མངོན་པར་འགྲུབ་པའི་ལས་དང༌། བར་པ་གསུམ་སྐྱེས་ནས་མྱོང་འགྱུར་གྱི་ལས་དང༌། ཕྱི་མ་གསུམ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང༌། དང་པོ་གསུམ་དབང་པོ་རྣོ་བ་དང༌། བར་པ་གསུམ་དབང་པོ་འབྲིང་དང༌། ཐ་མ་གསུམ་དབང་པོ་རྟུལ་བ་དང༌། དང་པོ་གསུམ་ཉོན་མོངས་ཆུང་བ་དང༌། བར་པ་གསུམ་ཉོན་མོངས་འབྲིང་དང༌། ཕྱི་མ་གསུམ་ཉོན་མོངས་ཆེན་པོའི་བྱེ་བྲག་ལས་བཞག་པའི་ཕྱིར། འོ་ན། ལུང་བར་མ་ལས། སྐྱེས་བུ་དམ་པའི་འགྲོ་བ་བདུན་དུ་བཤད་ན། དེ་དག་གང་ཡིན་ཞེ་ན། དགུ་པོ་དེ་དགེ་བས་གང༷་དུ༷༷་འཕོ༷་བ༷་གསུམ་དུ་མ༷་ཕྱེ༷་བར༷་དམ༷་པའི༷་འགྲོ༷་བ༷་བདུན༷་དུ༷་འདོད༷་པ་ཡིན་ནོ། ། སློབ་པ་ཆགས་བཅས་དམ་པའི་འགྲོ་བ་མིན་པའི་རྒྱུ་མཚན་ཅི་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། དམ༷་པ༷་དགེ་བ་ལ་འཇུག༷ །དམ༷་མིན༷་མི་དགེ་བ་ལ་མི༷་འཇུག༷ ། ཁམས་གོང་དུ་སོན༷་པ༷་ཕྱིར༷་མི༷་འོང༷་བའི་རྒྱུ་མཚན་གསུམ་ཚང་བའི་ཕྱིར༷་དམ་པའི་འགྲོ་བར་བཤད་ན། སློབ་པ་ཆགས་བཅས་ལ་རྒྱུ་མཚན་གསུམ་པོ་དེ༷་མེད་པའི་ཕྱིར། གལ་ཏེ་འདོད་པར་ཚེ་དང་པོ་ལ་བདེན་པ་མཐོང་ལ། དེ་ཚེ་བརྗེས་ནས་ཕྱིར་མི་འོང་ཐོབ་པ་ལའང་བར་དོར་འདའ་བ་ལ་སོགས་པའི་དབྱེ་བ་ཡོད་དམ་ཞེ་ན། འདོད༷་པར༷་བདེན་པ་མཐོང་ཞིང་ཚེ༷་ཡོང༷ས་སུ་གྱུར༷་ནས་ཡང་འདོད་པར་སྐྱེས་པའི༷་འཕག༷ས་པ་ཕྱིར་མི་འོང་ཐོབ་པ་ནི་གཟུགས་ལ་སོགས་པའི་ཁམ༷ས་གཞན༷་དུ༷་ནི༷་འགྲོ༷་བ༷་མེད༷་དེ། འདོད་པ་སྡུག་བསྔལ་མང་བས་སྐྱོ་བ་ཤས་ཆེ་བས་ཚེ་དེ་ཉིད་ལ་དགྲ་བཅོམ་ཐོབ་པའི་ཕྱིར། འདོད་པར་ཚེ་ཡོངས་གྱུར་གྱི་འཕགས་པ་དེ༷་དང༷༌། ཁམས་གོང༷་མ༷་གཉིས་པཽར་སྐྱེས༷་པའི་འཕགས་པ༷་རྣམས་ནི༷་ཡོང༷ས་སུ་ཉམ༷ས་པར་མི་འགྱུར་ཏེ། སྐྱེ་བ་བརྒྱུད་མར་འཕགས་པའི་ལམ་ལ་འདྲིས་ནས་བརྟན་པར་བྱས་པའི་ཕྱིར། དེ་དག་ནི་དབང༷་པོ༷་འཕོ༷་བའང་མི༷་སྟེན༷་ཏེ། སྐྱེ་བ་དུ་མར་ལམ་གྱིས་དབང་པོ་ཡོངས་སུ་སྨིན་པར་བྱས་པའི་ཕྱིར། གཉིས་པ་སྤེལ་མ་བསྒོམ་པ་ནི། སྔར་བསམ་གཏན་སྤེལ་ནས་འོག་མིན་འགྲོ་ཞེས་བཤད་པས། སྤེལ་ཚུལ་ཇི་ལྟར་ཞེ་ན། སྔར་མ་སྐྱེས་པའི་དང༷་པོར༷་ནི་ལམ་སླ་བ་རྣམས་ཀྱི་མཆོག་བསམ་གཏན་བཞི༷་པའི༷་དངོས་གཞི་སྤེལ༷་བར༷་བྱེད༷་དེ། བསམ་གཏན་བཞི་པ་ཟག་མེད་རྒྱུན་ལྡན་དང༌། དེ་ནས་ཟག་བཅས་རྒྱུན་ལྡན། དེ་ནས་ཟག་མེད་རྒྱུན་ལྡན་གསུམ་སྤེལ་ནས་སྙོམས་པར་འཇུག་ཅིང༌། རིམ་གྱིས་དེ་དག་ལ་སྐད༷་ཅིག༷་མ༷་གཉིས་སུ་སྤེལ་བའི་བར་ནི༷་སྦྱོར་བ་ཡིན་ལ། གང་གི་ཚེ་ཟག་མེད་སྐད་ཅིག་མ་གཅིག་དང༌། ཟག་བཅས་སྐད་ཅིག་མ་གཅིག །ཡང་ཟག་མེད་སྐད་ཅིག་མ་གཅིག་སྟེ། དེ་ལྟར་སྐད་ཅིག་མ་གསུམ་བསྲེས༷་ནས་སྙོམས་པར་འཇུག་ནུས་པས༷་དེའི་ཚེ་སྤེལ་མའི་དངོས་གཞི་གྲུབ༷་པ་ཡིན་ཏེ། དེ་ལ་དང་པོ་གཉིས་ནི་བར་ཆད་མེད་ལམ་དང༌། གསུམ་པ་ནི་རྣམ་གྲོལ་ལམ་ལྟ་བུ་ཡིན་པའི་ཕྱིར། སློབ་དཔོན་ནི། སྐད་ཅིག་མ་སྤེལ་བ་སངས་རྒྱས་མ་གཏོགས་མི་ནུས་པས། རྒྱུན་ལྡན་གསུམ་ལ་འདོད་རྒུར་འཇུག་ནུས་པས་ན་གྲུབ་པ་ཡིན་ནོ། །རྟེན་ནི་ཐོག་མར་གླིང་གསུམ་གྱི་མིའི་ནང་དང༌། ཕྱིས་གཟུགས་སུའང་སྤེལ་ཞིང༌། གོམས་ནས་ཕྱིས་འོག་མ་གསུམ་དང་ཡང་སྤེལ་ལོ། །དགོས་པ་ནི་གནས་གཙང་མར་སྐྱེ༷་བར་བྱ་བའི་ཕྱིར་དང༷༌། མཐོང་བའི་ཆོས་ལ་བདེ་བར་གནས༷་པར༷་བྱ༷་བའི་ཕྱིར༷་དང༷༌། ཉོན༷་མོང༷ས་པས༷་འཇིག༷ས་ཏེ་རོ་མྱོང་གི་ཏིང་ངེ་འཛིན་ཐག་བསྲིང་བའི་ཕྱིར༷་ཡང༷་བསྒོམ་མོ། །ཡང་ཅིའི་ཕྱིར་གནས་གཙང་མ་ལྔར་ངེས་ཤེ་ན། རྒྱུ་སྤེལ་མ་བསྒོམ་པ་དེ༷་ནི༷་ཟག་མེད་གཉིས་ཀྱི་བར་དུ་ཟག་བཅས་རེ་རེ་སྤེལ་བའི་རྒྱུན་གཅིག་ལ་ཆུང་ངུ་གསུམ་སྤེལ་དང༌། འབྲིང་དྲུག་སྤེལ་དང༌། ཆེན་པོ་དགུ་དང༌། ཆེས་ཆེན་པོ་བཅུ་གཉིས་སྤེལ་བ། ཤིན་ཏུ་ཆེས་ཆེན་པོ་བཅོ་ལྔ་སྤེལ་དུ་བསྒོམ་པ་རྣམ༷་པ་ལྔ༷་ཡིན༷་པའི་ཕྱིར༷་རིམ་པ་ལྟར་འབྲས་བུ་གནས༷་གཙང་མའི་སྐྱེ་བའང་མི་ཆེ་བ་ནས་འོག་མིན་གྱི་བར༷་ལྔ༷་ཁོ༷་ན༷་ཡིན་ནོ། ། གསུམ་པ་ལུས་མངོན་བྱེད་བཤད་པ་ནི། ཕྱིར་མི་འོང་ལུས་མངོན་བྱེད་གང་ཞེ་ན། འགོག༷་པའི༷་སྙོམས་འཇུག་ཐོབ༷་པའི༷་ཕྱིར༷་མི༷་འོང༷་ཡིན་ཏེ། སེམས་མེད་པའི་ལུས༷་ཀྱིས༷་མཚུངས་ལྡན་མཐའ་དག་ཞི་བའི་མྱ་ངན་ལས་འདས་པ་དང་འདྲ་བའི་འགོག་པ་མངོན༷་སུམ༷་དུ་བྱེད༷་པས༷་ན་དེར་འདོད༷་པའི་ཕྱིར། སེམས་མེད་པའི་ལུས་ཀྱིས་འགོག་པའི་སྙོམས་འཇུག་མངོན་དུ་བྱེད་དེ། སེམས་མེད་པའི་ལུས་ལ་བརྟེན་ནས་འགོག་པའི་སྙོམས་འཇུག་སྐྱེ་བའི་ཕྱིར།", "target": {"entries": [{"title": "གནས་པ", "level": 1, "start": 0, "anchor": "གཉིས་པ་གནས་པ་ལ་གཉིས། སྤྱིར་བསྟན། བྱེ་བྲག"}, {"title": "སྤྱིར་བསྟན་པ", "level": 2, "start": 54, "anchor": "དང་པོ་(སྤྱིར་བསྟན་པ་)ནི། ཕྱིར་མི་འོང་ཞུག"}, {"title": "བྱེ་བྲག་ཏུ་བཤད་པ", "level": 2, "start": 160, "anchor": "གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གསུམ། དབྱེ་བ། "}, {"title": "དབྱེ་བ", "level": 3, "start": 239, "anchor": "དང་པོ་(དབྱེ་བ་)ལ་གཉིས། དངོས་དང༌། དོན་གྱི"}, {"title": "དངོས", "level": 4, "start": 292, "anchor": "དང་པོ་(དངོས་)ནི། ཕྱིར་མི་འོང་ལ་གཟུགས་སུ་"}, {"title": "དོན་གྱི་ཁྱད་པར", "level": 4, "start": 2263, "anchor": "གཉིས་པ་དོན་གྱི་ཁྱད་པར་ནི། བར་དོར་འདའ་བ་ད"}, {"title": "སྤེལ་མ་བསྒོམ་པ", "level": 3, "start": 4214, "anchor": "གཉིས་པ་སྤེལ་མ་བསྒོམ་པ་ནི། སྔར་བསམ་གཏན་སྤ"}, {"title": "ལུས་མངོན་བྱེད་བཤད་པ", "level": 3, "start": 5623, "anchor": "གསུམ་པ་ལུས་མངོན་བྱེད་བཤད་པ་ནི། ཕྱིར་མི་འ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5992, "headings": 8}} {"id": "IBA-LWS-08-102", "input": "བཞི་པ་དགྲ་བཅོམ་ལ། ཞུགས་པ་དང༌། གནས་པ་གཉིས། དང་པོ་(ཞུགས་པ་)ནི། ཕྱིར་མི་འོང་དེ་བསམ་གཏན་དང་པོའི་སྒོམ་སྤང་ཆེན་པོའི་ཆེན་པོ་ནས་སྲིད༷་རྩེའི༷་བར༷་གྱི་ཉེས་པའི་ཆ༷་བརྒྱད༷་ཟད༷་པ༷་ནི་དགྲ༷་བཅོམ༷་པ་ཉིད༷་ལ༷་ཞུག༷ས་པ༷་ཡིན༷། དེར་མ་ཟད་སྲིད་རྩེའི་ཉོན་མོངས་དགུ༷་པ་སྤོང་བའི༷་བར༷་ཆད༷་མེད༷་ལམ༷་ལ་གནས་པ་ཡང༷་དགྲ་བཅོམ་ལ་ཞུགས་པ་ཡིན་ནོ། །སྲིད་རྩེའི་དགུ་པའི་བར་ཆད་མེད་ལམ་དེ༷་ནི༷་རྡོ༷་རྗེ༷་ལྟ༷་བུ༷འི་ཏིང་ངེ་འཛིན་ཡིན༷་ཏེ། བར་ཆད་མེད་ལམ་ཐམས་ཅད་ཀྱི་མཆོག་ཡིན་པས་ཁམས་གསུམ་གྱི་ཕྲ་རྒྱས་ཐམས་ཅད་འཇོམས་ནུས་པའི་ཕྱིར། དེའང་སྤོང་ནུས་པ་ཡིན་གྱི། དངོས་སུ་སྤོང་བ་ནི་མ་ཡིན་ཏེ། སྲིད་རྩེའི་ཉོན་མོངས་བརྒྱད་པ་མན་ཆད་སྤངས་ཟིན་པའི་ཕྱིར།། །། གཉིས་པ་གནས་པ་ལ་བདུན། དངོས་དང༌། ཞར་ལ་སྤང་བྱ་སྤོང་ཚུལ། ཤེས་པའི་འབྱུང་ཚུལ། དགེ་སྦྱོང་ཚུལ་གྱི་བསྡུ་བ། ཚངས་པའི་འཁོར་ལོ། དགེ་སྦྱོང་ཚུལ་གྱི་འབྲས་བུ་འཐོབ་ཚུལ། དགྲ་བཅོམ་གྱི་དབྱེ་བའོ། །དང་པོ་(དངོས་)ནི། དགྲ་བཅོམ་ཞུགས་པ་དེས་སྲིད་རྩེའི་སྒོམ་སྤང་ཆུང་ངུའི་ཆུང་ངུ་དེ༷་རྡོར་ཏིང་གིས་ཟད༷་པའི་ཐོབ༷་པ་དང༷༌། དེ་ཟད༷་པ༷་ཤེས༷་པའི་རྣམ་གྲོལ་ལམ་སྐྱེས་པ་དེ༷འི་ཚེ༷་འཕགས་པ་དེ༷་ལ་མི༷་སློབ༷་པ་ཞེས་བྱ་སྟེ། འབྲས་བུ་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་སློབ་མི་དགོས་པའི་ཕྱིར་དང༌། དགྲ༷་བཅོམ༷་པ་ཞེས་ཀྱང་བྱ་སྟེ། རང་དོན་རྫོགས་ནས་གཞན་དོན་བྱེད་པ་དང༌། སོ་སྐྱེ་དང་སློབ་པ་ཐམས་ཅད་ཀྱིས་མཆོད་པར་འོས་པའི་ཕྱིར།། །། གཉིས་པ་ཞར་ལ་སྤང་བྱ་སྤོང་ཚུལ་ལ་གསུམ། ལམ་གང་གིས་ས་གང་གི་སྤང་བྱ་སྤོང༌། ས་གང་གིས་ས་གང་གི་སྤང་བྱ་སྤོང༌། ཞར་ལ་འཇིག་རྟེན་པའི་ལམ་གྱིས་དམིགས་རྣམ་མོ། །དང་པོ་(ལམ་གང་གིས་ས་གང་གི་སྤང་བྱ་སྤོང༌པ་)ནི། འཕགས་པ་དག་ས་དང་ས་ལས་འདོད་ཆགས་དང་བྲལ་ན་གཉེན་པོ་གང་གིས་ས་གང་ལས་འདོད་ཆགས་དང་བྲལ་ཞེ་ན། འདི་ལྟར་བསྒོམ་པའི་ལམ་ནི་འཇིག་རྟེན་དང་དེ་ལས་འདས་པ་གཉིས་ལས། འཇིག༷་རྟེན༷་ལས་འདས༷་པའི་ལམ་དེ་ཉིད་ཀྱིས༷་སྲིད༷་རྩེ༷་ལ༷ས་འདོད་ཆག༷ས་དང་བྲལ༷་བར་འགྱུར་གྱི། འཇིག་རྟེན་པས་ནི་མ་ཡིན་ཏེ། གོང་ས་མེད་ཅིང་རང་ས་སྲེད་པ་རྒྱས་པ་དང༌། འོག་ས་དམན་པའི་ཕྱིར། སྲིད་རྩེ་ལས་གཞན༷་པའི་ས་བརྒྱད་པོ་ཐམས་ཅད་ལས༷་ནི་འཇིག་རྟེན་དང་དེ་ལས་འདས་པ་རྣམ༷་པ༷་གཉིས༷་ཀྱིས་འདོད་ཆགས་དང་བྲལ་བར་འགྱུར་ཏེ། འཇིག་རྟེན་ས་གོང་མའི་ཉེར་བསྡོགས་ཀྱི་ས་དང༌། འདས་ལམ་བདེན་པའི་རྣམ་པ་ཅན་གྱི་སྒོ་ནས་སོ། ། འོ་ན། སོ་སྐྱེ་དང་འཕགས་པའི་འཇིག་རྟེན་པའི་བྲལ་ཐོབ་ལ་ཁྱད་པར་ཅི་ཡོད་ཅེ་ན། འཇིག༷་རྟེན༷་པ༷་ཡིས༷་ས་བརྒྱད་པོ་ཅི་རིགས་པར་འདོད་ཆག༷ས་དང་བྲལ༷་བའི༷་འཕག༷ས་པ་ལ༷་བྲལ༷་བའི༷་ཐོབ༷་པ་ཟག་བཅས་ཟག་མེད་རྣམ༷་པ་གཉིས༷་སྐྱེ་བས་སྤངས་པ་བརྟན༷་ལ། སོ་སྐྱེ་ལ་ནི་ཟག་བཅས་ཁོ་ན་ལས་མི་སྐྱེ་བས་མི་བརྟན་ནོ། །སྡེ་པ་ཁ༷་ཅིག༷་ན་རེ། འཇིག༷་རྟེན༷་ལས་འདས༷་པའི་ལམ་གྱིས༷་ཀྱང༷་བྲལ་ཐོབ་ཟག་བཅས་ཟག་མེད་གཉིས་ཀ་སྐྱེ་སྟེ། དེ་ལྟར་མིན་ན་ཕྱིར་མི་འོང་དབང་རྟུལ་འདས་པའི་ལམ་གྱིས་ཅི་ཡང་མེད་པའི་བར་ལས་འདོད་ཆགས་དང་བྲལ་བ་ཞིག་དབང་པོ་སྦྱངས་ཏེ་རྣོན་པོར་འཕོས་པ་ན་ནམ་མཁའ་མཐའ་ཡས་ལ་སོགས་ཀྱི་ཉོན་མོངས་པ་ལྡན་པར་འགྱུར་ཏེ། སྔར་རྟུལ་པོའི་བྲལ་ཐོབ་ཟག་མེད་བཏང་བའི་ཕྱིར་དང༌། ཟག་བཅས་མེད་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲའི་འཕགས་པ་བྲལ་ཐོབ་ཟག་མེད་བཏང༷་བ་ལ༷་ཉོན༷་མོང༷ས་པ་མི༷་ལྡན༷་པར་མཐོང་བའི་ཕྱིར༷་ན་འཇིག་རྟེན་པའི་བྲལ་ཐོབ་ཡོད་དོ་ཞེས་ཟེར་རོ། །འདི་ནི་མ་ངེས་ཏེ། འདས་ལམ་གྱིས་སྲིད༷་རྩེའི༷་ཉོན་མོངས་པ་དགུའི་ཕྱེད༷་དེ་བརྒྱད་པ་མན་ཆད་ཅི་རིགས་ལས༷་རྣམ༷་པར་གྲོལ༷་བའི་དབང་རྟུལ་ཞིག་རྣོན་པོར་འཕོས་པ་ན་དེ་ལ་བྲལ་ཐོབ་ཟག་བཅས་ནི་དེའི་གཉེན་པོ་མ་ཡིན་པས་མི་སྲིད་པའི་ཕྱིར་དང༌། ཟག་མེད་བཏང་བ་སྟེ་བྲལ་ཐོབ་གཉིས་ཀ་མེད་ཀྱང་དེའི་ཉོན་མོངས་པ་མི་ལྡན་པར་ཁྱེད་རང་གིའང་འདོད་པ་བཞིན་དང༷༌། དེར་མ་ཟད་སོ་སྐྱེ་འདོད་པ་ལས་གྲོལ་བའི་བྲལ་ཐོབ་ཅན་བསམ་གཏན་དང་པོ་པ་དེ་གོང༷་བསམ་གཏན་གཉིས་པ་ལ་སོགས་པ་དག་ཏུ༷༷་སྐྱེས༷་པ༷་ན་འདོད་པའི་བྲལ་ཐོབ་ས་འཕོས་པས་བཏང་ཡང་འདོད་པའི་ཉོན་མོངས་མི༷་ལྡན༷་པ་བཞིན༷་ནོ། ། གཉིས་པས་གང་གིས་ས་གང་གི་སྤང་བྱ་སྤོང་བ་ནི། འོ་ན། ས་གང་གིས་ས་གང་ལས་འདོད་ཆགས་དང་བྲལ་ཞེ་ན། ཟག༷་མེད༷་ཀྱི་ངོ་བོར་སྐྱེས་པའི་བསམ་གཏན་དང་པོའི་ཉེར་བསྡོགས་མི༷་ལྕོག༷ས་མེད༷་པ༷་ཡིས༷་ནི་རང་ས། གོང་ས། འོག་ས་སྟེ་ས་དགུ་པོ་ཐམ༷ས་ཅད༷་ལས༷་ནི༷་འདོད༷་ཆག༷ས་དང་འབྲལ༷་བར་ནུས་ཏེ། ཟག་མེད་ཀྱི་ཉེར་བསྡོགས་སྲིད་པའི་གཉེན་པོ་ཡིན་པའི་ཕྱིར། འོ་ན། ཉེར་བསྡོགས་ཀྱིས་འོག་ས་ལས་འདོད་ཆགས་དང་འབྲལ་ན་རྣམ་གྲོལ་ལམ་ཐ་མ་དེ་ཉེར་བསྡོགས་ཀྱི་ངོ་བོར་སྐྱེའམ། འོན་ཏེ་དངོས་གཞིའི་ངོ་བོར་སྐྱེ་ཞེ་ན། འདོད་པ་དང༌། བསམ་གཏན་དང་པོ་དང༌། གཉིས་པ་སྟེ་ས༷་གསུམ༷་གྱི་ཉོན་མོངས་ལས་ཉེར་བསྡོགས་ཀྱིས་རྒྱལ༷་བ་ལ༷་ནི་གང་ཟག་དེ་དབང་རྣོན་ཡིན་ན་བསམ༷་གཏན༷་གྱི་དངོས་གཞི་ལས་རྣམ་གྲོལ་ལམ་ཐ་མ་སྐྱེས་ཏེ་ཉེར་བསྡོགས་ཀྱི་ཚོར་བ་བཏང་སྙོམས་དེ་དངོས་གཞིའི་ཡིད་བདེ་དང༌། བདེ་བར་སྤོ་ནུས་པའི་ཕྱིར་དང༌། ཉེར་བསྡོགས་ལ་དགའ་བ་ཆུང་བའི་ཕྱིར། འོན་ཏེ་རྟུལ་པོ་ཡིན་ན་ཉེར༷་བསྡོག༷ས་ལས༷་མཐའི༷་རྣམ༷་གྲོལ༷་གྱི་ལམ༷་སྐྱེའི། དངོས་གཞི་ལས་ནི་མ་ཡིན་ནོ། །ས་གསུམ་གྱི་གོང༷་མ༷་གསུམ་པ་སོགས་ལས་འདོད་ཆགས་དང་འབྲལ་བར་བྱེད་པ་བཞི་པ་ཡན་ཆོད་ཀྱིས་ནི་ཉེར༷་བསྡོག༷ས་ལས༷་རྣམ་གྲོལ་ལམ་ཐ་མ་སྐྱེ་བ་མིན༷་གྱི། ས་དེ་དག་གི་དངོས་གཞི་ལས་སྐྱེས་ཏེ་ཚོར་བ་བཏང་སྙོམས་སུ་གཅིག་པས་རྩོལ་བ་ལ་མ་ལྟོས་པར་དངོས་གཞི་སྐྱེ་བའི་ཕྱིར། གཞན་འཕག༷ས་པ་སྟེ་ཟག་མེད་ཀྱི་དངོས་གཞི་བདུན། ཁྱད་པར་ཅན་དང་བཅས་པ་བརྒྱད༷་ཀྱི་ས༷་ནི་རང༷་ས་དང་གོང༷་ས༷འི་ཉོན་མོངས་ལས༷་རྒྱལ༷་བར་འགྱུར་གྱི། འོག་ས་ལས་ནི་མ་ཡིན་ཏེ། ཉེར་བསྡོགས་ཁོ་ནས་རྒྱལ་ཟིན་པའི་ཕྱིར། གསུམ་པ་ཞར་ལ་འཇིག་རྟེན་པའི་ལམ་གྱི་དམིགས་རྣམ་ནི། འཇིག་རྟེན་ལས་འདས་པའི་ལམ་བདེན་པའི་དམིགས་རྣམ་ཅན་ཡིན་ན། འཇིག་རྟེན་པའི་ཇི་ལྟར་ཞེ་ན། འཇིག༷་རྟེན༷་པའི༷་རྣམ༷་གྲོལ༷་ལམ༷་དང༷༌། བར༷་ཆད༷་མེད༷་ལམ༷་དག་ནི་གོ༷་རིམ༷་བཞིན༷་དུ་གོང་ས་ནི་ཞི༷་བ་དང༌། སོག༷ས་པས་གཟུང་བ་གྱ་ནོམ་པ་དང༌། ངེས་པར་འབྱུང་བའི་རྣམ་པ་ཅན་དང༌། འོག་ས་ནི་གོང་སར་ལྟོས་ནས་འདུ་བྱེད་ཆེན་པོས་བསྒྲུབ༷་པར་བྱ་བ་ཡིན་པས་རག༷ས་པ༷་དང༌། སོག༷ས་པས་ཐ་བ་ངན་པ་དང༌། རྩིག་པ་སྟུག་པོའི་རྣམ༷་པ༷་ཅན༷་ཡིན་ལ། དམིགས་པའང་རྣམ་གྲོལ་ནི་གང༷་ས་དང༷༌། བར་ཆད་མེད་ལམ༷་ནི༷་འོག༷་མ༷འི་སྤྱོད༷་ཡུལ༷་ཅན༷་ཡིན་ནོ། ། གསུམ་པ་ཤེས་པའི་འབྱུང་ཚུལ་ནི། ཟད་པ་ཤེས་པའི་མཇུག་ཐོག་ཏུ་ཤེས་པ་གང་སྐྱེ་ཞེ་ན། གལ༷་ཏེ༷་དགྲ༷་བཅོམ༷་དབང་རྣོན་མི༷་གཡོ༷་བའི་ཆོས་ཅན་ཞིག་ཡིན་ན་ནི་མི་ཉམས་པས་ཟད༷་པ༷་ཤེས༷་པ་ལས༷་མི༷་སྐྱེ༷་བའི༷་བློ༷་གྲོ༷ས་ཏེ་ཤེས་པ་སྐྱེ་ལ། གལ༷་ཏེ༷་མི་གཡོ་བའི་ཆོས་ཅན་མིན༷་ན༷་ནི་ཟད༷་པ༷་ཤེས་པ་ལས་དེའི་རྒྱུན་ནམ། ཡང་ན་མི༷་སློབ༷་པའི་ཡང་དག་པའི་ལྟ༷་བ་སྐྱེའོ། །ཡང་དག་པའི་ལྟ་བ་དེ་མི་གཡོ་བ་ལ་མི་སྐྱེའམ་ཞེ་ན། དེ༷་ནི༷་དགྲ༷་བཅོམ༷་པ་ཐམ༷ས་ཅད༷་ལ༷་སྐྱེར་རུང་བའི་ཕྱིར་མི་སྐྱེ་བ་ཤེས་པའི་རྗེས་སུ་སྐྱེའོ། །", "target": {"entries": [{"title": "དགྲ་བཅོམ", "level": 1, "start": 0, "anchor": "བཞི་པ་དགྲ་བཅོམ་ལ། ཞུགས་པ་དང༌། གནས་པ་གཉིས"}, {"title": "ཞུགས་པ", "level": 2, "start": 42, "anchor": "དང་པོ་(ཞུགས་པ་)ནི། ཕྱིར་མི་འོང་དེ་བསམ་གཏ"}, {"title": "གནས་པ", "level": 2, "start": 582, "anchor": "གཉིས་པ་གནས་པ་ལ་བདུན། དངོས་དང༌། ཞར་ལ་སྤང་"}, {"title": "དངོས", "level": 3, "start": 757, "anchor": "དང་པོ་(དངོས་)ནི། དགྲ་བཅོམ་ཞུགས་པ་དེས་སྲི"}, {"title": "ཞར", "level": 3, "start": 1137, "anchor": "གཉིས་པ་ཞར་ལ་སྤང་བྱ་སྤོང་ཚུལ་ལ་གསུམ། ལམ་ག"}, {"title": "ལམ་གང་གིས་ས་གང་གི་སྤང་བྱ་སྤོང་པ", "level": 4, "start": 1278, "anchor": "དང་པོ་(ལམ་གང་གིས་ས་གང་གི་སྤང་བྱ་སྤོང༌པ་)"}, {"title": "ཞར", "level": 3, "start": 4334, "anchor": "གསུམ་པ་ཞར་ལ་འཇིག་རྟེན་པའི་ལམ་གྱི་དམིགས་ར"}, {"title": "ཤེས་པའི་འབྱུང་ཚུལ", "level": 2, "start": 4845, "anchor": "གསུམ་པ་ཤེས་པའི་འབྱུང་ཚུལ་ནི། ཟད་པ་ཤེས་པའ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5295, "headings": 8}} {"id": "IBA-LWS-08-103", "input": "བཞི་པ་དགེ་སྦྱོང་ཚུལ་གྱི་བསྡུ་བ་ནི། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞི་ཞེས་བརྗོད་ན། དགེ་སྦྱོང་ནི་གང༌། ཚུལ་ནི་གང༌། འབྲས་བུ་ནི་གང་ཞེ་ན། དེ་ལ་དགེ༷་སྦྱོང༷་ནི་ཉོན་མོངས་པ་ཅི་རིགས་པ་གཏན་དུ་ཞི་བའི་རྒྱུད་དེ་འཕགས་པའི་གང་ཟག་ཡིན་ལ། དེའི་ཚུལ༷་ལམ་ཐབས་ནི༷་དངོས་སུ་འཐོབ་བྱེད་དྲི༷་མ་མེད་པའི་བར་ཆད་མེད་ལམ༷་ཡིན་ཏེ། དེས་ཉོན་མོངས་པ་དངོས་སུ་ཞི་བར་བྱས་པའི་སྒོ་ནས་དགེ་སྦྱོང་དུ་འགྱུར་བའི་ཕྱིར། ཚུལ་དེའི་འབྲས༷་བུ༷་ནི་རྣམ་གྲོལ་འདུས༷་བྱས༷་དང༌། སྤང་བྱ་ལས་བྲལ་བ་འདུས༷་མ༷་བྱས༷་སོ། །དེ༷་དག༷་རྒྱས་པར་ཕྱེ་ན་རེ་རེའང་བརྒྱད༷་ཅུ༷་རྩ༷་དགུ༷འོ༷། །གང་ཞེ་ན། གོང་འོག་གི་མཐོང་སྤང་རིས་བརྒྱད། ས་དགུའི་སྒོམ་སྤང་དགུ་དགུ་བརྒྱད་ཅུ་རྩ་གཅིག་སྟེ་སྤང་བྱ་བརྒྱད་ཅུ་རྩ་དགུ་པོ་སྤོང་བྱེད་བར་ཆད་མེད་ལམ་བརྒྱད་ཅུ་རྩ་དགུ་ནི་ཚུལ་ཡིན་ལ། ཚུལ་གྱི་འབྲས་བུ་ནི་འདུས་བྱས་རྣམ་གྲོལ༷་ལམ༷་བརྒྱད་ཅུ་རྩ་དགུ་དང༌། སྤང་བྱ་དེ་དག་ཟད༷་པའི༷་འགོག་པ་བརྒྱད་ཅུ་རྩ་དགུ་པོ་རྣམ༷ས་དང༷་བཅས༷་པ་ཡིན་ནོ། ། དེ་ལྟར་འབྲས་བུ་རྣམ་པ་མང་པོ་ཡོད་ན། འབྲས་བུ་བཞིར་ཇི་ལྟར་བཞག་ཅེ་ན། སྐྱོན་མེད་དེ། འབྲས༷་བུ༷་བཞི༷ར་རྣམ༷་པར་བཞག༷་པ༷་ནི༷་གནས་སྐབས་གང་ལ་རྒྱུ༷་མཚན་ལྔ༷་དག༷་ནི༷་སྲིད༷་པ་ལ་དགོངས་པའི་ཕྱིར༷། རྒྱུ་མཚན་ལྔ་གང་ཞེ་ན། འབྲས༷་བུ༷འི་སྔོན༷་དུ་ཞུགས་པའི་ལམ༷་བཏང༷་བ༷་དང༷༌། གཞན༷་འབྲས་བུ་ལ༷་གནས༷་པ༷་ཐོབ༷་པ༷་དང༷༌། སྤང་བྱ་ཟད༷་པ་རྣམས་བསྡོམ༷ས་པའི་ཐོབ་པ་གཅིག་རྙེད་པ་དང༷༌། སྡུག་བསྔལ་ལ་སོགས་པ་ལ་ཆོས་ཤེས་པ་བཞི་དང༌། རྗེས་སུ་ཤེས་པ་བཞི་སྟེ་ཤེས༷་པ༷་བརྒྱད༷་ཚན༷་ཅིག༷་ཅར་དུ་ཐོབ༷་པ༷་སྟེ་ལྡན་པ་དང༷༌། མི་རྟག་སོགས་ཡེ་ཤེས་ཀྱི་རྣམ༷་པ༷་བཅུ༷་དྲུག༷་ཚང་བར་ཐོབ༷་པ༷འོ༷། །དེ་ལྟར་ན་མཐོང་ལམ་སྐད་ཅིག་བཅོ་ལྔ་མན་ཆད་ཞུགས་པ་དང་པོ་ལ་ནི་རྒྱུ་ལྔ་ག་མེད་པའི་ཕྱིར་དང༌། ཞུགས་པ་ཕྱི་མ་གསུམ་ལ་རྒྱུ་མཚན་ཕྱི་མ་གཉིས་ཡོད་ཀྱང་སྔ་མ་གསུམ་མེད་པའི་ཕྱིར་འབྲས་བུར་མ་བཤད་དོ། །གལ་ཏེ་ཟག་མེད་བར་ཆད་མེད་ལམ་ཁོ་ན་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཡིན་ན་ཆགས་བྲལ་སྔོན་འགྲོས་འཇིག་རྟེན་པའི་ལམ་གྱིས་ཕྱིར་འོང་དང༌། ཕྱིར་མི་འོང་ཐོབ་པ་དེ་དག་ཇི་ལྟར་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཡིན་ཞེ་ན། སྐྱོན་མེད་དེ། འབྲས་བུ་དེ་གཉིས་ནི་འཇིག༷་རྟེན༷་པ༷་ཡི༷་ལམ་ཁོ་ནས༷་ཐོབ་པ་ནི་མེད་དེ། འདས་ལམ་གྱིས་ཀྱང་ཐོབ་པར་བྱ་དགོས་པའི་ཕྱིར། ཇི་ལྟར་ཞེ་ན། བྲལ་འབྲས༷་ཟག་བཅས་དང་ནི༷་ཕྱིས་ཟག་མེད་མཐོང་ལམ་གྱི་བྲལ་ཐོབ་གཅིག་ཏུ་བསྲེས༷་པས་ཐོབ་པའི་ཕྱིར་ཏེ། མཐོང་ལམ་མ་ཐོབ་པར་འབྲས་གནས་དེ་དག་གི་མིང་མི་འཐོབ་པའི་ཕྱིར་དང༷༌། འབྲས་བུ་བར་པ་གཉིས་ཀྱིས་བསྡུས་པའི་ཟག༷་མེད་ཀྱི་ཐོབ༷་པ་གཅིག་འཛིན༷་པའི་ཕྱིར༷། དེའང་ཟག་བཅས་ཀྱི་བྲལ་ཐོབ་འབྲས་གནས་ཀྱི་སྐབས་སུ་བསྡོམས་ནས་ཟག་མེད་ཀྱི་ངོ་བོར་འཛིན་པ་ཡིན་ནོ། ། ལྔ་པ་ཚངས་པའི་འཁོར་ལོ་ནི། དགེ་སྦྱོང་གི་ཚུལ་དུ་བཤད་པའི་ཟག་མེད་བར་ཆད་མེད་ལམ་དེ༷་ཉིད༷་ལ་ཚང༷ས་པའི་ཚུལ༷་ཞེས་ཀྱང་བྱ་སྟེ། ཉོན་མོངས་པ་སྤངས་པ་ནི་ཚང༷ས་པ༷་ཡིན༷་ལ། དེ་འཐོབ་བྱེད་ཀྱི་ཚུལ་ལམ་ཐབས་ཡིན་པའི་ཕྱིར། ཡང་དེ་ཉིད་ལ་ཚངས་པའི་འཁོར༷་ལོ༷་ཞེས་ཀྱང་བྱ་སྟེ། ཚང༷ས་པ༷་ནི་བཅོམ་ལྡན་འདས་ཡིན་ལ། དེས་དེ་དག་འཁོར་ལོ་དང་འདྲ་བར་གདུལ་བྱའི་རྒྱུད་ལ་བསྐོར༷་བའི་ཕྱིར༷་རོ༷། །དེའི་ནང་ནས་ཆོས༷་ཀྱི༷་འཁོར༷་ལོ༷་ནི་མཐོང༷་བའི༷་ལམ༷་ཡིན་ནོ། །ཅིའི་ཕྱིར་དེ་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱ་ཞེ་ན། འཁོར་ལོ་རིན་པོ་ཆེ་དང་ཆོས་མཐུན་པའི་ཕྱིར་ཏེ། འཁོར་ལོ་རིན་པོ་ཆེ་དེ་མྱུར༷་བར༷་འགྲོ༷་བ་དང༌། སོག༷ས་པས་ཡུལ་གཞན་དོར་ནས་གཞན་དུ་འཇུག་པ་དང༌། མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང༌། རྒྱལ་བ་རྣམས་རྣལ་དུ་འགོད་པ་དང༌། ས་མཐོ་བར་འཕར་བ་དང༌། དམའ་བར་འབབས་པར་བྱེད་པ་དེ་བཞིན་དུ། མཐོང་ལམ་སྐད་ཅིག་བཅོ་ལྔ་པོ་མྱུར་དུ་འགྲོ་བ་དང༌། ཤེས་བཟོད་དེ་བདེན་པའི་དམིགས་པ་སྔ་མ་དོར་ནས་ཕྱི་མར་འཇུག་པ་དང༌། བར་ཆད་མེད་ལམ་གྱིས་མཐོང་སྤང་མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང༌། རྣམ་གྲོལ་ལམ་གྱིས་བྲལ་ཐོབ་འཛིན་པས་རྒྱལ་བ་རྣལ་དུ་འགོད་པ་དང༌། ཁམས་གོང་མའི་བདེན་པ་ལ་འཕར་བ་དང༌། འདོད་པའི་བདེན་པ་ལ་འབབས་པའི་ཕྱིར། བཙུན་པ་དབྱངས་སྒྲོགས་ན་རེ། མཐོང་ལམ་འཕགས་ལམ་ཡན་ལག་བརྒྱད་ནི་འཁོར་ལོའི་རྩིབ༷ས་དང༌། སོག༷ས་ཀྱི༷ས་ལྟེ་བ་དང་མུ་ཁྱུད་དང་འདྲ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་ཡིན་ནོ། །དེ་ལ་ཤེས་རབ་ཀྱི་བསླབ་པ་ཡང་དག་པའི་ལྟ་བ་དང༌། རྟོགས་པ་དང༌། རྩོལ་བ་དང༌། དྲན་པ་རྣམས་ནི་རྩིབས་ལྟ་བུ་ཡིན་ཏེ། ཕན་ཚུན་འཇུག་པས་སམ་མཐོང་སྤང་གཅོད་པའི་ཕྱིར། ཏིང་ངེ་འཛིན་ནི་མུ་ཁྱུད་འདྲ་སྟེ། དེས་དམིགས་པ་ལ་སེམས་སྡུད་པའི་ཕྱིར། ཚུལ་ཁྲིམས་ཀྱི་བསླབ་པ་དག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་གསུམ་ནི་ལྟེ་བ་དང་འདྲ་སྟེ། ཏིང་ངེ་འཛིན་དང་ཤེས་རབ་སྐྱེ་བའི་རྟེན་བྱེད་པའི་ཕྱིར་རོ་ཞེས་ཟེར་རོ། ། དྲུག་པ་དགེ་སྦྱོང་ཚུལ་གྱི་འབྲས་བུ་འཐོབ་ཚུལ་ནི། འོ་ན། ཁམས་གང་དུ་དགེ་སྦྱོང་གིས་ཚུལ་གྱི་འབྲས་བུ་གང་འཐོབ་ཅེ་ན། འདོད༷་པར༷་ནི་འབྲས་བུ་དང་པོ་གསུམ༷་འཐོབ༷་ལ། ཐ༷་མ༷་དགྲ་བཅོམ་པ་ནི༷་ཁམས་གསུམ༷་ཆར་དུ༷་འཐོབ་པའོ༷། །འོ་ན། རྒྱུན་ཞུགས་ཀྱི་འབྲས་བུ་དང༌། ཕྱིར་འོང་གི་འབྲས་བུ་དང༌། མཐར་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་འདོད་པའི་རྟེན་ལ་འཐོབ་མོད། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུ་ཁམས་གོང་མའི་རྟེན་ལ་མི་འཐོབ་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། ཁམས་གོང༷་མ་གཉིས༷་ན༷་མཐོང༷་ལམ༷་ཡོད་ན་ཆགས་བྲལ་སྔོན་འགྲོས་སྐད་ཅིག་མ་བཅུ་དྲུག་པའི་ཚེ་ཕྱིར་མི་འོང་འཐོབ་ཏུ་རུང་བ་ལས། དེ་སྐྱེ་བ་མེད༷་པའི་ཕྱིར་ཏེ། ཁམས་གོང་མ་སྙོམས་བདེར་ཆགས་ཤིང༌། སྡུག་བསྔལ་གྱི་ཚོར་བ་མེད་པས་མི༷་སྐྱོ༷༷་ལ། སྐྱོ་བ་མེད་པར་འཕགས་ལམ་མི་སྐྱེ་བའི་ཕྱིར། བཅུ་ཚན་བཅུའི་ལུང༷་ལས༷་ཀྱང་བར་མ་དོར་མྱ་ངན་ལས་འདའ་བ་ནས་གོང་འཕོའི་བར་གང་ཟག་ལྔ་ནི་འདིར༷་རྩོམ༷་ཞིང༷༌། དེར༷་མཐར༷་ཕྱིན༷་པར་འགྱུར་རོ་ཞེས༷་འབྱུང༷་སྟེ། དེ་ལ་འདིར་ཞེས་བྱ་བ་ནི་འདོད་པའི་ཁམས་ཡིན་ཞིང༌། དེར་ཞེས་བྱ་བ་ནི་ཁམས་གོང་མ་ཡིན་ལ། རྩོམ་པ་ནི་མཐོང་ལམ་གྱི་མགོ་འཛུགས་པ་ཡིན་པའི་ཕྱིར༷་རོ།། །།", "target": {"entries": [{"title": "དགེ་སྦྱོང་ཚུལ་གྱི་བསྡུ་བ", "level": 1, "start": 0, "anchor": "བཞི་པ་དགེ་སྦྱོང་ཚུལ་གྱི་བསྡུ་བ་ནི། དགེ་ས"}, {"title": "ཚངས་པའི་འཁོར་ལོ", "level": 1, "start": 2137, "anchor": "ལྔ་པ་ཚངས་པའི་འཁོར་ལོ་ནི། དགེ་སྦྱོང་གི་ཚུ"}, {"title": "དགེ་སྦྱོང་ཚུལ་གྱི་འབྲས་བུ་འཐོབ་ཚུལ", "level": 1, "start": 3617, "anchor": "དྲུག་པ་དགེ་སྦྱོང་ཚུལ་གྱི་འབྲས་བུ་འཐོབ་ཚུ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4576, "headings": 3}} {"id": "IBA-LWS-08-105", "input": "གཉིས་པ་མཇུག་བསྡུ་བ་ནི། དགྲ་བཅོམ་པ་དེ་ལ་དགུ་ཡོད་དེ། སངས་རྒྱས་ལ་སང༷ས་རྒྱས༷་དང་རང་སངས་རྒྱས་གཉིས༷། མི་གཡོ་བའི་ཆོས་ཅན་ལ་རང་བཞིན་དུ་གནས་པ་དང༷་དབང་པོ་སྦྱངས་པ་གཉིས་སུ་ཕྱེ་བས་ཉན༷་ཐོས༷་དགྲ་བཅོམ་པ་ལ་བདུན༷་དུ་ཡོད་པའི་ཕྱིར། དགྲ་བཅོམ་པ་དགུར༷་ངེས་ཏེ། དབང༷་པོ༷་རྟུལ་འབྲིང་རྣོན་པོ་གསུམ་པོ་རེ་རེའང་གསུམ་གསུམ་དུ་དབྱེ་བས་རྣམ༷་པ་ད༷གུ༷་ཅན༷་ཡིན་པའི་ཕྱིར། དབྱེ་ཚུལ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་རྟུལ་པོའི་ཆུང་ངུ་ཡིན་པ་ནས་རྫོགས་པའི་སངས་རྒྱས་རྣོན་པོའི་ཆེན་པོ་ཡིན་པའི་བར་དུའོ། །འཕགས་པའི་གང༷་ཟག༷་བདུན༷་ཡོད་དེ། དད་པ་དང་ཆོས་ཀྱི་རྗེས་འབྲང་གཉིས། དད་མོས་མཐོང་ཐོབ༷་གཉིས། ལུས་མངོན་བྱེད་དང༌། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང༌། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་རྣམས་སུ་ཡོད་པའི་ཕྱིར། འོ་ན། གང་ཟག་བདུན་པོ་དེ་གང་གི་སྒོ་ནས་གཞག་ཅེ་ན། སྔ་མ་གཉིས་སྦྱོར༷་བའི༷་སྒོ་ནས་བཞག་སྟེ། གཞན་ལ་དད་པའི་ཚིག་གི་རྗེས་སུ་འབྲངས་ནས་བདེན་པ་མངོན་རྟོགས་ལ་སྦྱོར་བ་དང༷༌། ཆོས་གསུང་རབ་ཀྱི་རྗེས་སུ་འབྲངས་ནས་བདེན་པ་མངོན་རྟོགས་ལ་སྦྱོར་བའི་ཕྱིར། བར་པ་གཉིས་པོ་དབང༷་པོ༷འི་སྒོ་ནས་བཞག་སྟེ། དད་པ་ལྷག་པ་དང་ཤེས་རབ་ལྷག་པས་རབ་ཏུ་ཕྱེ་བའི་ཕྱིར། ལུས་མངོན་བྱེད་སྙོམ༷ས་འཇུག༷་གི་སྒོ་ནས་བཞག་སྟེ། འགོག་པའི་སྙོམས་འཇུག་ཐོབ་པའི་ཕྱིར། ཤེས་རབ་ཀྱིས་རྣམ་གྲོལ་རྣམ༷་གྲོལ༷་གྱི་སྒོ་ནས་བཞག་སྟེ། ཤེས་རབ་ཀྱིས་ཉོན་མོངས་ལས་གྲོལ་བའི་ཕྱིར། གཉིས༷་ཀའི༷་ཆ་ལས་རྣམ་གྲོལ་སྙོམས་འཇུག་དང་རྣམ་གྲོལ་གཉིས་ཀ་མ་བྱས༷་པ༷་ཡིན་ཏེ། སྙོམས་འཇུག་གིས་རྣམ་ཐར་གྱི་སྒྲིབ་པ་ལས་གྲོལ། ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་ལས་གྲོལ་བར་བྱས་པའི་ཕྱིར། བདུན་པོ་དེ༷་དག༷་རྫས་སུ་བསྡུ་ན་དྲུག༷་ཡིན་ཏེ། འདི༷་ལྟར༷་མཐོང་སྒོམ་མི་སློབ་ཀྱི་ལམ༷་གསུམ༷་པོ་ལ༷་དབང་པོ་རྟུལ་པོ་དང་རྣོན་པོའི་བྱེ་བྲག་གིས་དད་པ་དང༌། ཆོས་ཀྱི་རྗེས་འབྲང་དང༌། དད་མོས་མཐོང་ཐོབ་དང༌། དུས་དང་སྦྱོར་བ་དང༌། མི་སྦྱོར་བའི་གང་ཟག་གཉིས༷་གཉིས༷་ཡིན་པའི་ཕྱིར། འོ་ན། གཉིས་ཀ་དང་ཤེས་རབ་ཀྱིས་རྣམ་གྲོལ་གང་ཡིན་ཞེ་ན། མི་སློབ་པ་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་འགོག༷་སྙོམས་ཐོབ༷་པ་དེ་ནི་གཉིས༷་ཀའི༷་ཆ་ལས༷་རྣམ༷་གྲོལ༷་ཡིན་ཏེ། ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་དང༌། ཏིང་ངེ་འཛིན་གྱིས་རྣམ་ཐར་སྐྱེད་མི་ནུས་པའི་སྒྲིབ་པ་ལས་གྲོལ་བའི་ཕྱིར། དེ་ནི་མངོན་ཤེས་སོགས་དང་ལྡན་པས་དགྲ་བཅོམ་རྒྱན་ཅན་ཞེས་བྱའོ། །མི་ལྕོགས་མེད་ལ་བརྟེན་ནས་ཤེས༷་རབ༷་ཀྱིས༷་ཉོན་མོངས་པའི་སྒྲིབ་པ་ལས་གྲོལ་བ་ནི༷་གཉིས་ཀའི་ཆ་ལས་རྣམ་གྲོལ་ལས། ཅིག༷་ཤོས༷་ཤེས་རབ་ཀྱིས་རྣམ་གྲོལ་ཡིན་ཏེ། འགོག་སྙོམས་མ་ཐོབ་པའི་ཕྱིར། དེ་ནི་མངོན་ཤེས་སོགས་མེད་པས་རྒྱན་མེད་ཅེས་ཀྱང་བྱའོ། །ཡང་མདོ་ལས་སློབ་པ་རྫོགས་པ་ཞེས་གསུངས་ན། སློབ་མི་སློབ་རྫོགས་ཚུལ་ཇི་ལྟ་བུ་ཞེ་ན། ཐར་བ་དང་འདྲ་བའི་འགོག་པ་ཐོབ་པ་ནི་སྙོམ༷ས་འཇུག༷་གིས་རྫོགས་པ་དང༌། རྐྱེན་གྱིས་མི་འཕྲོག་པའི་དབང༷་པོ༷་རྣོན་པོ་ནི་དབང་པོས་རྫོགས་པ་དང༌། ཐ་མའི་ཆ་མཐུན་ལྔ་སྤངས་པའི་ཕྱིར་མི་འོང་ནི་འབྲས༷་བུས་རྫོགས་པ་སྟེ། གསུམ་པོ་དེ་རྣམ༷ས་ཀྱིས༷་སློབ༷་པ༷་ཡོང༷ས་སུ་རྫོག༷ས་པ་ཞེས༷་བསྟན་པར་ཤེས་པར་བྱ༷འོ༷། །དབང་པོ་དང་སྙོམས་འཇུག་གཉིས༷་ཀྱིས༷་ནི་མི༷་སློབ༷་པ་ཡོང༷ས་སུ༷་རྫོག༷ས་པ་ཡིན་ནོ།། །།", "target": {"entries": [{"title": "མཇུག་བསྡུ་བ", "level": 1, "start": 0, "anchor": "གཉིས་པ་མཇུག་བསྡུ་བ་ནི། དགྲ་བཅོམ་པ་དེ་ལ་ད"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 2498, "headings": 1}} {"id": "IBA-LWS-08-106", "input": "བཞི་པ་མངོན་རྟོགས་ཀྱི་ལམ་བསྟན་པ་ལ་གསུམ། སྦྱོར་སོགས་བཞི་བཤད་པ། གནས་དང་དབང་པོ་ཐམས་ཅད་པའི་ལམ་བཤད་པ། བྱང་ཆུབ་ཕྱོགས་མཐུན་གྱི་ལམ་བཤད་པའོ། །དང་པོ་(སྦྱོར་སོགས་བཞི་བཤད་པ་)ནི། ཐར་ལམ་ལ་དུ་མ་བཤད་ན། བསྡུ་ན་དུ་ཞེ་ན། མདོར༷་ན༷་ཐར་པའི་ལམ༷་ནི༷་རྣམ༷་པ་བཞི༷་སྟེ༷། གང་གི་མཇུག་ཐོག་ཏུ་བར་ཆད་མེད་ལམ་སྐྱེ་བའི་སྦྱོར་བའི་ལམ་དང༌། སྤང་བྱ་དངོས་སུ་སྤོང་བའི་བར་ཆད་མེད་ལམ་དང༌། སྤང་བྱ་ལས་དང་པོར་གྲོལ་བའི་རྣམ༷་གྲོལ༷་ལམ༷་དང༷༌། དེ་ཡན་ཆད་ཀྱི་ཁྱད༷་པར༷་ཅན༷་གྱི་ལམ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་གནས་དང༷་དབང་པོ་ཐམས་ཅད་པའི་ལམ་བཤད་པ་ནི། ལམ་སླ་ལ་མངོན་ཤེས་མྱུར་བ་སོགས་བཞི་བཤད་ན། དེ་གང་ཞེ་ན། བསམ༷་གཏན༷་གྱི་དངོས་གཞི་དག༷་གི༷་ལམ༷་རྣམ༷ས་སླ༷༷་སྟེ། ཡན་ལག་གིས་ཟིན་པ་དང༌། ཞི་ལྷག་ཆ་མཉམ་པས་རང་གིས་ངང་གིས་འབྱུང་བའི་ཕྱིར། ས༷་གཞན༷་དག༷་གི༷་ལམ་ནི་དཀའ༷་བ༷་ཡིན༷་ཏེ། ཡན་ལག་གིས་མ་ཟིན་པ་དང༌། ཞི་ལྷག་ཆ་མི་མཉམ་པས་འབད་པས་བསྒྲུབ་དགོས་པའི་ཕྱིར། དེའང་ཉེར་བསྡོགས་མི་ལྕོགས་མེད་དང་བསམ་གཏན་ཁྱད་པར་ཅན་ཞི་གནས་ཤས་ཆུང་ཞིང༌། གཟུགས་མེད་རྣམས་ལྷག་མཐོང་ཤས་ཆུང་བའི་ཕྱིར། བློ༷༷་དབང་པོ་རྟུལ༷་པོའི་ལམ་ནི་མངོན༷་ཤེས༷་བུལ༷་བ༷་ཡིན་ཏེ༷། ཡུལ་ལ་མངོན་དུ་ཕྱོགས་ནས་ཤེས་པ་བུལ་བའི་ཕྱིར། ཅིག༷་ཤོས༷་དབང་པོ་རྣོན་པོའི་ལམ༷་ནི༷་མངོན༷་ཤེས༷་མྱུར༷་བ་ཡིན་ཏེ། ཡུལ་ལ་མངོན་དུ་ཕྱོགས་ནས་ཤེས་པ་མྱུར་བའི་ཕྱིར། གསུམ་པ་བྱང་ཆུབ་ཕྱོགས་མཐུན་གྱི་ལམ་བཤད་པ་ལ་བདུན། མིང་གི་སྒོ་ནས་དབྱེ་བ། རྫས་ཀྱི་སྒོ་ནས་དབྱེ་བ། སྡེ་ཚན་གྱི་གོ་རིམ། ངོ་བོའི་ཁྱད་པར། ས་གང་གིས་བསྡུས། ཞར་ལ་ཤེས་ནས་དད་པ་ཐོབ་ཚུལ། མི་སློབ་པའི་ཆོས་བྱེ་བྲག་ཏུ་བཤད་པའོ། །དང་པོ་(མིང་གི་སྒོ་ནས་དབྱེ་བ་)ནི། དྲན་པ་ཉེར་གཞག་སོགས་སུམ༷་ཅུ༷་རྩ༷་བདུན་པོ་བྱང་ཆུབ་དེ༷འི༷་ཕྱོག༷ས་དང་མཐུན༷་པའི་ལམ་ཡིན་ཏེ། ཟད༷་པ་དང༷་མི༷་སྐྱེ༷་བ་ཤེས༷་པ༷་ནི༷་བྱང༷་ཆུབ༷་ཡིན་ལ། དེ༷་དང༷་མཐུན༷་པ་ཉིད༷་ཀྱི༷་ལམ་ཡིན་པའི་ཕྱིར། དེ་རྣམས་གང་ཞེ་ན། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད། དེ་ལ་དང་པོ་བཞི་བཤད་ཟིན་ལ། ཡང་དག་པར་སྤོང་བ་བཞི་ནི་མི་དགེ་བ་སྐྱེས་པ་རྣམས་སྤོང་བ་དང༌། མ་སྐྱེས་པ་རྣམས་མི་སྐྱེད་པ་དང༌། དགེ་བ་མ་སྐྱེས་པ་རྣམས་སྐྱེད་པ་དང༌། སྐྱེས་པ་རྣམས་འཕེལ་ཞིང་རྒྱས་པར་བྱ་བའི་ཕྱིར་བསམ་སྦྱོར་གྱིས་འདུན་པ་བསྐྱེད་ཅིང་འབད་ལ། དངོས་གཞིས་བརྩོན་འགྲུས་རྩོམ་ཞིང༌། རྗེས་སེམས་རབ་ཏུ་འཛིན་པ་དང༌། ཡང་དག་པར་རབ་ཏུ་འཇོག་པ་རྣམས་སོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་གུས་པར་སྦྱོར་བའི་འདུན་པ་དང༌། རྒྱུན་དུ་སྦྱོར་བའི་བརྩོན་འགྲུས་དང༌། སེམས་ཀྱི་ཏིང་ངེ་འཛིན་གྱི་ས་བོན་དང༌། དམིགས་པ་ལ་སྤྱོད་པ་དང་བཞི་ལས་བྱུང་བའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་ལྡན་པ་རྣམས་སོ། །དགེ་བའི་ཆོས་ཐམས་ཅད་ལ་དབང་བྱེད་པའི་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པོ་སྟེ་ལྔ་དང༌། དེ་རྣམས་ལ་མ་དད་པ་ལ་སོགས་པའི་མི་མཐུན་ཕྱོགས་ཀྱིས་མི་བརྫི་བར་གྱུར་པ་ནི་སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་ནི་བྱང་ཆུབ་ནི་ཆོས་ཉིད་རྟོགས་པ་སྟེ། དེའི་རང་བཞིན་གྱི་ཡན་ལག་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། དེའི་གནས་ཀྱི་ཡན་ལག་དྲན་པ་དང༌། གསུམ་པ་བརྩོན་འགྲུས་ནི་འོག་ས་ལས་འདའ་བར་བྱེད་པའི་ངེས་འབྱུང་གི་ཡན་ལག་དང༌། བཞི་པ་དགའ་བ་ནི་ལུས་སེམས་ལ་ཕན་འདོགས་པས་ཕན་ཡོན་གྱི་ཡན་ལག་དང༌། ལྷག་མ་གསུམ་ནི་ཉོན་མོངས་པ་མེད་པའི་ཡན་ལག་སྟེ། འདི་ལའང་ཀུན་ནས་ཉོན་མོངས་པའི་གཞི་གནས་ངན་ལེན་གྱི་གཉེན་པོ་ཤིན་ཏུ་སྦྱངས་པ་དང༌། དེའི་གནས་ཏིང་ངེ་འཛིན་དང༌། ཉོན་མོངས་བྱིང་རྒོད་མེད་པའི་ངོ་བོ་ཉིད་དུ་བསྟན་པ་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཡིན་ནོ། །དེ་བཞིན་དུ་མཉམ་གཞག་ཏུ་རྟོགས་པའི་དོན་རྗེས་ཀྱི་ཤེས་པས་ཡོངས་སུ་གཅོད་ཅིང་འཇལ་བ་ཡང་དག་པའི་ལྟ་བ་དང༌། རྟོགས་པ་གཞན་ལ་གོ་བྱེད་ཀྱི་ཀུན་བློ་རྟོག་པ་དང༌། ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་རྣམ་གསུམ་གྱིས་ནི་རིམ་པ་ལྟར། ལྟ་བ་བཟང་པོ་དང༌། ཚུལ་ཁྲིམས་དག་པ་དང༌། ཡོ་བྱད་སྙུངས་པར་གཞན་ཡིད་ཆེས་པར་བྱེད་པ་དང༌། ལྷག་མ་གསུམ་ནི་མི་མཐུན་ཕྱོགས་ཀྱི་གཉེན་པོ་སྟེ། རྩོལ་བ་ནི་སྒོམ་སྤང་གི་ཉོན་མོངས་པ་ལེ་ལོ་དང༌། དྲན་པ་ནི་ཉེ་བའི་ཉོན་མོངས་པ་བྱིང་རྒོད་དང༌། ཏིང་ངེ་འཛིན་ནི་སྙོམས་འཇུག་གི་སྒྲིབ་པའི་གཉེན་པོ་ཡིན་པའི་ཕྱིར་ཏེ། འཕགས་པའི་ཡན་ལག་ནི་དེ་ལྟར་བརྒྱད་པོ་ཉིད་དོ། ། གཉིས་པ་རྫས་ཀྱི་སྒོ་ནས་དབྱེ་བ་ནི། དེ་ལྟར་སུམ་ཅུ་རྩ་བདུན་ཞེས་བྱ་བའང་མིང༷་གི༷་སྒོ༷་ནས༷་ཡིན་གྱི། རྫས༷་སུ༷་ནི་བཅུར༷་བསྡུས་ཏེ། དབང་སྟོབས་ཀྱི་དད༷་པ་གཉིས་དད་པར་བསྡུ་བ་དང༷༌། དེ་བཞིན་དུ་ཡང་སྤོང་བཞི། དབང་སྟོབས་ཀྱི་བརྩོན༷་འགྲུས༷་གཉིས། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཡང་དག་པའི་རྩོལ་བ་དང་བརྒྱད་ནི་བརྩོན་འགྲུས་སོ། །དབང་སྟོབས་ཀྱི་དྲན༷་པ༷་གཉིས། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཡང་དག་པའི་དྲན་པ་བཞི་ནི་དྲན་པ་དང༌། ཡང་དག་པའི་ལྟ་བ། ཆོས་རབ་ཏུ་རྣམ་འབྱེད། དབང་སྟོབས་ཀྱི་ཤེས༷་རབ༷་སྟེ་བཞི་དང༌། དྲན་པ་ཉེར་གཞག་བཞི་སྟེ་བརྒྱད་ནི་ཤེས་རབ་བོ། །དབང་སྟོབས་ཀྱི་ཏིང༷་ངེ༷་འཛིན༷་གཉིས། རྫུ་འཕྲུལ་གྱི་རྐང་པ་བཞི། ཏིང་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཡང་དག་པའི་ཏིང་ངེ་འཛིན་དང་བརྒྱད་ནི་ཏིང་འཛིན་ཡིན་པས། ལྔ་པོ་དང་སུམ་ཅུ་བསྡུས་ཤིང༌། བཏང༷་སྙོམ༷ས་དང༌། དགའ༷་བ་དང༌། རྟོག༷་པ་དང༷༌། ཤིན༷་ཏུ༷་སྦྱང༷ས་པ་བཞི་ནི་རྫས་ཀྱང་རེ་རེ་ཡིན་ལ། ངག་ལ་སོགས་པ་གསུམ་ནི་ཚུལ༷་ཁྲིམ༷ས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །འོ་ན། ཤེས་རབ་དང༌། བརྩོན་འགྲུས་དང༌། ཏིང་འཛིན་ཇི་ལྟར་བརྒྱད་ཡིན་ཞེ་ན། དྲན༷་པ༷་ཉེར༷་གཞག༷་བཞི༷་ཤེས༷་རབ༷་ཀྱི་རང་བཞིན་ཡིན་པའི་ཕྱིར་དང༌། བརྩོན༷་འགྲུས༷་ལ་ཡང༷་དག༷་པར་འཇོག༷་ཅིང་སྤོང་བ་བཞི་ཞེས༷་བྱ༷་བར་བརྗོད་ཅིང་དོན་གཅིག་པའི་ཕྱིར་དང༌། རྫུ་འཕྲུལ༷་གྱི་རྐང༷་པ༷་བཞི་ནི་ཏིང༷་འཛིན༷་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །དྲན་པ་ཉེར་གཞག་སོགས་ཤེས་རབ་སོགས་ཡིན་ནོ་ཞེས་བྱ་བའང་གཙོ༷་བོ༷་སྨོས་པ༷་ཡིན་གྱི། དེ༷་དག༷་ཀྱང་འཁོར་དང་བཅས་ན་ནི༷་ཚོགས་པ་དེ་དང་དེ་ན་ཡོད་པའི་སྦྱོར༷་བ་ལས་བྱུང༷་བའི་ཡོན༷་ཏན༷་ཐོས་བསམ་སྒོམ་གསུམ་གྱི་ཟག་བཅས་ཟག་མེད་དང༌། དད་བརྩོན་དྲན་པ་ཚུལ་ཁྲིམས་ལ་སོགས་པ་ཀུན༷་ཀྱང༷་དྲན་པ་ཉེར་གཞག་ལ་སོགས་པ་ཡིན༷་ནོ། ། གསུམ་པ་སྡེ་ཚན་གྱི་གོ་རིམ་ནི། དེ་དག་ཀྱང་ལམ་གྱི་གནས་སྐབས་གང་དུ་གང་ཞིག་གཙོ་བོས་གཞག་ཅེ་ན། བྱེ་བྲག་ཏུ་སྨྲ་བ་སྡེ༷་ཚན༷་བདུན༷་ནི༷་གོ༷་རིམ༷་བཞིན༷་དུ། ལས༷་དང༷་པོ༷་པ༷་ཚོགས་ལམ་དག༷་ཏུ་ཕྱིན་ཅི་ལོག་བཞི་སྤང་བའི་ཕྱིར་དྲན་པ་ཉེར་གཞག་དང༌། ངེས༷་འབྱེད༷་ཆ༷་མཐུན༷་རྣམ༷ས་ལས་དྲོ་བར་བདེན་པའི་དམིགས་རྣམ་གྱི་ཁྱད་པར་ཐོབ་པའི་རྒྱུས་བརྩོན་འགྲུས་སྤེལ་བའི་ཕྱིར་ཡང་དག་པར་སྤོང་བ་དང༷༌། རྩེ་མོར་མི་ཉམས་པའི་དགེ་བ་བཟོད་པ་ལ་འཇུག་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་དང༌། བཟོད་པར་མི་ཉམས་པས་དད་པ་ལ་སོགས་པ་ལ་དབང་ཐོབ་པའི་ཕྱིར་དབང་པོ་དང༌། ཆོས་མཆོག་ཏུ་འཇིག་རྟེན་པའི་ཆོས་མི་མཐུན་པའི་ཕྱོགས་ཉོན་མོངས་པས་མི་བརྫི་བས་སྟོབས་རྣམས་དང༌། སྒོམ༷་ལམ་དུ་བྱང་ཆུབ་དང་ཉེ་བའི་ཕྱིར་འཕགས་ལམ་ཡན་ལག་བརྒྱད་དང༷༌། མཐོང༷་ལམ་དུ་མྱུར་བ་ལ་རབ༷་ཏུ༷་འགྲོ་བས་ཕྱེ༷་བའི་ཕྱིར་བྱང༷་ཆུབ་ཀྱི་ཡན་ལག་བདུན་བཞག་གོ་ཞེས་འདོད་ལ། སློབ་དཔོན་དང་གཞན་དག་ནི། ཕྱི་མ་གཉིས་ཀྱང་སྐྱེ་བའི་གོ་རིམ་དང་མཐུན་པར་མཐོང་ལམ་ལ་བྱང་ཆུབ་ཀྱི་ཡན༷་ལག༷་བདུན་དང༌། མཐོང་སྒོམ་གཉིས་ཀ་ལ་འཕགས་ལམ༷་ཡན༷་ལག༷་བརྒྱད་ཡིན་ནོ་གསུངས་སོ། །", "target": {"entries": [{"title": "མངོན་རྟོགས་ཀྱི་ལམ་བསྟན་པ", "level": 1, "start": 0, "anchor": "བཞི་པ་མངོན་རྟོགས་ཀྱི་ལམ་བསྟན་པ་ལ་གསུམ། ས"}, {"title": "སྦྱོར་སོགས་བཞི་བཤད་པ", "level": 2, "start": 132, "anchor": "དང་པོ་(སྦྱོར་སོགས་བཞི་བཤད་པ་)ནི། ཐར་ལམ་ལ"}, {"title": "གནས་དང་དབང་པོ་ཐམས་ཅད་པའི་ལམ་བཤད་པ", "level": 2, "start": 445, "anchor": "གཉིས་པ་གནས་དང༷་དབང་པོ་ཐམས་ཅད་པའི་ལམ་བཤད་"}, {"title": "བྱང་ཆུབ་ཕྱོགས་མཐུན་གྱི་ལམ་བཤད་པ", "level": 2, "start": 1089, "anchor": "གསུམ་པ་བྱང་ཆུབ་ཕྱོགས་མཐུན་གྱི་ལམ་བཤད་པ་ལ"}, {"title": "མིང་གི་སྒོ་ནས་དབྱེ་བ", "level": 3, "start": 1295, "anchor": "དང་པོ་(མིང་གི་སྒོ་ནས་དབྱེ་བ་)ནི། དྲན་པ་ཉ"}, {"title": "རྫས་ཀྱི་སྒོ་ནས་དབྱེ་བ", "level": 3, "start": 3454, "anchor": "གཉིས་པ་རྫས་ཀྱི་སྒོ་ནས་དབྱེ་བ་ནི། དེ་ལྟར་"}, {"title": "སྡེ་ཚན་གྱི་གོ་རིམ", "level": 3, "start": 4867, "anchor": "གསུམ་པ་སྡེ་ཚན་གྱི་གོ་རིམ་ནི། དེ་དག་ཀྱང་ལ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5759, "headings": 7}} {"id": "IBA-LWS-08-107", "input": "བཞི་པ་ངོ་བོའི་ཁྱད་པར་ནི། འོ་ན། བྱང་ཆུབ་ཀྱི་ཕྱོགས་མཐུན་དུ་ཞིག་ཟག་བཅས་དང༌། དུ་ཞིག་ཟག་མེད་ཡིན་ཞེ་ན། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་ནི་ཟག༷་པ༷་མེད༷་པ་ཁོ་ན་ཡིན་ཏེ། མཐོང་ལམ་དང་འདས་པའི་སྒོམ་ལམ་ལ་བཞག་པའི་ཕྱིར། དེ་ལས་གཞན༷་དྲན་པ་ཉེར་གཞག་ནས་སྟོབས་ཀྱི་བར་ནི་ཟག་བཅས་ཟག་མེད་རྣམ༷་པ་གཉིས༷་ཀ་ཡིན་ཏེ། སོ༷་སྐྱེའི་རྒྱུད་ལ་ཡོད་པ་ཚོགས་སྦྱོར་གྱིས་བསྡུས་པ་དག་ནི་ཟག་བཅས་དང༌། འཕགས་པའི་རྒྱུད་ལ་ཡོད་པ་ལམ་གསུམ་གྱིས་བསྡུས་པ་ནི་ཟག་མེད་ཡིན་པའི་ཕྱིར། ལྔ་པ་ས་གང་གིས་བསྡུས་པ་ནི། ས་གང་ན་དུ་ཡོད་ཅེ་ན། བསམ༷་གཏན༷་དང༷་པོ༷་ན༷་སུམ་ཅུ་སོ་བདུན་པོ་ཐམ༷ས་ཅད༷་ཡོད་དུ་རུང་ལ། དང་པོའི་ཉེར་བསྡོགས་མི༷་ལྕོག༷ས་མེད༷་པ་ན༷་ནི་དགའ༷་བ་ཡང་དག་མ༷་གཏོག༷ས་པའི་སོ་དྲུག་པོ་ཡོད་ཀྱི། དེ་མེད་དེ། ས་འོག་མས་ཉོན་མོངས་པས་ཡོངས་སུ་ཉམས་པའི་དོགས་པ་དང་བཅས་པའི་ཕྱིར། བསམ་གཏན་གཉིས༷་པ༷་ན༷་ནི༷་ཡང་དག་པའི་རྟོག༷་པ་མ༷་གཏོག༷ས་སོ་དྲུག་ཡོད་ཀྱི། རྟོག་པ་ནི་དེས་སྤངས་ཟིན་པའི་ཕྱིར། བསམ་གཏན་གསུམ་པ་དང་བཞི་པ་གཉིས༷་ན༷་དགའ་བ་དང་རྟོག་པ་དེ༷་གཉིས༷་མ༷་གཏོག༷ས་པའི༷་སོ༷་ལྔ་ཡོད་དེ། རྟོག་པ་ནི་སྔར་ནས་ནུབ་ལ། དགའ་བ་ལས་འདོད་ཆགས་དང་བྲལ་བའི་ཕྱིར། བསམ༷་གཏན༷་གཉིས་པའི་བར༷་མ་དང་པོའི་དངོས་གཞི་ཁྱད་པར་ཅན་ན༷འང༷་དེ་གཉིས་མ་གཏོགས་པའི་སོ་ལྔ་ཡོད་དེ། རྟོག་པ་སྤངས་ལ། ཚོར་བ་བཏང་སྙོམས་ཀྱི་ས་པ་ཡིན་པའི་ཕྱིར། གཟུག༷ས་མེད༷་པ༷་དང་པོ་གསུམ༷་ན༷འང༷་དེ༷་གཉིས་དང༷་ཚུལ༷་ཁྲིམས་ཀྱི་ཡན༷་ལག༷་གསུམ་མེད་དེ། རྟོག་པ་སྤངས་ཤིང༌། ཚོར་བ་བཏང་སྙོམས་ཡིན་པའི་ཕྱིར་དང༌། དེ་དག་ན་ལུས་ངག་གི་ལས་མེད་པའི་ཕྱིར། བྱང༷་ཆུབ༷་ཀྱི་ཡན་ལག་བདུན་དང༷་ནི༷་འཕགས་པའི་ལམ༷་ཡན༷་ལག༷་བརྒྱད་མ༷་གཏོག༷ས་པའི་ཉི་ཤུ་རྩ་གཉིས་ནི་འདོད༷་ཁམ༷ས་དང་སྲིད༷་རྩེ༷་ན༷་ཡོད་ཀྱི། བརྒྱད་མེད་དེ། འདོད་པ་མཉམ་པར་མ་བཞག་པ་དང་སྲིད་རྩེ་སེམས་ཀྱི་རྒྱུ་བ་མི་གསལ་བས། དེ་གཉིས་ལ་ཟག་མེད་ཀྱི་ལམ་མི་བརྟེན་པའི་ཕྱིར།། ༈ དྲུག་པ་ཞར་ལ་ཤེས་ནས་དད་པ་ཐོབ་ཚུལ་ནི། ཡང་མདོ་ལས། ཤེས་པའི་དད་པ་ནི་བཞི་སྟེ། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་ཤེས་ནས་དད་པ་དང༌། འཕགས་པ་དགྱེས་པའི་ཚུལ་ཁྲིམས་དག་གོ་ཞེས་གསུངས་ན། གནས་སྐབས་གང་གི་ཚེ་ཤེས་ནས་དད་པ་འཐོབ་ཅེ་ན། མཐོང་ལམ་དུ་བདེན༷་པ་དང་པོ་གསུམ༷་མངོན་སུམ་དུ་མཐོང༷་བ་ན༷་འཕགས་པ་དགྱེས་པའི་ཚུལ་ཁྲིམ༷ས་དང༷༌། ཆོས༷་ལ༷་ཤེས༷་ནས༷་དད༷་པ༷་འཐོབ༷་སྟེ། ཟག་མེད་ཀྱི་སྤོང་བདུན་འཐོབ་པའི་ཕྱིར་དང༌། ཤེས་རབ་ཀྱིས་བདག་མེད་མངོན་སུམ་དུ་མཐོང་བའི་ཕྱིར། ལམ་གྱི་བདེན་པ་མངོན༷་སུམ་དུ་རྟོག༷ས་པ་ན༷་སངས་རྒྱས་དང༷༌། སངས་རྒྱས་དེ༷འི༷་ཉན་ཐོས་ཀྱི་དགེ༷་འདུན༷་དག༷་ལ༷འང༷་ཤེས་ནས་དད་པ་འཐོབ་སྟེ། སངས་རྒྱས་སངས་རྒྱས་སུ་བྱེད་པའི་ཆོས་ནི་མི་སློབ་པའི་ལམ་བདེན་དང༌། དགེ་འདུན་དགེ་འདུན་དུ་བྱེད་པའི་ཆོས་ནི་སློབ་མི་སློབ་གཉིས་ཀའི་ལམ་ཡིན་ན། ལམ་དེ་གཉིས་ལ་ཡིད་ཆེས་པའི་ཕྱིར། ཡང་གི་སྒྲས་ཚུལ་ཁྲིམས་དང་ཆོས་ལ་ཤེས་ནས་དད་པ་འཐོབ་པའང་སྡུད་དོ། །འོ་ན། འདིར་ཆོས་ལ་ཤེས་ནས་ཤེས་པའི་ཆོས་དེ་གང་ཞེ་ན། འདིར་ཆོས༷་ཀྱི་སྒྲ་ནི་བདེན༷་པ་དང་པོ་གསུམ༷་ལ་བརྗོད་དེ། རང་གི་མཚན་ཉིད་འཛིན་པའི་སྒོ་ནས་ཅི་རིགས་པར་བཞག་པའི་ཕྱིར། དེ་བཞིན་དུ་རང༷་སང༷ས་རྒྱས༷་ཀྱི་སློབ་མི་སློབ་ཀྱི་ལམ་དང༌། བྱང༷་ཆུབ༷་སེམ༷ས་དཔའི༷་སློབ་པའི་གནས་སྐབས་ཀྱི་ལམ༷་ཟག་མེད་ཀྱང་ཆོས་ཡིན༷་ནོ༷། །ཤེས་ནས་དད་པ་བཞིར་གསུངས་པའང་རྫས༷་སུ༷་ནི་གཉིས༷་ཡིན་ཏེ། དཀོན་མཆོག་གསུམ་ལ་དང་བ་དད༷་པའི༷་རང་བཞིན་དང༷༌། བཞི་པ་ཚུལ༷་ཁྲིམ༷ས་ཀྱི་རང་བཞིན་ཡིན་པའི་ཕྱིར། ཤེས་ནས་དད་པ་འཐོབ་པའི་ངོ་བོ་གང་ཞེ་ན། དྲི༷་མ༷་སྟེ་ཟག་པ་མེད༷་པ༷་ཡིན༷་ནོ།། །།", "target": {"entries": [{"title": "ངོ་བོའི་ཁྱད་པར", "level": 1, "start": 0, "anchor": "བཞི་པ་ངོ་བོའི་ཁྱད་པར་ནི། འོ་ན། བྱང་ཆུབ་ཀ"}, {"title": "ས་གང་གིས་བསྡུས་པ", "level": 1, "start": 438, "anchor": "ལྔ་པ་ས་གང་གིས་བསྡུས་པ་ནི། ས་གང་ན་དུ་ཡོད་"}, {"title": "ཞར", "level": 1, "start": 1519, "anchor": "༈ དྲུག་པ་ཞར་ལ་ཤེས་ནས་དད་པ་ཐོབ་ཚུལ་ནི། ཡང"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 2788, "headings": 3}} {"id": "IBA-LWS-08-108", "input": "བདུན་པ་མི་སློབ་པའི་ཆོས་བྱེ་བྲག་ཏུ་བཤད་པ་ལ། དངོས་དང༌། ཞར་ལ་སྤང་བྱ་སྤོང་ཚུལ་གཉིས། དང་པོ་(དངོས་)ནི། མི་སློབ་པ་ཡན་ལག་བཅུ་ལྡན་དང༌། སློབ་པ་ཡན་ལག་བརྒྱད་ལྡན་དུ་བཤད་ན། མི་སློབ༷་པའི༷་ཡང་དག་པའི་རྣམ་གྲོལ་དང་ཡང་དག་པའི་ཤེས་པ་སློབ་པའི་ཡན༷་ལག༷་ཏུ༷་མི་འཆད་པའི་རྒྱུ་མཚན་གང་ཞེ་ན། སློབ་པའི་ཡན་ལག་ཏུ་ཡང་དག་པའི་རྣམ༷་གྲོལ༷་མ་བཤད་དེ། སློབ་པ་དེ་ཉོན་མོངས་པས་བཅིང༷ས་པའི་ཕྱིར༷། དེའི་ཡན་ལག་ཏུ་ཡང་དག་པའི་ཤེས་པ་མ༷་བཤད༷་དེ། ཡང་དག་པའི་ཤེས་པ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་ཡིན་པའི་ཕྱིར། རྣམ་གྲོལ་དེ༷་ལ་རྣམ༷་པ་གཉིས༷་ཡོད་དེ། ཉོན༷་མོང༷ས་བཅོམ༷་པ༷་སོ་སོར་བརྟགས་འགོག་འདུས༷་མ༷་བྱས༷་རྣམ་གྲོལ་དང༌། མོས༷་པ༷་འདུས༷་བྱས༷་རྣམ་གྲོལ་གཉིས་ཡོད་པའི་ཕྱིར། མི་སློབ་པའི་ཡན༷་ལག༷་ཏུ་གསུངས་པ་ནི༷་མོས་པ་འདུས་བྱས་རྣམ་གྲོལ་དེ༷་ཡིན༷་ལ། རྣམ་གྲོལ་འདུས་བྱས་དེ༷་ཉིད༷་ལ་དབྱེ་ན་གཉིས་ཏེ། སེམས་འདོད་ཆགས་ལས་རྣམ་པར་གྲོལ་བ་དང༌། ཤེས་རབ་མ་རིག་པ་ལས་རྣམ༷་པར་གྲོལ༷་བ་གཉིས༷་སུ་ཡོད་པའི་ཕྱིར། གལ་ཏེ་ཡང་དག་པའི་ཤེས་པ་ནི་ཡན་ལག་བཅུ་པ་མ་ཡིན་ཏེ། ཡང་དག་པའི་ལྟ་བའི་ནང་དུ་བསྡུས་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། བྱང༷་ཆུབ༷་ཅེས་སྔར་ཇི༷་སྐད༷་བཤད༷་པའི་ཟད་པ་དང་མི་སྐྱེ་བ་ཤེས༷་པ༷་གང་ཡིན་པ་དེ་ཡང་དག་པའི་ཤེས་པ་ཡིན་ལ། ཟད་དང་མི་སྐྱེ་བློ་ལྟ་མིན། །ཞེས་འབྱུང་བའི་ཕྱིར། གཉིས་པ་ཞར་ལ་སྤང་བྱ་སྤོང་ཚུལ་ནི། མི་སློབ་པའི་སེམས་དུས་གསུམ་པོ་གང་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་ཞེ་ན། མི༷་སློབ༷་པའི་སེམ༷ས་ནི༷་སྐྱེ༷་བར་འགྱུར༷་པ༷་མ་འོངས་པ་དེ་སྒྲིབ༷་པ༷་ལས༷་ནི༷་རྣམ༷་པར་གྲོལ༷་བར་འགྱུར༷་རོ། །འོ་ན། དུས་གསུམ་གྱི་ལམ་གང་གིས་སྒྲིབ་པ་དེ་སྤོང་ཞེ་ན། འགག༷་པར༷་འགྱུར༷་བ༷་སྟེ་འགག་པ་ལ་མངོན་དུ་ཕྱོགས་པ་ད་ལྟར་བའི་ལམ༷་གྱིས༷་ནི༷་ད་ལྟར་བ་དེ༷་ཡི༷་སྒྲིབ༷་པ༷་རབ༷་ཏུ༷་སྤོང༷་བ་ཡིན་ཏེ། སྤང་གཉེན་གནོད་བྱ་གནོད་བྱེད་ཡིན་ན། འདས་མ་འོངས་ནི་བྱ་བ་འགགས་པ་དང་མ་སྐྱེས་པའི་ཕྱིར། དེས་ན་སྤང་བྱ་ཕྱི་མ་སྐྱེད་པའི་ནུས་པ་དང་མི་ལྡན་པར་སྐྱེད་པ་ལ་སྒྲིབ་པ་སྤོང་ཞེས་བརྗོད་པ་ཡིན་ནོ། །འོ་ན། རྣམ་གྲོལ་འདུས༷་མ༷་བྱས༷་སུ་བཤད་པ་དེ་དང༌། མདོ་ལས་སྤངས་པའི་ཁམས་དང༌། འདོད་ཆགས་དང་བྲལ་བའི་ཁམས་དང༌། འགོག་པའི་ཁམ༷ས་ཞེས༷་གསུམ་དུ་བཤད་པ་དེ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། རྣམ་གྲོལ་འདུས་མ་བྱས་སུ་བཤད་པ་དེ་ཉིད་སྤངས་པའི་ཁམས་ཞེས་བྱ་བ་ལ་སོགས་པའི་གསུམ་པོའང་ཡིན་ཏེ། དེ་ཉིད་ཁམས་གསུམ་གྱི་འདོད༷་ཆག༷ས་ཀུན༷་ཟད༷་ཅིང་སྤངས་པས་ན་འདོད༷་ཆག༷ས་དང་བྲལ༷་བའི་ཁམས་ཞེས་བྱ་ལ། དེ་བཞིན་དུ་སྤང༷ས་པའི༷་ཁམས༷་ཞེས་བྱ་བ་ནི༷་དེ་ཉིད་འདོད་ཆགས་ལས་གཞན༷་པའི་ཉོན་མོངས་པ་ཞེ་སྡང་ལ་སོགས་པ་དག༷་སྤངས་པའོ། །འགོ༷ག་པའི༷་ཁམ༷ས་ཞེས༷་བྱ༷་བ༷་ནི་གཞི༷་གཟུགས་ལ་སོགས་པ་ཟག་པ་དང་བཅས་པ་སྤངས་པ་གང་ཡིན་པའོ། །འོ་ན། ལམ་གྱིས་འདོད་ཆགས་དང་བྲལ་བ་ནི་དམིགས་ཡུལ་ལ་ཡིད་འབྱུང་བ་ཉིད་དུ་ངེས་སམ་ཞེ་ན། སྡུག༷་བསྔལ༷་དང༌། དེའི་རྒྱུ༷་ཀུན་འབྱུང་ལ་དམིགས་པའི་བཟོད༷་པ་དང༌། ཤེས༷་པ་རྣམ༷ས་ཀྱིས༷་ནི་བདེན་པ་ཟག་བཅས་ཡིན་པས་ཡིད༷་འབྱུང༷་བར་འགྱུར་ཏེ། ཡུལ་དམན་པ་ལ་སྐྱོན་དུ་བརྟགས་པའི་ཕྱིར། འགོག་ལམ་ལ་དམིགས་པས་ནི་མ་ཡིན་ཏེ། དམན་པ་ལ་དམིགས་པ་མ་ཡིན་པའི་ཕྱིར་ལམ་གང༷་གིས༷་དངོས་སུ་ཉོན་མོངས་པ་སྤོང༷་བར་འགྱུར༷་བ༷་དེ་ནི་བདེན་པ་བཞི་པོ་གང་ལ་དམིགས་ཀྱང་རུང༌། ཀུན༷་གྱིས༷་འདོད༷་ཆག༷ས་དང་འབྲལ༷་བར༷་འགྱུར༷་ཏེ། སྤང་བྱའི་དངོས་གཉེན་བར་ཆད་མེད་ལམ་ཡིན་པའི་ཕྱིར། དེ༷་ལྟར༷་ན༷་ཡིད་འབྱུང་ལ་འདོད་ཆགས་དང་འབྲལ་བ་སོགས་ལ་མུ༷་བཞི༷་སྲིད༷་དེ། དང་པོ་ཡིད་འབྱུང་ལ་འདོད་ཆགས་དང་འབྲལ་བར་མི་འགྱུར་བ་ནི་སྤང་བྱ་དངོས་སུ་སྤོང་བ་བར་ཆད་མེད་ལམ་ལས་གཞན་པའི་སྡུག་ཀུན་ལ་དམིགས་པའི་སྦྱོར་བ་དང༌། རྣམ་གྲོལ་དང་ཁྱད་པར་ཅན་གྱི་ལམ་ལ་སོགས་པ་སྟེ། དམིགས་པ་ལ་སྐྱོན་དུ་ལྟ་བས་སོ། །འདོད་ཆགས་དང་འབྲལ་ལ་ཡིད་མི་འབྱུང་བ་ནི་འགོག་ལམ་ལ་དམིགས་པའི་བར་ཆད་མེད་ལམ་སྟེ། དམིགས་པ་ལ་ཡོན་ཏན་དུ་ལྟ་བས་སོ། །གཉིས་ཀ་ཡིན་པ་ནི་སྡུག་ཀུན་ལ་དམིགས་པའི་དངོས་སུ་སྤོང་བའི་བར་ཆད་མེད་ལམ་མོ། །གཉིས་ཀ་མིན་པ་ནི་འགོག་ལམ་ལ་དམིགས་པའི་སྦྱོར་བ་དང༌། རྣམ་གྲོལ་དང་ཁྱད་པར་ཅན་གྱི་ལམ་རྣམས་སོ། །ཆོས༷་མངོན༷་པའི༷་མཛོད༷་ཀྱི༷་ཚིག༷་ལེ༷འུར༷་བྱས༷་པ༷་ལས༷། ལམ༷་དང༷་གང༷་ཟག༷་བསྟན༷་པ༷་ཞེས༷་བྱ༷་བ༷་སྟེ༷་གནས༷་དྲུག༷་པའི༷་མཆན་འགྲེལ་བཤད་པའོ།། །།", "target": {"entries": [{"title": "མི་སློབ་པའི་ཆོས་བྱེ་བྲག་ཏུ་བཤད་པ", "level": 1, "start": 0, "anchor": "བདུན་པ་མི་སློབ་པའི་ཆོས་བྱེ་བྲག་ཏུ་བཤད་པ་"}, {"title": "དངོས", "level": 2, "start": 80, "anchor": "དང་པོ་(དངོས་)ནི། མི་སློབ་པ་ཡན་ལག་བཅུ་ལྡན"}, {"title": "ཞར", "level": 2, "start": 1055, "anchor": "གཉིས་པ་ཞར་ལ་སྤང་བྱ་སྤོང་ཚུལ་ནི། མི་སློབ་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 3304, "headings": 3}} {"id": "IBA-LWS-08-109", "input": "༈ བདུན་པ་ཡེ་ཤེས་བསྟན་པའི་གནས་ལ་ལྔ་སྟེ། ཤེས་པའི་གཞི། ཤེས་པའི་རང་བཞིན། །ཤེས་པའི་ལྡན་པ། ཤེས་པའི་ཐོབ་པ། ཤེས་པས་བསྡུས་པའི་ཡོན་ཏན་ནོ། །དང་པོ་(ཤེས་པའི་གཞི་)ནི། གོང་དུ་བཟོད་པ་ཞེས་ཀྱང་བཤད། །ཤེས་པ་ཞེས་ཀྱང་བཤད། ཡང་དག་པའི་ཤེས་པ་ཞེས་ཀྱང་བཤད། ཡང་དག་པའི་ལྟ་བ་ཞེས་ཀྱང་བཤད་ན། བཟོད་པ་ཡིན་ལ་ཤེས་པ་མིན་པ་དང༌། ཡང་དག་པའི་ཤེས་པ་ཡིན་ལ་ཡང་དག་པའི་ལྟ་བ་མ་ཡིན་པ་ཡོད་དམ་ཞེ་ན། དྲི༷་མེད༷་མཐོང་ལམ་གྱི་བཟོད༷་པ་བརྒྱད་པོ་རྣམ༷ས་ནི་རང་ཡུལ་ངེས་པའི་ཤེ༷ས་པ༷་མིན༷་ཏེ། རང་ཡུལ་ལ་འཇུག་པའི་ཐེ་ཚོམ་མ་སྤངས་པའི་ཕྱིར་ཏེ། རང་ཡུལ་ལ་འཇུག་པའི་ཐེ་ཚོམ་སྤོང་བྱེད་ཀྱི་བར་ཆད་མེད་ལམ་ཡིན་པའི་ཕྱིར། ཟད༷་པ་དང༷་མི༷་སྐྱེ༷་བའི་བློ༷་ནི་ཡང་དག་པའི་ལྟ༷་བ་མིན༷་ཏེ། ཡུལ་ལ་ཡང་དག་པར་ངེས་པར་རྟོག་པ་མ་ཡིན་པའི་ཕྱིར་ཏེ། བྱ་བ་བྱར་མེད་པ་ཙམ་དུ་རྟོག་པའི་བློ་ཡིན་པའི་ཕྱིར། དེ༷་གཉིས་ལས༷་གཞན༷་པའི་འཕག༷ས་པ་ཟག་མེད་ཀྱི་བློོ༷་སྡུག་བསྔལ་ཆོས་ཤེས་ནས་ལམ་རྗེས་ཤེས་བར་ནི་ཤེས་པ་དང་ཡང་དག་པའི་ལྟ་བ་གཉིས༷་ཀ༷་ཡིན་ཏེ། ཡང་དག་པའི་ཡུལ་ལ་ངེས་པར་རྟོག་པའི་བློ་ཡིན་པའི་ཕྱིར། འཕགས་པའི་བློ་དེ་ལས་གཞན༷་པའི་སོ་སྐྱེའི་བློ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་ཤེས༷་པ་ཡིན་ཏེ། རིག་པ་ཡིན་པའི་ཕྱིར། འཇིག་ཚོགས་ལ་ལྟ་བ་སོགས་ལྔ་དང༌། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་སྟེ་དྲུག༷་ནི༷་ཤེས་པ་ཡིན་པར་མ་ཟད་ལྟ༷་བ༷འང༷་ཡིན༷་ནོ། ། གཉིས་པ་ཤེས་པའི་རང་བཞིན་ལ་ལྔ། བསྡུ་བ་ཡུལ་དང་བཅས། དབྱེ་བ་ཁྱད་པར་དང་བཅས། གྲངས་ངེས་གཉེན་པོའི་བྱེ་བྲག་དང་བཅས། རྣམ་པའི་བྱེ་བྲག །ཆོས་ཀྱི་ཁྱད་པར་རོ། །དང་པོ་(བསྡུ་བ་ཡུལ་དང་བཅས་)ནི། མདོ་ལས། ཤེས་པ་ནི་བཅུ་སྟེ། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པ་དང༌། ཀུན་རྫོབ་ཤེས་པ་དང༌། ཕ་རོལ་གྱི་སེམས་ཤེས་པ་དང༌། སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་དང༌། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པ་ཞེས་གསུངས་པ་རྣམས་ཇི་ལྟར་ཡིན་ཞེ་ན། ཤེས༷་པ༷་ཐམས་ཅད་མདོར་བསྡུ་ན་གཉིས་ཏེ། ཟག༷་པ་དང་བཅས༷་པ་དང་ཟག༷་པ༷་མེད༷་པ་གཉིས་སུ་ཡོད་པའི་ཕྱིར། དང༷་པོ༷་ནི། ཀུན༷་རྫོབ༷་ཤེས་པ་ཞེས༷་བྱ༷་སྟེ། ཕར་ཆེར་བུམ་སྣམ་ལ་སོགས་པ་ཡུལ་ཀུན་རྫོབ་པ་ལ་དམིགས་པའི་ཤེས་པ་ཡིན་པའི་ཕྱིར། ཟག༷་པ་མེད༷་པ་རྣམ༷་པ་གཉིས༷་ཏེ། ཆོས༷་ཤེས་དང༷་རྗེས༷་སུ༷་ཤེས༷་པ༷་ཁོ༷་ན༷་ཡིན༷་པའི་ཕྱིར། ཀུན༷་རྫོབ༷་ཤེས་པའི་ཡུལ༷་ནི༷་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམ༷ས་ཅད༷་ཡིན་ཏེ། ཤེས་པ་སྐད་ཅིག་དང་པོས་རང་དང་རང་གི་ཚོགས་པ་ན་ཡོད་པ་ལས་གཞན་པ་ཐམས་ཅད་རིག །སྐད་ཅིག་གཉིས་པས་དེའང་རིག་པའི་ཕྱིར། ཆོས༷་ཤེས༷་ཞེས་བྱ༷་བའི༷་སྤྱོད༷་ཡུལ༷་ནི༷་འདོད༷་པའི་སྡུག༷་བསྔལ༷་ལ་སོག༷ས་པའི་བཞི་པོ་ཡིན་ཏེ། འདོད་པའི་སྡུག་བསྔལ་སོགས་ལ་དམིགས་པའི་སྒོ་ནས་ཆོས་ཤེས་གཞག་པའི་ཕྱིར། རྗེས༷་སུ་ཤེས༷་པའི༷་སྤྱོད༷་ཡུལ༷་ནི་ཁམས་གོང༷་མ༷་གཉིས་བསྡམས་པའི་སྡུག༷་བསྔལ༷་ལ་སོག༷ས་པའི་བཞི་པོ་ཡིན་ཏེ། དེ་གོང་མའི་གཉེན་པོ་ཡིན་པའི་ཕྱིར། གཉིས་པ་དབྱེ་བ་ཁྱད་པར་དང་བཅས་པ་ནི། ཆོས་ཤེས་དང་རྗེས་ཤེས་དེ༷་དག༷་ཉིད༷་ལ་རྣམ་པ་བཞི་བཞི་ཡོད་དེ། བདེན༷་པ་བཞི་ཤེས་པའི་བྱེ༷་བྲག༷་གིས༷་བཞི༷་བཞི་ཡོད་པའི་ཕྱིར། བདེན་པ་རྣམ༷་པ་བཞི༷་ཤེས་པ་དེ༷་དག་ལས་ནི༷་མི༷་སྐྱེ༷་བ༷་དང༷་ཟད༷་པ༷་ཤེས༷་པ་བཞག་སྟེ། ཟད་པ་ཤེས་པ་ནི་སྡུག་བསྔལ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་དང༌། མི་སྐྱེ་བ་ཤེས་པ་ནི་སྡུག་བསྔལ་ཤེས་ཏེ་སླར་ཤེས་པར་བྱར་མེད་ཅེས་བྱ་བ་ལ་སོགས་པའི་རྣམ་པ་ཅན་ཡིན་པའི་ཕྱིར། ཟད་པ་དང་མི་སྐྱེ་བ་ཤེས་པ་དེ༷་གཉིས༷་དང༷་པོ༷་སྐྱེས༷་པ༷་ནི༷་སྡུག༷་བསྔལ༷་དང༌། རྒྱུ༷་ཀུན་འབྱུང་ལ་དམིགས་པ་ནི་རྗེས༷་སུ་ཤེས༷་པ༷་ཡིན༷་ཏེ། སྲིད་རྩེའི་སྒོམ་སྤང་ཆུང་ངུའི་ཆུང་ངུར་དམིགས་ནས་མི་རྟག་པ་ལ་སོགས་པའི་སྡུག་བསྔལ་གྱི་རྣམ་པ་དང༌། རྒྱུ་ལ་སོགས་པ་ཀུན་འབྱུང་གི་རྣམ་པ་ཅན་ཡིན་པའི་ཕྱིར། དེ་ནི་སྲིད་རྩེའི་རྣམ་གྲོལ་ལམ་ཡིན་པ་རྗེས་ཤེས་སོ། །ཆོས་ཤེས། རྗེས་ཤེས། ལམ་ཤེས། ཀུན་རྫོབ་ཤེས་པ་བཞི༷་ལས༷་ཕ༷་རོལ༷་གྱི་སེམ༷ས་རིག༷་པ༷་བཞག་སྟེ། གཞན་སེམས་ཟག་བཅས་ལ་དམིགས་པ་ནི་ཀུན་རྫོབ་ཤེས་པ་དང༌། ཟག་མེད་ལ་དམིགས་པ་ནི་ལམ་ཤེས་པ་དང༌། གཉེན་པོའི་བྱེ་བྲག་གིས་ཆོས་ཤེས་རྗེས་ཤེས་ཀྱང་ཡིན་པའི་ཕྱིར། སེམས་ཤེས་དེས་གང་ཡུལ་དུ་བྱེད་ཅེ་ན། དེ༷་ནི༷་ས༷་འདས་པ་ས་འོག་མའི་ཕ་རོལ་སེམས་ཤེས་ཀྱིས་ས་གོང་མའི་སེམས་མི་རིག་སྟེ་བསམ་གཏན་གོང་འོག་ལྟ་བུའོ། །དབང༷་པོ་འདས་པ་དབང་རྟུལ་དད་མོས་པ་ལྟ་བུའི་ཕ་རོལ་སེམས་ཤེས་ཀྱིས་དབང་རྣོན་མཐོང་ཐོབ་པ་ལྟ་བུའི་སེམས་མི་རིག །གང༷་ཟག༷་འདས༷་པ་ཕྱིར་འོང་གི་ཕ་རོལ་སེམས་ཤེས་ཀྱིས་དགྲ་བཅོམ་པའི་སེམས་མི་རིག་སྟེ། དེ་དག་གི་ཡུལ་ལས་འདས་པ་ཡིན་པའི་ཕྱིར། ཞིག༷་པ་དང༷་མ༷་སྐྱེས༷་པ་མི༷་རིག༷་སྟེ། ད་ལྟ་བའི་ཡུལ་ཅན་ཡིན་པའི་ཕྱིར། ཕ་རོལ་སེམས་ཤེས་ཆོས༷་ཤེས་དང་རྗེས༷་ཤེས་ཀྱི་བློའི༷་ཕྱོག༷ས་ཕན༷་ཚུན༷་རིག་པ་མིན༷་ཏེ། འདོད་པ་དང་གོང་མའི་གཉེན་པོའི་རིས་སུ་གྱུར་པའི་ཟག་མེད་ཀྱི་ལམ་ཡིན་པའི་ཕྱིར། རིགས་མཐུན་གྱིས་རིག་གོ །དེའང་སྒོམ་ལམ་གྱི་དབང་དུ་བྱས་ཀྱི། མཐོང་ལམ་ལ་ཕ་རོལ་སེམས་ཤེས་མེད་དེ། ཡུན་ཐུང་བས་སེམས་ཤེས་ཀྱི་སྦྱོར་བ་བྱ་བའི་སྐབས་མེད་པའི་ཕྱིར་དང༌། མཉམ་གཞག་རྒྱུན་གཅིག་ཡིན་པའི་ཕྱིར། འོན་ཀྱང་མཐོང་ལམ་དེ་ཉིད་གཞན་གྱི་སེམས་ཤེས་ཀྱི་ཡུལ་དུ་གྱུར་པས། དེ་ལ་ཉན༷་ཐོས༷་ཀྱི་སེམས་ཤེས་པས་ནི་ཕ་རོལ་པོའི་མཐོང༷་བའི༷་ལམ་སྐད༷་ཅིག༷་མ་བཅོ་ལྔ་ལས། དང་པོ་སྡུག་བསྔལ་ཆོས་བཟོད་ཆོས་ཤེས་གཉིས༷་རིག༷་གི རྗེས་ཤེས་སོགས་ནི་མ་ཡིན་ཏེ། དམིགས་པ་མི་མཐུན་པས་དེ་ཤེས་འདོད་ན་སྦྱོར་བ་གཞན་གྱིས་སྒྲུབ་དགོས་ལ། དེའི་བར་ལ་སྐད་ཅིག་བཅོ་ལྔ་འདས་ཤིང༌། འདས་པར་དམིགས་མི་ནུས་པའི་ཕྱིར། རང་སངས་རྒྱས་བསེ༷་རུ༷་ལྟ༷་བུའི༷་སེམས་ཤེས་པས་སྐད་ཅིག་དང་པོ་གཉིས་དང་བརྒྱད་པ་གསུམ༷་རིག་སྟེ། དབང་པོ་རྣོ་བས་དེའི་བར་ལ་མངོན་ཤེས་འགྲུབ་པའི་ཕྱིར། དེ་ཕྱིན་ཆད་དུབ་ནས་མི་ནུས་སོ། །སངས༷་རྒྱས༷་བཅོམ་ལྡན་འདས་ནི་མཛད་པ་ཐམས་ཅད་ལྷུན་གྱིས་གྲུབ་པའི་སྦྱོར༷་བ༷་ལས་འབད་རྩོལ་མེད༷་པར༷་སྐད་ཅིག་བཅོ་ལྔ་ཀུན༷་རྫོགས་པར་མཁྱེན་ནོ། །འོ་ན། ཟད་པ་དང་མི་སྐྱེ་བ་ཤེས་པའི་ཁྱད་པར་ཅི་ཞེ་ན། ཟད༷་པར༷་ཤེས༷་པ༷་ནི་བདེན༷་པ་རྣམ༷ས་ལ༷་བདག་གིས་སྡུག་བསྔལ་ཡོང༷ས་སུ་ཤེས་སོ། །ལ༷་སོག༷ས་པས་ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ། །ཞེས་མཉམ་གཞག་གི་རྟོགས་པ་རྗེས་ཐོབ་ཀྱིས་ངེས༷་པ༷འོ༷། །དེ་བཞིན་དུ་སྡུག་བསྔལ་ཡོང༷ས་སུ་ཤེས༷་སོ། །སླར་ཡོངས་སུ་ཤེས་པར་བྱར༷་མེད༷་དོ། །ཞེས༷་བྱ་བ་ལ༷་སོག༷ས་པ་རྗེས་ཐོབ་ཀྱིས་ངེས་པ་ནི་མི༷་སྐྱེ༷་བ་ཤེས་པའི༷་བློར༷་ཁ་ཆེ་བ་རྣམས་འདོད༷་དོ༷། །", "target": {"entries": [{"title": "ཡེ་ཤེས་བསྟན་པའི་གནས", "level": 1, "start": 0, "anchor": "༈ བདུན་པ་ཡེ་ཤེས་བསྟན་པའི་གནས་ལ་ལྔ་སྟེ། ཤ"}, {"title": "ཤེས་པའི་གཞི", "level": 2, "start": 129, "anchor": "དང་པོ་(ཤེས་པའི་གཞི་)ནི། གོང་དུ་བཟོད་པ་ཞེ"}, {"title": "ཤེས་པའི་རང་བཞིན", "level": 2, "start": 1089, "anchor": "གཉིས་པ་ཤེས་པའི་རང་བཞིན་ལ་ལྔ། བསྡུ་བ་ཡུལ་"}, {"title": "བསྡུ་བ་ཡུལ་དང་བཅས", "level": 3, "start": 1231, "anchor": "དང་པོ་(བསྡུ་བ་ཡུལ་དང་བཅས་)ནི། མདོ་ལས། ཤེ"}, {"title": "དབྱེ་བ་ཁྱད་པར་དང་བཅས་པ", "level": 3, "start": 2261, "anchor": "གཉིས་པ་དབྱེ་བ་ཁྱད་པར་དང་བཅས་པ་ནི། ཆོས་ཤེ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4985, "headings": 5}} {"id": "IBA-LWS-08-110", "input": "གསུམ་པ་གྲངས་ངེས་གཉེན་པོའི་བྱེ་བྲག་དང་བཅས་པ་ནི། ཅིའི་ཕྱིར་ཤེས་པ་བཅུར་ཕྱེ་ཞེ་ན། རྒྱུ་མཚན་བདུན་གྱིས་བཞག་སྟེ། ཡུལ་གྱི་རང༷་བཞིན༷་ཤེས་པ་ལས་ཀུན་རྫོབ་ཤེས་པ་བཞག །ཁམས་གོང་འོག་གི་གཉེན༷་པོ༷་ལས་ཆོས་ཤེས་རྗེས་ཤེས་བཞག །རྣམ༷་པ༷་མི་རྟག་སོགས་ལས་སྡུག་ཀུན་ཤེས་པ་ཕྱེ། རྣམ༷་པ༷་དང་སྤྱོད༷་ཡུལ༷་ཏེ་དམིགས་པ་གཉིས་ཀ་ལས་ནི་འགོག་ལམ་ཤེས་པ་ཕྱེ་སྟེ་རྣམ་པ་བཞི་ཚན་དང༷༌། དམིགས་པའང་འདུས་བྱས་མ་བྱས་ཐ་དད་པའོ། །སྦྱོར༷་བ་ལས་ཕ་རོལ་སེམས་ཤེས་ཕྱེ་སྟེ། སེམས་དེ་ཤེས་པར་བྱའོ་སྙམ་ནས་བསྒྲུབ་པའི་ཕྱིར། བྱ༷་བ༷་བྱས༷་པ་ཉིད༷་ལས་ཟད་ཤེས་བཞག་སྟེ། རྒྱུད་ལ་དང༷་པོ་ཉིད་དུ་སྐྱེས་པའི་ཕྱིར། སྐལ་མཉམ་གྱི༷་རྒྱུ་རྒྱས༷་པ༷་ལས༷་མི་སྐྱེ་ཤེས་པ་བཞག་སྟེ། ཟག་མེད་ཤེས་པ་སྔར་སྐྱེས་ཐམས་ཅད་ཀྱི་འབྲས་བུ་ཡིན་པའི་ཕྱིར། དེ་ལྟར་ན་རྒྱུ་མཚན་བདུན་གྱིས་ཤེས་པ་བཅུར༷་བཞག་པ་ཡིན་ནོ། །འོ་ན། ཆོས་ཤེས་འདོད་པའི་གཉེན་པོ་དང༌། རྗེས་ཤེས་གོང་མའི་གཉེན་པོར་ངེས་སམ་ཞེ་ན། མཐོང་ལམ་ལ་ངེས་ཀྱི། སྒོམ༷་པའི༷་ལམ༷་ལ༷་ལམ་མ་ངེས་ཏེ། འདོད་པའི་འཕགས་པ་འདོད་པའི་སྒོམ་སྤང་དགུ་འགོག༷་པ༷་ལ་ཆོས་ཤེས་པ་དང་ལམ༷་ལ༷་ཆོས༷་ཤེས༷་གང༷་ཡིན༷་པ་བསྐྱེད་པས་སྤངས་ནས་འདྲིས་པའི་ལམ་དེ༷་ཉིད་ཀྱིས་ཁམ༷ས་གོང་མའི་སྒོམ་སྤང་སྤོང་བ་སྲིད་པའི་ཕྱིར་དེ་གཉིས་ཁམས་གསུམ༷་ཆར་གྱི༷་གཉེ༷ན་པོ༷་ཡིན༷་པ་སྲིད་དོ། །དེའང་འགོག་ལམ་གཉིས་ཟག་མེད་ཡིན་པས་ཁམས་སུ་མ་གཏོགས་པས་གོང་སའི་འགོག་ལམ་ལས་མི་དམན་པའི་ཕྱིར་དེའི་གཉེན་པོ་བྱེད་ཀྱི། སྡུག་ཀུན་ལ་ཆོས་ཤེས་པ་ནི་གོང་མའི་གཉེན་པོ་མ་ཡིན་ཏེ། གོང་མའི་སྡུག་ཀུན་བས་དམན་པའི་སྡུག་ཀུན་ལ་དམིགས་པའི་སྒོམ་ལམ་ཡིན་པའི་ཕྱིར་ཏེ། དམན་པས་མཆོག་སུན་འབྱིན་མི་ནུས་པའི་ཕྱིར། འོ་ན། འགོག་ལམ་ལ་རྗེས་ཤེས་ཀྱིས་འདོད་པའི་གཉེན་པོ་བྱེད་པར་འགྱུར་རོ་ཞེ་ན། འདོད༷་པའི༷་ཁམ༷ས་ཀྱི༷་སྤང་བྱའི་གཉེན་པོ་རྗེས༷་ཤེས་ཀྱིས་བྱེད་པ་མ༷་ཡིན༷་ཏེ། དེ་མ་སྐྱེས་གོང་དུ་ཆོས་ཤེས་པས་སྤངས་ཟིན་པའི་ཕྱིར། བཞི་པ་རྣམ་པའི་བྱེ་བྲག་ནི། འོ་ན། ཤེས་པ་བཅུ་པོ་ཡུལ་གང་གི་རྣམ་པ་ཅན་ཡིན་ཞེ་ན། ཆོས༷་ཤེས༷་པ༷་དང༷་རྗེས༷་སུ༷་ཤེས༷་པ་ནི་མི་རྟག་སོགས་རྣམ༷་པ༷་བཅུ༷་དྲུག་ཅན་ཡིན་ཞིང༌། ཀུན༷་རྫོབ༷་ཤེས་པ་ནི༷་སྦྱོར་ལམ་ན་ཡོད་པ་དག་གཉིས་པོ་དེ༷་བཞིན༷་དུ་རྣམ་པ་བཅུ་དྲུག་པ་ཡིན་ལ། གནས་སྐབས་གཞན༷་ན་ཡོད་པ་ནི་རྣམ་པ་གཞན་དུ༷འང༷་ཡིན་ཏེ། མི་སྡུག་བྱམས་སོགས་རང་སྤྱིའི་མཚན་ཉིད་དང༌། དེ་ལས་གཞན་པའི་རྣམ་པ་ཅན་ཡང་ཡོད་དོ། །བདེན་པ་བཞི་ཤེས་རྣམས་ནི་རང༷་རང༷་གི༷་བདེན༷་པའི༷་རྣམ༷་པ༷་ཅན་དུ་འཇུག་པས་མི་རྟག་སོགས་རྣམ་པ་བཞི༷་བཞི་པ་ཡིན༷་ནོ༷། །ཕ༷་རོལ༷་ཡིད༷་ཤེས༷་དྲི༷་མེད༷་ཀྱང༷་ལམ་ཤེས་པ་ཡིན་པས། ལམ་ཤེས་པ་དེ༷་བཞིན༷་དུ་ལམ་བདེན་གྱི་རྣམ་པ་བཞི་ཅན་ཡིན་ནོ། །ཕ་རོལ་སེམས་ཤེས་དྲི༷་མ༷་དང༷་བཅས༷་པ་ནི༷་ཤེས༷་བྱ༷་སེམས་དང་སེམས་ལས་བྱུང་བའི་རང༷་གི༷་མཚན༷་ཉིད༷་ཀྱི་རྣམ༷་པ་ཅན་ནོ། །དེ་གཉིས་ཀྱང་སེམས་དང་སེམས་ལས་བྱུང་བའི་རྫས༷་རེ༷་རེ༷་ཞིག༷་གི་སྤྱོད༷་ཡུལ༷་ཡིན་གྱི། གཉིས་ཀ་གཅིག་ཅར་དུ་མི་འཛིན་ཏེ། སེམས་སོ་སྙམ་དུ་འཛིན་པའི་ཚེ་སེམས་བྱུང་མི་འཛིན། སེམས་བྱུང་ངོ་སྙམ་དུ་འཛིན་པའི་ཚེ་སེམས་མི་འཛིན་པའི་ཕྱིར། དཔེར་ན། དྲི་མའོ་སྙམ་དུ་འཛིན་པའི་ཚེ་གོས་མི་འཛིན། གོས་སོ་སྙམ་དུ་འཛིན་པའི་ཚེ་དྲི་མ་མི་འཛིན་པ་བཞིན་ནོ། །དེ་དག་གི་ལྷག༷་མ༷་ཟད་པ་དང་མི་སྐྱེ་བའི་ཤེས་པ་ནི་རྣམ༷་པ༷་བཅུ༷་བཞི༷་ཅན༷་ནོ། །སྟོང༷་པ་དང༷་བདག༷་མེད༷་མ༷་གཏོག༷ས་ཏེ༷། དེའི་རྗེས་ཐོབ་ཀྱི་སྐབས་སུ་བདག་གིས་བྱ་བ་བྱས་སོ། །སྡུག་བསྔལ་ཤེས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ། །ཞེས་སོགས་འབྱུང་བས། བདག་གི་ཐ་སྙད་དང་སྟོང་བདག་མེད་འགལ་བའི་ཕྱིར་དང༌། མཉམ་རྗེས་རྒྱུ་འབྲས་གྲུབ་པའི་ཕྱིར། དྲི་མེད་ཀྱི་ལམ་ལ་རྣམ་པ་བཅུ་དྲུག་ལས། གཞན་རང་གི་མཚན་ཉིད་ཀྱི་རྣམ་པ་ཡོད་དམ་ཞེ་ན། མེད་དེ། དྲི༷་མེད༷་བཅུ༷་དྲུག༷་ལས་གཞན༷་རྣམ༷་པ་མེད༷་པའི་ཕྱིར། ཉི་འོག་པ་ན་རེ། གཞན༷་ཡོད༷་ཅེས༷་ཟེར་ཏེ། །བསྟན༷་བཅོས༷་རྣམ་ཤེས་ཀྱི་ཚོགས་ལས༷། མི་རྟག་ནས་རྐྱེན་བར་ལ་འདི་ནི་གནས་ཡོད་དོ། །འདི་ནི་གཞི་ཡོད་དོ་ཞེས་གསུངས་ན། གནས་ནི་མཚན་ཉིད་དང༌། གཞི་ནི་རྒྱུ་ཡིན་པས་མཚན་ཉིད་དང་རྒྱུ་ཤེས་པའི་རྣམ་པ་ཡོད་དོ་ཞེས་གསུངས་པའི་ཕྱིར། འོ་ན། བཅུ་དྲུག་པོ་རྫས་སུ་དུ་ཞེ་ན། རྫས༷་སུ༷་རྣམ༷་པ༷་བཅུ༷་དྲུག༷་སྟེ། བཅུ་དྲུག་པོ་སོ་སོར་མངོན་སུམ་དུ་བྱེད་དགོས་པའི་ཕྱིར། གང་ཞེ་ན། རྐྱེན་ལ་རག་ལས་པས་མི་རྟག་པ་དང༌། གནོད་པའི་བདག་ཉིད་ཡིན་པས་སྡུག་བསྔལ་བ་དང༌། བདག་གིར་ལྟ་བའི་མི་མཐུན་ཕྱོགས་ཡིན་པས་སྟོང་པ་དང༌། བདག་ཏུ་ལྟ་བའི་མི་མཐུན་ཕྱོགས་ཡིན་པས་བདག་མེད་པ་དང༌། སྡུག་བསྔལ་གྱི་ས་བོན་ཡིན་པས་རྒྱུ་དང༌། དེ་མ་ཐག་ཏུ་འབྱུང་བས་ཀུན་འབྱུང་དང༌། རྒྱུན་འབྲེལ་བའི་ཚུལ་གྱིས་རབ་ཏུ་སྐྱེ་བ་དང༌། རྒྱུ་མང་པོས་མངོན་པར་འགྲུབ་པས་རྐྱེན་དང༌། སྡུག་བསྔལ་གྱི་ཕུང་པོ་ཞིག་པས་འགོག་པ་དང༌། འདོད་ཆགས་ལ་སོགས་པའི་མེ་གསུམ་ཞི་བས་ཞི་བ་དང༌། འཚེ་བ་མེད་པས་གྱ་ནོམ་པ་དང༌། སྐྱོན་ཐམས་ཅད་དང་བྲལ་བས་ངེས་པར་འབྱུང་བ་དང༌། ཐར་པ་བགྲོད་པའི་དོན་གྱིས་ལམ་དང༌། ཐབས་དང་ལྡན་པས་རིགས་པ་དང༌། ཐར་པ་སྒྲུབ་པས་སྒྲུབ་པ་དང༌། གཏན་དུ་ཡང་དག་པར་འདའ་བར་བྱེད་པས་ངེས་པར་འབྱིན་པའོ། །ཡང་རྣམ་པའི་ངོ་བོ་གང་ཞེ་ན། མདོ་སྡེ་པ་ཤེས་པའི་འཛིན་སྟངས་ལ་བཞེད་མོད་ཀྱི། འདིར་བྱེ་སྨྲ་ལྟར་ན། རྣམ༷་པ༷་ནི་ཤེས༷་རབ༷་ཡིན་ལ། དེའང་ཡུལ་འཛིན་པ་ན་ཤེས་རབ་ཁོ་ནས་འཛིན་པ་མ་ཡིན་གྱི། ཤེས་རབ་དེ་དང༷་བཅས༷་པའི༷་དམི༷གས་པ་དང༷་བཅས༷་པ༷་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱིས་འཛིན༷་པར༷་བྱེད༷་ལ། ཤེས་བྱར་ཡོད༷་པའི༷་གཟུགས་སོགས་ཐམ༷ས་ཅད༷་ནི་གཟུང༷་བྱ༷་ཡིན༷་ནོ། །དེ་ལྟར་ན་ཤེས་རབ་ནི་རྣམ་པ་དང་གཟུང་འཛིན་གསུམ་ག་དང༌། དེ་ལས་གཞན་པའི་དམིགས་བཅས་ཐམས་ཅད་ནི་གཟུང་འཛིན་གཉིས་དང༌། དམིགས་པ་མེད་པ་རྣམས་ནི་གཟུང་བར་བྱ་བ་ཁོ་ན་ཡིན་ནོ། །", "target": {"entries": [{"title": "གྲངས་ངེས་གཉེན་པོའི་བྱེ་བྲག་དང་བཅས་པ", "level": 1, "start": 0, "anchor": "གསུམ་པ་གྲངས་ངེས་གཉེན་པོའི་བྱེ་བྲག་དང་བཅས"}, {"title": "རྣམ་པའི་བྱེ་བྲག", "level": 1, "start": 1507, "anchor": "བཞི་པ་རྣམ་པའི་བྱེ་བྲག་ནི། འོ་ན། ཤེས་པ་བཅ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4410, "headings": 2}} {"id": "IBA-LWS-08-111", "input": "ལྔ་པ་ཆོས་ཀྱི་ཁྱད་པར་ནི། ཤེས་པ་བཅུ་པོ་དགེ་མི་དགེ་ལུང་མ་བསྟན་གང་ཞེ་ན། དང༷་པོ༷་ཀུན་རྫོབ་ཤེས་པ་ལ་རྣམ༷་པ་གསུམ༷་ག་ཡོད་དོ། ཁམས་གསུམ་གྱི་ཤེས་པ་ཟག་བཅས་ཐམས་ཅད་ཀུན་རྫོབ་ཤེས་པ་ཡིན་པའི་ཕྱིར། གཞན༷་རྣམ༷ས་དགེ༷་བ་ཡིན་ཏེ། སེམས་ཤེས་སྒོམ་བྱུང་ཡིན་ལ། གཞན་རྣམས་ཟག་མེད་ཀྱི་ལམ་ཡིན་པའི་ཕྱིར། འོ་ན། ཤེས་པ་བཅུ་པོ་དེ་ས་གང་ན་ཡོད་ཅེ་ན། དང༷་པོ༷་ཀུན་རྫོབ་ཤེས་པ་ཁམས་གསུམ་ས༷་དགུ་པོ་རྣམ༷ས་ཐམ༷ས་ཅད༷་ན༷་ཡོད་དེ། ཁམས་གསུམ་གྱི་ཤེས་པ་ཟག་བཅས་ཐམས་ཅད་ཀུན་རྫོབ་ཤེས་པ་ཡིན་པའི་ཕྱིར། བསམ་གཏན་ས་དྲུག༷་ན༷་ཆོས༷་ཤེས༷་ཞེས་བྱ༷་བ༷་ཡོད་དེ། འདོད་པའི་སྡུག་བསྔལ་སོགས་ལ་དམིགས་པའི་ཟག་མེད་ཀྱི་ལམ་ཡིན་པའི་ཕྱིར། ཟག་མེད་ས་དགུ༷་ན་རྗེས༷་ཤེས༷་ཞེས་བྱ༷་བ༷་ཡོད་དེ། མཐོང་ལམ་གྱིས་བསྡུས་པ་བསམ་གཏན་ས་དྲུག་ན་ཡོད། སྒོམ་ལམ་གྱིས་བསྡུས་པ་གཟུགས་མེད་དང་པོ་གསུམ་ན་ཡོད་པའི་ཕྱིར། རྗེས་ཤེས་དེ༷་བཞིན༷་དུ་བདེན་པ་བཞི་ཤེས་པ་དང༌། ཟད་མི་སྐྱེ་ཤེས་པ་སྟེ་དྲུག༷་ནི་ཟག་མེད་ས་དགུ་ན་ཡོད། གཞན༷་ཕ་རོལ་གྱི་ཡིད༷་ཤེས༷་པ༷་བསམ་གཏན་གྱི་དངོས་གཞི་བཞི་ན་ཡོད་དེ། ལམ་སླ་བ་ལ་བརྟེན་དགོས་པའི་ཕྱིར། འོ་ན། དེ་དག་ཁམས་གང་གི་རྟེན་ལ་ཡོད་ཅེ་ན། ཕ་རོལ་སེམས་ཤེས་དེ༷་ནི༷་འདོད༷་པ་དང༷་གཟུག༷ས་ཀྱི་རྟེན༷་ཅན༷་ཡིན་གྱི། གཟུགས་མེད་ལ་མི་བརྟེན་ཏེ། བསམ༷་གཏན༷་གྱི་དངོས་གཞི༷་ལ་བརྟེན་པའི་ཕྱིར། ཆོས༷་ཤེས༷་ཞེས་བྱ༷་བ༷་འདོད༷་པའི་རྟེན༷་ཅན༷་ཡིན་གྱི། གོང་མ་ལ་མི་བརྟེན་ཏེ། འདོད་པའི་གཉེན་པོར་སྐུར་བའི་ཟག་མེད་ཀྱི་ལམ་ཡིན་པའི་ཕྱིར། ཁམ༷ས་གསུམ༷་པ༷་ཡི༷་རྟེན༷་ཅན༷་ནི་སེམས་ཤེས་དང་ཆོས་ཤེས་ལས་གཞ༷ན་བརྒྱད་པོ་ཡིན་ཏེ། ཁམས་གསུམ་གྱི་ཟག་བཅས་ཤེས་པ་ཀུན་རྫོབ་ཤེས་པ་ཡིན་པའི་ཕྱིར་དང༌། ཁམས་གསུམ་གྱི་རྟེན་ལ་རྗེས་ཤེས་སྐྱེ་རུང་བའི་ཕྱིར། འོ་ན། ཤེས་པ་འདི་དག་དྲན་པ་ཉེར་གཞག་གང་ཡིན་ཞེ་ན། འགོག༷་པ་ཤེས་པའི་བློ༷་ནི་འདུས་མ་བྱས་ཁོ་ན་ལ་དམིགས་པས་ཆོས་དྲན༷་པ༷་ཉེ༷་བར་གཞ༷ག་པ༷་གཅི༷ག་པུ་སྟེ། ཕ༷་རོལ༷་སེམ༷ས་པའི་བློ༷་ནི༷་ལུས་ལ་མི་དམིགས་ཤིང༌། མཚུངས་ལྡན་ཁོ་ན་འཛིན་པའི་ཕྱིར་དྲན་པ་ཉེར་གཞག་ཕྱི་མ་གསུམ༷་མོ༷། །དེ་དག་གི་ལྷག༷་མ༷་ཤེས་པ་བརྒྱད་ལ་བཞི༷་ག་ཡོད་པ་ཡིན༷་ཏེ། སྡུག་བསྔལ་སོགས་རེས་འགའ་ལུས་ནས་ཆོས་ཀྱི་བར་ལ་དམིགས་ཤིང༌། ལམ་ཤེས་ཟག་མེད་ཀྱིས་སྡོམ་ལ་དམིགས་ན་ལུས་དྲན་པ་ཉེར་གཞག་ཏུའང་འགྱུར་བས་བཞི་ག་ཡིན་ནོ། ། འོ་ན། ཤེས་པ་ཉིད་ཀྱང་གཟུང་བྱར་བཤད་པས་ཤེས་པ་བཅུ་པོ་གང་གི་ཡུལ་དུ་ཤེས་པ་དུ་འགྱུར་ཞེ་ན། ཆོས༷་ཤེས་པའི་བློའི༷་སྤྱོད༷་ཡུལ༷་ཏེ་དམིགས་པ་ནི་ཤེས་པ་དགུ༷་ཡིན༷་ཏེ། ལམ་ལ་ཆོས་ཤེས་པས་རྗེས་ཤེས་མ་གཏོགས་པའི་ཟག་མེད་ཀྱི་ཤེས་པ་བདུན་དང༌། སྡུག་ཀུན་ཆོས་ཤེས་ཀྱིས་ཀུན་རྫོབ་ཤེས་པ་དང༌། གཞན་སེམས་ཟག་བཅས་ལ་དམིགས་པའི་ཕྱིར། ལམ༷་ཤེས་ཀྱི་ཡུལ་ནི་ཟག་མེད་ཐམས་ཅད་ཡིན་པས་ཀུན་རྫོབ་ཤེས་པ་ལས་གཞན་དགུ་དང༌། རྗེས༷་བློ༷འི༷་སྤྱོད་ཡུལ་ཡང་གོང་མའི་བདེན་པ་ཁོ་ན་ལ་དམིགས་པས་ཆོས་ཤེས་ལས་གཞན་དགུ༷༷་ཡིན༷་ནོ༷། །སྡུག༷་བསྔལ༷་དང་དེའི་རྒྱུ༷༷་ཀུན་འབྱུང་ཤེས་པའི་བློའི༷་ཡུལ་ནི་ཟག་བཅས་ཡིན་པས་ཀུན་རྫོབ་ཤེས་པ་དང༌། ཕ་རོལ་སེམས་ཤེས་ཟག་བཅས་གཉིས༷་ཡིན༷་ནོ༷། །ཀུན་རྫོབ་ཤེས་པ་སེམས་ཤེས་ཟད་མི་སྐྱེ་ཤེས་པ་བཞི༷འི༷་སྤྱོད་ཡུལ་ནི་ཤེས་པ་བཅུ༷་ཆར་ཡིན༷་དུ་རུང་སྟེ། ཀུན་རྫོབ་ཤེས་པའི་ཡུལ་ནི་ཆོས་ཐམས་ཅད་ཡིན་ཞིང༌། སེམས་ཤེས་ཟག་མེད་ཀྱི་ཡུལ་ཡང་ཤེས་པ་དགུ་དང༌། སེམས་ཤེས་ཟག་བཅས་ཀྱིས་ཀུན་རྫོབ་ཤེས་པ་དང་སེམས་ཤེས་ཟག་བཅས་གཞན་ཡང་རིག་ལ། ཟད་མི་སྐྱེ་ཤེས་ནི་བདེན་པ་བཞི་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར། འགོག་པ་ཤེས་པ་གཅིག༷་གི༷་ཡུལ་ནི་ཤེས་པ་ཐམས་ཅད་མིན༷་ཏེ། སོ་སོར་བརྟག་འགོག་ཁོ་ནར་དམིགས་ཤིང༌། དེ་ཤེས་པ་མིན་པས་སོ། །ད་ནི་ཤེས་བྱའི་ཆོས་ཐམས་ཅད་བཅུར་ཕྱེ་ལ། ཆོས༷་བཅུ༷་པོ་དག༷་ནི༷་ཤེས་པ་དུ་ཞིག་གི་ཡུལ་དུ་འགྱུར་བ་ཡིན་ཞེས་སྦྱར༷་བར༷་བྱའོ༷། །ཆོས་བཅུར་ཇི་ལྟར་འབྱེད་ཅེ་ན། འདུས་བྱས་ཁམ༷ས་གསུམ༷་པའི༷་ཆོས་དང༷་དྲི༷་མ༷་མེད༷་པའི་ཆོས༷་ཏེ་རྣམ་པ་བཞི་པོ་རེ་རེ་ལའང་མཚུངས་ལྡན་དང༌། མཚུངས་ལྡན་མ་ཡིན་པ་དང༌། འདུས༷་མ༷་བྱས༷་ལའང་དགེ་བ་དང༌། ལུང་མ་བསྟན་རྣམ༷ས་གཉིས༷་གཉིས༷་སུ་ཕྱེ་ནས་སོ༷། ། ཇི་ལྟར་སྦྱར་ཞེ་ན། ཀུན་རྫོབ་ཤེས་པའི་ཡུལ་ནི་ཆོས་བཅུ་པོ་ཐམས་ཅད་དང༌། ཆོས་ཤེས་ཀྱི་ཡུལ་དུ་འདོད་པའི་ཆོས་གཉིས། དྲི་མེད་འདུས་བྱས་ཀྱིའང་གཉིས། འདུས་མ་བྱས་དགེ་བ་སྟེ་ལྔ་དང༌། རྗེས་ཤེས་ཀྱི་ཡུལ་དུ་ཁམས་གོང་མ་གཉིས་དང༌། དྲི་མེད་འདུས་བྱས་ཀྱི་མཚུངས་ལྡན་ཡིན་མིན་གཉིས་གཉིས་རེ་དང༌། འདུས་མ་བྱས་དགེ་བ་སྟེ་བདུན། སྡུག་ཀུན་ཤེས་པའི་ཡུལ་དུ་ཁམས་གསུམ་པའི་དག་དང༌། འགོག་པ་ཤེས་པའི་ཡུལ་དུ་འདུས་མ་བྱས་དགེ་བ་གཅིག་པུ་དང༌། ལམ་ཤེས་པའི་ཡུལ་དུ་དྲི་མེད་འདུས་བྱས་གཉིས་དང༌། སེམས་ཤེས་ཀྱི་ཡུལ་དུ་འདོད་གཟུགས་དང༌། ཟག་མེད་ཀྱི་མཚུངས་ལྡན་གསུམ་དང༌། ཟད་པ་དང༌། མི་སྐྱེ་ཤེས་གཉིས་ཀྱི་ཡུལ་དུ་འདུས་མ་བྱས་ལུང་མ་བསྟན་མ་གཏོགས་པ་ཆོས་དགུར་འགྱུར་ཏེ། ཤེས་པ་དེ་དག་གི་དམིགས་ཡུལ་ཤེས་བྱ་དེ་དག་ཡིན་པའི་ཕྱིར། འོ་ན། ཤེས་པ་གཅིག་གིས་ཆོས་ཐམས་ཅད་ཅིག་ཅར་དུ་ཤེས་པར་འགྱུར་བ་ཡོད་དམ་ཞེ་ན། དེ་ནི་མེད་དེ། ཡུལ་རྒྱ་ཆེ་ཤོས་རིག་པ་ནི་ཐོས་བསམ་ལས་བྱུང་བའི་ཀུན༷་རྫོབ༷་ཤེས་པ་ཡིན་ལ། དེས་ཀྱང་སྐད་ཅིག༷་མ་གཅིག་པུ༷་སྟེ། དང་པོས་རང་དང་རང༷་གི་ཚོག༷ས་པ་ན་ཡོད་པ་ལས༷་གཞན༷་པའི་ཆོས་ཐམས་ཅད་རིག་སྟེ། ཆོས་ཐམས་ཅད་བདག༷་མེད༷་དོ་ཞེས་ལྟ་བ་ན་གཞན་ཐམས་ཅད་བདག་མེད་པ་ཉིད༷་དུ་རིག༷་པར་འགྱུར༷་གྱི། རང་དང་ལྷན་ཅིག་པའི་ཆོས་ཐམས་ཅད་ནི་མ་ཡིན་ཏེ། རང་ལ་རང་གིས་བྱེད་པ་འགལ་བའི་ཕྱིར་དང༌། རང་གིས་ཚོགས་པ་ན་ཡོད་པ་ཧ་ཅང་ཉེ་བའི་ཕྱིར། གཟོད་སྐད་ཅིག་གཉིས་པས་སྔ་མ་གཞལ་བའི་ཕྱིར་དང༌། མདོ་ལས་ཀྱང་ཤེས་པ་གཅིག་གིས་ཐམས་ཅད་ཤེས་པ་མེད་ཅེས་གསུངས་པའི་ཕྱིར་རོ། །", "target": {"entries": [{"title": "ཆོས་ཀྱི་ཁྱད་པར", "level": 1, "start": 0, "anchor": "ལྔ་པ་ཆོས་ཀྱི་ཁྱད་པར་ནི། ཤེས་པ་བཅུ་པོ་དགེ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4338, "headings": 1}} {"id": "IBA-LWS-08-113", "input": "གཉིས་པ་ས་གང་དུ་ཤེས་པ་དུ་འཐོབ་པ་ནི། འོ་ན། ཟག་བཅས་ཟག་མེད་ཀྱི་ལམ་གང་ལ་ས་དུའི་ཤེས་པ་འཐོབ་ཅེ་ན། དེ་ལ་ལམ་གཉིས་ལས། དང་པོ་འཇིག་རྟེན་པའི་ལམ་ལ་ནི་མི་ལྕོགས་མེད་ལ་བརྟེན་ནས་འདོད་པ་ལས་འདོད་ཆགས་དང་བྲལ་བར་བྱས་ནས་བསམ་གཏན་དང་པོའི་དངོས་གཞི་འཐོབ་པ་ན་རྣམ་གྲོལ་གྱི་ལམ་དགུ་པ་ལ་དང་པོའི་ཉེར་བསྡོགས་དང༌། དངོས་གཞིས་བསྡུས་པའི་ཀུན་རྫོབ་ཤེས་པ་འཐོབ་པ་ནས་སྲིད་རྩེའི་ཉེར་བསྡོགས་ཀྱིས་ཅི་ཡང་མེད་ལས་ཆགས་བྲལ་བྱས་པའི་བར་དུ་སྦྱར་རོ། །གཉིས་པ་འདས་ལམ་ནི་བསམ་གཏན་གཉིས་པ་ལྟ་བུ་གང༷་ལས༷་འདོད་ཆག༷ས་དང་བྲལ༷་བར་བྱ༷་བའི་ཕྱིར༷་བསམ་གཏན་གཉིས་པའི་སས་བསྡུས་པའི་ཟག་མེད་གང༷་ཞིག་ཐོབ༷་པའི༷་དུས་དེར༷་ཡང༷་འོག༷་མ༷་བསམ་གཏན་དང་པོའི་ཉེར་བསྡོགས་དང༌། དངོས་བཞི་དང༌། དངོས་གཞི་ཁྱད་པར་ཅན་དང༌། རྣམ་གྲོལ་དགུ་པའི་ཚེ་བསམ་གཏན་གསུམ་པའི་སས་བསྡུས་པའི་ཟག་པ་མེད་པའང༷་འཐོབ༷་སྟེ། གཉེན་པོའི་རིགས་རྒྱས་པའི་ཕྱིར་རོ། །དེ་བཞིན་དུ་ས་གཞན་གྱི་ཟག་མེད་ལའང་སྦྱར་རོ། །གང་གིས་ཟད༷་པ༷་ཤེས༷་པ༷་འཐོབ་པ་ལ་ནི་ཟག༷་མེད་དུ་མ་ཟད་ཟག་བཅ༷ས་ཀྱི་ཡོན་ཏན། མི་སྡུག །དབུགས་འབྱུང་རྔུབ། དྲན་པ་ཉེར་གཞག་སོགས་ཀྱང༷་འཐོབ་ལ། དེའང་ས་ཀུན་གྱིས་བསྡུས་པའི་ཡོན་ཏན་འདོད་ཆགས་དང་བྲལ་བའི་སྟོབས་ཀྱིས་འཐོབ་པ་རྣམས་བསུ་བའི་ཚུལ་གྱིས་བྱུང་སྟེ། སེམས་ཀྱི་རྒྱལ་སྲིད་ལ་དབང་ཐོབ་པའི་ཕྱིར་རོ། །དཔེར་ན། རྒྱལ་སྲིད་ཐོབ་ན་ཡུལ་མིས་སྐྱེས་ཀྱིས་བསུ་བ་བཞིན་ནོ། །སྦྱོར་བ་ལ་ལྟོས་པའི་ཡོན་ཏན་རྣམས་ནི་བསྒྲུབ་དགོས་པའི་ཕྱིར་དེའི་ཚེ་འཐོབ་པ་མ་ཡིན་ནོ། །ས༷་ཀུན༷་གྱི་ཡོན་ཏན་འཐོབ་པའང་འདོད་པའི་རྟེན་ཅན་གྱི་དགྲ་བཅོམ་ཡིན་ན་ཁམས་གསུམ་ཆར་གྱི་དང༌། གཟུགས་ཀྱི་ཁམས་གཉིས་ཀྱི་དང༌། གཟུགས་མེད་པའི་རྟེན་ལ་གཅིག་གིས་འཐོབ་བོ། །འོ་ན། གང་རྙེད་པ་དེ་ཐམས་ཅད་འཐོབ་བམ་ཞེ་ན། སྔོན༷་འཁོར་བར་འདྲིས་པ་གང་རྣམ་པར་ཉམས་པ་ལས་རྙེད༷་ཅིང་མངོན་དུ་བྱས་པ་ནི་མ་འོངས་པ་མི༷་འཐོབ༷་སྟེ། སྔར་ཐོབ་པ་གཏོང་བའི་ཕྱིར་རོ། །དེས་ན་སྔར་མ་འདྲིས་པ་ཟག་མེད་དང་མཐུན་པའི་བསམ་གཏན་ཚད་མེད་ལ་སོགས་པ་མངོན་དུ་གྱུར་ན། དེ་དང་མཐུན་པ་ཁོ་ན་མ་འོངས་པ་འཐོབ་བོ༷་ཞེས་སོ། ། གསུམ་པ་འཐོབ་པའི་དབྱེ་བ་ནི། འོ་ན། འཐོབ་པ་ལ་དུ་ཡོད་ཅེ་ན། འབབ་ན་ཡོད་དེ། དང་པོ་ཆོས་སྔར་མེད་གསར་དུ་རྙེད༷་པ་ནི་རྙེད་པའི་འཐོབ་པ་དང༷་བསྟེན༷་པའི་འཐོབ་པ་ནི་ཡང་ཡང་མངོན་དུ་བྱས་པ་ཞེས༷་བྱ༷་བ༷་སྟེ། དེ་དག་ནི༷་ཕལ་ཆེར་དགེ༷་བ༷་འདུས༷་བྱས༷་ཀྱི་དབང་དུ་བྱས་པའི་ཐོབ༷་པ༷འོ༷། །ལམ་བསྒོམ་པ་ནི་གཉེན༷་པོ༷འི་འཐོབ་པ་དང༷་ནི༷་ཉོན་མོངས་པའི་འཐོབ་པ་གཅོད་པ་ནི་ཐག༷་བསྲིང༷་བའི༷་ཐོབ་པ་སྟེ། དེ་གཉིས་ནི་ཕལ་ཆེར་ཟག་པ་དང་བཅས་པ་སྤོང་བའི་དབང་དུ་བྱས་པ་ཡིན་ནོ། །དེ་ལྟར་ན་ཟག་མེད་ཀྱི་ཐོབ༷་པ༷་དང་པོ་གཉིས་དང༌། དགེ་བ་ཟག༷་བཅས་ཀྱི་བཞི་ག་དང༷༌། ཟག་བཅ༷ས་ལྷག་མ་རྣམས་ཀྱི་ཕྱི་མ་གཉིས་ཡིན༷་ནོ་ཞེས་སོ། །", "target": {"entries": [{"title": "ས་གང་དུ་ཤེས་པ་དུ་འཐོབ་པ", "level": 1, "start": 0, "anchor": "གཉིས་པ་ས་གང་དུ་ཤེས་པ་དུ་འཐོབ་པ་ནི། འོ་ན།"}, {"title": "འཐོབ་པའི་དབྱེ་བ", "level": 1, "start": 1627, "anchor": "གསུམ་པ་འཐོབ་པའི་དབྱེ་བ་ནི། འོ་ན། འཐོབ་པ་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 2164, "headings": 2}} {"id": "IBA-LWS-08-116", "input": "གཉིས་པ་ཐུན་མོང་གི་ཡོན་ཏན་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་(མདོར་བསྟན་པ་)ནི། འོ་ན། ཐུན་མོང་བའི་ཡོན་ཏན་དེ་གང་ཞེ་ན། སངས་རྒྱས་ཀྱི་ཆོས༷་གཞན༷་ནི་སློབ༷་མ་ཉན་ཐོས་དང༷་རང་རྒྱལ་དང༷་ཐུན༷་མོང༷་བ་ཡིན༷་ལ། ཁ༷་ཅིག༷་སོ༷་སོའི༷་སྐྱེ༷༷་བོ༷་དང༷་ཐུན་མོང་བ་ཡིན་ཏེ། སངས་རྒྱས་ཀྱི་ཐུགས་རྒྱུད་ལ་ཡོད་པའི་ས་འདྲ་བ་དེ་དག་གི་རྒྱུད་ལ་ཡོད་པའི་ཕྱིར། དེའང་རིགས་འདྲ་བ་ཙམ་ལ་བརྗོད་ཀྱི། ངོ་བོས་ཁྱད་པར་ཡོད་དོ། །འོ་ན། དེ་དག་གང་ཞེ་ན། ཉོན༷་མོང༷ས་མེད༷་པ་དང༷༌། སྨོན༷་ནས༷་ཤེས༷་པ་དང༌། སོ༷་སོ༷་ཡང༷་དག༷་རིག༷་པ་དང༌། མངོ༷ན་ཤེས་དྲུག་པོ་ནི་འཕགས་པ་དང་ཐུན་མོང་བ་ཡིན་ལ། སོག༷ས་ཁོངས་ནས་མངོན་ཤེས་དང་པོ་ལྔ་དང༌། བསམ་གཏན། ཚད་མེད། གཟུགས་མེད། རྣམ་ཐར། ཟིལ་གནོན། ཟད་པར་རྣམས་ནི་སྐྱེ་འཕགས་གཉིས་ཀ་དང་ཐུན་མོང་བ་ཡིན་ནོ།། །། གཉིས་པ་རྒྱས་བཤད་ལ་གཉིས། འཕགས་པ་དང་ཐུན་མོང་བ་དང༌། སྐྱེ་འཕགས་གཉིས་ཀ་དང་ཐུན་མོང་བའོ། །དང་པོ་(འཕགས་པ་དང་ཐུན་མོང་བ་)ལ་བཞི། ཉོན་མོངས་མེད་པ། སྨོན་ནས་ཤེས་པ། སོ་སོ་ཡང་དག་པར་རིག་པ་བཞི་བཤད་པ། འཐོབ་ཚུལ་ལོ། །དང་པོ་(ཉོན་མོངས་མེད་པ་)ནི། ཉོན་མོངས་མེད་དང༌། ཞེས་བཤད་ན། དེ་གང་ཞེ་ན། ཉོན༷་མོང༷ས་མེད༷་པའི༷་ཏིང་ངེ་འཛིན་ནི་ཀུན༷་རྫོབ༷་ཤེས༷་པ་སྟེ། བདག་ལ་དམིགས་ནས་ཕ་རོལ་གྱི་རྒྱུད་ལ་ཉོན་མོངས་པ་འགའ་ཡང་སྐྱེ་བར་མ་གྱུར་ཅིག་ཅེས་སྙོམས་པར་འཇུག་ཅིང༌། ལངས་ནས་ཀྱང་དེ་དང་མཐུན་པར་གཞན་གྱི་སེམས་བསྲུང་བའི་ཐབས་བྱེད་པའོ། །ས་གང་ན་ཡོད་ན། བས༷མ་གཏ༷ན་གྱི་མཐའ༷་བཞི་པ་ན༷་ཡོད་དེ། ལམ་སླ་བ་རྣམས་ཀྱི་ནང་ནས་མཆོག་ལ་བརྟེན་པའི་ཕྱིར། གང་ཟག་གང་གིས་མངོན་དུ་བྱེད་ན། དགྲ་བཅོམ་པ་མི༷་གཡོ༷་བའི་ཆོས༷་ཅན་གྱི་རྒྱུད་ལ་ཡོད་ཀྱི། གཞན་ལ་མེད་དེ། ཉོན་མོངས་པ་སྐྱེ་བའི་ཕྱིར། ཁམས་གསུམ་གང་གི་རྟེན་ལ་སྐྱེད་ཅེ་ན། མིས༷་སྐྱེད༷་དེ། མིའི་རྟེན་ལ་དགྲ་བཅོམ་པ་ཐོབ་པ་ཞིག་གིས་སྔོན་གཞན་གྱི་ཉོན༷་མོང༷ས་པའི་དམིགས་རྐྱེན་བྱས་པ་དྲན་ནས་དེ་འགོག་པར་བྱེད་པའི་ཐབས་ཡིན་པའི་ཕྱིར། དམིགས་པ་ཉོན་མོངས་པ་ཡིན་ཏེ། རྒྱུ་མཚན་དེའི་ཕྱིར། དེའང་མིའི་རྟེན་ཅན་ལ་དམིགས་པས་འདོད༷་པར་གཏོག༷ས་པ༷་དང༌། སྐྱེས་ཟིན་སྤོང་མི་ནུས་པས་མ༷་སྐྱེས༷་པ་དང༌། །གཞི༷་མེད་མཐོང་སྤང་རྣམས་དགྲ་བཅོམ་ལ་མི་དམིགས་པས་གཞིར་བཅས༷་སྒོམ་སྤང་གི་ཆགས་སོགས་སྤྱོད༷་ཡུལ༷་དུ་བྱས་ནས་མི་སྐྱེ་བར་གྱུར་ཅིག་སྙམ་པའི་རྣམ་པ་ཅན༷་ཡིན་ནོ། ། གཉིས་པ་སྨོན༷་ནས༷་ཤེས༷་པ༷་ནི། འདི་ཤེས་པར་བྱའོ་ཞེས་སྨོན་ནས་རབ་མཐའི་བཞི་པར་སྙོམས་པར་འཇུག་པས་དེའི་ཡུལ་དུ་ཇི་ཙམ་གྱུར་པ་ཤེས་པ་སྟེ། དེའང༷་ངོ་བོ་དང༌། ས་དང༌། གང་ཟག་དང༌། རྟེན་རྣམས་ནི་ཉོན་མོངས་མེད་པ་དེ༷་བཞིན༷་དུ་ཡིན༷་ནོ། །འོན་ཀྱང་སྨོན་ནས་ཤེས་པ་དེའི༷་དམིག༷ས་པ༷་ནི་ཉོན་མོངས་པ་ཁོ་ན་མ་ཡིན་གྱི། གཟུགས་ལ་སོགས་པའི་ཆོས་ཐམ༷ས་ཅད༷་དོ༷། ། གསུམ་པ་སོ་སོ་ཡང་དག་པར་རིག་པ་བཞི་བཤད་པ་ནི། ཇི་ལྟར་ཉོན་མོངས་མེད་པའི་ཏིང་ངེ་འཛིན་གང་ཟག་མི་གཡོ་བའི་ཆོས་ཅན་གྱི་ཡིན་པ་དང༌། གླིང་གསུམ་གྱིས་མིས་སྐྱེས་པ་་དེ༷་བཞིན༷་དུ། ཆོས༷་དང༌། དོན༷་དང༌། ངེས༷་པའི་ཚིག༷་དང༷༌། སྤོབ༷ས་པ༷་སོ༷་སོ༷་ཡང༷་དག༷་པར་རིག༷་པ་དག་ཀྱང་དེ་དང་འདྲའོ། །དེ་དག་གི་དམིགས་པ་དང༌། ས་དང༌། ངོ་བོ་ལ་ནི་ཁྱད་པར་ཡོད་དེ། དང་པོ་གསུམ༷་གྱི་དམིགས་པ་ནི༷་གོ༷་རིམ༷་བཞི༷ན་དུ། མིང༷་དང༷༌། དོན༷་དང༷༌། ངག༷་ལ༷་ཐོག༷ས་མེད༷་དུ་ཤེས༷་པ་ཡིན། བཞི༷་པ༷་སྤོབས་པ་སོ་སོར་རིག༷་པ༷་སྟེ། དོན་གྱི་འགལ་འབྲེལ་གཅོད་པའི་ངག་ཐག༷ས་ཐོག༷ས་མེད༷་པར་གཞན་ལ་མངོན༷་པ་བརྗོད༷་པ་དང༌། དེ་ལྟར་བརྗོད་ནུས་པའི་ཤེས་པ་དང༌། ལམ༷་ཏིང་ངེ་འཛིན་ལ༷་དབང༷་བ་སྟེ་མི་བརྗེད་པ་ཉིད༷་ལ༷་དབང་ཞིང་ཐོགས་པ་མེད་པར་ཤེས་པ་ཡིན་པས། དེའི༷་དམིག༷ས་པ༷་ནི་ངག༷་དང༷་ལམ༷་ཡིན་ཞིང༌། ངོ་བོའང་འགོག་ཤེས༷་ལས་གཞན་པའི༷་ཤེས་པ་དགུ༷་ཡིན། ས༷་ནི་འདོད་པ་ནས་སྲིད་རྩེའི་བར་ཐམ༷ས་ཅད༷་ལ་ཅི་རིགས་པར་བརྟེན་དུ་རུང་ངོ༌། །དོན་སོ་སོ་ཡང༷་དག༷་པར་རིག་པ་ནི་དོན༷་ཆོས་ཐམས་ཅད་རིག༷་པར་བཟུང་ན་ཤེས་པ་བཅུ༷འམ༷། དོན་མཆོག་མྱང་འདས་རིག་པར་བཟུང་ན་འགོག་ཤེས། ཆོས་ཤེས། རྗེས་ཤེས། ཀུན་རྫོབ་ཤེས་པ། ཟད་པ་དང༌། མི་སྐྱེ་བ་ཤེས་པ་སྟེ་དྲུག༷་གོ །དེ༷་ནི༷་འདོད་པ་ནས་སྲིད་རྩེའི་བར་གྱི་ས་ཀུན༷་ན༷་ཡོད། གཞན༷་ཆོས་དང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཀུན༷་རྫོབ༷་ཤེས་པའོ། །ས་ནི་ཆོས༷་རིག༷་འདོད༷་པ་དང༷་བསམ༷་གཏན༷་བཞི་ན༷་ཡོད་ཀྱི། གཟུགས་མེད་ན་མེད་དེ། དེ་ན་མིང་གི་ཚོགས་མེད་པའི་ཕྱིར། ངག༷་རིག་པ་ནི༷་འདོད༷་པ་དང༷་བསམ་གཏན་དང༷་པོ༷་ན༷་ཡོད་ཀྱི། དེ་ཡན་ཆད་ན་མེད་དེ། ངག་ཀུན་ནས་སློང་བྱེད་ཀྱི་རྟོག་པ་མེད་པའི་ཕྱིར། ། བཞི་པ་འཐོབ་ཚུལ་ནི། འོ་ན། དེ་དག་གཅིག་ཐོབ་པ་ལ་ཐམས་ཅད་ཐོབ་པས་ཁྱབ་བམ་ཞེ་ན། ཁྱབ་སྟེ། བཞི་པོ་དེ་དག་མ༷་ཚང༷་བར༷་ནི༷་དེ་གང་རུང་གཅིག་ཐོབ༷་པ་མེད༷་པའི་ཕྱིར། འོ་ན། ཉོན་མོངས་པ་མེད་པ་ལ་སོགས་པའི་ཡོན་ཏན་དྲུག་པོ་དེས་གང་གིས་འཐོབ་ཅེ་ན། དྲུག༷་པོ༷་དེ༷་དག༷་བསམ་གཏན་གྱི་རབ༷་མཐའ༷་བཞི་པའི་སྦྱོར་བས༷་འཐོབ་བོ། །དེ་ལ་དུ་ཡོད་ཅེ་ན། རབ་མཐའ་དེ༷་ནི༷་རྣམ༷་པ་དྲུག༷་ཡོད་དེ། དོན་དབྱེ་ན་སྔར་གྱི་དྲུག་པོ་ལས་ངེས་ཚིག་ནི་དེའི་སྟོབས་ཀྱིས་འཐོབ་ཀྱི། འདོད་པ་དང་པོར་ངེས་པས་དེ་ཉིད་བོར་བ་ལྔ་དང༌། དེ་དག་མ་ཡིན་པའི་རབ་མཐའ་སྟེ་རྣམ་པ་དྲུག་ཏུ་ཡིན་པའི་ཕྱིར། ངེས་ཚིག་སོ་སོ་ཡང་དག་རིག་པ་མ་གཏོགས་ཏེ། དེ་འདོད་པ་དང་བསམ༷་གཏན༷་དང་པོའི་སས་བསྡུས་པ་ཡིན་པའི་ཕྱིར་ཏེ། ངག་ནི་འདོད་དང་དང་པོ་ནི། །ཞེས་གསུངས་པའི་ཕྱིར། ཡོན་ཏན་དྲུག་པོ་དེ་ལ་རབ་མཐའ༷་ཞེས་བརྗོད་པའི་རྒྱུ་མཚན་ཅི་ཞེ་ན། ཡོད་དེ། བསམ་གཏན་བཞི་པའི་རབ་མཐའ་དེ༷་ནི༷་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་གྱི་ལུགས་འབྱུང་དང་ལུགས་བཟློག་གི་ས༷་ཀུན༷་གྱིས༷་མཐུན༷་པར་བྱས༷་ནས། ཆུང་ངུ་ལས་འབྲིང༌། འབྲིང་ལས་ཆེན་པོ་འཕེལ༷་བའི༷་རབ༷་ཏུ༷་ཕྱིན༷་པ༷་ཡིན༷་པའི་ཕྱིར། ཡོན་ཏན་དྲུག་པོ་དེ་དག་ཀྱང་སང༷ས་རྒྱས༷་ལས༷་གཞན༷་པའི་རྒྱུད་ལ་ཡོད་པ་ནི་སྦྱོར༷་བ་འབད་རྩོལ་ལས༷་སྐྱེས༷་པ་ཡིན་ལ། སངས་རྒྱས་ལ་ནི་སྦྱོར་བ་མེད་དེ། ཡོན་ཏན་གྱི་དབང་ཕྱུག་ཡིན་པའི་ཕྱིར། ། གཉིས་པ་སྐྱེ་འཕགས་གཉིས་ཀ་དང་ཐུན་མོང་བ་ལ་ལྔ། དབྱེ་བ། ངོ་བོ། ཆོས་ཀྱི་ཁྱད་པར། མངོན་ཤེས་ཀྱིས་བསྡུས་པའི་ཡོན་ཏན། མངོན་ཤེས་དང་པོ་རྒྱས་པར་བཤད་པའོ། །དང་པོ་(དབྱེ་བ་)ནི། སོ་སོ་ཡང་དག་རིག་མངོན་སོགས། །ཞེས་བཤད་ན། མངོན་ཤེས་དེ་ལ་དུ་ཡོད་ཅེ་ན། མངོན་ཤེས་རྣམ་པ་དྲུག་ཡོད་དེ། རྫུ༷་འཕྲུལ༷་གྱིས་ཡུལ་སྤྲུལ་པ་དང༌། འགྲོ་བ་ཤེས་པ་དང༌། ལྷའི་རྣ༷་བའི༷་རྣམ་ཤེས་ཀྱིས་སྒྲ་ཐམས་ཅད་ཐོས་པ་དང༌། སྔར་བཤད་པའི་ཕ་རོལ་ཡིད༷་ཤེས་དང༷་ནི༷། སྔོན༷་གྱི་གནས་སམ་ཚེ༷་རབས་རྗེས་སུ་དྲན་པ་དང༌། འཆི༷་འཕོ༷་བ་དང་སྐྱེ༷་བ་ཤེས་པ༷་དང༷༌། ཟག༷་པ་ཟད་པ་ཤེས༷་པ་མངོན༷་དུ༷་བྱ༷་བ༷འི༷་མངོ༷ན་པར་ཤེས༷་པ་ཞེས་རེ་རེ་ལ་སྦྱར་ཏེ། རྣམ༷་པ་དྲུག༷་ཡོད་པའི་ཕྱིར། ། གཉིས་པ་ངོ་བོ་ནི། སྤྱིར་མངོན་ཤེས་དྲུག་པོ་ཐམས་ཅད་རྣམ༷་གྲོལ༷་ལམ་གྱི་བློ༷་སྟེ་ཤེས་རབ་ཡིན་ལ། བྱེ་བྲག་ཏུ་གསུམ་པ་དང་དྲུག་པ་ལས་གཞན་པའི་མངོན་ཤེས་བཞི༷འི་ངོ་བོ་ནི༷་ཀུན༷་རྫོབ༷་ཤེས༷་པ༷་ཡིན་ཏེ༷། ཤེས་བྱ་རང་གི་མཚན་ཉིད་ཀྱི་རྣམ་པ་ཅན་ཡིན་པའི་ཕྱིར། གཞན་གྱི་སེམ༷ས་ལ༷་དམིགས་ནས་དེའི་ཁྱད་པར་ཤེས་པའི་མངོན་ཤེས་ནི་ཟག་མེད་ཡིན་ན་ཆོས་ཤེས། རྗེས་ཤེས། ལམ་ཤེས་དང༌། ཟག་བཅས་ཡིན་ན་ཀུན་རྫོབ་ཤེས་པ་དང༌། སེམས་ཤེས་རང་དང་ལྔ༷་ཡིན༷་ནོ༷། །ཟག་པ་ཟད༷་པའི༷་མངོན༷་པར་ཤེས༷་པ་ནི་ཟག་ཟད་མཁྱེན་པའི་སྟོབ༷ས་བཞི༷ན་དུ་ཟག་ཟད་ཤེས་པ་ཉིད་བཟུང་ན་དྲུག་གམ། དེ་རྒྱུད་ལྡན་ལ་བཟུང་ན་ཤེས་པ་བཅུའོ། །", "target": {"entries": [{"title": "ཐུན་མོང་གི་ཡོན་ཏན", "level": 1, "start": 0, "anchor": "གཉིས་པ་ཐུན་མོང་གི་ཡོན་ཏན་ལ་གཉིས། མདོར་བས"}, {"title": "མདོར་བསྟན་པ", "level": 2, "start": 58, "anchor": "དང་པོ་(མདོར་བསྟན་པ་)ནི། འོ་ན། ཐུན་མོང་བའ"}, {"title": "རྒྱས་བཤད", "level": 2, "start": 657, "anchor": "གཉིས་པ་རྒྱས་བཤད་ལ་གཉིས། འཕགས་པ་དང་ཐུན་མོ"}, {"title": "འཕགས་པ་དང་ཐུན་མོང་བ", "level": 3, "start": 740, "anchor": "དང་པོ་(འཕགས་པ་དང་ཐུན་མོང་བ་)ལ་བཞི། ཉོན་མ"}, {"title": "ཉོན་མོངས་མེད་པ", "level": 4, "start": 852, "anchor": "དང་པོ་(ཉོན་མོངས་མེད་པ་)ནི། ཉོན་མོངས་མེད་"}, {"title": "སྨོན་ནས་ཤེས་པ", "level": 4, "start": 1822, "anchor": "གཉིས་པ་སྨོན༷་ནས༷་ཤེས༷་པ༷་ནི། འདི་ཤེས་པར་"}, {"title": "སོ་སོ་ཡང་དག་པར་རིག་པ་བཞི་བཤད་པ", "level": 4, "start": 2138, "anchor": "གསུམ་པ་སོ་སོ་ཡང་དག་པར་རིག་པ་བཞི་བཤད་པ་ནི"}, {"title": "འཐོབ་ཚུལ", "level": 4, "start": 3472, "anchor": "བཞི་པ་འཐོབ་ཚུལ་ནི། འོ་ན། དེ་དག་གཅིག་ཐོབ་"}, {"title": "སྐྱེ་འཕགས་གཉིས་ཀ་དང་ཐུན་མོང་བ", "level": 3, "start": 4556, "anchor": "གཉིས་པ་སྐྱེ་འཕགས་གཉིས་ཀ་དང་ཐུན་མོང་བ་ལ་ལ"}, {"title": "དབྱེ་བ", "level": 4, "start": 4695, "anchor": "དང་པོ་(དབྱེ་བ་)ནི། སོ་སོ་ཡང་དག་རིག་མངོན་"}, {"title": "ངོ་བོ", "level": 4, "start": 5129, "anchor": "གཉིས་པ་ངོ་བོ་ནི། སྤྱིར་མངོན་ཤེས་དྲུག་པོ་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5656, "headings": 11}} {"id": "IBA-LWS-08-117", "input": "གསུམ་པ་ཆོས་ཀྱི་ཁྱད་པར་ནི། འོ་ན། དེ་དག་ས་གང་ན་ཡོད་ཅེ་ན། མངོན་པར་ཤེས་པ་དང་པོ་ལྔ༷་ནི༷་བས༷མ་གཏ༷ན་གྱི་དངོས་གཞི་བཞི༷་དག༷་ན༷་ཡོད་དེ། ལམ་སླ་བ་ལ་བརྟེན་པའི་ཕྱིར། དྲུག་པ་ཟག་མེད་ནི་ས་དགུ་ན་ཡོད་དོ། །དེ་དག་ཀྱང་རང་གང་ལ་བརྟེན་པའི་རང༷་ས་དང༷་འོག༷་སའི༷་སྤྱོད་ཡུལ༷་ཅན༷་ཡིན༷་ནོ། །དེ་དག་གང་གིས་འཐོབ་ཅེ་ན། ཐོབ༷་པར་བྱ༷་བའི་མངོན་ཤེས་རྣམས་ཚེ་སྔར་འཁོར་བར་འདྲིས༷་པ༷་འདོད་པ་ལ་འདོད་ཆག༷ས་དང་བྲལ༷་བས༷་འཐོབ། མ་འདྲིས་པ་སྦྱོར་བས་འཐོབ་བོ། །འོ་ན། དེ་དག་དྲན་པ་ཉེར་གཞག་གང་ཡིན་ཞེ་ན། གསུམ༷་པ༷་གཞན་སེམས་ཤེས་པའི་མངོན་ཤེས་ནི་ལུས་མ་གཏོགས་པའི་དྲན༷་པ༷་ཉེར༷་གཞག༷་གསུམ༷་ལ་ཡོད་དེ། མཚུངས་ལྡན་ཁོ་ནར་དམིགས་པའི་ཕྱིར། རྫུ༷་འཕྲུལ༷་དང༌། ལྷའི་རྣ༷་བ༷་དང༌། མིག༷་གི་མངོན་ཤེས་ནི་དང༷་པོ༷་ལུས་དྲན་པ་ཉེར་གཞག་གཅིག་པུ་ཡིན་ཏེ། གཟུགས་སྒྲར་དམིགས་པའི་ཕྱིར། འོ་ན། དེ་དག་དགེ་མི་དགེ་ལུང་མ་བསྟན་གསུམ་པོ་གང་ཞེ་ན། མིག༷་དང༷་རྣ༷་བའི༷་མངོ༷ན་ཤེས༷་ནི༷་མ་བསྒྲིབས་ལུང༷་དུ༷་མ༷་བསྟན༷་པ་ཡིན། ལྷག༷་མ་རྣམ༷ས་དགེ༷་བ་ཡིན་ནོ། ། བཞི་པ་མངོན་ཤེས་ཀྱིས་བསྡུས་པའི་ཡོན་ཏན་ལ་གཉིས། རིག་པ་གསུམ་བཤད། ཆོ་འཕྲུལ་གསུམ་བཤད་པའོ། །དང་པོ་(རིག་པ་གསུམ་བཤད་པ་)ནི། དགྲ་བཅོམ་པའི་རྒྱུད་ཀྱི་མངོན་ཤེས་ཐ་མ་གསུམ༷་ནི༷་རིག༷་པ༷་ཡིན་ཏེ། སྔོན་དྲན་གྱིས་སྔོན༷་གྱི༷་མཐ༷འ་དང༌། སོག༷ས་སྒྲ་འཆི་སྐྱེ་ཤེས་པས་ཕྱི་མཐའ་དང༌། ཟག་ཟད་ཀྱིས་ད་ལྟ་བ་ལ་རྨོངས་པ་མ༷་རིག༷་པ༷་ནི༷་བཟློག༷་པའི་ཕྱིར༷་དུ་བཤད་པའི་ཕྱིར། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ནི་སྔོན་གྱི་མཐའ་ལ་མ་རིག་པ་ཟློག་བྱེད་ཡིན་ཏེ། སྔོན་གྱི་རང་གཞན་གྱི་རྒུད་པ་དྲན་པ་དེས་སྐྱོ་བའི་ཕྱིར། འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་མངོན་ཤེས་ནི་ཕྱི་མའི་མཐའ་ལ་རྨོངས་པ་ཟློག་བྱེད་ཡིན་ཏེ། གདུལ་བྱ་གཞན་གྱི་མ་འོངས་པའི་རྒུད་པ་རྗེས་སུ་དྲན་པ་དེས་སྐྱོ་བའི་ཕྱིར། ཟག་པ་ཟད་པའི་མངོན་ཤེས་ནི་ད་ལྟར་བའི་མཐའ་ལ་རྨོངས་པ་སེལ་བྱེད་ཡིན་ཏེ། ད་ལྟར་བའི་གནས་ལུགས་མངོན་སུམ་དུ་རྟོགས་པའི་ཕྱིར། ཅིའི་ཕྱིར་མི་སློབ་པའི་རིག་པ་ཞེས་བྱ་ཞེ་ན། དེ་དག་ལས་མི༷་སློབ༷་པའང་ཡིན་ལ་དེའི་རིག་པའང་ཡིན་པ་ནི་ཐ༷་མ༷་ཟག༷་ཟད་མངོན་ཤེས་ཡིན་ལ། དང་པོ་གཉིས༷་ནི༷་མི་སློབ་པ་དེའི༷་རྒྱུད༷་ལ༷་སྐྱེས༷་པའི་ཕྱིར༷་མི་སློབ་པ་དེ༷་རིག་པ་ཞེས༷་བྱ༷འི། དངོས་སུ་ན་དེ་གཉིས་ཟག་བཅས་ཡིན་པས་སློབ་མི་སློབ་གཉིས་ཀ་མ་ཡིན་ནོ། །སློབ་པ་ཆགས་བྲལ་ལའང་དེ་གཉིས་ཡོད་བཞིན་དུ་ཅིའི་ཕྱིར་རིག་པར་མི་གཞག་ཅེ་ན། འདི་དག་སློབ༷་པ་ལ༷འང་ཡོད་པར་འདོད༷་མོད་དེ༷། འོན་ཀྱང་མ༷་རིག༷་པས་ཟིལ་གྱི་མནན་པ་དང༷་བཅས༷་པའི་རྒྱུད༷་ལ་ཡོད་པའི་ཕྱིར༷་ན༷། མདོ་ལས་རིག༷་པར་མ༷་བཤད༷་དེ་འགལ་བའི་ཕྱིར། ། གཉིས་པ་ཆོ་འཕྲུལ་གསུམ་བཤད་པ་ནི། མངོན་ཤེས་དེ་དག་ལས་ད༷ང་པོ༷་རྫུ་འཕྲུལ་དང༌། གསུམ༷་པ༷་སེམས་ཀྱི་རྣམ་གྲངས་ཤེས་པ། དྲུག༷་པ༷་ཟག་ཟད་ནི༷་རིམ་པ་བཞིན་དུ་རྫུ་འཕྲུལ་དང༌། ཀུན་ཏུ་བརྗོད་པ་དང༌། ལམ་ཇི་ལྟ་བར་རྗེས་སུ་བསྟན་པའི་ཆོ༷་འཕྲུལ༷་རྣམ༷ས་ཡིན༷་ཏེ། གདུལ་བྱའི་ཡིད་འཕྲོག་པར་བྱེད་པའི་ཕྱིར། འོ་ན། གསུམ་པོ་དེ་ལས་གང་མཆོག་ཡིན་ཞེ་ན། རྗེས་སུ་བསྟན༷་པ༷་མཆོག༷་ཡིན་ཏེ། ཟག་པ་ཟད་པ་ལ་མི༷་འཕྲུལ༷་བའི་ཕྱིར༷་དང༷༌། ཕན༷་པ༷་དང༷་ཡིད༷་འོང༷་གི་འབྲས༷་བུ་ལ༷་སྦྱོར༷་བར་བྱེད༷་པའི་ཕྱིར༷། ལྔ་པ་མངོན་ཤེས་དང་པོ་རྒྱས་པར་བཤད་པ་ལ་གསུམ། རྫུ་འཕྲུལ་གྱི་མངོན་ཤེས་བཤད་པ་དང༌། ལྷའི་མིག་རྣ་བཤད་པ། དོགས་གཅོད་ལྷག་མ་བཤད་པའོ། །", "target": {"entries": [{"title": "ཆོས་ཀྱི་ཁྱད་པར", "level": 1, "start": 0, "anchor": "གསུམ་པ་ཆོས་ཀྱི་ཁྱད་པར་ནི། འོ་ན། དེ་དག་ས་"}, {"title": "མངོན་ཤེས་ཀྱིས་བསྡུས་པའི་ཡོན་ཏན", "level": 1, "start": 835, "anchor": "བཞི་པ་མངོན་ཤེས་ཀྱིས་བསྡུས་པའི་ཡོན་ཏན་ལ་ག"}, {"title": "རིག་པ་གསུམ་བཤད་པ", "level": 2, "start": 920, "anchor": "དང་པོ་(རིག་པ་གསུམ་བཤད་པ་)ནི། དགྲ་བཅོམ་པའ"}, {"title": "ཆོ་འཕྲུལ་གསུམ་བཤད་པ", "level": 2, "start": 2056, "anchor": "གཉིས་པ་ཆོ་འཕྲུལ་གསུམ་བཤད་པ་ནི། མངོན་ཤེས་"}, {"title": "མངོན་ཤེས་དང་པོ་རྒྱས་པར་བཤད་པ", "level": 1, "start": 2494, "anchor": "ལྔ་པ་མངོན་ཤེས་དང་པོ་རྒྱས་པར་བཤད་པ་ལ་གསུམ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 2615, "headings": 5}} {"id": "IBA-LWS-08-118", "input": "དང་པོ་(རྫུ་འཕྲུལ་གྱི་མངོན་ཤེས་བཤད་པ་)ལ་གསུམ། ངོ་བོ་ཡུལ་དང་བཅས་པ། སྤྲུལ་སེམས་བཤད་པ། རྫུ་འཕྲུལ་གྱི་དབྱེ་བའོ། །དང་པོ་(ངོ་བོ་ཡུལ་དང་བཅས་པ་)ནི། འོ་ན། རྫུ་འཕྲུལ་གྱི་མངོན་ཤེས་ཞེས་བཤད་ན། རྫུ་འཕྲུལ་དེ་གང་ཞེ་ན། རྫུ༷་འཕྲུལ༷་ནི་ཏིང༷་ངེ༷་འཛིན༷་ཡིན་ནོ། །དེ་ལ་ཅིའི་ཕྱིར་རྫུ་འཕྲུལ་ཞེས་བྱ་ཞེ་ན། དེ༷་ལས༷་ནི༷་ཡོན་ཏན་རྣམས་འབྱུང་ཞིང་འགྲུབ་པའི་ཕྱིར། ཡོན་ཏན་གང་ཞེ་ན། ཡུལ་སྣ་ཚོགས་སྤྲུལ༷་པ་དང༷་འགྲོ༷་བ་ལ༷་དབང་འབྱོར་བའི་ཕྱིར། འོ་ན། འགྲོ་བ་དེ་ལ་དུ་ཡོད་ཅེ་ན། ཡིད་ལྟར་མགྱོགས་པར་འགྲོ་བ་དང༌། མྱུར་དུ་འདབ་ཆགས་ལྟར་ལུས་ཕྱིན་པར་བྱེད་པས་འགྲོ་བ་དང༌། ཐག་རིང་པོའམ་ཐུང་ངུར་མོས་པ་ལས་བྱུང་བའི་འགྲོ་བ་དང་གསུམ་མོ། །དེ་དག་གང་ཟག་གང་ལ་ཡོད་ཅེ་ན། སྟོན༷་པ༷་ལ༷་ཡིད༷་མགྱོག༷ས་ཀྱི་འགྲོ༷་བ༷་ཡོད། གཞན༷་ཉན་ཐོས་ལ་སོགས་པ་དེ་དག༷་ལ༷་ཕྱིན༷་བྱེ༷ད་ཀྱི་འགྲོ་བ་དང༌། མོས༷་པ༷་ལས༷་བྱུང༷་བའི་འགྲོ་བ་ཡང༷་ཡོད། སྤྲུལ་པ་ལ་གཉིས་ཡོད་དེ། འདོད་པར་གཏོགས་པའི་སྤྲུལ་པ་དང༌། གཟུགས་སུ་གཏོགས་པའི་སྤྲུལ་པ་གཉིས་ཡོད་པའི་ཕྱིར། འདོད༷་པར༷་གཏོག༷ས་པའི༷་སྤྲུལ༷་པ༷་ནི༷་ཕྱི༷འི༷་སྐྱེ༷་མཆེད༷་གཟུགས་དྲི་རོ་རེག་བཞི༷་སྤྲུལ་པ་ཡིན་གྱི། མིག་ལ་སོགས་པ་སྤྲུལ་པས་ཡིན་ཏེ། སེམས་ཅན་གྱི་རིགས་ལ་སྔར་མེད་གསར་སྐྱེ་མེད་པའི་ཕྱིར། སྒྲ་སྤྲུལ་པ་མ་ཡིན་ཏེ། རིགས་འདྲའི་རྒྱུན་མེད་པའི་ཕྱིར། ཆོས་ཀྱི་སྐྱེ་མཆེད་དང་ཡིད་ཀྱི་སྐྱེ་མཆེད་སྤྲུལ་པ་མ་ཡིན་ཏེ། སྤྲུལ་སེམས་མེད་པའི་ཕྱིར། དེ་ལ་རྣམ༷་པ་གཉིས༷་ཡོད་དེ། རང་ཉིད་སེང་གེ་ལ་སོགས་པར་བསྒྱུར་བ་རང་ལུས་དང་འབྲེལ་བ་དང༌། ཕྱི་རོལ་ཏུ་སེང་གེ་ལ་སོགས་པར་བསྒྱུར་བ་གཞན་ལུས་དང་འབྲེལ་བ་གཉིས་ཡོད་པའི་ཕྱིར། གཟུག༷ས་སུ་གཏོག༷ས་པའི་སྤྲུལ་པས་གཟུགས་དང་རེག་བྱ་གཉིས༷་སྤྲུལ༷་པ་ཡིན་གྱི། དྲི་རོ་མི་སྤྲུལ་ཏེ། གཟུགས་ན་དྲི་རོ་མེད་པའི་ཕྱིར། དེའང་རང་ལུས་དང་འབྲེལ་བ་དང༌། གཞན་ལུས་དང་འབྲེལ་བ་གཉིས་སོ། ། གཉིས་པ་སྤྲུལ་སེམས་བཤད་པ་ནི། མངོན་ཤེས་ཁོ་ནས་སྤྲུལ་པ་སྤྲུལ་བར་བྱེད་དམ་ཞེ་ན། མ་ཡིན་ཏེ། མངོན་ཤེས་ཀྱིས་རྣམ་འཕྲུལ་ཇི་ལྟར་དགོས་པ་ཤེས་ཤིང༌། དེ་ལས་ལངས་ཏེ་སྤྲུལ་སེམ༷ས་དག༷་གིས༷་མངོན་དུ་བྱས་ནས་སྤྲུལ་ལོ། །སྤྲུལ་སེམས་དེ༷་དག༷་ཀྱང༷་དབྱེ་ན་ནི༷་བཅུ༷་བཞི༷འོ༷། །གང་ཞེ་ན། བས༷མ་གཏ༷ན་གྱི་དངོས་གཞི་བཞི་ལས་འབྲས༷་བུ་རང་ས་དང་འོག་ས་རྣམས་ཀྱི་སྤྲུལ་སེམས་དག་འབྱུང་བས། དེས་ན་བསམ་གཏན་དང་པོའི་ས་པའི་འབྲས་བུ་རང་ས་དང་འདོད་པའི་སྤྲུལ་སེམས་གཉིས༷་ཡིན་པ་ནས༷། གཉིས་པ་ལ་རང་ས་དང་འོག་ས་གཉིས་ཏེ་གསུམ་དང༌། གསུམ་པའི་བཞི་དང༌། བཞི་པའི་ལྔ༷་ཡིན་པའི་བར༷་དུ་རིམ༷་པ་བཞིན༷་དུ་ཤེས་པར་བྱའོ། །དེས་ན་འོག་སའི་བསམ་གཏན་གྱི་འབྲས་བུ་ས་གོང༷་མ༷་ལས༷་སྐྱེས༷་པའི་སྤྲུལ་སེམས་ནི་མིན༷་ཏེ། ཡིན་ན་འོག་སས་གོང་ས་སྤྲུལ་ནུས་པར་ཐལ་ལོ། །དེ་ཇི་ལྟར་འཐོབ་ཅེ་ན། སྤྲུལ་སེམས་དེ༷་རྙེད༷་པའི་ཚུལ་ནི་བས༷མ་གཏ༷ན་གྱི་དངོས་གཞི༷་དག་པ་བཞིན༷་དུ་འོག་ས་ལས་འདོད་ཆགས་དང་བྲལ་བས་འཐོབ་བོ། །འོ་ན། ལྡང་འཇུག་ཇི་ལྟར་བྱ་ཞེ་ན། སྤྲུལ་སེམས་དེ༷་ནི༷་ཐོག་མར་མངོན་དུ་བྱེད་ཅིང༌། སྤྲུལ་སེམས་ལ་འཇུག་པ་ན་བསམ་གཏན་དག༷་པ་ལས་དང༷༌། རྒྱུན་གྱི་ཚེ་རང༷་ཉིད་ལས༷་འབྱུང་ཞིང༌། དེ༷་ལས༷་ཀྱང་མ་ལངས་བར་དུ་རང་གི་རྒྱུན་ཁོ་ན་དང༌། ལངས་པ་ན་བསམ་གཏན་དག་པ་བ་གཉིས༷་འབྱུང་སྟེ། ཏིང་ངེ་འཛིན་ལ་མ་ཞུགས་པ་ལ་ལྡང་བ་མེད་པའི་ཕྱིར། སྤྲུལ་པ་ཐམས་ཅད་ཀྱང་རང་རང༷་གི༷་ས་པའི་སྤྲུལ་སེམས་ཀྱིས་རང་ས༷འི་སྤྲུལ་པ༷་སྤྲུལ༷་བར་བྱེད༷་ཀྱི། གཞན་གྱི་སྤྲུལ་སེམས་ཀྱིས་ས་གཞན་གྱི་སྤྲུལ་པ་སྤྲུལ་བར་མི་བྱེད་དོ། །འོན་ཀྱང་སྤྲུལ་པ་ངག་སྨྲ་འཇུག༷་པའི༷་སྨྲ༷་སེམས་ནི༷་བསམ་གཏན་གཉིས་པ་ཡན་ཆད་རང་ས་ན་མེད་པས་འོག༷་མ༷་དང་པོའི་རྟོག་དཔྱོད་མངོན་དུ་བྱས་ནས་སྨྲ། ཀྱང༷་ཞེས་པ་ནི་འདོད་པ་དང༌། དང་པོའི་ས་པའི་སྤྲུལ་པ་ནི་རང་སའི་སྨྲ་སེམས་ཀྱིས་སྨྲ་བར་སྟོན་པའོ། །སྨྲ་བ་དེའང་ལྷ་མིའི་སྟོན་པའི་སྤྲུལ་པ་སྨྲ་ཡང་རང་ཉིད་མི་གསུང་པ་ལ་སོགས་པ་ཇི་ལྟར་བཞེད་པ་ལྟར་ཡིན་ལ། དེ་མིན༷་པའི་སྤྲུལ༷་པ༷་རྣམས་ནི་སྤྲུལ་པ་པོ༷་དང༷་བཅས༷་ཏེ་སྨྲ་དགོས་སོ། ། འོ་ན། རྒྱུད་གཅིག་ལ་སེམས་གཉིས་ཅིག་ཅར་མི་འབྱུང་བས། སྨྲ་སེམས་ཡོད་པའི་ཚེ་སྤྲུལ་སེམས་མེད་ལ། སྤྲུལ་སེམས་ཡོད་པའི་ཚེ་སྨྲ་སེམས་མེད་པས་ཇི་ལྟར་སྤྲུལ་པ་སྨྲ་འཇུག་ཅེ་ན། དང་པོ་སྦྱོར་བའི་ཚེ་སྤྲུལ་སེམས་ཀྱིས་སྤྲུལ་པ་སྤྲུལ་ནས་བདག་གི་སྤྲུལ་པ་འདི་ཡུན་རིང་དུ་གནས་པར་གྱུར་ཅིག །དེ་ནས་སྨྲ་སེམས་ཀྱིས་སྨྲ་བར་གྱུར་ཅིག །ཅེས་རིམ་པ་ལྟར་འབྱུང་བར་བྱིན༷་གྱིས༷་བརླབ༷ས་ནས༷། ཕྱིས་སྤྲུལ་སེམས་ལས་གཞན༷་སྨྲ་སེམས་ཀྱིས་སྨྲ་འཇུག༷་པའི་ཕྱིར༷་སྐྱོན་མེད་དོ། །ཅི་གསོན་པོ་ཁོ་ན་ལ་བྱིན་བརླབས་ཡོད་དམ་ཞེ་ན། ཤི༷་བ༷་ལ༷འང༷་བྱིན༷་བརླབ༷ས་ཡོད༷་དེ། འོད་སྲུང་ཆེན་པོའི་ཀེང་རུས་གནས་པར་བྱིན་གྱིས་བརླབས་པ་དེ་སྲིད་དུ་གནས་པའི་ཕྱིར། འོན་ཀྱང་མི༷་བརྟན༷་པ་ཤ་ལ༷་སོགས་པ་ལ་ནི་བྱིན་བརླབས་མེད༷་དེ། དེ་ལྟར་བྱིན་གྱིས་མ་བརླབས་པའི་ཕྱིར་རོ་ཞེས་ཁ་ཆེ་བ་འདོད་ལ། གཞ༷ན་དག༷་ནི་ཤི་བ་ལ་བྱིན་བརླབས་ཡོད་པ་མིན༷་གྱི། འོད་སྲུང་གི་ཀེང་རུས་གནས་པ་ནི་གནས་གཙང་མའི་ལྷ་རྣམས་ཀྱི་མཐུའོ་ཞེས་ཟེར་རོ། །འོ་ན། སྤྲུལ་སེམས་དུ་མས་སྤྲུལ་པ་གཅིག་སྤྲུལ་ལམ། གཅིག་གིས་གཅིག་ཁོ་ན་སྤྲུལ་ཞེ་ན། དང༷་པོར༷་མ་བྱང་བའི་ཚེ་ནི་སྤྲུལ་སེམས་དུ༷་མས༷་སྤྲུལ་པ་གཅི༷ག་སྤྲུལ་པ་ཡིན༷་ཏེ༷། ཡུན་རིང་དུ་འབད་དགོས་པའི་ཕྱིར། ཕྱིས་མངོན་ཤེས་བྱང༷་བར༷་གྱུར༷་ནས༷་ནི་སྔ་མ་ལས་བཟློག༷་པ༷་སྤྲུལ་སེམས་གཅིག་གིས་དུ་མ་སྤྲུལ་པར་བྱེད་དོ། །ཅི་སྤྲུལ་སེམས་དེའི་ངོ་བོ་དགེ་སོགས་གང་ཡིན་ཞེ་ན། བསྒོམ༷ས་པ་ལས༷་སྐྱེས༷་པའི༷་སྤྲུལ་སེམས་གང་ཡིན་པ་དེ་ནི་ངེས་པར་ལུང༷་མ༷་བསྟན༷་ཡིན་ལ། ལྷ་ཀླུ་ཤ་ཟ་ལ་སོགས་པའི་སྐྱེ༷་བ༷་ལས༷་སྐྱེས༷་ཤིང་ཐོབ་པའི་སྤྲུལ་སེམས་ནི་ཕན་གནོད་བྱ་བའི་ཕྱིར་སྤྲུལ་པར་བྱེད་པ་དང༌། བཏང་སྙོམས་པ་ཡིན་པའི་ཕྱིར་དགེ་མི་དགེ་ལུང་མ་བསྟན་རྣམ༷་པ་གསུམ༷་མོ༷། ། གསུམ་པ་རྫུ་འཕྲུལ་གྱི་དབྱེ་བ་ནི། ཅི་རྫུ་འཕྲུལ་བསྒོམས་བྱུང་དང་སྐྱེས་ཐོབ་ཁོ་ནར་ཟད་དམ་ཞེ་ན། མ་ཟད་དེ། རྫུ༷་འཕྲུལ༷་ནི་གཉིས་པོ་དེ་དག་དང༌། གཞན་ཡང་གྷན་དྷ་རི་ལ་སོགས་པའི་གསང༷་སྔག༷ས་ལས་བྱུང་བ་དང༌། རུས་སྦལ་གྱི་ཟེ་བ་དང༌། རྨ་བྱའི་མདོངས་ལ་སོགས་པའི་སྨན༷་དག༷་ལས་བྱུང་བ་དང༷༌། རྒྱལ་པོ་ང་ལས་ནུ་དང་བར་སྲིད་པ་རྣམས་ཀྱི་ལྟ་བུ་ལས༷་ལས༷་སྐྱེས༷་པ་དང༷་རྣམ༷་པ༷་ལྔ༷་ཡིན་ནོ། ། གཉིས་པ་ལྷའི་མིག་རྣ་བཤད་པ་ནི། ཅི་ལྷ༷འི༷་མིག༷་དང༷་རྣ༷་བ༷་དེ་དག་ལྷའི་དངོས་སམ། འོན་ཏེ་འདྲ་བས་དེ་སྐད་བརྗོད་ཅེ་ན། ལྷའི་མིག་དང་རྣ་བ་གཉིས་ནི་གཟུགས་ཁམས་པ་རྣམས་ཀྱི་དང་ཁྱད་མེད་ཡིན་ཏེ། བས༷མ་གཏ༷ན་གྱི་མཐུས་དབང་པོ་དེ་གཉིས་ཀྱི་ཚོགས་པར་བསམ་གཏན་དེ་དང་དེའི་ས༷་པའི༷་གཟུག༷ས་དང༷་བ༷་འགྲུབ་པའི་ཕྱིར། དེ་གཉིས་ནི་རྣམ་ཤེས་དང་བཅས་པས་ཡུལ་འཛིན་པའི་ཕྱིར་རྟག་ཏུ་རྟེན༷་པ་དང་བཅས་པ་ཁོ་ན་ཡིན་ལ། ཞར་བ་དང༌། ནོངས་པ་དང༌། འོན་པ་ལ་སོགས་པའི་མ༷་ཚང༷་བ་མེད༷་པའོ། །དེ་དག་གི་ཡུལ་ནི་གཟུགས་སྒྲ་ཐག༷་རིང༷་བ་དང༌། ཕྲ༷་བ་དང༌། སོག༷ས་སྒྲས་བསྒྲིབས་པ་དག་གིའང་སྤྱོད༷་ཡུལ༷་ཅན༷་ཡིན་པས་ཤའི་མིག་ལས་ཁྱད་པར་དུ་འཕགས་སོ། །འོ་ན། ལྷའི་མིག་གི་མངོན་ཤེས་ཀྱིས་ཐག་རིང་པོ་ཇི་ཙམ་མཐོང་ཞེ་ན། ཉན་ཐོས་དགྲ༷་བཅོམ༷་པ་དང༌། རང་རྒྱལ་བསེ༷་རུ༷་ལྟ་བུ་དང༌། ལྷ་མིའི་སྟོན༷་པ་རྣམ༷ས་ཀྱི༷་ལྷའི་མིག་གིས་ནི་རིམ་པ་ལྟར། སྟོང༷་གཉིས༷་དང༌། སྟོང་གསུམ༷་དང༷༌། འཇིག་རྟེན་གྱི་ཁམས་གྲང༷ས་མེད༷་པ་མཐོང༷་བ་སྟེ། འདི་ནི་མངོན་པར་འདུ་མཛད་པའི་དབང་དུ་བྱས་སོ། །མངོན་འདུ་མ་མཛད་པར་ཡང་རིམ་པ་ལྟར། སྟོང་སྤྱི་ཕུད་དང༌། སྟོང་གཉིས་དང༌། སྟོང་གསུམ་རྣམས་མཐོང་ངོ༌། །", "target": {"entries": [{"title": "རྫུ་འཕྲུལ་གྱི་མངོན་ཤེས་བཤད་པ", "level": 1, "start": 0, "anchor": "དང་པོ་(རྫུ་འཕྲུལ་གྱི་མངོན་ཤེས་བཤད་པ་)ལ་ག"}, {"title": "ངོ་བོ་ཡུལ་དང་བཅས་པ", "level": 2, "start": 108, "anchor": "དང་པོ་(ངོ་བོ་ཡུལ་དང་བཅས་པ་)ནི། འོ་ན། རྫུ"}, {"title": "སྤྲུལ་སེམས་བཤད་པ", "level": 2, "start": 1482, "anchor": "གཉིས་པ་སྤྲུལ་སེམས་བཤད་པ་ནི། མངོན་ཤེས་ཁོ་"}, {"title": "རྫུ་འཕྲུལ་གྱི་དབྱེ་བ", "level": 2, "start": 4472, "anchor": "གསུམ་པ་རྫུ་འཕྲུལ་གྱི་དབྱེ་བ་ནི། ཅི་རྫུ་འ"}, {"title": "ལྷའི་མིག་རྣ་བཤད་པ", "level": 1, "start": 4816, "anchor": "གཉིས་པ་ལྷའི་མིག་རྣ་བཤད་པ་ནི། ཅི་ལྷ༷འི༷་མ"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5749, "headings": 5}} {"id": "IBA-LWS-08-119", "input": "གསུམ་པ་དོགས་གཅོད་ལྷག་མ་བཤད་པ་ནི། ཅི་རྫུ་འཕྲུལ་ཁོ་ན་སྐྱེས་ཐོབ་ཡིན་ནམ། འོན་ཏེ་གཞན་ཡང་སྐྱེས་ཐོབ་ཡོད་ཅེ་ན། རྫུ་འཕྲུལ་ལས་གཞན༷་མིག་རྣ། སེམས་ཤེས། སྔོན་གནས་རྗེས་དྲན་ལ་ཡང༷་སྐྱེ༷་བས༷་ཐོབ༷་པ་ཡོད་དོ། །སྐྱེས་ཐོབ་ཀྱི་ལྷའི་མིག་དེས༷་ནི༷་སྲིད༷་པ༷་བར༷་མ༷་མི༷་མཐོང༷་ངོ༷་སྟེ། དེ་ནི་བསྒོམས་བྱུང་གི་ལྷའི་མིག་གི་ཡུལ་ཡིན་པའི་ཕྱིར། སྐྱེས་ཐོབ་ཀྱི་སེམ༷ས་ཤེས༷་དེ༷་ནི༷་བསམ་པའི་དབང་གིས་དགེ་མི་དགེ་ལུང་མ་བསྟན་རྣམ༷་པ་གསུམ༷་ག་ཡོད་དོ། །གང༷་ཡང་རྟོག༷་གེ་བ་རྣམས་ཀྱི་ལུས་ངག་གི་མཚན་མ་ལས་སེམས་ཤེས་པ་དང༷་རིག༷་སྔག༷ས་ཀྱིས༷་བྱས༷་པའི༷་སེམས་ཤེས་པ་དེའང༷་དགེ་མི་དགེ་ལུང་མ་བསྟན་གསུམ་ཡིན་ལ། སེམས་ཤེས་བསྒོམས་བྱུང་ནི་དགེ་བ་ཁོ་ནའོ། །དེའང་དམྱལ༷་བ༷་པ་དག་གི་སེམས་ཤེས་དང་སྔོན་གནས་རྗེས་སུ་དྲན་པས༷་ནི༷་དང༷་པོ༷་སྐྱེས་མ་ཐག་ནས་ཇི་སྲིད་སྡུག་བསྔལ་གྱི་ཚོར་བས་ཡིད་མ་དཀྲུགས་པ་དེ་སྲིད་དུ་ཤེས༷་ཀྱི། ཕྱིས་ནི་བདག་ཀྱང་མི་དྲན་པའི་ཕྱིར་མི་ཤེས་སོ། །འགྲོ་བ་གཞན་ལྷ་དང་དུད་འགྲོ་ཡི་དྭགས་སོགས་ལ་ཡོད་པའི་སྐྱེས་ཐོབ་ཀྱིས་ནི་རྟག་ཏུ་ཤེས་སོ། །མི༷་རྣམས་ལ༷་ནི་རྫུ་འཕྲུལ་ལ་སོགས་པ་སྔར་ཇི་སྐད་བཤད་པ་དེ་དག་བསྒོམས་པ་ལས་བྱུང་བ་དང༌། རྟོག་གེ་དང༌། རིག་སྔགས་དང༌། སྨན་དང༌། ལས་ལས་སྐྱེས་པ་རྣམས་ཡོད་ཀྱི། དེ་དག་སྐྱེ༷་བས༷་ཐོབ༷་པ༷་ནི་མེད༷་དེ། སྐྱེས་པ་ཙམ་གྱིས་མི་ལྡན་པའི་ཕྱིར་རོ། །ཆོས༷་མངོན༷་པའི༷་མཛོད༷་ཀྱི༷་ཚིག༷་ལེ༷འུར༷་བྱས༷་པ༷་ལས༷། ཡེ༷་ཤེས༷་བསྟན༷་པ༷་ཞེས༷་བྱ༷་བ༷་སྟེ༷་གནས༷་བདུན༷་པའི༷་མཆན་འགྲེལ་བཤད་པའོ༷།། །།", "target": {"entries": [{"title": "དོགས་གཅོད་ལྷག་མ་བཤད་པ", "level": 1, "start": 0, "anchor": "གསུམ་པ་དོགས་གཅོད་ལྷག་མ་བཤད་པ་ནི། ཅི་རྫུ་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 1202, "headings": 1}} {"id": "IBA-LWS-08-121", "input": "གཉིས་པ་བསམ་གཏན་གྱི་ཡན་ལག་ལ་གཉིས། རྒྱུ་སྙོམས་འཇུག་གི་ཡན་ལག་དང༌། འབྲས་བུ་སྐྱེ་བ་ན་ཚོར་བ་དུ་ཡོད་དཔྱད་པའོ། །དང་པོ་(རྒྱུ་སྙོམས་འཇུག་གི་ཡན་ལག་)ལ་གསུམ། དགེ་བའི་ཡན་ལག་དང༌། ཉོན་མོངས་ཅན་གྱི་ཡན་ལག་དང༌། བཞི་པ་མི་གཡོ་བར་གཞག་པའི་རྒྱུ་མཚན་ནོ། །དང་པོ་(དགེ་བའི་ཡན་ལག་)ལ་གཉིས། མིང་གི་སྒོ་ནས་དབྱེ་བ། རྫས་ཀྱི་སྒོ་ནས་བསྡུ་བའོ། །དང་པོ་(མིང་གི་སྒོ་ནས་དབྱེ་བ་)ནི། ཡན་ལག་སྔ་སྔ་སྤངས་པ་ཡི། །ཞེས་བཤད་ན། བསམ་གཏན་རྣམས་ཡན་ལག་དུ་དང་ལྡན་ཞེ་ན། རྒྱུ་སྙོམས་འཇུག་གི་བསམ་གཏན་དང༷་པོ༷་ལ༷་ཡན་ལག་ལྔ༷་དང་ལྡན་ཏེ། རྟོག༷་དཔྱོད༷་གཉེན་པོའི་ཡན་ལག །དགའ༷་བ་དང༷་བདེ༷་བ་ཕན་ཡོན་གྱི་ཡན་ལག །ཏིང༷་ངེ་འཛིན༷་གནས་ཀྱི་ཡན་ལག་རྣམ༷ས་དང་ལྡན་པའི་ཕྱིར། དང་པོ་ཡིན་ཏེ། རྟོག་དཔྱོད་གཉིས་པོ་དེས་མི་མཐུན་ཕྱོགས་འདོད་པའི་གནོད་སེམས་དང་རྣམ་འཚེ་སྤང་བའི་ཕྱིར། གཉིས་པ་ཡིན་ཏེ། རྟོག་དཔྱོད་ཀྱིས་གནོད་སེམས་དང་རྣམ་འཚེ་སྤངས་པ་ལས་དེས་དབེན་པའི་དགའ་བདེ་སྐྱེས་པའི་ཕྱིར། གསུམ་པ་ཡིན་ཏེ། རྟོག་དཔྱོད་ལ་སོགས་པ་ཏིང་ངེ་འཛིན་ལ་བརྟེན་ནས་འཇུག་པའི་ཕྱིར། བསམ་གཏན་གཉིས༷་པ༷་ལ༷་ནི༷་ཡན༷་ལག༷་བཞི༷་དང་ལྡན་ཏེ། ཞི་བ་ནང་རབ༷་ཏུ་དང༷་བ་གཉེན་པོའི་ཡན་ལག །དགའ༷་བ༷་དང་སོག༷ས་སྒྲས་བདེ་བ་ཕན་ཡོན་གྱི་ཡན་ལག །ཏིང་ངེ་འཛིན་གནས་ཀྱི་ཡན་ལག་དང་ལྡན་པའི་ཕྱིར། དང་པོ་ཡིན་ཏེ། ནང་རབ༷་ཏུ་དང༷་བ་དེས་མི་མཐུན་ཕྱོགས་བསམ་གཏན་དང༷་པོའི་རྟོག་དཔྱོད་སྤང་བའི་ཕྱིར། བསམ་གཏན་གསུམ༷་པ༷་ལ༷་ཡན་ལག་ལྔ༷་དང་ལྡན་ཏེ། འདུ་བྱེད་བཏང་སྙོམས་དང༌། བཏང༷་སྙོམ༷ས་མི་བརྗེད་པའི་དྲན༷་པ་དང༷༌། དྲན༷་པ་མི་བརྗེད་པའི་ཤེས༷་བཞིན༷་གཉེན་པོའི་ཡན་ལག །ཚོར་བ་བདེ༷་བ་ཕན་ཡོན་གྱི་ཡན་ལག །ཏིང་ངེ་འཛིན་གནས༷་ཀྱི་ཡན་ལག་དང་ལྡན་པའི་ཕྱིར། དང་པོ་དེ་ཡིན་ཏེ། གསུམ་པོ་དེས་མི་མཐུན་ཕྱོགས་བསམ་གཏན་གཉིས་པའི་དགའ་བ་སྤང་བའི་ཕྱིར། བསམ་གཏན་གྱི་ཡ་མཐའ༷་བཞི་པ་ན༷་ཡན་ལག་བཞི༷་དང་ལྡན་ཏེ། འོག་སའི་སྐྱོན་བརྒྱད་ལས་གྲོལ་བའི་དྲན༷་པ་དང་འདུ་བྱེད་བཏང༷་སྙོམ༷ས་དག་པ་གཉེན་པོའི་ཡན་ལག །བདེ༷་མིན༷་སྡུག༷་མིན༷་གྱི་ཚོར་བ་ཕན་ཡོན་གྱི་ཡན་ལག །ཏིང༷་ངེ་འཛིན༷་གནས་ཀྱི་ཡན་ལག་རྣམ༷ས་དང་ལྡན་པའི་ཕྱིར། དང་པོ་དེ་ཡིན་ཏེ། དྲན་པ་དང་བཏང་སྙོམས་དག་པ་དེས་བསམ་གཏན་གསུམ་པའི་བདེ་བ་སྤང་བའི་ཕྱིར། འདི་དག་གིས་གཉེན་པོ་བྱེད་ཚུལ་ནི་མི་མཐུན་ཕྱོགས་ཐག་སྲིང་བར་བྱེད་པའོ། ། གཉིས་པ་རྫས་ཀྱི་སྒོ་ནས་བསྡུ་བ་ནི། བསམ་གཏན་གྱི་ཡན་ལག་རྣམས་མིང་གི་སྒོ་ནས་བཅོ་བརྒྱད་ཡོད་ཀྱང་རྫས༷་སུ༷་བཅུ༷་གཅིག༷་ཡིན་ཏེ། བསམ་གཏན་དང༷་པོའི༷་ཡན་ལག་ལྔ་དང༌། གཉིས་པའི་ནང་རབ་ཏུ་དང་བ་དང༌། གསུམ་པའི་དང་པོ་བཞི་དང༌། བཞི་པའི་བཏང་སྙོམས་རྣམས་སུ་ཡོད་པའི་ཕྱིར། ཅིའི་ཕྱིར་གསུམ་པའི་བདེ་བ་དང་པོའི་བདེ་བ་ལས་རྫས་གཞན་དུ་བརྗོད་ཅེ་ན། བསམ་གཏན་གསུམ་པའི་བདེ་བ་དེ་ནི་སེམས་ཚོར་བདེ་བ་ཡིན་ལ། བསམ་གཏན་དང་པོ་གཉིས་ན་ནི་དགེ་བའི་ས་མང་པོ་བའི་སེམས་ཤིན༷་ཏུ༷་སྦྱང༷ས་པ༷་ལ་བདེ༷་བ༷་ཞེས་བརྗོད་པ་ཡིན༷་གྱི། ཚོར་བ་ནི་མིན་ཏེ། སེམས་བདེ་མ་ཐོབ་ཅིང་ལུས་བདེ་ཁ་ཕྱིར་བལྟས་བསམ་གཏན་གྱི་ཡན་ལག་ཏུ་མི་རུང་ལ། དགའ་བ་ལོགས་སུ་བགྲངས་པས་ཡིད་བདེའང་མ་ཡིན་པའི་ཕྱིར་རོ་ཞེས་བྱེ་སྨྲ་འདོད་ལ། མདོ་སྡེ་པ་ནི་བསམ་གཏན་གྱི་ཡན་ལག་ཏུ་བཞག་པའི་བདེ་བ་རྣམས་ནི་ཏིང་ངེ་འཛིན་གྱི་མཐུས་ལུས་ཀྱི་ནང་དུ་ཤིན་ཏུ་སྦྱངས་པའི་རེག་བྱ་ཞེས་བྱ་བ་རླུང་གིས་རྒྱས་པར་འགྱུར་ལ། དེ་ལས་སྐྱེས་པའི་བདེ་བ་ཏིང་ངེ་འཛིན་དང་མཐུན་པ་དག་ཡིན་ཏེ། དེའི་ཕྱིར་དེ་སྐྱེས་པ་ན་ཕྱི་རོལ་དུ་གཡེང་བ་དང༌། ཏིང་ངེ་འཛིན་ལས་ལངས་པར་མི་འགྱུར་ཞིང༌། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འདོད་པའི་ལུས་དབང་གིས་གཟུགས་ན་སྤྱོད་པའི་རེག་བྱ་འཛིན་པའི་རྣམ་ཤེས་འཁོར་བཅས་སྐྱེས་པའང་ཡོད་དོ་ཞེས་སོ། །གཉིས་པའི་ནང་རབ༷་ཏུ༷་དང༷་བ༷་ནི་གཉིས་པ་ཐོབ་པས་རྟོག་དཔྱོད་ཀྱི་འཁྲུགས་པ་དང་བྲལ་ཞིང༌། དང་པོའི་ས་ལས་ངེས་པར་འབྱུང་བ་ལ་ཡིད་ཆེས་པའི་དད༷་པ༷་ཡིན༷་ནོ། །ཁ་ཅིག །བསམ་གཏན་གསུམ་པའི་བདེ་བ་ནི་ཡིད་བདེ་ཡིན་ལ། དགའ་བ་ནི་ཚོར་བ་གཞན་ཡིན་ཟེར་བ་མི་འཐད་དེ། ཡོངས་སུ་བསྒྱུར་བ་དང་བསམ་གཏན་གྱི་ཡན་ལག་སྟོན་པའི་ལུང༷་རྣམ༷་པ་གཉིས༷་དང་འགལ་བའི་ཕྱིར༷་ཏེ། དེར་བསམ་གཏན་གསུམ་པར་ཡིད་བདེ་མ་ལུས་པ་འགག་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེས་ན་དགའ༷་བ་ཡིད༷་བདེ༷་ཡིན་ནོ། ། གཉིས་པ་ཉོན༷་མོང༷ས་ཅན༷་གྱི་ཡན་ལག་ནི། དགེ་བའི་ཡན་ལག་དེ་དག་བསམ་གཏན་ཉོན་མོངས་ཅན་ལ༷འང་ཡོད་པ་ཡིན་ནམ་ཞེ་ན། ཉོན་མོངས་ཅན་གྱི་བསམ་གཏན་དང་པོ་ལ༷་དགའ༷་བདེ༷་མེད་དེ། ཉོན་མོངས་པས་མ་དབེན་པའི་ཕྱིར། ཉོན་མོངས་ཅན་གྱི་བསམ་གཏན་གཉིས་པ་ལ་ནང་རབ༷་ཏུ་དང༷་བ་མེད་དེ། ཉོན་མོངས་པས་སེམས་རྙོག་མར་བྱས་པའི་ཕྱིར། ཉོན་མོངས་ཅན་གྱི་བསམ་གཏན་གསུམ་པ་ལ་ཤེས༷་བཞིན༷་དང་དྲན༷་པ༷་མེད་དེ། ཉོན་མོངས་པས་སེམས་རྙོག་པར་བྱས་པའི་ཕྱིར། ཉོན་མོངས་པ་ཅན་གྱི་བསམ་གཏན་བཞི་པ་ལ་བཏང༷་སྙོམ༷ས་དང་དྲན༷་པ༷་དག༷་པ༷་མེད༷་དེ། ཉོན་མོངས་པས་སེམས་དྲི་མ་ཅན་དུ་བྱས་པའི་ཕྱིར། ཁ༷་ཅིག༷་ཉོན་མོངས་ཅན་གྱི་བསམ་གཏན་དང་པོ་གཉིས་ལ་ཤིན༷་ཏུ༷་སྦྱང༷ས་པ་མེད་ལ། ཉོན་མོངས་ཅན་གྱི་བསམ་གཏན་གོང་མ་གཉིས་ལ་བཏང༷་སྙོམ༷ས་མེད་དེ། དེ་གཉིས་དགེ་བའི་ས་མང་པོ་བ་ཡིན་པའི་ཕྱིར་ཞེས་ཟེར།", "target": {"entries": [{"title": "བསམ་གཏན་གྱི་ཡན་ལག", "level": 1, "start": 0, "anchor": "གཉིས་པ་བསམ་གཏན་གྱི་ཡན་ལག་ལ་གཉིས། རྒྱུ་སྙ"}, {"title": "རྒྱུ་སྙོམས་འཇུག་གི་ཡན་ལག", "level": 2, "start": 104, "anchor": "དང་པོ་(རྒྱུ་སྙོམས་འཇུག་གི་ཡན་ལག་)ལ་གསུམ།"}, {"title": "དགེ་བའི་ཡན་ལག", "level": 3, "start": 229, "anchor": "དང་པོ་(དགེ་བའི་ཡན་ལག་)ལ་གཉིས། མིང་གི་སྒོ"}, {"title": "མིང་གི་སྒོ་ནས་དབྱེ་བ", "level": 4, "start": 307, "anchor": "དང་པོ་(མིང་གི་སྒོ་ནས་དབྱེ་བ་)ནི། ཡན་ལག་ས"}, {"title": "རྫས་ཀྱི་སྒོ་ནས་བསྡུ་བ", "level": 4, "start": 1809, "anchor": "གཉིས་པ་རྫས་ཀྱི་སྒོ་ནས་བསྡུ་བ་ནི། བསམ་གཏན"}, {"title": "ཉོན་མོངས་ཅན་གྱི་ཡན་ལག", "level": 3, "start": 3257, "anchor": "གཉིས་པ་ཉོན༷་མོང༷ས་ཅན༷་གྱི་ཡན་ལག་ནི། དགེ་"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 3925, "headings": 6}} {"id": "IBA-LWS-08-123", "input": "བཞི་པ་གང་ལས་གང་འབྱུང་བ་ལ་གསུམ། གསུམ་པོ་གང་ལས་གང་འབྱུང་བ། དག་པ་བ་བྱེ་བྲག་ཏུ་བཤད། ཐོད་རྒལ་གྱི་སྙོམས་འཇུག་བྱེ་བྲག་ཏུ་བཤད་པའོ། །དང་པོ་(གསུམ་པོ་གང་ལས་གང་འབྱུང་བ་)ལ་གཉིས། སྙོམས་འཇུག་གི་དབང་དུ་བྱས་པ་དང༌། དེ་ལས་གཞན་པའི་དབང་དུ་བྱས་པའོ། །དང་པོ་(སྙོམས་འཇུག་གི་དབང་དུ་བྱས་པ་)ནི། གལ་ཏེ་སྙོམས་འཇུག་གི་རྫས་དེ་དག་གང་གི་མཇུག་ཏུ་དུ་ཞིག་སྐྱེ་ཞེ་ན། ཟག༷་པ༷་མེད༷་པའི༷་བསམ་གཏན་གསུམ་པའི་མཇུག༷་ཐོག༷་ཏུ༷་རྒྱུན་གྱི་ཚེ་རང་གི་རིགས་འདྲ་ཕྱི་མ་དང༌། དེ་ལས་ལྡང་བ་ན་རང་སའི་དག་པ་བ་དང༌། ལྟག་གི་ས་དང༌། འོག་གི་ས་སྙོམས་འཇུག་ཅན་ཡིན་ན་རང་དང་དེ་གཉིས་ཏེ་ས་གསུམ་པའི་བར་གྱི་དགེ་བ་ཟག་བཅས་ཟག་མེད་དག་སྐྱེ། སྙོམས་འཇུག་དག་པ་བ་ལས་དག་པ་བ་དང༌། ཟག་མེད་སྐྱེ་བའང༌། དག་པ་བ་ཡི་མཇུག་ཐོག་ཏུ། །ལྟག་འོག་གསུམ་པའི་བར་དགེ་བ། སྐྱེའོ། །བསམ་གཏན་གསུམ་པའི་སྙོམས་འཇུག་ཟག་པ་མེད་པ་ལྟ་བུའི་མཇུག་ཐོགས་ཏུ་ལྟག༷་འོག༷་དང་བཅས་ན་རང་ས་ནས་བགྲངས་པའི་གསུམ༷་པའི༷་བར༷་གྱི་དགེ༷་བ༷་སྐྱེ༷འོ༷། །དེ་ནི་འདི་ལྟར་རྒྱུན་གྱི་ཚེ་རང་གི་རིགས་འདྲ་ཕྱི་མ་དང་དེ་ལས་ལྡང་བའི་ཚེ་རང་སའི་དག༷་པ༷་བ་དང༌། ཐོད་རྒལ་རིང་སྦྱོར་ལུགས་མཐུན་གྱི་ཚེ་བཞི་པའི་ཟག་མེད་དང༌། སྤེལ་ནས་འཇུག་པའི་ཚེ་དག་པ་དང༌། ཉེ་སྦྱོར་གྱི་ཚེ་ནམ་མཁའ་ཟག་མེད་དང༌། དངོས་གཞིའི་ཚེ་གཉི་ག་གང་རུང་དུ་འབྱུང་ལ། ཐོད་རྒལ་སྦྱོར་བའི་ལུགས་ལྡོག་གི་ཚེ་གཉིས་པའི་དེ་གཉིས་དང༌། དངོས་གཞིའི་ཚེ་དང་པོའི་དེ་གཉིས་སོ། །དེ༷་བཞིན༷་དུ་བཞི་པ་དང་ནམ་མཁའ་ལའང་སྦྱར་རོ། །རྣམ་ཤེས་ལ་གསུམ་པའི་བར་གྱི་དགེ་བ་སྐྱེ་ཡང་སྲིད་རྩེར་ཟག་མེད་མེད་པའི་ཕྱིར་སྐྱེ་བ་མེད་དོ། །ཅི་ཡང་ལ་བདུན་དང་སྲིད་རྩེ་དང་བསམ་གཏན་དང་པོ་ལ་དྲུག་དྲུག་དང་གཉིས་པ་ལ་བརྒྱད་དོ། །དེ་ཡང་གཟུགས་མེད་ཀྱི་དག་པ་བ་དང༌། ཟག་མེད་རྗེས་ཤེས་མཇུག་ལྡང་བྱེད་ཀྱི་ཆོས་ཤེས་དང་དམིགས་པ་མི་མཐུན་པས་མ་ཡིན་ནོ། །ཟག་མེད་དང་ཉོན་མོངས་ཅན་ནི་ནམ་ཡང་ཕན་ཚུན་མཇུག་ཐོགས་སུ་འབྱུང་བ་མེད་དོ། །དེའི་དོན་ནི་ཇི་ལྟར་ཟག་མེད་ལ་དུ་འབྱུང་བ་བཤད་པ་དེ་བཞིན་དུ་དག་པ་བ་ལའང་ལྟག་འོག་གསུམ་སོགས་རིག་པར་བྱའོ། །འོན་ཀྱང་ཁྱད་པར་འདི་ཡོད་དེ། དག་པ་བ་ལ་ནི་སྔར་གྱི་སྟེང་དུ་སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའམ། རོ་མྱང་བ་ན་རང་རང༷་གི༷་ས༷་པའི༷་ཉོན༷་མོང༷ས་ཅན་གྱི་བསམ་གཏན་ཀྱང༷་འབྱུང་ངོ༌། །སྙོམས་འཇུག་ཉོན༷་མོང༷ས་ཅན༷་ལས༷་ནི་ཤེས་བཞིན་དང་དྲན་པས་ཟིན་ན་ལངས་པའི་ཚེ་རང༷་སའི་དག༷་པ་བ་དང༷༌། རྒྱུན་གྱི་ཚེ་ཉོན༷་མོང༷ས་ཅན་དང༌། གཟིར་བའི་ཚེ་འོག༷་མའི༷་དག༷་པ་བ་གཅིག༷་ཀྱང༷་འབྱུང་སྟེ། དེ་བས་འོག་མའི་དག་པ་བ་དགའོ་སྙམ་སྟེ་ལངས་ནས་འཇུག་པའི་ཕྱིར་རོ། ། གཉིས་པ་དེ་ལས་གཞན་པའི་དབང་དུ་བྱས་པ་ནི། འཆི༷་འཕོ༷་བའི་དགེ་བ་དག༷་པ་བ་ལས༷་རང་ས་དང༌། འོག་ས་དང༌། གོང་སའི་ཉོན༷་མོང༷ས་སྐྱེ་སྟེ། དག་པ་བས་འཆི་སེམས་བྱས་པ་ལས་རང་ས། འོག་ས། གོང་ས། ཀུན༷་ཏུ་སྐྱེ་བའི་ཕྱིར། ཉོན༷་མོང༷ས་ཅན༷་གྱི་ས་འཆི་སེམས་བྱས་པ་ལས༷་རང་ས་དང་འོག་སར་སྐྱེའི། གོང༷་མར༷་སྐྱེ་བ་མིན༷་ཏེ། འོག་མའི་ཉོན་མོངས་མ་སྤངས་པར་གོང་མར་མི་སྐྱེ་བའི་ཕྱིར། གཉིས་པ་དག་པ་བ་བྱེ་བྲག་ཏུ་བཤད་པ་ནི། འོ་ན། དག་པ་ལས་དེ་བཞིན། ཞེས་བཤད་ན། དག་པ་བ་ལས་ལྟག་འོག་གསུམ་པའི་བར་གྱི་དགེ་བ་ཐམས་ཅད་སྐྱེ་བས་ཁྱབ་བམ་ཞེ་ན། སྤྱིར་དག༷་པ༷་བ་དེ་ནི་རྣམ་པ་བཞི་ཡོད་དེ། ཉམ༷ས་པ༷་ཆ༷་མཐུན༷་དང༌། སོག༷ས་པ་གནས་པ་ཆ་མཐུན་དང༌། ཁྱད་པར་ཆ་མཐུན་དང༌། ངེས་འབྱེད་ཆ་མཐུན་རྣམ༷ས་སུ་ཡོད་པའི་ཕྱིར། དེ་དག་གི་ངོ་བོ་གང་ཞེ་ན། བཞི༷་པོ་དེ༷་དག་ནི༷་གོ༷་རིམ༷་བཞིན༷་དུ། རང་སའི་ཉོན༷་མོང༷ས་སྐྱེ༷་བ་དང༷་རྗེས་སུ་མཐུན་པ་དང༌། རང༷་སའི༷་དག་པ་སྐྱེ་བ་དང་རྗེས་སུ་མཐུན་པ་དང༷༌། གོང༷་སའི་དག་པ་སྐྱེ་བ་དང་རྗེས་སུ་མཐུན་པ་དང༷༌། ཟག༷་མེད༷་སྐྱེ་བ་དང་རྗེས༷་སུ་མཐུན༷་པ༷འོ། །འོ་ན། ཉམ༷ས་པ་ཆ༷་མཐུན༷་སོག༷ས་བཞི་པོ་དེ་གང་གི་མཇུག༷་ཐོག༷་ཏུ༷་གང་སྐྱེ་བ་ཡིན་ཞེ་ན། ཉམས་པ་ཆ་མཐུན་སོགས་ཀྱི་མཇུག་ཐོག་ཏུ་རང་དང་གནས་པ་ཆ་མཐུན་གཉིས༷་དང༷༌། གནས་པ་ཆ་མཐུན་གྱི་མཇུག་ཐོག་ཏུ་ངེས་འབྱེད་ཆ་མཐུན་མ་གཏོགས་པ་གསུམ༷་དང༷༌། ཁྱད་པར་ཆ་མཐུན་གྱི་མཇུག་ཐོག་ཏུ་ཉམས་པ་ཆ་མཐུན་མ་གཏོགས་པ་གསུམ༷་དང༷༌། ངེས་འབྱེད་ཆ་མཐུན་གྱི་མཇུག་ཐོག་ཏུ་ཟག་མེད་གཅིག༷་པུ་འབྱུང་ངོ༌། ། གསུམ་པ་ཐོད་རྒལ་གྱི་སྙོམས་འཇུག་བྱེ་བྲག་ཏུ་བཤད་པ་ནི། འོ་ན། ཐོད་རྒལ་གྱི་སྙོམས་འཇུག་ཇི་ལྟར་སྐྱེད་ཅེ་ན། གང་ལ་སྙོམས་པར་འཇུག་པའི་གཞི་ནི་ཟག་བཅས་ཀྱི་ས༷་བརྒྱད༷་དང་ཟག་མེད་བདུན་ཏེ་རྣམ༷་པ་གཉིས༷་དང་འབྲེལ༷་བ༷་སྟེ་གོ་རིམ་བཞིན་དུ། ཟག་བཅས་ཀྱི་བསམ་གཏན་དང༷་པོ་ནས་སྲིད་རྩེའི་བར་མཉམ་པར་བཞག་ནས་ལུགས་མཐུན་དུ་སོང་ཞིང༌། དེ་ནས་བསམ་གཏན་དང་པོ་ཟག་བཅས་ཀྱི་བར་དུ་ལུགས་མི་མཐུན་དུ་འོངས་བ་དང༌། ཟག་མེད་ལའང་དང་པོ་ཟག་མེད་ནས་ཅི་ཡང་མེད་པའི་བར་དུ་ཡར་སོང་ཞིང༌། མར་འོངས་ཏེ་སྙོམས་པར་འཇུག་པའི་སྒོ་ནས་བྱང་བར་བྱས་པ་ནི་རིང་བའི་སྦྱོར་བའོ། །དེ་ནས་ཟག་བཅས་དང་པོ་ནས་གཅིག༷་བརྒལ༷་ཏེ་གསུམ་པ་ལ་སོགས་པ་ནས་སྲིད་རྩེའི་བར་དུ་ཡང་སོང༷་ཞིང༷༌། མར་དང་པོའི་བར་འོང༷ས་པ་དང༌། ཟག་མེད་ལའང་དེ་བཞིན་ཏེ། ཟག་མེད་དང་པོ་ནས༷་གཅིག་བརྒལ་ཏེ་གསུམ་པ་དང༌། དེ་བཞིན་དུ་རེ་རེ་བརྒལ་ཏེ་ཅི་ཡང་མེད་པའི་བར་ཡར་སོང་ཞིང༌། མར་དང་པོའི་བར་འོངས་པ་ནི༷་ཉེ་བའི་སྦྱོར་བའོ། །གང་གི་ཚེ་ཟག་བཅས་དང་པོ་ནས་ཟག་མེད་གསུམ་པ། ཟག་བཅས་ནམ་མཁའ་མཐའ་ཡས་ནས་ཟག་མེད་ཅི་ཡང་མེད་པའི་བར་ལུགས་མཐུན་དུ་ཡར་འགྲོ་ཞིང༌། ཡང་ཟག་བཅས་ཅི་ཡང་མེད་ནས་ཟག་མེད་ནམ་མཐའ། ཟག་བཅས་གསུམ་པ་ནས་ཟག་མེད་དང་པོའི་བར་ལུགས་མི་མཐུན་དུ་འོངས་པ་སྟེ། དེ་ལྟར་ཟག་བཅས་སམ་ཟག་མེད་རིས༷་མི༷་མཐུན༷་པ༷་གསུམ༷་པར༷་འགྲོ༷་སྟེ་སྙོམས་པར་འཇུག་པ་དེའི་ཚེ་ཐོད༷་རྒལ༷་གྱི༷་སྙོམ༷ས་འཇུག༷་གི༷་དངོས་གཞི་གྲུབ་པ་ཡིན་ནོ། །རྟེན་ནི་བློ་གསལ་བས་མི་ཁོ་ན་དང༌། གང་ཟག་ནི་ཉོན་མོངས་པ་མེད་པ་དང་ཏིང་ངེ་འཛིན་ལ་དབང་བས་མི་གཡོ་བ་ཁོ་ནའོ། ། ལྔ་པ་ཆོས་ཀྱི་ཁྱད་པར་ནི། འོ་ན། སྙོམས་འཇུག་དེ་དག་རྟེན་གོང་འོག་མ་ངེས་པས་མངོན་དུ་བྱེད་དམ་ཞེ་ན། མ་ཡིན་ཏེ། བས༷མ་གཏ༷ན་དང་གཟུག༷ས་མེད༷་ཀྱི་སྙོམས་འཇུག་དེ་ནི་རང༷་ས་དང༷་འོག༷་སའི༷་རྟེན༷་ཅན༷་ཏེ་དེར་མངོན་དུ་བྱེད་ཀྱི། གོང་སར་ནི༷་མ་ཡིན་ཏེ། རང་ལ་མཆོག་ཡོད་བཞིན་དུ་འོག༷་དམན་པའི་དགོས༷་པ་མེད༷་པའི་ཕྱིར་རོ་ཞེས་སྤྱིར་བསྟན་ནས། དམིགས་བསལ་ནི་སྲིད༷་རྩེར༷་སྐྱེས་པའི་འཕག༷ས་པ༷་ཕྱིར་མི་འོང་སྲིད་རྩེ་ལས་འདའ་བར་བྱེད་པས་ནི་རང་ས་ན་ཟག་མེད་མེད་པས་ཅི༷་ཡང༷་མེད༷་ཀྱི་ཟག་མེད་ཀྱི་ལམ་མངོན༷་སུམ༷་བྱས༷་ནས༷་ཟག༷་པ༷་ཟད༷་པར་བྱེད་པ་སྲིད་དོ། །ཡང་སྙོམས་འཇུག་དེ་དག་གི་དམིགས་པ་གང་ཞེ་ན། སྲེད༷་བཅས༷་ཏེ་རོ་མྱང་བ་དང་མཚུངས་པར་ལྡན་པའི་སྙོམས་འཇུག་རྣམས་ནི་རང་རང༷་གི༷་ས་པའི་སྲིད༷་པ༷་ཟག་བཅས་ཀྱི་ཕུང་པོ་ཁོ་ན་ལ་དམིག༷ས་ཀྱི། འོག་ས་ལས་འདོད་ཆགས་བྲལ་བ་དང་གོང་སའང་ས་ཐ་དད་ཀྱི་སྲེད་པའི་མཚམས་གཅོད་པའི་ཕྱིར་མ་ཡིན་ལ། ཟག་མེད་ལ་དམིགས་པའང་དགེ་བར་ཐལ་བར་འགྱུར་བའི་ཕྱིར་མ་ཡིན་ནོ། །བས༷མ་གཏ༷ན་དགེ༷་བ་དག་པ་བ་དང་ཟག་མེད་ཀྱི་དམིགས་ཡུལ༷་ནི་ཅི་རིགས་པར་ཡོད༷་དགུ༷་ཅོག་སྟེ། འདུས་བྱས་དང་འདུས་མ་བྱས་ཐམས་ཅད་ཡིན༷་དུ་རུང་ངོ༌། །གཟུག༷ས་མེད༷་པའི་དངོ༷ས་གཞི༷་དགེ༷་བ་དག་པ་བ་དང་ཟག་མེད་རྣམ༷ས་ཀྱི༷་སྤྱོད༷་ཡུལ༷་ནི་ཟག༷་བཅས༷་ཀྱི་ས་འོག༷་མ༷་མིན༷་གྱི། རང་ས་དང་གོང་སའི་ཟག་བཅས་ཟག་མེད་ཅི་རིགས་པ་དང༌། འོག་སའི་ཟག་མེད་རྗེས་ཤེས་ཕྱོགས་ཀྱི་ལམ་རྣམས་ཡིན་ནོ། །འོ་ན། སྙོམས་འཇུག་གསུམ་པོ་གང་གིས་ཉོན་མོངས་སྤོང་ཞེ་ན། དངོས་གཞི་ཟག༷་པ༷་མེད༷་པས༷་ཉོན༷་མོང༷ས་རྣམ༷ས་སྤོང༷་གི །དངོས་གཞི་དག་པ་བས་མི་སྤང་སྟེ། འོག་ས་ལས་འདོད་ཆགས་དང་བྲལ་ཟིན། རང་སའི་སྲེད་པ་རྒྱས། གོང་ས་དེ་ལས་ཁྱད་པར་དུ་འཕགས་པའི་ཕྱིར། དེས་ན་ཉོན་མོངས་ཅན་གྱིས་ལྟ་ཅི་སྨོས། ཉེར༷་བསྡོག༷ས་དག༷་པ་བས༷་ཀྱང༷་ཉོན་མོངས་སྤོང༌། འོག་ས་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་ཡིན་པའི་ཕྱིར།", "target": {"entries": [{"title": "གང་ལས་གང་འབྱུང་བ", "level": 1, "start": 0, "anchor": "བཞི་པ་གང་ལས་གང་འབྱུང་བ་ལ་གསུམ། གསུམ་པོ་ག"}, {"title": "གསུམ་པོ་གང་ལས་གང་འབྱུང་བ", "level": 2, "start": 124, "anchor": "དང་པོ་(གསུམ་པོ་གང་ལས་གང་འབྱུང་བ་)ལ་གཉིས།"}, {"title": "སྙོམས་འཇུག་གི་དབང་དུ་བྱས་པ", "level": 3, "start": 228, "anchor": "དང་པོ་(སྙོམས་འཇུག་གི་དབང་དུ་བྱས་པ་)ནི། ག"}, {"title": "དེ་ལས་གཞན་པའི་དབང་དུ་བྱས་པ", "level": 3, "start": 2024, "anchor": "གཉིས་པ་དེ་ལས་གཞན་པའི་དབང་དུ་བྱས་པ་ནི། འཆ"}, {"title": "དག་པ་བ་བྱེ་བྲག་ཏུ་བཤད་པ", "level": 2, "start": 2353, "anchor": "གཉིས་པ་དག་པ་བ་བྱེ་བྲག་ཏུ་བཤད་པ་ནི། འོ་ན།"}, {"title": "ཐོད་རྒལ་གྱི་སྙོམས་འཇུག་བྱེ་བྲག་ཏུ་བཤད་པ", "level": 2, "start": 3218, "anchor": "གསུམ་པ་ཐོད་རྒལ་གྱི་སྙོམས་འཇུག་བྱེ་བྲག་ཏུ"}, {"title": "ཆོས་ཀྱི་ཁྱད་པར", "level": 1, "start": 4448, "anchor": "ལྔ་པ་ཆོས་ཀྱི་ཁྱད་པར་ནི། འོ་ན། སྙོམས་འཇུག"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 5933, "headings": 7}} {"id": "IBA-LWS-08-128", "input": "གསུམ་པ་ཕྱི་རབས་ལ་བག་ཡོད་བྱ་བར་གདམས་པ་ནི། རྣམ་གྲོལ་གྱི་ལམ་དང་ལམ་མ་ཡིན་པ་སྟོན༷་པར༷་མཛད་པས་ན་སྟོན་པ་འཇིག༷་རྟེན༷་པ་རྣམས་ཀྱི་མིག༷་ལྟ་བུར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་ནི༷་ཟུམ༷་སྟེ་མྱ་ངན་ལས་འདའ་བར་གྱུར༷་ཅིང༷༌། སངས་རྒྱས་ལས་གཞན་ཆོས་ཀྱི་དཔང༷་པོར་གྱུར༷་པའི་འཕགས་པའི་སྐྱེ༷་བོ༷་དགྲ་བཅོམ་པ་རྣམས་ཀྱང་ཕལ༷་ཆེར༷་མྱ་ངན་ལས་འདས་ཏེ་ཟད༷་པར༷་གྱུར་པ་ན༷་ཆོས་ཀྱི་དེ༷་ཉིད༷་མ༷་མཐོང༷་ལ། སྟོན་པའི་ལུང་ལ་མི་བརྟེན་ཞིང་གཞན་གྱིས་བཅོས་སུ་མི་བཏུབ་པས་རང༷་དགར༷་གྱུར༷་པའི༷་རྟོག་གེ་ངན་པ་ལ་ཞུགས་པའི་ངན༷་རྟོག༷་ཅན་རྣམ༷ས་ཀྱིས༷་ཚིག་དང་དོན༷་གྱི་སྒོ་ནས་བསྟན༷་པ༷་འདི་དཀྲུག༷ས་སོ༷། །ཇི་ལྟར་ཞེ་ན། ཡངས་པ་ཅན་པའི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པའི་གཞི་བཅུས་བསྟན་པ་ལ་ཆུ་བུར་བྱས་པ་དང༌། རྩ་བའི་སྡེ་བཞི་གྱེས་པའི་སྡེ་པ་བཅོ་བརྒྱད་དུ་གྱུར་ཏེ་བསྟན་པ་ལ་སྒྲོ་སྐུར་སྣ་ཚོགས་སུ་གྱུར་པའོ། །གཞན་ཡང་རང༷་བྱུང༷་རྫོགས་པའི་སངས་རྒྱས་དང༌། རང༷་བྱུང༷་དེའི་བསྟན༷་པ༷་གཅེ༷ས་པར་འཛིན༷་པའི་ལུང་རྟོགས་དང་ལྡན་པའི་སྐྱེས་བུ་རྣམ༷ས་ཀྱང་འཁོར་བ་ལས་མཆོག༷་ཏུ༷་གྱུར་པ་སྡུག་བསྔལ་རྒྱུ་དང་བཅས་པ་ཞི༷་བའི་མྱ་ངན་ལས་འདས་པར་གཤེག༷ས་ཏེ་འགྲོ༷་བ་རྣམས་ལ་སྐྱོབ་པར་བྱེད་པའི་མགོན༷་མེད༷་པར༷་གྱུར་པ་ན༷་ཡང་དག་པར་འདོམ༷ས་པར་བྱེད་པ་མེད༷་ཅིང༌། ཚུལ་ཁྲིམས་དང་ཤེས་རབ་སྟེ་ཡོན༷་ཏན༷་འཇོམ༷ས་པར༷་བྱེད༷་ཅིང་བསྟན་པ་ནུབ་པར༷་བྱེད༷་པའི༷་རྒྱུ་དྲི༷་མ༷་ནི་ལྟ་ངན་དང་དུག་གསུམ་སྟེ། དེས་དགའ༷་མགུར༷་བྱས་ནས་དེང༷་སང༷་འཇིག་རྟེན་འདི༷་ན༷་སྤྱོད༷་པར་བྱེད་དོ། །གོང་དུ་བསྟན་པའི་ཚུལ་དེ༷་ལྟར༷་ཐུབ༷་པ༷་སངས་རྒྱས་དག༷་གི༷་བསྟན༷་པ༷་ནི༷། དཔེར་ན། འཆི་བའི་དུས་སུ་ལྐོག༷་མར༷་སྲོག༷་ཕྱིན༷་པ་ན་འཆི་བ་ལ་ཉེ་བ་དང་འདྲ༷་བར་རིང་དུ་མི་གནས་པའི་ཕྱིར་དང༷༌། དྲི༷་མ༷་རྣམ༷ས་ཀྱང་སྟོབ༷ས་དང༷་ལྡན༷་པའི༷་དུས༷་སུ༷་རིག༷་པར་བྱས་ནས༷་ནི༷་ཐར༷་པ༷་འདོད༷་པ༷་རྣམ༷ས་ཀྱིས༷་བག༷་ཡོད༷་པར་གྱིས༷་ལ་བསྟན་པ་འཛིན་པ་ལ་རྣམ་པར་བརྩོན་པར་གྱིས་ཤིག་ཅེས་འདོམས་པ་སྟེ། བཅོམ་ལྡན་འདས་ཀྱི་ཞལ་སྔ་ནས། བག་ཡོད་འཆི་མེད་གནས་ཡིན་ཏེ། ། བག་མེད་པ་ནི་འཆི་བའི་གནས། ། བག་ཡོད་འཆི་བར་མི་འགྱུར་ཏེ། ། བག་མེད་རྟག་ཏུ་འཆི་བར་འགྱུར། ། ཡང་སོ་སོར་ཐར་བ་ལས་ཀྱང༌། ཚེ་དང་ལྡན་པ་དག་སངས་རྒྱས་ཀྱི་བྱང་ཆུབ་དང༌། དེའི་ཆོས་རྣམས་ཀྱང་བག་ཡོད་པས་འཐོབ་བོ་ཞེས་གསུངས་པའི་ཕྱིར་རོ། །ཆོས༷་མངོན༷་པའི༷་མཛོད༷་ཀྱི༷་ཚིག༷་ལེ༷འུར༷་བྱས༷་པ༷་ཞེས་བྱ་བ་རྒྱལ་བས་ལུང་བསྟན་པའི་སྐྱེས་བུ་ཆེན་པོ་འབུམ་སྡེ་དགུ་བཅུ་གོ་དགུ་ཐུགས་ལ་མངའ་ཞིང༌། མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེའི་དབང་ཕྱུག་ཀུན་མཁྱེན་གཉིས་པ་ཞེས་ཡོངས་སུ་གྲགས་པའི་སློབ༷་དཔོན༷་ཆེན༷་པོ༷་དབྱིག༷་གཉེན༷་ཞབ༷ས་ཀྱིས༷་མཛད༷་པ༷་རྫོག༷ས་སོ༷།། །། རྒྱ༷་གར༷་གྱི༷་མཁན༷་པོ༷་ཛི༷་ན༷་མི༷་ཏྲ༷་སྟེ་རྒྱལ་བའི་བཤེས་གཉེན་དང༷༌། ཞུ༷་ཆེན༷་གྱི༷་ལོ༷་ཙཱ༷་བ༷་བ༷ནྡེ༷་དཔལ༷་བརྩེག༷ས་ཀྱིས༷་བསྒྱུར༷་ཅིང༷་ཞུས༷་ཏེ༷་འཆད་ཉན་གྱི་སྒོ་ནས་གཏན༷་ལ༷་ཕབ༷་པ༷འོ།། །། སླར་སྨྲས་པ། མགོན་དེས་བསྐལ་པར་དཀའ་སྤྱོད་ཀྱིས་བསྒྲུབས་པའི། ། ཆོས་ཚུལ་དཔག་མེད་སྟོན་ལས་ཤེས་བྱ་ཀུན། ། བློ་གྲོས་མིག་གིས་ཅིག་ཅར་མཐོང་བ་ནི། ། མངོན་པའི་ཆོས་ཀྱི་མེ་ལོང་ལས་གཞན་མེད། ། རྒྱ་ཆེན་གཞུང་ལུགས་ཐོས་པའི་སྐལ་བཟང་ཞིག ། སྙིགས་དུས་འདི་འདྲར་མྱངས་ལ་སྤྲོ་བའི་རླབས། ། སྙིང་ནས་འཕྱུར་བའི་ལེགས་བྱས་ཟེགས་མ་འདི། ། དམ་པའི་ཆོས་ལ་བག་ཆགས་གཞག་ཕྱིར་འབད། ། འདི་ལས་ཐོབ་དང་དུས་གསུམ་དགེ་བའི་ཚོགས། ། ཡོངས་བསྡོམས་གཞན་དོན་རྩོལ་བ་མེད་འཇོ་བ། ། རྣམ་པ་ཐམས་ཅད་མཁྱེན་པར་བསྔོས་པའི་མཐུས། ། ལུང་རྟོགས་བཤད་སྒྲུབ་བསྟན་པ་རྒྱས་གྱུར་ཅིག ། བསྟན་པ་རིན་ཆེན་གཅིག་ཏུ་གཅེས་སྐྱོང་བ། ། བསྟན་འཛིན་ཞིང་གཞན་གཤེགས་རྣམས་ཐུགས་དགོངས་དང༌། ། བསྟན་སྲོག་ཕྲ་མོར་གྱུར་པ་བསྲིང་རྩོལ་བ། ། གང་ན་སུ་བཞུགས་བཞེད་དོན་འགྲུབ་གྱུར་ཅིག ། ཡིད་ཅན་འཁོར་བའི་བརྩོན་ར་གཏིང་ཟབ་པར། ། མ་རིག་ལྕགས་ཀྱི་སྒྲོག་གུས་བཅིངས་པ་རྣམས། ། ཡེ་ཤེས་རལ་གྲིས་དུམ་བུར་བཅད་པའི་མོད། ། ཐར་པའི་ཁང་བཟང་དམ་པར་འདོང་གྱུར་ཅིག ། བདག་ཀྱང་སྐྱེ་ཀུན་འཁོར་ལོ་བཞི་ལྡན་ལ། ། ཐོས་བསམ་སྒོམ་པས་བསྟན་པ་རབ་སྤེལ་ཞིང༌། ། རང་གིས་རྟོགས་པའི་ཤེས་བྱའི་གནས་མཐའ་དག ། ཤུགས་དྲག་སྙིང་རྗེས་འགྲོ་ལ་འདོམས་གྱུར་ཅིག ། ཅེས་ཆོས་མངོན་པའི་མཛོད་ཀྱི་མཆན་འགྲེལ་དབྱིག་གཉེན་དགོངས་པ་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ནི་མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དང༌། རྫོགས་པའི་སངས་རྒྱས་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་གཙོ་བོར་སྨོས་པའི་ཡོངས་འཛིན་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོས་ལེན་པ་འཇམ་དབྱངས་བློ་གཏེར་དབང་པོས་ཆུང་དུས་མཁས་དབང་ཤེས་རབ་རྒྱ་མཚོ་དང༌། ཐུབ་བསྟན་མཁན་ཆེན་མི་ཕམ་སེང་གེ་རབ་རྒྱས་ཀྱི་ཞལ་སྔ་ནས་འདིའི་ཟུར་བཀོལ་འགའ་རེ་ནོས་ཤིང༌། དུས་ཕྱིས་སྡེ་སྣོད་སྨྲ་བའི་ཉི་མ་ཐུགས་རྗེ་བཀའ་དྲིན་གཏེར་ཆེན་ཐུབ་བསྟན་ཆོས་ཀྱི་གྲགས་པའི་ཞབས་པད་ཡུན་དུ་བསྟེན་ནས་འདིའི་བཤད་ཁྲིད་ཞིབ་རྒྱས་སུ་ཐོབ་སྐབས་བློས་ཇི་ཟིན་ཡི་གེར་བཀོད་པ་ལ། སླད་ནས་ཡིག་ཆ་ཁུངས་ཐུབ་དག་ལའང་གཏུགས་ཏེ་བཅོས་བསྒྱུར་གྱིས་གཏན་ལ་ཕབ་ནས་གོ་བདེར་བྲིས་པའི་དགེ་བས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ།། །། ༈ ཆོས་རྣམས་མཚན་ཉིད་སྟོན་པ་ཡི། ། མདོ་དོན་གསལ་བྱེད་མངོན་པའི་མཛོད། ། གོ་བདེར་མཆན་གྱིས་འགྲེལ་བ་འདི། ། བེར་ཚང་པཀྴིའི་རིགས་འཁྲུངས་ཤིང༌། ། མཁས་བཙུན་བཟང་པོའི་དཔལ་མངའ་བ། ། ཆོས་རྗེ་མཁས་གྲུབ་རྒྱ་མཚོ་ཡིས། ། དགེ་བའི་བཤེས་ལ་དྲིན་གཟོ་དང༌། ། དམ་པའི་ཆོས་ལ་བཀུར་སྟིའི་ཕྱིར། ། ཆོས་སྦྱིན་མི་ཟད་པར་དུ་བསྒྲུབས། ། དགེ་བས་བཤད་སྒྲུབ་བསྟན་པ་དར། ། ཕ་མས་གཙོ་བྱས་ཡིད་ཅན་ཀུན། ། བྱང་ཆེན་རྒྱལ་སར་འགོད་གྱུར་ཅིག ། །། དགེ་ལེགས་འཕེལ།། །།", "target": {"entries": [{"title": "ཕྱི་རབས", "level": 1, "start": 0, "anchor": "གསུམ་པ་ཕྱི་རབས་ལ་བག་ཡོད་བྱ་བར་གདམས་པ་ནི།"}]}, "metadata": {"subset": "same-book", "book": "IBA-LWS-08", "book_title": "A Lamp Illuminating the Intent of Vasubandhu", "author": "Jamyang Loter Wangpo", "chars": 4447, "headings": 1}} {"id": "RCP-FM-07-000", "input": "༄༅། །ཕྱག་རྒྱ་ཆེ་པོ་ལྔ་ལྡན་གྱི་གསལ་བྱེད་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭ་སྟི། གང་ཞིག་རང་བཞིན་འོད་གསལ་ཆོས་ཀྱི་དབྱིངས། ། མ་འགགས་གློ་བུར་རྟོག་པའི་མཚན་མ་དང༌། ། གཉིས་མེད་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་དོན། ། མངོན་གྱུར་བླ་མའི་ཞབས་ལ་གུས་པས་འདུད། ། མདོ་རྒྱུད་བསྟན་འཆོས་ཆུ་གཏེར་ཆེན་པོ་ཡི། ། སྙིང་པོར་གྱུར་པ་ལྔ་ལྡན་ནོར་བུ་འདི། ། བླ་མའི་མན་ངག་དེད་དཔོན་ལས་བྱུང་བ། ། མ་ནོར་གསལ་བར་འདིར་ནི་བྲི་བར་བྱ། ། དེ་ལ་འདིར་མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོའི་དགོངས་དོན། བླ་མ་གོང་མ་རྣམས་ཀྱི་དགོངས་པ་ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་འཆང་ཆེན་པོ་མངོན་དུ་བྱེད་པའི་མན་ངག་ཕྱག་རྒྱ་ཆེན་པོ་ལྔ་ལྡན་འདི་ལ་དོན་གསུམ་ཏེ། སྔོན་འགྲོ་དང་དངོས་གཞི་རྗེས་སོ། །", "target": {"entries": []}, "metadata": {"subset": "held-out-book", "book": "RCP-FM-07", "book_title": "The Jewel Garland", "author": "Chenga Chökyi Gyalpo", "chars": 607, "headings": 0}} {"id": "RCP-FM-07-001", "input": "དང་པོ་ལ་གཉིས་ཏེ། ཐུན་མོང་དང་ཁྱད་པར་རོ། །ཐུན་མོང་ལ་གཉིས་ཏེ། རྒྱུད་དག་པར་བྱེད་པ་ཡི་གེ་བརྒྱ་པའི་ཁྲིད། ཚོགས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད་དོ། །དང་པོ་ནི། དབེན་པའི་གནས་སུ་སྟན་བདེ་བ་ལ་ལུས་སྐྱིལ་ཀྲུང་བཅའ། རྐེད་པ་དྲང་པོར་བསྲང༌། ལག་མཉམ་གཞག་གི་ཕྱག་རྒྱ་ལྟེ་འོག་དུ་བཅའ། མིག་སྣ་རྩེར་གཏད། ལྕེ་ཡ་རྐན་ལ་རེག་ཙམ་བྱ། སོ་དང་མཆུ་རང་ལུགས་སུ་བཞག །དབུགས་ཅི་བདེར་བཞག་སྟེ། རྡོ་རྗེ་ཕྲེང་བ་ལས། སྒྲུབ་པོ་བདེ་བའི་སྟན་འདུག་སྟེ། ། མིག་ནི་སྣ་རྩེར་གཏང་བྱས་ནས། ། སྣ་ནི་ལྟེ་བའི་ཚད་དུ་བཞག ། ཕྲག་གོང་མཉམ་ལ་ལྕེ་རྐན་སྦྱར། ། སོ་དང་མཆུ་ནི་བདེ་བར་བཞག ། དབུགས་ཀྱི་འབྱུང་རྔུབ་གློད་ནས་ནི། ། ཅུང་ཟད་ཅུང་ཟད་རྩོལ་བྲལ་བས། ། ཇི་ལྟ་བ་བཞིན་འབྱུང་རྔུབ་ནི། ། སེམས་དཔའི་སྐྱིལ་ཀྲུང་ལེགས་གནས་པས། ། ཞེས་གསུངས་བ་ལྟར་བྱས་ལ། དལ་འབྱོར་ཐོབ་དཀའ་བ། འཆིབ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསམ་པར་བྱ་སྟེ། རྒྱལ་བའི་ཡུམ་ལས། གྲོགས་དག་མིར་གྱུར་པ་ནི་དཀོན། དལ་བ་ཕུན་སུམ་ཚོགས་པ་ནི་ཉུང༌། འཁོར་བ་ལས་ཐར་པ་ནི་དཀོན། དེ་ལྟར་ཡིན་གྱི། ངལ་བ་ཆུད་གསོན་པར་མ་བྱེད་ཅིག །ཕྱིས་འགྱོད་པར་འགྱུར་ཏ་རེ། ཞེས་གསུངས་པས། དལ་འབྱོར་གྱི་ལུས་དེ་ལྟ་བུ་ཐོབ་ཀྱང་རྟག་པ་མ་ཡིན་ཏེ། མཚན་མ་བཟང་པོའི་མདོ་ལས། སང་ཙམ་འཆི་འམ་སུས་ཤེས་ཀྱིས། ། དེ་རིང་ཉིད་དུ་བསྟུན་ཏེ་བྱ། ། འཆི་བདག་སྡེ་ཆེན་དེ་དང་ནི། ། བདག་ཉིད་བཤེས་པ་མ་ཡིན་ནོ། ། ཞེས་གསུངས་པས། འཁོར་བའི་སྡུག་བསྔལ་ལས་ཐར་བར་བྱེད་པ་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་བྱ་སྙམ་དུ་སེམས་བསྐྱེད། རང་ཡི་དམ་དུ་བསྒོམས་པའི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་ཉ་ཡོངས་སུ་གང་བའི་དབུས་སུ། སྐད་ཅིག་གིས་ཧཱུྃ་དང་རྡོ་རྗེ་ཡོངས་སུ་གྱུར་བ་ལས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་གངས་རིའི་རྩེར་ཉི་མའི་འོད་ཀྱིས་རེག་པ་ལྟར་དཀར་བ། ཞབས་ཕྱེད་སྐྱིལ་མཛད་པ། ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དེའི་ཐུགས་ཀར་ཟླ་བའི་དབུས་སུ་ཧཱུྃ་ལ་ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར་བའི་ཧཱུྃ་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་སྒྲིབ་པ་སྦྱངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་བདུད་རྩིའི་རྒྱུན་བཀུག་ཧཱུྃ་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབ་སྐུའི་དབྱིབས་བརྒྱུད་ཞབས་གཡས་པའི་མཐེ་བོང་གི་རྩེ་ནས་བབ། རང་གི་སྤྱི་བོའི་གཙུག་ནས་ཞུགས་པས། ཚེ་འཁོར་བ་ཐོག་མེད་ཀྱི་སྡིག་པ་དང་སྒྲིབ་པ་ཉེས་ལྟུང་གི་ཚོགས་ཐམས་ཅད་ས་ཆུས་དེད་པ་བཞིན་དུ་འོག་ཕྱོགས་དབང་པོའི་སྒོ་རྣམས་ནས་ཐོན། བདུད་རྩིའི་རྒྱུན་མས་བརྟན་ཡར་འཁྱིལ་ནས་གང༌། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ་ལ་དམིགས་ཏེ་བཟླས་པ་བྱའོ། །ཐུན་གྱི་མཐར། བདག་ནི་མི་ཤེས་རྨོངས་པ་སྟེ། ། དམ་ཚིག་ལས་ནི་འགལ་ཞིང་ཉམས། ། བླ་མ་མགོན་པོས་སྐྱབས་མཛོད་ཅིག ། ཅེས་སོགས་གསོལ་བ་བཏབ་པས་བཅོམ་ལྡན་འདས་ཀྱིས་གནང་བ་བྱིན་ཏེ། རིགས་ཀྱི་བུ་ཁྱོད་ཀྱི་དམ་ཚིག་ཉམས་ཆག་དང་སྡིག་སྒྲིབ་དག་པ་ཡིན་ནོ། །ཞེས་གསུངས་པར་མོས་ལ། མཐར་བཅོམ་ལྡན་འདས་རང་ལ་ཐིམ། རང་གི་ལུས་ངག་ཡིད་གསུམ་དང་དབྱེར་མེད་དུ་གྱུར་ཏེ། སྣང་སྟོང་ཟུང་འཇུག་གི་དོན་ལ་མཉམ་པར་བཞག་གོ ། གཉིས་པ་ཚོགས་རྫོགས་པར་བྱེད་པ་མཎྜལ་ལ་གཉིས། སྒྲུབ་པའི་མཎྜལ་དང༌། མཆོད་པའི་མཎྜལ་ལོ། །དང་པོ་ནི། རབ་རིན་པོ་ཆེའི་མཎྜལ། འབྲིང་ས་དང་ཤིང་གི་མཎྜལ། རིན་པོ་ཆེ་ཡིན་ན་སོར་བཞི་པ་ཡན་ཆད་འབུལ་དུ་རུང་། ས་ཤིང་ཡིན་ན་ཁྲུ་གང་ལས་ཆུང་བ་འབུལ་དུ་མི་རུང་། དེ་ལྟར་མཎྜལ་གང་ཡིན་ཀྱང་རྒྱུ་དང་དབྱིབས་ཕུན་སུམ་ཚོགས་པ་གཅིག་དགོས་པས། དྲི་མ་དང་ནག་ཚགས་ལ་སོགས་པ་མེད་པར་ཕྱིས་ཏེ། ཇི་ལྟར་མཎྜལ་རྡུལ་དང་བྲལ་བ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་ཤེས་བྱའི་སྒྲིབ་པ་རྣམས་དག་པར་བསམ། ༀ་བཛྲ་བྷེ་ཀ་ཏྲ་མ་ཨཱཿཧཱུྃ། དེའི་དབུས་སུ་ཚོམ་བུ་གཅིག་དགོད། གདན་བཀོད་པ་མཆོག་དང་ལྡན་པའི་སྟེང་དུ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ་བླ་མ་རྡོ་རྗེ་འཆང་གི་རྣམ་པར་བཞུགས་པར་བསམ། མདུན་དུ་ཚོམ་བུ་གཅིག་དགོད། གདན་བཀོད་པ་མཆོག་དང་ལྡན་པའི་སྟེང་དུ་ཡི་དམ་གྱི་ལྷ་ཚོགས་བཞུགས་པར་བསམ། གཡས་སུ་ཚོམ་བུ་གཅིག་དགོད། སངས་རྒྱས་དཀོན་མཆོག་བཞུགས་པར་བསམ། རྒྱབ་ཏུ་ཚོམ་བུ་གཅིག་དགོད། ཆོས་དཀོན་མཆོག་བཞུགས་པར་བསམ། གཡོན་དུ་ཚོམ་བུ་གཅིག་དགོད། དགེ་འདུན་དཀོན་མཆོག་བཞུགས་པར་བསམ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་མི་གང་ཐུབ་པ་ཟླ་བ་ཡིད་ལ་དྲན་བྱེད་པ། ། དེ་ཡི་མདུན་ན་རྟག་ཏུ་ཐུབ་པར་བཞུགས། ། ཞེས་གསུངས་པས། དེ་དག་གསལ་བར་དམིགས་ལ། གཉིས་པ་མཆོད་པའི་མཎྜལ་ནི། མཎྜལ་གཞན་ཡོད་ན་སྔ་མ་དེ་ཀ་རང་ལ་བཞག །མེད་ན་དེ་དག་མདུན་གྱི་ནམ་མཁར་བཏེགས་པ་ལ། མཎྜལ་དེ་ཉིད་ལེགས་པར་ཕྱིས་སྟེ། དབུས་སུ་རི་བོ་མཆོག་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན། ཉི་མ་དང་ཟླ་བ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས་པས་བྱུར་བུར་གཏམས་པ། སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པར་མོས་ལ། ངག་ཏུ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་སིལ་མ་བཀྲམ། ། རི་རབ་གླིང་བཞིས་ལེགས་པར་བརྒྱན་པ་འདི། ། སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། ། འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག ། ཅེས་སོགས་ཀྱིས་ཕུལ་ལ། བླ་མ་དམ་པ་རྣམས་བདག་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་རྣམས་མཆོད་པར་འབུལ་ལོ། །བཞེས་སུ་གསོལ་ལོ། །ཡི་དམ་གྱི་ལྷ་འཕགས་པ་དཀོན་མཆོག་ག སུམ་ལ་བདག་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་རྣམས་མཆོད་པར་འབུལ་ལོ། །བཞེས་སུ་གསོལ་ལོ། །ཞེས་པ་དང༌། ཡང་བླ་མ་ཡི་དམ་འཕགས་པ་དཀོན་མཆོག་གསུམ། བདག་ལ་རྟོགས་པ་མཆོག་ཏུ་གྱུར་པ་བསྐྱེད་པར་མཛད་དུ་གསོལ། ཞེས་གསོལ་བ་མང་དུ་གདབ། དེའང་ཚོགས་རྫོགས་པ་ལ་མཎྜལ་འདི་གལ་ཆེ་སྟེ། རྒྱལ་བའི་ཡུམ་ལས། ཇི་སྲིད་དགེ་བའི་རྩ་བ་ཡོངས་སུ་མ་རྫོགས་པ། ། དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་བྱེད། ། ཅེས་གསུངས་སོ། །དེ་ནས་ཐུན་འཇོག་དུས། ཚོགས་རྟེན་རང་ལ་བསྟིམ་ལ་དབྱེར་མེད་དུ་ཟབ་མོའི་དོན་ལ་བཞག་གོ།", "target": {"entries": [{"title": "སྔོན་འགྲོ་དང་དངོས་གཞི་རྗེས", "level": 1, "start": 0, "anchor": "དང་པོ་ལ་གཉིས་ཏེ། ཐུན་མོང་དང་ཁྱད་པར་རོ། །"}, {"title": "ཐུན་མོང", "level": 2, "start": 40, "anchor": "ཐུན་མོང་ལ་གཉིས་ཏེ། རྒྱུད་དག་པར་བྱེད་པ་ཡི"}, {"title": "རྒྱུད་དག་པར་བྱེད་པ་ཡི་གེ་བརྒྱ་པའི་ཁྲིད", "level": 3, "start": 139, "anchor": "དང་པོ་ནི། དབེན་པའི་གནས་སུ་སྟན་བདེ་བ་ལ་ལུ"}, {"title": "ཚོགས་རྫོགས་པར་བྱེད་པ་མཎྜལ", "level": 3, "start": 2526, "anchor": "གཉིས་པ་ཚོགས་རྫོགས་པར་བྱེད་པ་མཎྜལ་ལ་གཉིས།"}, {"title": "སྒྲུབ་པའི་མཎྜལ", "level": 4, "start": 2606, "anchor": "དང་པོ་ནི། རབ་རིན་པོ་ཆེའི་མཎྜལ། འབྲིང་ས་ད"}]}, "metadata": {"subset": "held-out-book", "book": "RCP-FM-07", "book_title": "The Jewel Garland", "author": "Chenga Chökyi Gyalpo", "chars": 4681, "headings": 5}} {"id": "RCP-FM-07-002", "input": "༈ གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་གསུམ་སྟེ། བྱམས་པ་དང༌། སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །དེ་ཡང་རྗེ་རིན་པོ་ཆེའི་ཞལ་ནས། བྱམས་དང་སྙིང་རྗེའི་རྟ་ཕོ་ལ། ། གཞན་ཕན་གྱི་དཀྱུས་ཐོག་མ་བཅད་ན། ། མཁའ་འགྲོ་ལྷ་མིའི་འོར་ཆེ་མི་འབྱུང་བས། ། སེམས་སྔོན་འགྲོ་འདི་ལ་ནན་ཏན་མཛོད། ། ཅེས་པས་དང་པོ་ལ་བཞི་སྟེ། བྱམས་པ་སྐྱེ་བར་བྱེད་པའི་རྒྱུ། བྱམས་པའི་ངོ་བོ། བྱམས་པའི་བོགས་འདོན། བྱམས་པའི་བྱེད་ལས་སོ། །དང་པོ་ནི། རང་གི་ཕ་མ་དང་མཁན་སློབ་ལ་སོགས་ཀྱི་དྲིན་དྲན་པའི་སྒོ་ནས་སྐྱེ། དེའི་ནང་ནས་ཀྱང་ཕ་མ་དྲིན་ཆེ། དྲིན་ཇི་ལྟར་ཆེ་ན། རི་རབ་ཙམ་གྱི་ཟས་བྱིན། ལྷོ་སྤྲིན་ཙམ་གྱི་གོས་བསྐོན། རྒྱ་མཚོ་ཙམ་གྱི་ནུ་ཞོ་བླུད། བཤེར་བ་ཐམས་ཅད་ནི་ཕྱིས། སྐམ་པ་ཐམས་ཅད་ནི་བརླན་པར་བྱས། དེ་ལྟར་དྲིན་དྲན་པར་བྱེད་པ་དེ་བྱམས་པའི་སེམས་སྐྱེ་བར་བྱེད་པའི་རྒྱུ་ཡིན། གཉིས་པ་བྱམས་པའི་བོ་ངོ་ནི། བྱམས་པ་གཅེས་ཕྲུག་མཐོང་ན་སྐྱེ། །ཞེས་གསུངས་པས། དྲིན་ཆེ་བ་རྣམས་ལ་བྱམས་ལྷང་གིས་འབྲལ་མི་ཕོད་བ་དེ་བྱམས་པའི་ངོ་བོ་ཡིན། གསུམ་པ་བྱམས་པའི་བོགས་འདོན་ལ་གཉིས་ཏེ། རྩ་བའི་མ་ལ་བརྟེན་ཏེ་བསྒོམ་པ་དང༌། དེ་སེམས་ཅན་ཐམས་ཅད་ལ་སྤེལ་ཏེ་སྒོམ་པའོ། །དང་པོ་ནི། གོང་དུ་བརྗོད་པ་ལྟར་དྲིན་དྲན་པའི་སྒོ་ནས། ཡིད་རྩེ་གཅིག་ཏུ་མ་ལ་བྱམས་པ་བསྒོམ། དེ་ལྟར་ཡང་དང་ཡང་དུ་བསྒོམས་པས། དྲིན་ཆེ་བའི་མ་དེ་ལ་བྱམས་ལྷང་གིས་སོང་ནས་འབྲལ་སྙིང་མི་འདོད་པ་གཅིག་འབྱུང་ངོ་། ། གཉིས་པ་སེམས་ཅན་ཐམས་ཅད་ལ་སྤེལ་ཏེ་བསྒོམ་པ་ནི། རྩ་བའི་མ་ལ་ཇི་ལྟར་སྐྱེས་པའི་བྱམས་པ་དེ་རྒྱ་ཇེ་ཆེ་ཇེ་ཆེ་ལ། ཤར་ཕྱོགས་ཀྱི་སེམས་ཅན་ཐམས་ཅད་ལ་བསྒོམ། དེ་ལ་སྐྱེར་མ་ཉན་ན། ཡང་རྩ་བའི་མ་ལ་བྱམས་པ་བསྒོམ། ཡང་མ་ལས་སྐྱེས་པའི་བྱམས་པ་དེ། སྔར་བཞིན་ཤར་ཕྱོགས་ཀྱི་སེམས་ཅན་ཐམས་ཅད་ལ་ནན་ཆགས་ཤིན་ཏུ་ཆེ་བར་བསྒོམ་མོ། །དེ་ནས་ལྷོ་ཕྱོགས། ནུབ་ཕྱོགས། བྱང་ཕྱོགས། ཤར་ལྷོ། ལྷོ་ནུབ། ནུབ་བྱང༌། བྱང་ཤར། སྟེང་འོག་རྣམས་པ་སྔར་བཞིན་བྱམས་པ་བསྒོམ། ཡང་མ་ལ་ཇི་ལྟར་སྐྱེས་པའི་བྱམས་པ་དེ། རང་གི་མདུན་དུ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བསམ་ལ། རྒྱ་ཇེ་ཆེ་ཇེ་ཆེ་ལ་བྱམས་པས་ཁྱབ་པར་བསྒོམ། ཕར་སྤེལ་བ་ཙམ་དུ་སྐྱེ་མ་ཉན་ན། ཡང་རྩ་བའི་མ་ལ་བྱམས་པ་སྔར་གྱི་དེ་ཁོ་ན་བཞིན་དུ་བསྒོམ། ཡང་མ་ལ་ཇི་ལྟར་སྐྱེས་པའི་བྱམས་པ་དེ། རྒྱ་ཇེ་ཆེ་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བསྒོམ་མོ། ། བཞི་པ་བྱམས་པའི་བྱེད་ལས་ནི། མི་མཐུན་པའི་རྐྱེན་དང་བར་ཆོད་ཐམས་ཅད་མི་འབྱུང་བར་བྱེད་པ་བྱམས་པའི་བྱེད་ལས། མཐར་སངས་རྒྱས་ནས་ཀྱང་བདུད་སྡེའི་སྟོབས་ཐམས་ཅད་ཕམ་པར་བྱེད་པ་བྱམས་པའི་བྱེད་ལས་སོ། ། གཉིས་པ་སྙིང་རྗེ་ནི། བདག་དང་བདག་ཅག་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པས་གཙོ་བྱས་པའི་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ་སྙམ་དུ་བསྒོམ་སྟེ། སྙིང་རྗེ་པདྨ་དཀར་པོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་དང་ལྡན་ན། དེའི་ལག་ཏུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིས་པར་འགྱུར་ཏེ། ཆོས་གཅིག་པོ་དེ་གང་ཞེ་ན། འདི་ལྟ་སྟེ་སྙིང་རྗེ་ཆེན་པོའོ། ། ཅེས་གསུངས་པས། མ་རྣམས་འཁོར་བའི་རྒྱ་མཚོར་བྱིང༌། བདེ་བ་འདོད་ཀྱང་སྡུག་བསྔལ་གི་རྒྱུ་ལ་གནས། འབྲས་བུ་ལ་སྤྱོད། དེ་སྤོང་བའི་ཐབས་ལ་རྨོངས། བཤེས་གཉེན་དམ་པས་མ་ཟིན་པ་འཁྲིད་མཁན་མེད་པའི་དམུས་ལོང་ལྟ་བུའི་མ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་མཆི་མ་འཁྲུགས་ཅིང་བ་སྤུ་ལྡང་བ་ཡིད་དང་འདྲེས་པར་བསྒོམ་མོ། ། གསུམ་པ་བྱང་ཆུབ་ཀྱི་སེམས་ལ་གཉིས་ཏེ། །སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །དང་པོ་ནི། བདག་དང་བདག་ཅག་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། ཐར་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་ནག་པོའི་ཕྱོགས་བདུད་ཀྱི་དཀྱིལ་འཁོར་མི་མཐུན་པའི་ཕྱོགས་སྒྲུབ་པ་དང༌། ཕ་མས་གཙོ་བྱས་པའི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་མ་བསྒྲལ་བ་རྣམས་སྒྲོལ་བ་དང༌། ཉོན་མོངས་པའི་འཆིང་བ་ལས་མ་གྲོལ་བ་རྣམས་གྲོལ་བ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས་དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཐེག་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ། །སྙམ་དུ་སེམས་བསྐྱེད་བྱ་སྟེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། ། འཁོར་བའི་བཙོན་རར་བསྡམས་པའི་ཉམས་ཐག་རྣམས། ། རྒྱལ་བ་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། ། འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། ། ཞེས་དང༌། བྱམས་པས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སྟེ། ཆོས་གཅིག་པོ་གང་ཞེ་ན་འདི་ལྟ་སྟེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་སེམས་སོ། ། ཞེས་པས་ནན་ཆགས་ཤིན་ཏུ་ཆེ་བར་བྱའོ། །གཉིས་པ་འཇུག་པ་བྱང་ཆུབ་ཆོག་ཏུ་སེམས་བསྐྱེད་པ་ནི་ཤིན་ཏུ་ཡང་གལ་ཆེ་སྟེ། སྤྱོད་འཇུག་ལས། བྱང་ཆུབ་སྨོན་པའི་སེམས་ལས་ནི། ། འཁོར་ཚེ་འབྲས་བུ་ཆེར་འབྱུང་ཡང༌། ། ཇི་ལྟར་འཇུག་པའི་སེམས་བཞིན་དུ། ། བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། ། ཞེས་པས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་ཞིང༌། ཇི་སྲིད་འཚོའི་བར་དང༌། དེང་ནས་སང་ཉི་མ་ད་ཙམ་གྱི་བར་དང༌། ཐེག་པ་ཆེན་པོའི་བསྐྱེད་རྫོགས་ཟུང་འཇུག་གི་ལམ་ཟབ་མོ་འདི་ཉམས་སུ་བླང་བར་བྱའོ། །སྙམ་དུ་བསམ་པར་བྱ། དེའི་ཡོན་ཏན་ནི། སྤྱོད་འཇུག་ལས། དེ་ནས་བཟུང་སྟེ་གཉིད་ལོག་གམ། ། བག་མེད་གྱུར་ཀྱང་བསོད་ནམས་ཤུགས། ། རྒྱུན་མི་འཆད་པ་དུ་མ་ཞིག ། ནམ་མཁའ་མཉམ་པར་རབ་ཏུ་འབྱུང༌། ། ཞེས་གསུངས་སོ། །དེ་ལྟར་བྱམས་སྙིང་རྗེའི་བྱང་ཆུབ་ཀྱི་སེམས་གསུམ་ལ་གནད་དུ་བསྣུན་པ་གལ་ཆེ་ཞིང་ཡོན་ཏན་དཔག་ཏུ་མེད་དེ། དཔལ་ལྡན་ཕག་མོ་གྲུ་པའི་ཞལ་ནས། བྱམས་པའི་ཆུ་བོ་མི་གཅོད་ཅིང༌། ། སྙིང་རྗེའི་རྩ་བ་རབ་བརླན་ཏེ། ། བྱང་སེམས་ལྗོན་ཤིང་རབ་རྒྱས་ནས། ། ས་བཅུའི་མེ་ཏོག་འཐོན་གྱུར་ཏེ། ། དོན་གཉིས་འབྲས་བུ་སྨིན་མཛད་གསོལ། ། ཞེས་གསུངས་པའི་དོན་ནོ། །", "target": {"entries": [{"title": "ཁྱད་པར་གྱི་སྔོན་འགྲོ", "level": 1, "start": 0, "anchor": "༈ གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་གསུམ་སྟེ"}, {"title": "བྱང་ཆུབ་ཀྱི་སེམས", "level": 2, "start": 2670, "anchor": "གསུམ་པ་བྱང་ཆུབ་ཀྱི་སེམས་ལ་གཉིས་ཏེ། །སྨོན"}, {"title": "སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ", "level": 3, "start": 2789, "anchor": "དང་པོ་ནི། བདག་དང་བདག་ཅག་ཐམས་ཅད་ལ་སྡང་བར་"}]}, "metadata": {"subset": "held-out-book", "book": "RCP-FM-07", "book_title": "The Jewel Garland", "author": "Chenga Chökyi Gyalpo", "chars": 4737, "headings": 3}} {"id": "RCP-FM-07-003", "input": "༈ གཉིས་པ་དངོས་གཞི་ལ་གཉིས། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས་ཏེ། ཡི་དམ་གྱི་ལྷ་བསྒོམ་པ་དང༌། བླ་མ་བསྒོམ་པའོ། །རྗེ་རིན་པོ་ཆེའི་ཞལ་ནས། རང་ལུས་ལྷ་སྐུའི་རྒྱལ་པོ་ལ། ། གཞི་འགྱུར་མེད་ཀྱི་བརྟན་ས་མ་བཟུང་ན། ། མ་མཁའ་འགྲོའི་འཁོར་འབངས་མི་འདུ་བས། ། ལུས་ཡི་དམ་གྱི་ལྷ་ལ་ནན་ཏན་མཛོད། ། ཅེས་པས་འདི་ལྟར་བསྒོམབ་བར་བྱ་སྟེ། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ། གཟུང་འཛིན་གྱིས་སྟོང་པ་སེམས་ཙམ་དུ་བསམ། ༀ་ཤཱུནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། ཞེས་བརྗོད་པས་ཆོས་ཐམས་ཅད་སྤྲོས་པའི་མཐའ་དང་བྲལ་བ་སྟོང་པ་ཉིད་དུ་བསྒོམ། སྟོང་པའི་ངང་ལས་རང་གི་སེམས་ཧཱུྃ་ཡིག་གི་རྣམ་པར་ལངས་ཏེ་འོད་འཕྲོས་པས། ཡཾ་ལས་རླུང་། རཾ་ལས་མེ། ཝཾ་ལས་ཆུ། ལཾ་ལས་སའི་དཀྱིལ་འཁོར་ཏེའི་སྟེང་དུ་སུཾ་ལས་རིན་པོ་ཆེ་སྣ་བཞིའི་རང་བཞིན་གྱི་ལྷུན་པོ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་སྣ་ཚོགས་པདྨའི་སྟེང་དུ། ཨཱ་ལི་ལས་ཟླ་བ། ཀཱ་ལི་ལས་ཉི་མ། དེའི་དབུས་སུ་ཧཱུྃ་ཡིག་ལས་འོད་འཕྲོས། འགྲོ་བ་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས། བདེ་མཆོག་འཁོར་ལོའི་ལྷ་ཚོགས་སུ་བྱས། སླར་འདུས་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་སུ་ཞུ་ཧཱུྃ་ལ་ཐིམ། ཡོངས་སུ་གྱུར་པ་ལས། སྐད་གཅིག་གིས་བདེ་མཆོག་ཏུ་གྱུར་པར་བསམ། དེའང་སྐུ་མདོག་མཐིང་ནག་ནམ་མཁའ་དྲི་མ་མེད་པའི་མདོག་ལྟར་དག་ཅིང་གསལ་བ། ཞལ་གཅིག་སྤྱན་གསུམ་དང་ལྡན་པ། མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། ཞབས་གཡོན་བསྐུམ་པས་འཇིགས་བྱེད་ནག་པོའི་རྣ་བ་གཡོན་པ་དང༌། གཡས་བརྐྱང་བས་དུས་མཚན་མོ་དམར་མོའི་ནུ་མའི་བར་མནན་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་མཁྱུད་པ། སྤྱི་བོར་སྣ་ཚོགས་རྡོ་རྗེ་དང༌། རལ་པའི་ཅོད་པན་དར་དཔྱངས་ཀྱིས་བཅིངས་པའི་སྟེང་དུ་ཡིད་བཞིན་གྱི་ནོར་བུས་མཛེས་པ། དབུའི་གཡོན་དུ་ཟླ་བ་ཕྱེད་པས་བརྒྱན་པ། དཔྲལ་བར་རྡོ་རྗེའི་ཕྲེང་བ་དང་ཐོད་སྐམ་ལྔས་བརྒྱན་པ། མགོ་རློན་པ་ལྔ་བཅུ་མིའི་རྒྱུ་མ་ལ་བརྒྱུས་པའི་དོ་ཤལ་འཕྱང་བ། ཕྱག་རྒྱ་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྒེག་པ་དཔའ་བ་མི་སྡུག་པ། རྒོད་དང་དྲག་ཤུལ་འཇིགས་སུ་རུང་། སྙིང་རྗེ་རྔམ་དང་ཞི་བ་སྟེ། གར་དགུའི་ཉམས་དང་ལྡན་པ་ཉིད། དེའི་པང་དུ་ཡུམ་བཅོམ་ལྡན་འདས་མ་སྐུ་མདོག་དམར་མོ་ཞལ་གཅིག་མ། སྤྱན་གསུམ་དང་ལྡན་པ། མཆེ་བ་རྣམ་པར་གཙིགས་པ། སྐྲ་གྲོལ་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང༌། དུམ་བུ་ལྔ་བཅུའི་དོ་ཤལ་འཕྱང་ཞིང་། ཐོད་པ་དུམ་བུའི་སྐེད་རགས་ཅན། འོག་པག་སིལ་སིལ་གྱི་སྒྲ་དང་ལྡན་པ། ཕྱག་གཉིས་ཀྱི་གཡས་རྡོ་རྗེ་རྩེ་ལྔ་པ་དང༌། གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་ཅིང་སྟོབ་པ། ཕྱག་རྒྱ་ལྔས་བརྒྱན་པ། གཅེར་བུ་ཡབ་དང་གཉིས་སུ་མེད་པར་སྙོམས་པར་ཞུགས་པའོ། །དེའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་དང་འབར་བའི་ཕྱག་རྒྱས། རང་བཞིན་གྱི་གནས་ནས་བདེ་མཆོག་འཁོར་ལོའི་ལྷ་ཚོགས་སྤྱན་དྲངས། ཕྱི་ནང་གི་མཆོད་པས་མཆོད་ནས། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས། དགུག་གཞུག་བཅིང་མཉེས་རོ་མཉམ་པར་བྱས་ལ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་བྱིན་གྱིས་བརླབས། ཡང་ཧཱུྃ་ལས་འོད་འཕྲོས་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཕྱི་ནང་གི་མཆོད་པས་མཆོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷ་ཥེ་ཀ་ཏ་ས་མ་ཡེ་ཧཱུཾ། ཞེས་དབང་བསྐུར་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང༌། ཆུ་ལྷག་མ་ཡས་བརྟན། སྤྱི་བོར་མི་བསྐྱོད་པས་རྒྱས་གདབ། དེ་ལྟ་བུའི་ལྷ་དེ་ཡང་ནམ་མཁའི་རི་མོ་ལྟར་སྣང་ལ་རང་བཞིན་མེད་ཅིང་། གསལ་ལ་འཛིན་པ་མེད་པར་སྒོམ་སྟེ། ཁ་དོག་མ་འདྲེས་པ་ནམ་མཁའི་འཇའ་ལྟ་བུ། རྣམ་པ་གསལ་བ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། སྣང་བར་ཁྱབ་བ་ཆུའི་ཟླ་བ་ལྟ་བུ་སྟེ། དེ་ལྟར་དཔེའི་གཙོ་བོ་གསུམ་མམ་བཅུ་གཉིས་ལྟར་ཤེས་པར་བྱ་བ་ཡང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། ། ཤ་དང་རུས་པ་ཁྲག་མེད་ཅིང༌། ། ནམ་མཁའ་ལ་ནི་འཇའ་ཚོན་ལྟར། ། ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། ། ཅེས་གསུངས་པ་དང༌། གུར་ལས། གང་ཞིག་ང་ཡི་སྐུ་བསྒོམ་པ། ། གལ་ཏེ་སྒྱུ་མའི་གཟུགས་ཀྱིས་སམ། ། གང་ཞིག་རྨི་ལམ་འདྲ་བར་ནི། ། ཤིན་ཏུ་བསྒོམ་པར་བྱེད་གྱུར་པས། ། མངོན་སུམ་དུ་ནི་མཐོང་བར་འགྱུར། ། ཅེས་དང༌། དཔལ་ཕག་མོ་གྲུ་པའི་ཞལ་ནས། འཇའ་ཚོན་ལྟ་བུའི་ལྷ་སྐུ་བསྒོམ། ། དགོས་པ་ཐ་མལ་ཞེན་པ་སྤོང་། ། ཞེས་གསུངས་པས། ཡི་དམ་གྱི་ལྷ་སྣང་སྟོང་འཛིན་པ་མེད་པ་ལ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། ། སྒྲུབ་སྔགས། ༀ་ཧྲི་ཧ་ཧ་ཧུཾ་ཧཱུྃ་ཕཊ྄ཿ ཡབ་ཀྱི་སྙིང་པོའོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཡུམ་གྱི་སྙིང་པོའོ། །", "target": {"entries": [{"title": "དངོས་གཞི", "level": 1, "start": 0, "anchor": "༈ གཉིས་པ་དངོས་གཞི་ལ་གཉིས། བསྐྱེད་པའི་རིམ"}, {"title": "བསྐྱེད་པའི་རིམ་པ", "level": 2, "start": 68, "anchor": "དང་པོ་ལ་གཉིས་ཏེ། ཡི་དམ་གྱི་ལྷ་བསྒོམ་པ་དང"}]}, "metadata": {"subset": "held-out-book", "book": "RCP-FM-07", "book_title": "The Jewel Garland", "author": "Chenga Chökyi Gyalpo", "chars": 3604, "headings": 2}} {"id": "RCP-FM-07-004", "input": "གཉིས་པ་བླ་མ་བསྒོམ་པ་ལ། རྗེ་རིན་པོ་ཆེ་ཞལ་ནས། བླ་མ་སྐུ་བཞིའི་གངས་རི་ལ། ། མོས་གུས་ཀྱི་ཉི་མ་མ་ཤར་ན། ། བྱིན་རླབས་ཀྱི་ཆུ་རྒྱུན་མི་འབྱུང་བས། ། སེམས་མོས་གུས་འདི་ལ་ནན་ཏན་མཛོད། ། ཅེས་པ་འདི་ལ་གསུམ་སྟེ། སྤྲུལ་པའི་སྐུར་བསྒྲུབ་པ། ལོངས་སྤྱོད་རྫོགས་པའི་སྐུར་བསྒྲུབ་པ། ཆོས་ཀྱི་སྐུར་བསྒྲུབ་པའོ། །དང་པོ་ནི། དེ་ལྟར་ཡི་དམ་དུ་གསལ་བའི་སྤྱི་བོར། སེང་གེ་བརྒྱད་ཀྱིས་བཏེགས་པའི་ཁྲི་སྟེང་སྣ་ཚོགས་པདྨ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རྩ་བའི་བླ་ཉིད་བསྟན་པའི་བདག་པོ། སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་མཉམ་གཞག་དང་ས་མནོན། ན་བཟའ་གུར་ཀུམ་ཀུ་ཤ་རའི་མདོག་ལྟར་དམར་སེར་ཆོས་གོས་རྣམ་གསུམ་དང་ལྡན་པ། དབུའི་གཙུག་ཏོར་ལྟར་མི་མངོན་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འོད་དང་འོད་ཟེར་དཔག་ཏུ་མེད་པར་འཕྲོ་བར་བཞུགས་པ་ལ། རྩ་བརྒྱུད་ཀྱི་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི་དམ་ལྷ་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་པར་བསམ་ལ། ཕྱག་བྱ་བ་དང༌། ཕྱི་ནང་གསང་གསུམ་གྱི་མཆོད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་ཡང་དག་པར་མཆོད་ལ། སྡིག་པ་བཤགས་པ་སོགས་བདུན་རྣམ་དག་བྱ། མཎྜལ་འབུལ་ཞིང་གསོལ་བ་དྲག་ཏུ་གདབ་སྟེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མཉམ་པ་ཉིད་ལྷུན་གྲུབ་རྒྱུན་ཆད་མེད་པའི་ཡོན་ཏན་གྱི་གཏེར་དུ་གྱུར་པས། བདག་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ཐ་མལ་གྱི་ལུས་ངག་ཡིད་གསུམ་རྣམ་པར་དག་ནས། བླ་མ་རིན་པོ་ཆེའི་སྐུ་གསུང་ཐུགས་དང་དབྱེར་མེད་པར་མཛད་གསོལ། ། ཞེས་གསོལ་བ་དུབ་དུབ་ཀྱི་བར་དུ་བརྒྱ་རྩའམ་སྟོང་ལ་སོགས་པ་བཏབ་པས། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་གྱུར་པ་དེ་ཉིད་ཀྱི་ངང་རྩེ་གཅིག་ཏུ་བཞག་གོ །དེ་ནི་བླ་མ་སྤྲུལ་པའི་སྐུར་བསྒྲུབ་པ་སྟེ། དཔལ་ཕག་མོ་གྲུ་པའི་ཞལ་ནས། རྩ་བའི་བླ་མ་བཅོམ་ལྡན་བསྟན་པའི་གཙོ། ། དུས་གསུམ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། ། རྒྱུད་པའི་ཚོགས་བཅས་མཁའ་ལ་སྤྱན་དྲངས་ཏེ། ། སེང་གེ་པདྨ་ཉི་མ་ཟླ་བའི་གདན། ། སངས་རྒྱས་རོལ་པའི་རྣམ་པར་བཞུགས་པར་བསྒོམ། ། བདུན་པོ་དག་བྱ་ལུས་དང་ལོངས་སྤྱོད་དབུལ། ། བདག་ཉིད་རྣམ་དག་དབྱེར་མེད་གསོལ་བ་གདབ། ། རྣམ་གསུམ་སྐྱབས་འགྲོ་གུས་པས་གསང་སྔགས་བརྗོད། ། འཛིན་པ་གསུམ་བྲལ་དབྱེར་མེད་གྱུར་པར་བསམ། ། ཞེས་གསུངས་པའི་དོན་ནོ། ། གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུར་བསྒྲུབ་པ་ནི། མདུན་གྱི་ནམ་མཁའི་ལྷ་ཚོགས་གོང་དུ་དམིགས་པ་དེ་དག་རང་ཉིད་ལ་ཐིམ་པས། སྙིང་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཉི་མ་དང་ཟླ་བའི་གདན་ལ། བླ་མ་ཉིད་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ངོ་བོའམ། དྲུག་པ་རྡོ་རྗེ་འཆང་ལྟ་བུ་སྐུ་ལ་ཞིང་ཁམས་ཐམས་ཅད་སྣང་ཞིང༌། ཞིང་ཁམས་ཐམས་ཅད་དུ་སྐུས་ཁྱབ་པ། འོད་དང་ཟེར་གྱི་ཚོགས་དང་ལྡན་པར་བསྒོམ། དེའི་གནས་གསུམ་དུ་ཡི་གེ་གསུམ་བཀོད་ལ་བླ་མ་བརྒྱུད་པའི་གསང་མཚན་བཟླས་པས། སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་ཁམས་གསུམ་གྱི་སེམས་ཅན་གྱི་སྒྲིབ་པ་སྦྱངས། བླ་མའི་སྐུ་གསུང་ཐུགས་སུ་གྱུར་པས། འོད་ཟེར་དེ་དག་ཚུར་འདུས། བླ་མའི་གནས་གསུམ་དུ་ཐིམ། ཁམས་གསུམ་དེ་དག་འོད་ཀྱིས་གང་པར་དམིགས་ལ་བཟླས་པ་བྱའོ། །དེ་ནི་ལོངས་སྤྱོད་རྫོགས་པའི་སྐུར་བསྒྲུབ་པའོ། །དེ་ཡང་དཔལ་ཕ་མོ་གྲུ་པའི་ཞལ་ནས། དེ་ནས་ནམ་མཁར་སྤྲུལ་པའི་ལྷ་ཚོགས་རྣམས། ། བདག་ཉིད་ལ་ཐིམ་ཡི་དམ་སྐུར་གྱུར་ཏེ། ། ཐུགས་ཀྱི་དཀྱིལ་འཁོར་ཆུ་སྐྱེས་རྣམ་རྒྱས་ཤིང་། ། ཉི་མ་ཟླ་བ་རོལ་བའི་གདན་སྟེང་དུ། ། ཡིད་བཞིན་ནོར་བུ་བླ་མ་དམ་པའི་སྐུ། ། རྣམ་པར་སྣང་མཛད་འོད་ཟེར་རབ་འབར་བ། ། དེ་ཉིད་གནས་གསུམ་ཉིད་དུ་པདྨའི་སྟེང༌། ། སྐུ་གསུང་ཐུགས་ཀྱི་དེ་ཉིད་གསུམ་བཀོད་ལ། ། འབྲུ་གསུམ་ལས་བྱུང་ཟག་མེད་འོད་ཟེར་གྱིས། ། ཁམས་གསུམ་རྣམ་དག་དབྱེར་མེད་སྐུ་ཐོབ་ནས། ། དེ་ཉིད་ལ་ཐིམ་འོད་ཀྱི་དཀྱིལ་འཁོར་དུ། ། མི་འབྲལ་ཏིང་འཛིན་བསྐུལ་བྱེད་གསང་སྔགས་བརྗོད། ། ཞེས་གསུངས་པའི་དོན་ནོ། ། གསུམ་པ་ཆོས་ཀྱི་སྐུར་སྒྲུབ་པ་ནི། དེ་ཉིད་ཀྱི་ངང་ལས་སེམས་མ་བཅོས་པར་བཞག་སྟེ། ཕྱིའི་སྣང་བ་ལ་བཟོ་མི་བྱ། ནང་སེམས་ཉིད་ལ་ལས་མི་བཅོལ། སྒོམ་དུ་འཛིན་པའི་བློའི་དྲི་མ་བཤིག་ལ། ལུས་ངག་ཡིད་གསུམ་རང་ལུགས་སུ་གློད་ལ་བཞག །གདོད་ནས་གནས་པའི་སེམས་ཉིད་རྣམ་པར་དག་པ་འོད་གསལ་བ་ཕྱག་རྒྱ་ཆེན་པོ་དང༌། དེ་ཉིད་འགག་མེད་དུ་ཤར་བའི་བླ་མར་འཛིན་པའི་རྣམ་པར་རིག་པ་གཉིས་ཆུ་ལ་ཆུ་བཞག་པ་དང་མར་ལ་མར་བཞག་པ་བཞིན་དབྱེར་མེད་དུ་གྲོལ་བས། ལུས་ངག་ཡིད་གསུམ་གང་དུའངང་མི་གནས་ཏེ། སྐྱེ་བ་མེད་པ་ཆོས་སྐུ། འགག་པ་མེད་པ་ལ་ལོངས་སྐུ། གནས་པ་མེད་པ་སྤྲུལ་སྐུ། དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུ་བླ་མ་དམ་པ་དེ་རང་གི་སེམས་ཀྱི་དེ་ཉིད་ཡིན་པས། དེ་ཉིད་མ་ཡེངས་པར་སྒྲུབ་པ་ནི་ཆོས་སྐུར་བསྒྲུབ་པ་སྟེ། དཔལ་ཕག་མོ་གྲུ་པའི་ཞལ་ནས། དོན་དམ་བློ་འདས་སེམས་ཉིད་ཆོས་ཀྱི་སྐུ། ། གདོད་ནས་རྣམ་དག་མ་སྐྱེས་འདུས་མ་བྱས། ། རང་བཞིན་འོད་གསལ་ལྷུན་གྲུབ་དེ་བཞིན་ཉིད། ། གློར་བུར་རྟོག་པའི་དྲི་མས་མ་བསླད་ཅིང༌། ། མི་རྟོག་ཟག་མེད་བདེ་ཆེན་ཞི་བའི་ངང༌། ། བསྒོམ་བྱ་སྒོམ་བྱེད་རྩོལ་བ་རྣམས་སྤངས་ཏེ། ། འབྲལ་མེད་ཆེན་པོར་མ་བཅོས་ལྷུག་པར་བཞག ། བརྗོད་བྲལ་བློ་འདས་ཕྱག་རྒྱ་ཆེན་པོ་ནི། ། སྐུ་གསུམ་དབྱེར་མེད་བླ་མ་དམ་པ་སྟེ། ། དེས་ནི་བདུད་དང་ཉོན་མོངས་ལས་རྒྱལ་ཞིང༌། ། དཔག་མེད་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཀྱིས། ། སྒྲུབ་མཆོག་བླ་ན་མེད་པར་རྒྱལ་བས་བཤད། ། ཅེས་གསུངས་པའི་དོན་ཡིན་ཅིང་། ཨ་ཏི་བཀོད་པའི་རྒྱུད་ལས། དྲིན་དང་ལྡན་པའི་བླ་མ་དེ། ། སྤྱི་བོའི་གཙུག་གམ་ལག་པའི་མཐིལ། ། སྙིང་གི་དབུས་སུ་སུས་བསྒོམ་པ། ། སངས་རྒྱས་སྟོང་གི་ཡོན་ཏན་ཀྱང༌། ། གང་ཟག་དེ་ཡིས་འཛིན་པར་འགྱུར། ། ཅེས་གསུངས་པས། ཡོན་ཏན་ཐམས་ཅད་སྐྱེད་པར་བྱེད་པ་རྩ་བའི་བླ་མ་ཡིན་པས། དེའི་སྐུ་གསུང་ཐུགས་ཀྱི་མཛད་པ་རྣམས་ཡོན་ཏན་དུ་ལྟ་ཞིང༌། ཅི་གསུང་ཚད་མར་འཛིན་པ་གཅིག་གལ་ཆེ་སྟེ། དགྱེས་རྡོར་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། ། གང་དུ་ཡང་ནི་མི་རྙེད་དེ། ། བླ་མི་དུས་ཐབས་བརྟེན་པ་དང༌། ། བདག་གིས་བསོད་ནམས་ལས་ཤེས་བྱ། ། ཞེས་དང༌། དམ་ཚིག་བཀོད་པའི་རྒྱུད་ལས། རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ནི། ། འདུ་འཛི་གཡེང་བ་སྤངས་ནས་བསྒོམས་པ་བས། ། བླ་མ་རང་སེམས་དཀྱིལ་དུ་དར་གཅིག་ཙམ། ། འབུམ་ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ། ། ཞེས་དང༌། དཔལ་གསང་བ་འདུས་པ་ལ། སློབ་དཔོན་སྙིང་གར་རབ་བསྒོམས་ན། ། བྱང་ཆུབ་འདི་ཡིས་ཐོབ་འགྱུར་ཞིང་། ། ངོ་མཚར་ཆེན་པོའི་དངོས་གྲུབ་ཡིན། ། སྐུ་གསུང་ཐུགས་ནི་འགྲུབ་པར་འགྱུར། ། ཅེས་གསུངས་སོ། །", "target": {"entries": [{"title": "བླ་མ་བསྒོམ་པ", "level": 1, "start": 0, "anchor": "གཉིས་པ་བླ་མ་བསྒོམ་པ་ལ། རྗེ་རིན་པོ་ཆེ་ཞལ་"}, {"title": "སྤྲུལ་པའི་སྐུར་བསྒྲུབ་པ", "level": 2, "start": 278, "anchor": "དང་པོ་ནི། དེ་ལྟར་ཡི་དམ་དུ་གསལ་བའི་སྤྱི་བ"}, {"title": "ལོངས་སྤྱོད་རྫོགས་པའི་སྐུར་བསྒྲུབ་པ", "level": 2, "start": 1814, "anchor": "གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུར་བསྒྲུབ་"}, {"title": "ཆོས་ཀྱི་སྐུར་སྒྲུབ་པ", "level": 2, "start": 2982, "anchor": "གསུམ་པ་ཆོས་ཀྱི་སྐུར་སྒྲུབ་པ་ནི། དེ་ཉིད་ཀ"}]}, "metadata": {"subset": "held-out-book", "book": "RCP-FM-07", "book_title": "The Jewel Garland", "author": "Chenga Chökyi Gyalpo", "chars": 4943, "headings": 4}} {"id": "RCP-FM-07-005", "input": "༈ གཉིས་པ་རྫོགས་པའི་རིམ་པ་ནི། ཆོས་རྗེ་རིན་པོ་ཆེའི་ཞལ་ནས། སེམས་ཉིད་ཀྱི་ནམ་མཁའ་ཡངས་པ་ལ། ། རྣམ་རྟོག་གི་སྤྲིན་ཚོགས་མ་དེངས་ན། ། མཁྱེན་གཉིས་ཀྱི་གཟའ་སྐར་མི་བཀྲ་བས། ། སེམས་མི་རྟོག་འདི་ལ་ནན་ཏན་མཛོད། ། ཅེས་གསུངས་པ་ལ་གཉིས། མཉམ་བཞག་དང༌། རྗེས་ཐོབ་བོ། །དང་པོ་ལ་གཉིས་ཏེ། ཏིང༌ངེ་འཛིན་བསྒོམ་པ་དང༌། དེའི་དོན་ངོ་སྤྲོད་པའོ། །དང་པོ་ལ་གཉིས། མཚན་མ་ཅན་དང༌། མཚན་མ་མེད་པའོ། །དང་པོ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། རང་སེམས་གདོད་ནས་མ་སྐྱེས་པ། ། སྟོང་པ་ཉིད་ཀྱི་རང་བཞིན་ནོ། ། དེ་ཉིད་བསྒོམ་པའི་རྣལ་འབྱོར་པས། ། དབུགས་སྟོང་རྔུབ་པ་མ་ཡིན་ཞིང༌། ། སྤྱན་ཆེ་བཙུམ་པ་མ་ཡིན་ནོ། ། དགྱེ་བ་མ་ཡིན་སྒུ་བ་མིན། ། གསུང་བ་མ་ཡིན་མི་གསུང་མིན། ། ཕྱི་རོལ་ཡུལ་ལ་མི་འཇུག་ཅིང༌། ། ནང་སུ་སེམས་ལ་མི་རྟོག་གོ ། ཅེས་གསུངས་པས། རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ལུས་གནད་ལེགས་པར་བཅལ། དེ་ནས་གོང་དུ་བསྟན་པ་ལྟར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད། ལུས་ཡི་དམ་དུ་གསལ་གདབ། བླ་མ་བསྒོམ། མཆོད་པས་མཆོད། གསོལ་བ་གདབ། དེ་ནས་རང་གི་སྙིང་གར་ཐིག་ལེ་སྔོན་པོ་ཡུངས་འབྲུ་ཙམ་འོད་དང་བཅས་པ་ལ་རྩེ་གཅིག་དུ་མ་ཡེངས་པར་གཏད་ནས་བསྒོམ་པར་བྱའོ། །དེ་ལྟར་བྱས་པས་ཏིང་ངེ་འཛིན་བཟང་བའི་དུས་སུ་རང་ལུགས་སུ་ལྷོད་གློད་ལ་དམིགས་པ་མི་འཛིན་པར་ཅུང་ཞིག་ངལ་གསོ། ཡང་སེམས་སྙིང་གའི་ཐིག་ལེ་ལ་ཙེན་ནེ་གཏད་ལ་བསྒོམ་པར་བྱའོ། །དེ་ལ་རྣམ་པར་རྟོག་པ་ཅི་འཕྲོས་ཀྱང༌། རྗེས་སུ་མི་འབྲང་བར་ཐིག་ལེ་དེ་ཉིད་ལ་སེམས་གཏོད་པར་བྱ་ཞིང༌། ཐུན་བཞིར་ཉམས་སུ་བླང་བར་བྱའོ། །མཐར་ཐིག་ལེ་དེ་ཉིད་ཀྱང་མི་དམིགས་པར་མ་བཅོས་པའི་ངང་ལ་བཞག་པར་བྱའོ། །ཡང་སྦྱོར་བ་སྔར་བཞིན་བྱས་ལ། ལྟེ་བའི་དབུས་སུ་ཐིག་ལེ་སེར་པོ་ཡུང་འབྲུ་ཙམ་ཞིག་ལ་མ་ཡེངས་པར་སྔར་ལྟར་བསྒོམ་པར་བྱའོ། ། ཡང་ཤེས་པ་བྱིང་བ་དང་རྨུགས་པ་ལ་སོགས་བྱུང་ན། མགྲིན་པར་ཐིག་ལེ་དམར་པོ་འོད་དང་བཅས་པ་ཡུངས་འབྲུ་ཙམ་ལ་མ་ཡེངས་པར་སྔར་ལྟར་སྒོམ་པར་བྱའོ། །ཡང་སྤྱི་བོའི་དབུས་སུ་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་འོད་དང་བཅས་པ་གཅིག་ལ་ཤེས་པ་སྔར་བཞིན་མ་ཡེངས་པར་བསྒོམ་པར་བྱའོ། །དེ་ལྟར་བྱས་པས་སེམས་ཕྱིར་མི་འཕྲོ་པར་རྟོག་མེད་དུ་གནས་པར་འབྱུང་ཞིང་མངོན་པར་ཤེས་པ་ལ་སོགས་པ་འཆར་ཏེ། འཁོར་ལོ་སྡོམ་པ་ལས། ཡིད་ནི་ནང་དུ་ཆུད་པ་ཡིས། ། ཅི་འདོད་པ་ཡི་ལས་རྣམས་འགྲུབ། ། ཅེས་སོ། ། གཉིས་པ་མཚན་མེད་པ་ལ་བཞི་སྟེ། དང་པོ་མཐོ་དམན་གྱི་བསམ་བློ་སྤངས་ཏེ་ཡིད་ལ་མི་བྱེད་པར་སྐྱོང་བ། གཉིས་པ་བརྩོན་འགྲུས་ཆེན་པོས་དྲན་པ་མ་ཡེངས་པར་སྐྱོང་བ། གསུམ་པ་སྒོམ་མེད་ཀྱི་དོན་ལ་མ་ཡེངས་པར་གློད་ནས་སྐྱོང་བ། བཞི་པ་དེ་དག་གང་གི་ཡང་ཕྱོགས་སུ་མ་ལྷུང་བར་སྒྲིམ་ལྷོད་དང་བྲལ་བར་སྐྱོང་བའོ། །དང་པོ་ནི། ལུས་གནད་གོང་ལྟར་བཅས་ལ། འདས་མ་འོངས་ད་ལྟར་རྟོག་པ་མི་བྱེད་དེ། མེད་པར་བསྒོམ་ན་བཅོས་མ། ཡོད་པར་བསྒོམ་པ་བཅོས་མ། དབུས་སུ་བསྒོམ་ན་བཅོས་མ། ཅེས་གསུངས་པས། མཐོང་དམན་དང་བཟང་ངན་གང་གིས་ཀྱང་མ་བསླད་པར་ཡིད་ལ་མི་བྱེད་པར་སྐྱོང་སྟེ། བྲམ་ཟེ་ཆེན་པོའི་ཞལ་ནས། ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་དོན། ། འབྲས་བུ་གང་ལའང་རེ་བར་མ་བྱེད་རྣལ་འབྱོར་པ། ། ཅེས་དང༌། རྗེ་ཏེ་ལོ་པའི་ཞལ་ནས། ལུས་ཀྱི་བྱ་བ་ཡོངས་ཐོངས་རྣལ་མར་སྡོད། ། ངག་གི་སྨྲ་བརྗོད་མ་མང་གྲག་སྟོང་བྲག་ཆ་འདྲ། ། ཡིད་ལ་ཅི་ཡང་མི་བསམ་ལ་ཟླའི་ཆོས་ལ་ལྟོས། ། ཞེས་དང༌། མཐོ་དམན་བསམ་བློ་མ་བྱས་ན། ། དུས་གསུམ་རྒྱལ་བའི་ཡོན་ཏན་འཆར། ། ཅེས་ཅི་ཡང་ཡིད་ལ་མི་བྱེད་པར་བཞག་གོ ། གཉིས་པ་ནི། བརྩོན་འགྲུས་ཆེན་པོས་སྐད་ཅིག་ཀྱང་མ་ཡེངས་པར་སྐྱོང་སྟེ། བརྩོན་འགྲུས་ཆེན་པོའི་གོ་བ་ཡང་། ། དྲན་པ་རྒྱུན་ཆད་མེད་པ་ཡིན། ། ཞེས་དང༌། དྲན་པ་ཡེངས་མེད་མ་ཤེས་ན། ། མི་བསྒོམ་པ་ལ་བྱ་ཐབས་མེད། ། གསུངས་པས་ཡིད་ལ་མི་བྱེད་པའི་དོན་དེ་ལ་བརྩོན་འགྲུས་ཆེན་པོས་སེམས་དགེ་མི་དགེ་ལུང་མ་བསྟན་གྱི་རྗེས་སུ་མི་འབྲང་བར། སྐད་ཅིག་ཀྱང་མ་ཡེངས་པར་མདུན་གྱི་ནམ་མཁར་མིག་གཟུགས་ལ་ལྟ་བ་བཞིན་དུ། མིག་འབྲས་ལ་ཁྱུར་དང༌། རྫི་མ་ལ་ཁྲབ་ཁྲོབ་མེད་པར་མཉམ་པར་བཞག་གོ །དེ་རྗེ་ཏིལླི་པའི་ཞལ་ནས། བློ་དམན་སྐྱེ་བོ་དོན་ལ་མི་གནས་ན། ། རླུང་གི་གནད་བཟུང་རིག་པ་བཅུད་ལ་བོར། ། ལྟ་སྟངས་དང་ནི་སེམས་འཛིན་དུ་མ་ཡིས། ། རིག་པ་ངང་ལ་མི་གནས་བར་དུ་བཅུན། ། ཞེས་གསུངས་སོ། །དེ་ནས་ཡང་ཐུན་མཚམས་རྣམས་སུ་མ་ཡེངས་པའི་ངང་ལ་ངལ་གསོ། ཡང་གོང་ལྟར་བསྒོམ་པར་བྱའོ། ། གསུམ་པ་ནི། སྒོམ་མེད་ཀྱི་དོན་དེ་མ་བཅོས་པར་གློད་ནས་སྐྱོང་སྟེ། རྒྱལ་བའི་ཡུམ་ལས། མ་བཅོས་པ་ནི་བྱང་ཆུབ་མཆོག་རྒྱུ་སྟེ། ། བཅོས་མའི་སྟོབས་ཀྱིས་འཕགས་ལམ་ཐོབ་མི་འགྱུར། ། ཅེས་དང༌། སྒོམ་མེད་ཀྱི་དོན་དེ་མ་བཅོས་པར་དུས་རྒྱུན་དུ་སྐྱོང་དགོས་ཏེ། སྒོམ་རྒྱུ་མེད་ཀྱང་གོམས་རྒྱུ་ཡོད། ། གོམས་པས་ལྟ་བ་ཀློང་དུ་འགྱུར། ། ཞེས་གསུངས་པས། སེམས་ཀྱི་གཤིས་ལུགས་ཇི་ལྟར་འདུག་པ་ལས་མ་བཅོས་པར་གློད་ནས་སྐྱོང་བ་སྟེ། དེའང་སེམས་འདི་དངོས་པོ་དང་མཚན་མའམ་ཁ་དོག་དབྱིབས་འདི་ལྟ་བུ་ཞེས་སྒོམ་ཏུ་མེད་ཀྱང༌། སྒོམ་མེད་དེ་གའི་ངང་ལ་སེམས་གོམས་སུ་བཅུག་པས་ཏིང་ངེ་འཛིན་བརྟན་ནས་ཀློང་དུ་འགྱུར་བ་ཡིན་ཏེ། སློབ་དཔོན་བྲམ་ཟེ་ཆེན་པོའི་ཞལ་ནས། འཇུར་བུས་བཅིངས་པའི་སེམས་ཉིད་འདི། ། གློད་ན་གྲོལ་བ་ཐེ་ཚོམས་མེད། ། ཅེས་དང༌། རྗེ་ཏིལླི་པའི་ཞལ་ནས། སེམས་ཉིད་ནམ་མཁའི་དཀྱིལ་ལྟར་བསམ་པའི་ཡུལ་ལས་འདས། ། དེ་ངང་བཏང་བཞག་མེད་པར་གློད་ལ་ཞོག ། སེམས་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། ། དེ་ལ་གོམས་ཤིང་འདྲིས་ན་བླ་མེད་བྱང་ཆུབ་འཐོབ། ། ཅེས་པས། ཅི་ཡང་མི་བསྒོམ་པའི་ངང་ནས་ལུས་སེམས་ཁོང་གློད་ནས་བསྒོམ་སྟེ། ཤེས་པ་འོག་འགྱུ་ལ་མ་སོང་བར་དྲན་པའི་རྩིས་ཟིན་པར་བྱས་ནས་སྒོམ་མོ། ། བཞི་པ་ནི། བསྒྲིམས་ལྷོད་གཉིས་ཀྱི་མཐའ་དང་བྲལ་བར་སྐྱོང་སྟེ། བྲམ་ཟེས་སྐུད་པ་འཁལ་བ་བཞིན། ། སོ་མ་མ་བཅོས་ལྷུག་པར་བཞག ། ཅེས་པས། མཉམ་བཞག་གི་དུས་སུ་ཤེས་པ་གྲིམས་ཐལ་ན། དགེ་སྦྱོར་གནད་དུ་མི་འགྲོ། རྟོག་པ་མང་དུ་འགྲོ། གློད་ཐལ་ན། འོག་འགྱུ་སྟེ་གར་གནས་ངོས་མི་ཟིན། དེས་ན་བསྒྲིམ་ལྷོད་ཀྱི་མཐའ་དང་བྲལ་བར་མ་ཡེངས་པར་འདི་ཁོ་ན་བཞིན་སྐྱོང་སྟེ། བྱ་བྱེད་རྩོལ་སྒྲུབ་ཐམས་ཅད་དང་བྲལ་བར་རང་སོ་ཁོ་ནར་བཞག་པར་བྱའོ། །", "target": {"entries": [{"title": "རྫོགས་པའི་རིམ་པ", "level": 1, "start": 0, "anchor": "༈ གཉིས་པ་རྫོགས་པའི་རིམ་པ་ནི། ཆོས་རྗེ་རིན"}, {"title": "མཉམ་བཞག", "level": 2, "start": 238, "anchor": "དང་པོ་ལ་གཉིས་ཏེ། ཏིང༌ངེ་འཛིན་བསྒོམ་པ་དང༌"}, {"title": "ཏིང་ངེ་འཛིན་བསྒོམ་པ", "level": 3, "start": 304, "anchor": "དང་པོ་ལ་གཉིས། མཚན་མ་ཅན་དང༌། མཚན་མ་མེད་པའ"}, {"title": "མཚན་མ་ཅན", "level": 4, "start": 348, "anchor": "དང་པོ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས།"}, {"title": "མཚན་མེད་པ", "level": 4, "start": 1802, "anchor": "གཉིས་པ་མཚན་མེད་པ་ལ་བཞི་སྟེ། དང་པོ་མཐོ་དམ"}, {"title": "མཐོ་དམན་གྱི་བསམ་བློ་སྤངས་ཏེ་ཡིད་ལ་མི་བྱེད་པར་སྐྱོང་བ", "level": 5, "start": 2068, "anchor": "དང་པོ་ནི། ལུས་གནད་གོང་ལྟར་བཅས་ལ། འདས་མ་འ"}]}, "metadata": {"subset": "held-out-book", "book": "RCP-FM-07", "book_title": "The Jewel Garland", "author": "Chenga Chökyi Gyalpo", "chars": 4660, "headings": 6}} {"id": "RCP-FM-07-006", "input": "གཉིས་པ་ངོ་སྤྲོད་ལ་གཉིས་ཏེ། མཉམ་བཞག་ཞི་གནས་ངོ་སྤྲད་པ་དང་། རང་རིག་ཕྱག་རྒྱ་ཆེན་པོར་ངོ་སྤྲད་པའོ། །དང་པོ་ནི། དེ་ལྟར་སེམས་འདས་མ་འོངས་དུས་གསུམ་གྱི་རྟོག་པས་དབེན་པར་བསྒོམས་པས། དངོས་པོ་དང་མཚན་མར་འཛིན་པ་ཐམས་ཅད་ཉེ་བར་ཞི་ནས། བྱིང་རྒོད་རྨུགས་གསུམ་གྱིས་མ་གོས་པར་རྟོག་མེད་རྩེ་གཅིག་ཏུ་གནས་པ་ལ་ཞི་གནས་མཉམ་བཞག་ཅེས་བྱ་སྟེ། དཔལ་ཤ་ཝ་རིས། གཉིས་མེད་ལྷན་སྐྱེས་བདེ་བ་ཆེན་པོའི་རོ། ། ཇི་ལྟར་ཆུ་ལ་ཆུ་བཞག་རོ་གཅིག་ལྟར༌། ། ཇི་བཞིན་ངང་དུ་དེ་བཞིན་གནས་པའི་ཚེ། ། དམིགས་འཛིན་ཞེན་པའི་ཡིད་དེ་རབ་ཏུ་ཞི། ། ཞེས་པས་ཞི་གནས་ནི་ཡོན་ཏན་ཐམས་ཅད་སྐྱེད་པར་བྱེད་པའི་གཞི་ཡིན་ཏེ། དགའ་བོ་མངལ་གནས་ལས། གང་ལ་མཉམ་བཞག་སེམས་མེད་ན། ། རྣམ་དག་ཡེ་ཤེས་མེད་པ་སྟེ། ། ཟག་པ་རྣམས་ནི་སྤོང་མ་འགྱུར། ། ཅེས་དང༌། ཡབ་སྲས་མཇལ་བ་ལས། སངས་རྒྱས་ཆོས་རྣམས་གང་ལ་ཡང༌། ། ལམ་གཞན་དག་གིས་མི་མཐོང་སྟེ། ། ཞི་གནས་ཡེ་ཤེས་ཆེ་ཐོབ་ན། ། རང་བྱུང་ཉིད་དུ་ངེས་པར་འབྱུང༌། ། ཅེས་པས། དེ་ལྟར་བུའི་མཉམ་བཞག་དེ་ལ་བརྟན་པ་མ་ཐོབ་ཀྱི་བར་དུ་ནན་ཏན་ཆེན་པོས་བསྒོམ་སྟེ། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷ་མཐོང་གིས། ། ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། ། ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། ། འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། ། ཅེས་སོ། ། གཉིས་པ་རང་རིག་ཕྱག་རྒྱ་ཆེན་པོར་ངོ་སྤྲོད་པ་ནི། ཐེག་པ་ཆེན་པོ་ལ་དད་པར་རབ་ཏུ་བསྒོམ་པའི་མདོ་ལས། རིགས་ཀྱི་བུ་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས་དཔའ་ཞི་གནས་ཙམ་དང་ཏིང་ངེ་འཛིན་གྱི་རོ་ཙམ་གྱིས་ཆོག་པར་མི་འཛིན་གྱིས། ཏིང་ངེ་འཛིན་དེ་ཉིད་ལ་གནས་ནས། ཐེག་པ་ཆེན་པོའི་ཆོས་དེ་དག་ལ་བགྲང་ཞིང་གཞལ། སྤྱོད་ཅིང་སོ་སོར་རྟོག་པའི་རྣམ་པས་ལྷག་མཐོང་སྐྱེའོ། ། ཞེས་པས། དེ་ལྟར་མཉམ་བཞག་དྭངས་པའི་སྐབས་སུ་དེ་ཉིད་ཀྱི་ངོ་བོ་ལ་རིག་པ་དེ་ཉིད་ཀྱིས་བརྟག་པར་བྱ་སྟེ། དེའང་དངོས་པོའམ་ཁ་དོག་ཡོད་པ་གཅིག་འདུག་གམ། འོན་ཏེ་མེད་པ་གཅིག་འདུག །ཡོད་པ་གཅིག་འདུག་ན། དང་པོ་རྒྱུ་ཅིས་སྐྱེ། ཕྱོགས་གང་ནས་བྱུང་། བར་དུ་གར་གནས། ཐ་མ་གང་དུ་འགག་ལེགས་པར་བརྟག་པར་བྱའོ། ། མེད་པར་འདུག་ན། མེད་པར་སུས་ཤེས། གང་གིས་མེད། ཅེས་སྒྲོ་འདོགས་མཁན་པོ་ལ་སོགས་སུ་ཡིན་ལེགས་བར་བརྟག་པར་བྱའོ། །གལ་ཏེ་ཡིད་ལས་འདས་པར་འདུག་བརྟག་པར་བྱའོ། །དེ་ལྟར་ཉམས་སུ་བླངས་པས་སེམས་ཀྱི་གཞི་རྩ་ཆོད་པ་འབྱུང་སྟེ། འཇིག་རྟེན་མགོན་པོའི་ཞལ་ནས། རང་གི་རིག་པ་རིག་རིག་ཏུར་ཏུར་པོ་འདི་ལ་བལྟ་བའི་དུས་སུ་གང་ཡང་མ་མཐོང་བ་དེ་ནི་དེ་ཁོ་ན་ཉིད་མཐོང་བའོ། ། ཞེས་པས། རང་གི་སེམས་ཉིད་གདོད་མ་ནས་ཡོད་ཡོད་མིན་མིན་བཟང་ངན་རྟག་ཆད་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བ། དཔེ་གང་གིས་ཀྱང་མཚོན་པར་མི་ནུས་པར་རྟོགས་པ་དེ་ལ། ཕྱག་རྒྱ་ཆེན་པོའམ་རང་རིག་པའི་ཡེ་ཤེས་ཞེས་བྱ་སྟེ། རྒྱལ་བའི་ཡུམ་ལས། ཇི་ལྟར་ནམ་མཁའ་མཐོང་ཞེས་ཚིག་ཏུ་རབ་བརྗོད་པ། ། ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་དེ་བརྟག་པར་གྱིས། ། དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། ། མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། ། ཅེས་དང༌། རྗེ་ཏིལླི་པའི་ཞལ་ནས། དཔེར་ན་ནམ་མཁའ་སྟོང་པར་ཐ་སྙད་གང་བཏགས་ཀྱང་། ། ནམ་མཁའ་ལ་ནི་འདི་འདྲ་བརྗོད་དུ་མེད། ། དེ་བཞིན་རང་སེམས་འོད་གསལ་ཐ་སྙད་བརྗོད་གྱུར་ཀྱང༌། ། བརྗོད་པས་འདི་འདྲར་གྲུབ་ཅེས་ཐ་སྙད་གདགས་གཞི་མེད། ། དེ་ལྟར་སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་འདྲ། ། ཆོས་རྣམས་མ་ལུས་དེ་རུ་མ་འདུས་མེད། ། ཅེས་པས། འདི་ལྟར་རང་གི་སེམས་ཉིད་གདོད་མ་ནས་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བར་རྟོགས་པ་ནི། ཐ་མལ་གྱི་ཤེས་པ་ཞེས་ཀྱང་ཟེར། ཆོས་ཀྱི་སྐུ་ཞེས་ཀྱང་ཟེར། རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་ཀྱང་ཟེར་ཏེ། དེའང་རྗེ་སྒམ་པོ་པའི་ཞལ་ནས། ཨའོ་ང་ནི་ཐ་མལ་གྱི་ཤེས་པ་སྐྱོང༌། ། ཞེས་དང༌། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། ། ཞེས་དང༌། སློབ་དཔོན་ཏོག་ཙེ་པའི་ཞལ་ནས། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། ། ཚོགས་དྲུག་དག་ན་བདེ་བ་རྒྱུན་མི་འཆད། ། བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། ། བསྒོམ་དུ་མེད་པ་གཉུག་པའི་ངང་ལ་ཞོག། ། ཅེས་དང་། འཇིག་རྟེན་མགོན་པོའི་ཞལ་ནས། སྤྲོས་དང་བྲལ་བ་རང་གི་སེམས། ། འཁོར་འདས་ཀུན་གྱི་རང་བཞིན་དུ། ། དུས་གསུམ་ཀུན་ཏུ་ཁྱབ་པ་དེ། ། གདོད་ནས་ཞི་ཞིང་མ་སྐྱེས་པ། ། སྨྲ་བསམ་བརྗོད་ལས་འདས་པའོ། ། ཞེས་པས། རང་གི་སེམས་ཡོད་མེད་ལ་སོགས་སྤྲོས་པ་དང་བྲལ་བར་གདོད་མ་ནས་གནས་ཀྱང་། བླ་མ་དམ་པའི་མན་ངག་དང་བརྡའ་ཐབས་ཀྱི་གནད་དང་བྲལ་ན་རྟོགས་པར་མི་འགྱུར་ཏེ། རྗེ་བཙུན་ཏིལླི་པའི་ཞལ་ནས་ཀྱང༌། གང་ཞིག་སྙིང་པོར་གྱུར་བ་ཏིལ་གྱི་མར། ། རྨོངས་པས་ཏིལ་ལ་ཡོད་པར་ཤེས་གྱུར་ཀྱང༌། ། རྟེན་ཅིང་འབྲེལ་འབྱུང་ཡན་ལག་མ་ཤེས་པས། ། ཏིལ་མར་སྙིང་པོ་འབྱོན་པར་མི་ནུས་ལྟར། ། ལྷན་ཅིག་སྐྱེས་པ་གཉུག་མའི་ཡེ་ཤེས་དེ། ། འགྲོ་བ་ཀུན་གྱི་སྙིང་ལ་ཡོད་གྱུར་ཀྱང༌། ། བླ་མས་མ་མཚོན་རྟོགས་པར་མི་ནུས་སོ། ། ཏིལ་བརྡུངས་ཕུབ་མ་གསལ་བར་གྱུར་པ་ལས། ། ཏིལ་མར་སྙིང་བོ་ཕྱུང་བ་དེ་བཞིན་དུ། ། བླ་མས་བསྟན་པ་དེ་བཞིན་ཉིད་ཀྱི་དོན། ། ཏིལ་མར་བཞིན་དུ་འཇུག་པ་གསལ་བར་བྱ། ། ཞེས་པས། བླ་མ་དམ་པའི་མན་ངག་གི་བརྡའ་ཐབས་ལ་བརྟེན་ནས། སེམས་ཀྱི་གཤིས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བར་མངོན་སུམ་དུ་རྟོགས་པ་ནི་ལྟ་བ། དེའི་ངང་ལ་མ་ཡེངས་པར་འཇོག་པ་ནི་སྒོམ་པ། གང་ཤར་དེའི་གྲོགས་སུ་འགྱུར་ཞིང་རྩོལ་སྒྲུབ་དང་བྲལ་བ་ནི་སྤྱོད་པ། ལྟ་བ་དེ་མངོན་དུ་གྱུར་པ་ནི་འབྲས་བུ་ཡིན་པར་གསུངས་ཏེ། རྗེ་ཏིལླི་པའི་ཞལ་ནས། བཟུང་འཛིན་ཀུན་ལས་འདས་ན་ལྟ་བའི་རྒྱལ་པོ་ཡིན། ། ཡེངས་པ་མེད་ན་སྒོམ་པའི་རྒྱལ་པོ་ཡིན། ། བྱ་རྩོལ་མེད་ན་སྤྱོད་པའི་རྒྱལ་པོ་ཡིན། ། རེ་དོགས་མེད་ན་འབྲས་བུའི་རྒྱལ་པོ་ཡིན། ། ཅེས་དང་། འཇིག་རྟེན་མགོན་པོའི་ཞལ་ནས། སེམས་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་མཐོང་བས་ན་ལྟ་བ། དེ་ལ་རྒྱུན་དུ་མ་ཡེངས་པས་ན་སྒོམ་པ། དེ་ཉིད་ལ་སྤྱོད་པས་ན་སྤྱོད་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་མེད་ན་མི་འབྱུང་ཞིང་རྟེན་འབྲེལ་འབའ་ཞིག་ཡིན། རྟེན་འབྲེལ་ཐམས་ཅད་སྐད་ཅིག་མར་གནས་པ་ཡིན། སྐད་གཅིག་མ་དེ་ཡང་རྟེན་འབྲེལ་སྟོང་ཉིད་ཡིན་པས་འབྲས་བུ་ཆོས་ཀྱི་སྐུའོ། ། ཞེས་གསུངས་པས་དེ་ལྟར་ཉམས་སུ་བླང་བར་བྱའོ། །", "target": {"entries": [{"title": "ངོ་སྤྲོད", "level": 1, "start": 0, "anchor": "གཉིས་པ་ངོ་སྤྲོད་ལ་གཉིས་ཏེ། མཉམ་བཞག་ཞི་གན"}, {"title": "མཉམ་བཞག་ཞི་གནས་ངོ་སྤྲད་པ", "level": 2, "start": 94, "anchor": "དང་པོ་ནི། དེ་ལྟར་སེམས་འདས་མ་འོངས་དུས་གསུ"}, {"title": "རང་རིག་ཕྱག་རྒྱ་ཆེན་པོར་ངོ་སྤྲོད་པ", "level": 2, "start": 1025, "anchor": "གཉིས་པ་རང་རིག་ཕྱག་རྒྱ་ཆེན་པོར་ངོ་སྤྲོད་པ"}]}, "metadata": {"subset": "held-out-book", "book": "RCP-FM-07", "book_title": "The Jewel Garland", "author": "Chenga Chökyi Gyalpo", "chars": 4677, "headings": 3}} {"id": "RCP-FM-07-007", "input": "གཉིས་པ་རྗེས་ནི། ཚོགས་དྲུག་གི་ཡུལ་འཁོར་འདས་སུ་སྣང་བ་འདི་ཐམས་ཅད་ཡུལ་སེམས་གཉིས་སུ་མེད་དེ། དེའང་མདུན་གྱི་ཀ་བའམ་བུམ་པ་ལྟ་བུ་གཅིག་ལ་ཅེར་གྱིས་བལྟས་པས། དེ་ཉིད་ཀྱི་རྗེས་སུ་ཤེས་པ་མི་འབྲང་སྟེ། རྟེན་འབྲེལ་ཚོགས་པས་སྣང་བ་ཙམ་མ་གཏོགས་པ། དོན་དམ་པར་ཡུལ་ཡུལ་ཅན་གང་དུའང་གྲུབ་པ་མེད་པར་གདོད་མ་ནས་སྣང་སེམས་གཟུང་འཛིན་རང་གྲོལ་དུ་གནས་པ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། དཔེར་ན་ནམ་མཁའ་དྭངས་པར་ཟླ་ཤར་བ། ། དེ་ཡི་གཟུགས་བརྙན་དྭངས་པའི་མཚོར་སྣང་སྟེ། ། ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། ། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། ། ཞེས་པ་དང༌། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། ། དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། ། རྐྱེན་ལ་རག་ལས་གང་དེ་མ་སྐྱེས་པ། ། གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། ། ཅེས་གསུངས་སོ། །དེས་ན་སྣང་སེམས་ཟུང་འཇུག་འབའ་ཞིག་ཏུ་གནས་པ་ཡིན་ཏེ། རྗེ་ནཱ་རོ་པའི་ཞལ་ནས། སྣང་བའི་མཚན་ཉིད་སྐྱེ་བ་མེད། ། འཁོར་བའི་མཚན་ཉིད་གཞི་རྩ་བྲལ། ། སེམས་ཀྱི་མཚན་ཉིད་ཟུང་དུ་འཇུག ། ཅེས་དང༌། རྗེ་མར་པའི་ཞལ་ནས། སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། ། གདོད་ནས་མ་གྲུབ་སྐྱེ་བ་མེད། ། ངོ་བོ་སྤྲོས་དང་བྲལ་བར་རྟོགས། ། ཞེས་པས། རིག་སྟོང་ཏིང་ངེ་འཛིན་གྱི་དོན་དེ་ཉིད། ཉོན་མོངས་རྣམ་རྟོག་ཏུ་ཤར་ཞིང་། རྣམ་རྟོག་དེའི་རང་གཤིས་མཉམ་པ་ཉིད་ལས་མི་འདའ་བས་ཆུ་དང་རླབས་ལྟ་བུ་སྟེ། སློབ་དཔོན་བྲམ་ཟེ་ཆེན་པོའི་ཞལ་ནས། གང་ཞིག་སེམས་ལས་རྣམ་འཕྲོས་པ། ། དེ་སྲིད་མགོན་པོའི་རང་བཞིན་སྟེ། ། ཆུ་དང་རླབས་དག་གཞན་ཡིན་ནམ། ། སྲིད་དང་མཉམ་ཉིད་ནམ་མཁའི་རང་བཞིན་ནོ། ། ཞེས་དང༌། ཤ་ཝ་རིས། གང་གཱ་ལ་སོགས་ཆུ་ཀླུང་སྣ་ཚོགས་པ། ། བ་ཚྭ་ཅན་གྱི་རྒྱ་མཚོར་རོ་གཅིག་ལྟར། ། བརྟག་པའི་སེམས་དང་སེམས་བྱུང་སྣ་ཚོགས་ཀུན། ། ཆོས་ཀྱི་དབྱིངས་སུ་རོ་གཅིག་ཤེས་པར་བྱོས། ། ཅེས་དང༌། དེ་ལྟར་རྣམ་རྟོག་གང་སྐྱེས་ཀྱི་ངོ་བོ་ལ་བལྟས་པས། རྣམ་རྟོག་དེ་རང་ཕྱག་རྒྱ་ཆེན་པོར་ཉམས་སུ་མྱོང་ནས་འོང་སྟེ། འཇིགརྟེན་མགོན་པོའི་ཞལ་ནས། སྐྱེས་པ་སྐྱེ་མེད་ནམ་མཁའ་བཞིན། ། མ་སྐྱེས་སྐྱེ་མེད་ནམ་མཁའ་བཞིན། ། ཆོས་ཀུན་སྐྱེ་མེད་ནམ་མཁའ་བཞིན། ། ཅེས་དང༌། རྣམ་རྟོག་ཆོས་སྐུར་རྟོགས་པ་དེ། ། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཡིན། ། ཞེས་དང་། མཐར་ཐུག་འབྲས་བུའི་ཆོས་སྐུ་དེ། ། ཉོན་མོངས་རྣམ་རྟོག་དངོས་སུ་གདའ། ། རིག་དང་མ་རིག་གཉིས་མེད་ཡིན། ། མ་རིག་ཡེ་ཤེས་ཆེན་པོ་ཡིན། ། ཞེས་པས། མཉམ་བཞག་ཏིང་འཛིན་སྤྲོས་བྲལ་དང༌། རྗེས་ཐོབ་སྣང་རིག་དབྱེར་མེད། ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ཉམས་ལེན། ཐུན་མོང་མ་ཡིན་པ། བློ་ཡི་དྲི་མ་དང་བྲལ་བ། རང་རིག་ཡུལ་མེད་དུ་གསལ་བ་ནི། སྣང་ཆ་མ་འགགས་པ་ཤེས་བྱའི་སྤུ་རིས་ཕྲ་ཞིབ་དང་བཅས་པ་ཕྱེད་ཀྱང་རྟོག་པར་མ་འགྱུས་པ། སྟོང་སྣང་རིག་པ་རྗེན་པ་ལ་ཕུད་པས་བདེ་གསལ་མི་རྟོག་པའི་དྲི་མ་དང་བྲལ་བ་སྟེ། བདེ་ཡང་ཞེན་པ་མེད་པས་འདོད་ཁམས་ལས་གྲོལ། གསལ་ཡང་འཛིན་པ་མེད་པས་གཟུགས་ཁམས་ལས་གྲོལ། མི་རྟོག་ཀྱང་སྣང་རིག་འགག་པ་མེད་པས་གཟུགས་མེད་ལས་གྲོལ་བའི་མཉམ་རྗེས་ཟུང་འཇུག་ཏུ་ཉམས་སུ་བླང་བར་བྱའོ། །", "target": {"entries": [{"title": "རྗེས", "level": 1, "start": 0, "anchor": "གཉིས་པ་རྗེས་ནི། ཚོགས་དྲུག་གི་ཡུལ་འཁོར་འད"}]}, "metadata": {"subset": "held-out-book", "book": "RCP-FM-07", "book_title": "The Jewel Garland", "author": "Chenga Chökyi Gyalpo", "chars": 2347, "headings": 1}} {"id": "RCP-FM-07-008", "input": "༈ གསུམ་པ་རྗེས་བསྔོ་བ་ནི། རྗེ་རིན་པོ་ཆེའི་ཞལ་ནས། ཚོགས་གཉིས་ཡིད་བཞིན་གྱི་ནོར་བུ་ལ། ། སྨོན་ལམ་གྱི་བྱི་དོར་མ་བྱས་ན། ། དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། ། རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། ། ཅེས་དང༌། རྡོ་རྗེ་རྒྱལ་མཚན་བསྔོ་བའི་ལེའུ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། ། བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག ། བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། ། ཀུན་ཀྱང་ཀུན་ནས་བཟང་པོར་རེད་གྱུར་ཅིག ། ཅེས་པ་ལྟར། ཆོས་ཀྱི་དབྱིངས་རང་བཞིན་གྱི་དགེ་བ་དང༌། དུས་གསུམ་དང་འབྲེལ་བའི་དགེ་བའི་རྩ་བ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱ་སྟེ། དེའང་འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་བསྔོ་དགོས་ལ། མཚན་མ་དང་བཅས་པ་ནི་བྱང་ཆུབ་ཀྱི་རྒྱུར་མི་འགྱུར་ཏེ། རྒྱལ་བའི་ཡུམ་ལས། གལ་ཏེ་མཚན་མར་བྱེད་ན་དེ་ནི་བསྔོ་མ་ཡིན། ། ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། ། ཇི་ལྟར་དུག་དང་འདྲ་བའི་ཁ་ཟས་བཟང་ཟ་བ། ། དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲ་རྒྱལ་བས་གསུང༌། ། ཞེས་པས། མདུན་གྱི་ནམ་མཁར་རང་གི་རྩ་བའི་བླ་མ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བསྔོ་བའི་དཔང་པོར་བཞུགས་པར་བསམ་ལ། མི་དམིགས་པའི་ངང་ནས་གདངས་འགག་མེད་ཀྱིས་སེམས་ཅན་ཐམས་ཅད་རྫོགས་བའི་བྱང་ཆུབ་ཐོབ་པར་བྱ་བའི་དོན་དུ་བསྔོ་སྟེ། བདག་དང་འཁོར་འདས་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པ་དང་ཡོད་པའི་དགེ་བའི་རྩ་བ་འདིས། བདག་དང་སེམས་ཅན་ཐམས་ཅད་མྱུར་དུ་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག ། རང་རིགས་འོད་གསལ་མངོན་དུ་བྱེད་པའི་ཐབས། ། མཆོག་ཏུ་གྱུར་པ་ལྔ་ལྡན་ནོར་བུའི་ཕྲེང་། ། མ་ནོར་བླ་མའི་མན་ངག་ཇི་བཞིན་དུ། ། ཅུང་ཟད་གསལ་བར་དྷརྨ་རཱ་ཛས་སྦྱར། ། གང་མཆིས་དགེ་བས་འགྲོ་བ་མ་ལུས་པའི། ། རང་བཞིན་རྨོངས་པའི་གཉིས་འཛིན་སྒྲིབ་པའི་ཚོགས། ། གཉིས་མེད་འོད་གསལ་ཡེ་ཤེས་རབ་སྦྱངས་ནས། ། ཀུན་ཀྱང་གནས་ལུགས་དོན་ལ་གནས་པར་ཤོག ། ལྔ་ལྡན་གསལ་བྱེད་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ཉིད། རྟོགས་ལྡན་གྲགས་པ་ལ་སོགས་པ་རྣམས་ཀྱིས་ཡང་ཡང་བསྐུལ་བས། འགྲོ་བའི་མགོན་པོ་དང༌། ཆོས་ཀྱི་རྗེ་རིན་པོ་ཆེ་ཡབ་སྲས་ཀྱི་དགོངས་པ་བཞིན། ལས་དང་པོ་པ་རྣམས་ཀྱི་དོན་དུ་ན་ཚོད་ལྡན་གྱི་ལོ་རྒྱལ་གྱི་ཟླ་བའི་དཀར་པོའི་གྲལ་ཚེས་བཅོ་ལྔ་ལ་སྦྱར་བའོ།། །། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་པར་གྱུར་ཅིག། ། འབྲི་བན་དཀོན་མཆོག་བརྟན་འཕེལ་གྱིས་ཅུང་ཟད་ཞུས་ཤིང་འཕྲུལ་དེབ་ཏུ་བསྒྲིགས། ཡོ་རོབ་ཝིའ་ན་མཐོ་སློབ་ཏུ། སྤྱི་ལོ་༢༠༢༦ ཟླ་བ་༠༡ ཚེས་༡༠ ལ།", "target": {"entries": [{"title": "རྗེས་བསྔོ་བ", "level": 1, "start": 0, "anchor": "༈ གསུམ་པ་རྗེས་བསྔོ་བ་ནི། རྗེ་རིན་པོ་ཆེའི"}]}, "metadata": {"subset": "held-out-book", "book": "RCP-FM-07", "book_title": "The Jewel Garland", "author": "Chenga Chökyi Gyalpo", "chars": 1973, "headings": 1}}